ནམ་མཁའ།
དང་པོ། རྒྱ་ནག་གི་ཚོང་རྫས་རྫུན་མ།
༡༩༤༩ ལོར་རྒྱ་ནག་རྒྱལ་ཡོངས་དམར་ཕྱོགས་ཚོགས་པས་དབང་བསྒྱུར་བྱས་པ་ནས་བཟུང་། སྲིད་གཞུང་གི་དབང་ཆ་སྒེར་གཅོད་པ་ཚོས་གཞུང་སྲིད་ལམ་ལུགས་ལ་སྐེག་ཚོས་བྱུགས་ཏེ། རྫུན་གཏམ་གྱི་ལམ་ནས་མི་དམངས་ལ་མགོ་སྐོར་བཏང་སྟེ་དུས་རབས་ཕྱེད་ཀ་ཕྱིན། དེ་ཡང་མགོ་སྐོར་ཀྲུང་དབྱངས་ནས་ཞིང་ཆེན་དང་། ཞིང་ཆེན་ནས་ཁུལ་དང་རྫོང་བར་མགོ་སྐོར་གཏོང་སྟངས་མཐར་ཕྱིན་པ་བསླབས། རིམ་གྱིས་འོག་གི་གཞི་རིམ་ནས་ཀྱང་ཤང་ནས་རྫོང་དང་ཁུལ། ཁུལ་ནས་ཞིང་ཆེན་དེ་ནས་པེ་ཅིན་བར་དུ་འོག་རིམ་ནས་ཡར་གོང་རིམ་ལ་མཛེས་བཟོ་སྐེག་ཚོས་བྱུགས་ཏེ། རྫུན་གྱི་གོང་བུ་སྒྲིག་སྟངས་མཐར་ཕྱིན་པ་ཞིག་ཤེས། འདི་ལྟར་གོང་རིམ་ནས་འོག་རིམ་དང་། འོག་རིམ་ནས་ཀྱང་ཕྱིར་ཡར་གོང་རིམ་ལ་རྫུན་གཏམ་གྱི་གནས་ཚུལ་སྤྲོད་སྟངས་བྱང་ཆ་ཆེ་རུ་ཕྱིན་ཏེ་མཐར་མི་དམངས་དཀྱུས་མ་ཚོས་ནང་ཡང་ཕན་ཚུན་ལ་མགོ་སྐོར་དང་རྫུན་གཏམ་ལ་བྱང་ཆ་ཕྱིན།
འདི་ལྟར་རྒྱ་ནག་སྲིད་གཞུང་གིས་རྫུན་གཏམ་གྱིས་མགོ་སྐོར་གཏོང་སྟངས་མི་དམངས་ལ་བསླབས་ཏེ་འགས་ནད་བཞིན། དེང་སང་རྒྱལ་ཡོངས་སུ་ཁྱབ་སྟེ་འགས་ནད་འདི་འགོག་ཐབས་མ་རྙེད་པར་དཀའ་ངལ་ནང་ལྷུང་ཡོད། དཔེར་མཚོན་སྟབས་བདེ་ཞིག་སྒོ་ནས་བཤད་ན། གོང་རིམ་གི་སྲིད་དབང་སྒེར་གཅོད་པ་ཚོས་དབང་ཆ་བེད་སྤྱད་དེ་མི་དམངས་ཀྱི་ལག་ནས་ལྐོག་ཟ་རུལ་སུངས་ཀྱི་དངུལ་འབོར་ཆེན་བླངས་ཏེ། འཛམ་གླིང་གི་ཕྱུག་བདག་གྲལ་དུ་སླེབས་དུས། མི་དམངས་དཀྱུས་མ་ཚོས་ཀྱང་རང་གི་དཔལ་འབྱོར་གོང་འཕེལ་གྱི་ཆེད་དུ་ཚོང་རྫས་རྫུན་མ་བཟོ་འགོ་བརྩམས།
ཚོང་རྫས་རྫུན་མ་གྱོན་ཆས་ཙམ་མ་ཡིན་པར་སྨན་དང་ཟས་རིགས་སོགས་རྫུན་མ་བཟོས་ཏེ། བྱིས་པ་གཙོ་བྱས་ཏེ་མི་སྟོང་ཕྲག་མང་པོའི་འཕྲོད་བསྟེན་ལ་གནོད་སྐྱོན་ཐེབས་ཡོད་པ་མ་ཟད། བྱིས་པ་མང་པོ་ཞིག་གི་ཚེ་སྲོག་ཡང་ཤོར་ཡོད། འདི་ལྟར་དཔལ་འབྱོར་གྱི་འགྲན་རྩོད་ཀྱི་ལམ་ནས་ཐ་ན་མི་གསོན་པོའི་དབང་པོ་དོན་ལྔ་བླངས་ཏེ་བཙོངས་པའི་གནས་རིམ་ལ་སླེབས། དེས་རྐྱེན་རྒྱ་ནག་ལ་ཀུན་སྤྱོད་དཀའ་ངལ་ཆེན་པོ་ཞིག་གི་ནང་དུ་ལྷུང་། ཡིན་ཡང་ཁྲིམས་ཡང་དག་པ་ཞིག་གིས་ད་རུང་ཡང་དབང་བསྒྱུར་བྱེད་ཐུབ་མེད།
སྤྱིར་ཁྲིམས་ཀྱིས་བསྐྱངས་བའི་རྒྱལ་ཁབ་ཚད་ལྡན་ཞིག་ཡིན་ཚེ། སྨན་དང་ཟས་རིགས་ཐ་ན་སྣོད་ཆས་ཡན་བར་ཁྲིམས་ལྟར་མི་དམངས་ཀྱི་འཕྲོད་བསྟེན་ལ་གནོད་པ་ཡོད་མེད་ཚོད་ལྟའི་བརྟག་དཔྱད་་བྱས་ཏེ། གནོད་པ་མེད་ཚེ་ཕྱི་ལ་ཚོང་འགྲེམས་བྱས་ཆོག་པ་ཞིག་རེད། གལ་ཏེ་གཟུགས་པོའི་འཕྲོད་བསྟེན་ལ་གནོད་པ་ཡོད་ཚེ་ཕྱི་ལ་ཚོང་འགྲེམས་བྱེད་མི་ཆོག་པ་མ་ཟད། བཟོ་གྲྭ་དེའི་སྒོ་རྒྱག་དགོས་བ་དང་ད་རུང་བཟོ་གྲྭའི་སྦྱིན་བདག་ཀྱང་བཙོན་ཁང་ལ་འགྲོ་དགོས། འདི་ནི་ཁྲིམས་ཀྱིས་སྐྱོང་བཞིན་པའི་རྒྱལ་ཁབ་ཚད་ལྡན་ཞིག་གི་འགྲོ་ལུགས་རེད།
ཡིན་ན་ཡང་རྒྱ་ནག་གི་སྲིད་གཞུང་དེ་ལྟར་མ་ཡིན་པར་ཟས་རིགས་སོགས་ཚོང་རྫས་གང་ཡིན་གྱི་བཟོ་གྲྭའི་ནང་བརྟག་དཔྱད་བྱེད་དུ་སླེབས་ཀྱང་། གོང་དུ་ཞུས་པ་ལྟར་སྲིད་གཞུང་གིས་གཅིག་གིས་གཅིག་ལ་རྫུན་གྱིས་མགོ་སྐོར་གཏོང་སྟངས་ཡག་པོ་བསླབས་ཡོད་པས། བརྟག་དཔྱད་བྱེད་མཁན་ཚོ་ཡང་བཟོ་གྲྭའི་སྦྱིན་བདག་གིས་དངུལ་དང་ཟས་རིགས་ཞིམ་པོ་དག་གིས་རྫུན་གྱི་ཚོང་རྫས་ལ་སྐེག་ཚོས་བྱུགས་ཏེ་ཁ་བཙུམ་དུ་བཅུགས་ཡོད། འདི་ལྟར་ཚོང་རྫས་རྫུན་མ་ནས་འགོ་བརྩམས་ཏེ་རྒྱ་ནག་གི་མི་མང་པོ་ཞིག་ཕྱུག་བདག་དང་དཔལ་འབྱོར་ཆུ་ཚད་འབྲིང་ཙམ་ལ་སླེབས་དུས། ཁོ་རང་ཚོའི་སེམས་སུ་དངུལ་གྱིས་ཉོ་ཐབས་མེད་པའི་སྡུག་བསྔལ་གསར་བ་ཞིག་སླེབས།
གཉིས་པ། བོད་ཀྱི་སྤྲུལ་རྫུན་རྒྱ་ལྷའི་རླུང་རྟ།
རྒྱ་ནག་གི་ཕྱུག་བདག་མང་པོ་ཞིག་གི་སེམས་སུ་བཅོས་ཐབས་དཀའ་བའི་སྡུག་བསྔལ་མྱོང་བཞིན་པའི་སྐབས། རྒྱ་ནག་གི་ཕྱུག་བདག་སྐོར་ཞིག་གིས་ཐེ་ཝན་ནས་པར་སྐྲུན་བྱས་བའི་༧གོང་ས༧མཆོག་གི་བཀའ་སློབ་དང་ནང་ཆོས་ངོ་སྤྲོད་སོགས་ཀྱི་དེབ་ཀློག་མགོ་བརྩམས་ཏེ་རང་གི་སེམས་ཀྱི་སྡུག་བསྔལ་སེལ་ཐབས་བྱས། རིམ་གྱིས་བོད་ཀྱི་ནང་བསྟན་ལ་དོན་སྣང་ཆེ་རུ་ཕྱིན་ཡོད་པ་མ་ཟད། ཁ་ཤས་བསམ་བཞིན་བོད་ནང་དུ་སླེབས་ཏེ་བོད་ཀྱི་བླ་སྤྲུལ་འགའ་རེ་དང་དགེ་བཤེས་འགའ་རེ་རྒྱ་ནང་ལ་གདན་འདྲེན་ཞུས་ཏེ་ནང་ཆོས་བཤད་དུ་བཅུགས་ཏེ་ཆོས་ཚོགས་འཛུགས་མགོ་བརྩམས་ཡོད།
ཐབས་སྐྱོ་བ་ཞིག་ལ། དེ་འདྲའི་སྐབས་དེར་རྒྱ་རིགས་ཕྱུག་བདག་ཚོའི་སེམས་སུ་སྤྲུལ་སྐུ་ཞིག་གི་མིང་ཐོགས་ཡོད་ཚེ། ནང་ཆོས་ཀྱི་ཤེས་ཚད་ཡོད་མེད་ལ་མ་ལྟོས་བར་དད་པ་བྱེད་རྐྱང་བྱས་ཏེ། ཁ་ཤས་ཞིག་ལ་ཕན་ཐོགས་ཡང་བྱུང་ཡོད་ཚོད་རེད། ཡིན་ཡང་རིམ་གྱིས་བོད་ནང་གི་སྤྲུལ་སྐུ་རྫུན་མ་དང་གྲྭ་བ་རྫུན་མ་མང་པོ་རྒྱ་ནང་ལ་སླེབས་ཏེ་ནང་ཆོས་ཀྱི་ཚོང་རྒྱག་མགོ་བརྩམས་པ་རེད། སྤྲུལ་སྐུ་རྫུན་མ་དང་གྲྭ་བ་རྫུན་མ་ཁ་ཤས་ཞིག་གི་ལག་ཏུ་དངུལ་མང་པོ་རེག་ཡོད་པ་མ་ཟད། བུ་མོ་མཛེས་མ་མང་པོར་ཡང་ལུས་འབྲེལ་བཞག་སྟེ་མངལ་ཡང་སྦྲུམ་པའི་རྗེས། བོད་ཀྱི་སྤྲུལ་རྫུན་དེ་ཚོ་གར་སོང་ཆ་མེད་དུ་གྱུར་བའི་གནས་ཚུལ་མང་པོ་ཞིག་དྲ་ཐོག་ཏུ་འཁྱམས་ཡོད་པ་མ་ཟད། རྒྱ་ནག་གི་འགོ་ཁྲིད་ནང་ཆོས་ལ་དད་མཁན་འགའ་རེ་རྒྱ་གར་དུ་སླེབས་ཏེ་༧གོང་ས་༧མཆོག་ལ་སྤྲུལ་སྐུ་རྫུན་མ་དང་གྲྭ་བ་རྫུན་མ་དེ་ཚོ་འགོག་ཐབས་ཞིག་གནང་རོགས་ཞེས་ཞུས་ཡོད།
རྗེས་ནས་རྒྱ་ནག་སྲིད་གཞུང་གིས་ཀྱང་གནས་ཚུལ་དེ་འགོག་ཐབས་སུ་སྤྲུལ་སྐུའི་དཔང་རྟགས་ཀྱི་ལག་ཁྱེར་སྤྲད་འགོ་བརྩམས། ཡིན་ཡང་ད་རུང་ཡང་དེ་འགོག་ཐབས་མ་རྙེད་པར་དེང་སང་རྒྱ་ནག་གི་གསར་ཤོག་འགའ་རེ་ནང་དུ་ཡང་གནས་ཚུལ་འགའ་རེ་བཏོན་ཡོད། སྤྲུལ་སྐུའི་དཔང་རྟགས་ལག་ཁྱེར་ཡོད་ཀྱང་། ནང་ཆོས་ཀྱི་ཤེས་ཚད་ཅི་ཡང་མེད་མཁན་མང་པོ་ཞིག་ཀྱང་རྒྱ་ནང་ལ་སོང་ནས་སྦྱིན་བདག་རེ་རེག་ཐབས་འབད་ཀྱི་ཡོད་པ་མ་ཟད། ཁ་ཤས་དེ་གར་ནས་རང་རྒྱུད་ཀྱི་ཚུལ་ཁྲིམས་ཀྱང་ལྟུང་ནས་ཕྱིར་རང་གི་དགོན་པའི་ནང་ཡོང་ཡོད་པ་མང་པོ་ཞིག་ཡོད།
མ་ཟད་ད་རུང་བོད་ནང་གི་དགོན་པ་ཆེ་ཆུང་གང་ཡིན་གི་བླ་མ་གྲྭ་བ་ཤེས་ཡོན་ཡོད་མེད་གཉིས་ཀའི་རྒྱ་ནང་གི་རྒྱ་རིགས་ཕྱུག་པོ་འགའ་རེ་ཚུར་རང་གི་དགོན་པའི་ནང་ཁྲིད་ཡོང་ཐུབ་ཚེ། བླ་མ་དང་དེ་དང་གྲྭ་བ་དེ་ཚོ་འཇོན་ཐང་ཅན་དུ་བརྩི་བའི་ལུགས་སྲོལ་ངན་པ་ཞིག་བོད་ནང་དུ་འཁྱམས།
གང་ལྟར་ཡང་ཕྲན་གྱིས་བཤད་འདོད་པ་གཙོ་བོ་ནི། སྤྲུལ་སྐུ་དངོས་རྫུན་གང་ཡིན་ཀྱང་ཆོག བོད་ཀྱི་ནང་ཆོས་དེ་ཕར་རྒྱ་རིགས་ཚོར་ངོ་སྤྲོད་ཚུལ་དང་མཐུན་པའི་ཡང་དག་པ་ཞིག་བྱེད་ཐུབ་ཚེ། སྤྲུལ་སྐུའི་དཔང་རྟགས་ལག་ཁྱེར་ཡོད་མེད་ལ་མ་བལྟས་བར་འགྲིག་གི་རེད།
ཡིན་ཡང་བོད་ཕྱི་ནང་གང་ཡིན་ཀྱང་སྤྲུལ་སྐུ་ཕལ་ཆེར་གྱིས་ནང་ཆོས་སློབ་གཉེར་ཕྱོགས་ལ་བརྩོན་འགྲུས་ཡག་པོ་ཞིག་གྲྭ་བ་དཀྱུས་མ་བཞིན་བྱས་མེད་པ་མ་ཟད། ཁོང་ཚོར་སྐྱིད་ཉལ་རྒྱག་ཡ་དགའ་བ་དང་ཁོང་ཚོའི་སེམས་སུ་ཡང་སྐྱེས་ཆེན་དམ་པ་ཞིག་གི་སྤྲུལ་སྐུ་ཡིན་མདོག་གི་རྣམ་པ་བསྟན་ནས་འདུག་འདོད་ཡོད། དེ་ཚོས་གྲས་ཀྱིས་བོད་ཀྱི་ནང་ཆོས་དང་ནང་ཆོས་མཁས་དབང་མང་པོ་ཞིག་གི་ཞབས་ནས་འཐེན་བཞིན་འདུག
གང་ལྟར་ཀྱང་ཐོག་མར་ནང་ཆོས་ཀྱི་ཚོང་རྒྱབ་སྟེ་འཚོ་བ་རོལ་མགོ་བརྩམས་མཁན་བཙན་བྱོལ་སྤྱི་ཚོགས་ནས་བཙུགས་ཡོད། བཙན་བྱོལ་སྤྱི་ཚོགས་ཀྱི་སྤྲུལ་སྐུ་ཁ་ཤས་ཀྱིས་ཕྱི་རྒྱལ་གྱི་བུ་མོ་མགོ་སེར་མ་ཚོར་ལུས་འབྲེལ་བཞག་སྟེ། ཁྲིམས་ཁང་ལ་ཐུག་པའི་གནས་ཚུལ་ཡང་འགའ་རེ་བྱུང་ཡོད་པ་མ་ཟད། བཙན་བྱོལ་སྤྱི་ཚོགས་ཀྱི་བོད་ཡིག་དམངས་གཙོ་གསར་ཤོག་ཐོག་བཏོན་མྱོང་ཡོད། ད་རུང་སྤྲུལ་སྐུ་དེ་ཚོས་ཆོས་ཚོགས་ཕན་ཚུན་བར་གྱི་སྦྱིན་བདག་འཕྲོག་རེ་ཡི་རྙོག་དྲ་ཡང་མང་པོ་བསླངས་ཡོད།
དགོད་བྲོ་བ་ཞིག་གམ་ཡང་ན་ཐབས་སྐྱོ་བ་གང་ཞིག་བཤད་དགོས་པ་ཡང་མི་ཤེས་མོད་། འོན་ཀྱང་། དེང་སང་རྒྱ་ནང་གི་རྒྱ་རིགས་འགའ་ཤས་ཀྱིས་གྲྭ་ཆས་གྱོན་ཏེ། ཕྱིར་བོད་ནང་དུ་བོད་རིགས་ཚོར་མགོ་སྐོར་གཏོང་མགོ་བརྩམས་ཡོད། རྒྱ་རིགས་འགའི་བོད་ཀྱི་གྲྭ་བར་བརྫུས་ཏེ་བོད་ནང་དུ་སློང་མོ་བྱེད་བཞིན་ཡོད་པ་དྲ་ཐོག་ཏུ་འཁྱམས་ཡོད་པས། བོད་ཀྱི་ནང་ཆོས་ནི་ཚོང་རྫས་ཞིག་ཏུ་གྱུར་འདུག
མཐའ་མའི་རེ་བ་ཞིག་ནི། ཆོས་རྫུན་བཤད་དེ་མགོ་བོ་སྐོར་མཁན་གྱི་སྤྲུལ་སྐུ་དངོས་རྫུན་སུ་ཡིན་ཡང་། སངས་རྒྱས་ཀྱི་བསྟན་པ་བསམ་གཞིགས་བྱེད་མི་ཐུབ་ཀྱང་བོད་མི་རིགས་ཀྱི་ལ་རྒྱ་གད་སྙིགས་ནང་མ་གཡུགས་རོགས་ཞེས་རེ་འབོད་ཞུ་གི་ཡོད།
་་་་་་་་་་་་་་་་ དཔེར་མཚོན་སྟབས་བདེ་ཞིག་སྒོ་ནས་བཤད་ན། གོང་རིམ་གི་སྲིད་དབང་སྒེར་གཅོད་པ་ཚོས་དབང་ཆ་བེད་སྤྱད་དེ་མི་དམངས་ཀྱི་ལག་ནས་ལྐོག་ཟ་རུལ་སུངས་ཀྱི་དངུལ་འབོར་ཆེན་བླངས་ཏེ། འཛམ་གླིང་གི་ཕྱུག་བདག་གྲལ་དུ་སླེབས་དུས། མི་དམངས་དཀྱུས་མ་ཚོས་ཀྱང་རང་གི་དཔལ་འབྱོར་གོང་འཕེལ་གྱི་ཆེད་དུ་ཚོང་རྫས་རྫུན་མ་བཟོ་འགོ་བརྩམས། ་་་་་་་་་་་
་་་་་་་་་་་་་་་་་་་་་་ དེང་སང་རྒྱ་ནང་གི་རྒྱ་རིགས་འགའ་ཤས་ཀྱིས་གྲྭ་ཆས་གྱོན་ཏེ། ཕྱིར་བོད་ནང་དུ་བོད་རིགས་ཚོར་མགོ་སྐོར་གཏོང་མགོ་བརྩམས་ཡོད། རྒྱ་རིགས་འགའི་བོད་ཀྱི་གྲྭ་བར་བརྫུས་ཏེ་བོད་ནང་དུ་སློང་མོ་བྱེད་བཞིན་ཡོད་པ་དྲ་ཐོག་ཏུ་འཁྱམས་ཡོད་པས། བོད་ཀྱི་ནང་ཆོས་ནི་ཚོང་རྫས་ཞིག་ཏུ་གྱུར་འདུག ་་་་་་་་་་་་་་་་་
རྒྱ་མོ་ལ་ཆང་ས་རྒྱག་མཁན་གཙོ་བོ་དང་དང་པོའི་གྲས་ནི་པན་ཆེན་བླ་མ་རེད། དེ་ནས་འཇམ་བཞད་ཀྱི་ཁྱིམ་ཐབས་ཀྱང་རྒྱ་རིགས་རེད་ཟེར་གི་བསམ་སོང་། ཞབས་འདྲེེན་ཡིན་ན་དེ་ཚོ་ནས་མགོ་བཙུགས་ཏེ་ཞབས་འདྲེན་ཞུས་ཚར་བ་རེད། སྤྱིར་ན་མི་ཆུང་ཆུང་ཚོས་རྒྱ་མོ་ལ་རྒྱོ་བརྒྱབ་ན་སྤྲུལ་རྫུན་དུ་འགྱུར་བ་དང་། མི་ཆེན་པོ་ཚོས་རྒྱ་མོ་ལ་རྒྱོ་བརྒྱབ་ན་སྤྲུལ་རྫུན་དུ་མི་འགྱུར་བ་དེ་ལྟ་སྟངས་འགྲིགས་མེད་པའི་རྟགས་རེད།
རྒྱ་རིགས་ཚོས་གྲྭ་ཚོས་གྱོན་ནས་བོད་དུ་སློང་མོར་ཡོང་ན་དེ་ཉེན་ཁ་ཆེན་པོ་ཅི་ཡང་མ་རེད། སྤྱིར་ན་གྲྭ་ཆས་གྱོན་ནས་སློང་མོ་བྱེད་སྲོལ་དེ་སྟོན་པ་སངས་རྒྱས་ཀྱི་དུས་ནས་ཡོད་པ་ཞིག་རེད། གྲྭ་བ་ཡང་དག་ཚོས་སློང་མོ་ལ་བརྟེན་ནས་འཚོ་བ་སྐྱེལ་གི་རེད།
རྒྱ་རིགས་ཀྱིས་གྲྭ་ཆས་གྱོན་ནས་བོད་དུ་སློང་མོར་ཡོང་བ་དེ་ཉེན་ཁ་ཅི་གང་ཡང་མ་རེད། གྲྭ་ཆས་དེ་བོད་རིགས་མིིན་ན་གྱོན་མི་ཆོག་པ་རེད་དམ། ང་ཚོས་འདི་ནས་བླ་མ་ཡེ་ཤེས་ཟེར་བའི་ཡང་སྲིད་ཡིན་ཟེར་ནས་སི་ཕན་གྱི་པུ་གུ་ཞིག་ངོས་བཟུངས་སོང་བསམ། དེ་ན་དེ་ཡང་འགྲིགས་མེད་ས་རེད།
བོད་བླ་ཚོས་རྒྱ་རིགས་ནང་པའི་སྤྱི་ཚོགས་ལ་ཞབས་འདེགས་ཆེན་པོ་ཞུ་གི་འདུག རྒྱ་རིགས་ནང་པ་ཚོས་ཀྱང་བོད་བླ་ཚོར་ཞབས་འདེགས་རླབས་ཆེན་ཞུ་བཞིན་འདུག འདི་རྗེས་སུ་ཡི་རང་གི་གནས་སུ་གྱུར་པ་རེད། གནའ་བོའི་སྲོལ་རྒྱུན་རིག་གནས་འདི་ས་མཚམས་དང་རྒྱལ་མཚམས་མེད་པར་བེད་སྤྱོད་ཡོད་པའི་རྟགས་རེད། དྲ་ཐོག་ཏུ་ཅིག་སླེབས་པ་ཙམ་གྱིས་ཧ་ལས་ཧོན་འཐོར་དགོས་པ་ཅི་ཡང་མེད། སྤྱིའི་ཆ་ནས་ཧ་ཅང་གི་ཡག་པོ་རེད།
ལྷག་པར་ཡང་ཉེ་ཆར་རྫོགས་ཆེན་དཔོན་སློབ་རིན་པོ་ཆེ་ཡིས་ཐའེ་ཝན་གྱི་མཛེས་མ་སྐད་གྲགས་ཅན། རྒྱ་ནག་གི་བུད་མེད་སྐད་གྲགས་ཅན་བཅུའི་ནང་དུ་ཚུད་ཡོད་པ་དེ་ཁབ་ཏུ་བཞེས་ནས་སྲས་མོ་ཞིག་འཁྲུངས་འདུག དེ་ཡང་རྗེས་སུ་ཡི་རང་གི་གནས་སུ་གྱུར་པ་རེད། ཐ་ན་པན་ཆེན་བླ་མ་མིང་གྲགས་ཆེ་ན་ཡང་བུད་མེད་སྐད་གྲགས་ཅན་དེ་འདྲ་ཞིག་རག་མེད་པ་རེད། པན་ཆེན་གྱིས་ཡར་མར་མི་ལ་རེ་བ་བཅོལ་ནས་ལྷ་ལྕམ་དེ་བཞེས་པ་མ་གཏོགས་ཁོང་རང་གིས་འབྲེལ་བ་བྱས་ནས་རག་ཀྱང་མེད་ཚུལ་འདུག དེ་ལ་བལྟས་དུས་རྫོགས་ཆེན་དཔོན་སློབ་རིན་པོ་ཆེས་འཇོན་འདུག་བསམ། ང་ནི་ཁོང་ལ་ཕྲག་ཏོག་འདྲ་ཞིག་ལངས་ཡོང་གི ཀུ་རེ་ཡིན།
རྒྱ་བླ་རེད། རྒྱ་ལྷ་མ་རེད། བོད་ནང་དུ་བཟོས་པའི་མིང་ཚིག་ཅིག་ཡིན་པ་འདྲ། རྒྱ་བླ་ཟེར་ན་ཁྱེད་ཚོ་ལ་ཅི་གནོད་ཀྱི་འདུག་གམ། །
གྲྭ་ཆས་གྱོན་ནས་འཁྲིག་སྤྱོད་བྱེད་མཁན་སྤྲུལ་སྐུ་ཡིན་ན་འདྲ།
དགེ་བཤེས་ཡིན་ན་འདྲ།
སངས་རྒྱས་ཀྱི་ཆོས་དང་ཡོངས་སུ་འགལ་ཡོད་པ་མ་ཟད།
མི་མང་ཚོར་བཤུ་གཞོག་དང་མགོ་སྐོར་གཏོང་མཁན་རེད།
སངས་རྒྱས་ཀྱི་གསུངས་ལ་ཡིད་ཆེས་ན། ཀུན་རྫོབ་ཐམས་ཅད་རྫུན་མ་རེད། ཀུན་ནི་སྣང་བ་ཇི་སྙེད་པ། རྫོབ་ནི་མི་བདེན་བསླུ་བ་སྟེ། གསུངས་ཡོད་པ་རེད། ཀུན་རྫོབ་ཀྱི་བོན་ལ་དངོས་གནས་ཅིག་གང་ན་རྙེད་རྒྱུ་ཡོད། མགོ་ནས་ཞུགས་བར་ཚང་མ་རྫུན་གྱི་སྒང་ལ་བསྡད་ཡོད་པ་རེད། རྟག་བརྟན་དུ་གྲུབ་པ་ཞིག་གང་ནས་འཇོག དངོས་གནས་རེད་འདུག་བསམ་ས་དེ་ཡང་དོན་གྱིས་རྫུན་མ་ཡིན་པ་ཨེ་ཤེས།
ཡང་ཁྱེད་ཚོས་ངའི་ཆོས་ལུགས་ཀྱི་ཕྱོགས་གཏོགས་མི་ཆེན་བླ་ཆེན་ཚོ་ནི་ཀུན་རྫོབ་བདེན་པ་མིན། དོན་དམ་བདེན་པ་ཁོ་ན་ཡིན་ཟེར་ནས་ཨུ་ཚུགས་མཐའ་སྐྱེལ་བྱེད་འདོད་ན་ནི་ང་ལ་ཅི་ཡང་ལབ་རྒྱུ་མེད་དོ། །
ང་ནི་རྩོམ་ཉོག་དང་མཆན་སྐྱག་དེ་ཚོ་མཐོང་དུས། ཁོང་ཁྲོ་གཏིང་ནས་ལངས་ནས། བོད་པ་ཐོད་དཀར་དེ་ཚོ་རྒྱ་དམར་གྱིས་མགོ་ནས་མནན་པ་དེས་འགྲིགས་འདུག་མ་གཏོགས་དེ་མིན། ཆོས་ལུགས་དང་ཆོལ་ཁའི་ཐེན་ཁྱེར་གྱིས་ཆེ་བས་ཆུང་བ་རྩ་མེད་གཏོང་ས་རེད།
སྤོབས་པ་མཐའ་ཡས་ཟེར་མཁན་དེ་རྙིང་མའི་ཆགས་སྡང་གིས་གཟི་ནས་ཞར་དང་ཞོར་ལ་དགེ་ལུགས་པ་དང་ཀམ་ཚང་ལ་སྨོད་ཡོང་གི་རེད། དེ་ནས་བོན་པོ་དགྲ་ལྟར་བཟུང་ནས་རྟག་ཏུ་གོ་སྐབས་ནམ་བྱུང་ལ་བོན་ལ་དམའ་འབེབ་བྱེད་ཀྱི་རེད།
གྲྭ་རྫུན་དང་སྤྲུལ་རྫུན་འགོག་རྒྱུ་དེ་ཁག་པོ་རེད། བསོད་ནམས་ཅན་ཚོས་ཚོགས་བསགས་ཀྱི་ཡོད་པ་རེད། བསོད་དེ་སྐམ་པོ་ཚོས་ཅུང་ཟད་ཅིག་ཡོད་པ་དེ་མགྱོགས་པར་འཕྲོ་བརླག་ཏུ་གཏོང་གྱིན་ལགས། ད་ཚང་མ་བཏང་སྙོམས་སུ་བཞག་ན་ལེགས་པར་ངེས། །
བོད་རྒྱ་དོན་གྱི་མཐུན་སྒྲིལ་ནི་འདི་འདྲའི་རྨང་གཞིའི་སྟེང་འཇོག་དགོས་པ་མ་ཡིན་ནམ། བོད་གཞུང་གིས་རྒྱ་ནག་ལ་ངོ་རྒོལ་བྱེད་མི་རུང་། བོད་མི་རེའི་ངོས་ནས་གྲོགས་པོ་བྱས་འབྲེལ་བ་བྱེད་པར་བསྐུལ་སློང་གནང་པ་དེ་སྒྲུབ་པ་རེད། རིན་པོ་ཆེ་ལ་སྲས་མོ་འཁྲུངས་བར་བཀྲ་ཤིས་བདེ་ལེགས་ཞུ།
[新聞] 疑為小三?阿雅稱交往7年仁波切尪前年才- DispHot板 …
https://disp.cc/b/773-8H1o
གོ་ཐོས་ལྟར་ན་རྫོགས་ཆེན་དཔོན་སློབ་རིན་པོ་ཆེ་དང་མཁྱེན་བརྩེ་རིན་པོ་ཆེ་གཉིས་རྒྱ་མིའི་འཁྲབ་སྟོན་པའི་བུད་མེད་གྲགས་ཅན་གཉིས་དང་གཉེན་སྒྲིག་བྱས་ཟིན་ཟེར། གྲོང་ཁྱེར་པེ་ཅིན་ན་བོད་ཀྱི་རྒྱ་བླ་འབུམ་གསུམ་ལྷག་ཡོད་སྐད། རྒྱ་ནག་གྲོང་བའི་སྙན་ངག་༼ 朝阳区仁波切,稻香村拿破仑༽འདི་ཤིན་ཏུ་ནས་ཚ་ཚ་འུར་འུར་དུ་གྱུར་འདུག
ད་ཡིན་ན་བླ་མ་དེ་ཚོའི་དགོས་པའི་ཆོས་མི་སྤྱོད། མི་དགོས་པའི་ཆག་པ་སྤྱོད་ནས་མཐར་བོད་པའི་བླ་མ་ཟེར་དུས་འདྲེ་ཇག་པ་མཐོང་མཐོང་ཡོང་གི་རེད་ཡ།
སྔར་ཡིན་ན་བླ་སྤྲུལ་ཚོས་ཤེས་ཡོན་དང་ཉམས་ལེན་ལ་འགྲན་རྩོད་བྱས། དེང་སང་བླ་ཆེན་ཚོས་རྒྱ་ཡི་གློག་བརྙན་ཁྲབ་སྟོན་མ་དང་གཞས་མ་ཐོབ་རྒྱུ་ལ་ཧབ་ཐོབ་བྱེད། ད་ཡིན་ན་མུ་མཐུད་དེ་ལྕམ་བཞེས་ཤིག བསྟན་པ་གོང་ནས་བཤིག་ཤིག
འདི་འདྲ་དང་འདི་ལས་ཐབས་སྡུག་པ་མང་ནི་རེད། སེ་ར་ནས་དགེ་བཤེས་ཀྱི་མཚན་བཞེས་པ་དགེ་བཤེས་མའེ་ཁོལ་རོ་ཆི་ཡི་སེ་ར་དགོན་པའི་ཆེད་དུ་ཡིན་གསུངས་ནས་ཨ་ཧྥི་རི་ཁ་ནས་ནག་ཚོང་བྱས་ནས་ཐོན་པའི་རྡོ་རྗེ་ཕ་ལམ་གྱིས་ཚོང་ལས་བྱས། དེ་ནས་མཁའ་སྤྱོད་མའི་ཉམས་ལེན་ཡིན་ཟེར་ནས་བུད་མེད་ཅིག་དང་ཆང་ས་བརྒྱབ་ནས་གོམ་པ་བདུན་ལས་ལྷག་པ་འབྲལ་མི་རུང་བའི་དམ་བཅའ་ཡིན་ཚུལ་བཤད། དེ་ནས་བུད་མེད་དེ་སྐྱེས་པ་གཞན་ཞིག་དང་འགྲོགས་པ་སྐྱེས་པ་དེ་གྲོངས་ཤིང་གྲོངས་ལུགས་དོག་གཞི་ཅན་དུ་གྱུར་པ་སོགས་བཤད་རྒྱུ་མང་གི། ཆོས་ཁྲིམས་ཟེར་བ་ཞིག་ཡོད་ན་འདི་ཚོའི་སྟེང་ལ་འཇོག་དགོས་ངེས་རེད། མྱ་ངན་ལས་འདས་པའི་ལམ་གྱི་ཆགས་སྤྱོད་དང་འཆི་བ། ཞེས་པའི་རྩོམ་འདིའི་འབྲེལ་ཐག་གཤམ་ན་བཀོད་ཡོད་པས་ཀློག་རོགས་གནོངས། http://www.rollingstone.com/culture/news/sex-and-death-on-the-road-to-nirvana-20130606?page=4
ང་ནི་རྒྱ་བླ་ངོ་མ་དང་རྫུན་མ་གཉིས་ཀར་དགའ། སྟབས་བདེ་བྱུང་ན་རྒྱ་བླ་དང་རྒྱ་རྒན་འགའ་རེར་སྐད་ཆ་དྲིས་ནས་དྲྭ་ཐོག་ཏུ་འགོད་རྒྱུ་ཡིན། དེ་དུས་ད་ཧ་གོ་རྒྱུ་ཞིག་ཡོད།
སྤོབས་མཐའ་ལགས།སྐུ་མཁྱེན།མི་ཤེས་པར་ཤེས་ཁུལ་མ་གནང་དང་།སེ་ར་ལ་ལོ་རེ་གཉིས་བསྡད་མྱོང་བ་དེ་དབྱིན་རྒན་མགོ་སེར་ཞིག་རེད།ཁོའི་སྐོར་ངས་རྩོམ་ཡིག་ཁ་ཤས་བཀླགས་མྱོང་།ཁོ་རང་ཆོས་ལུགས་གསར་བཟོ་གནང་འདོད་ཡོད་པ་ཅིག་ཡིན་པ་རེད།ཁོས་ནང་པ་ཙམ་མ་ཟད་ཕྱི་རོལ་པ་ཧིན་དུ་ཆོས་ཀྱང་ཉམས་ལེན་ཚོད་ལྟ་གནང་གི་ཡོད་འདུག།
ཁོའི་སྐྱེས་དམན་དེ་ནི་དེ་ལས་ཀྱང་ཧམ་ཆེན་ཧིན་དུ་ནང་གི་ཀ་ལི་ཉམས་ལེན་སོགས་བྱས་ཏེ་གཞན་ལ་འཇིགས་སྐུལ་བྱེད་པ།ཡང་མིད་ལ་རས་པ་སོགས་ལ་ལད་མོ་བྱས་ཏེ་ས་སྟོང་ལུང་སྟོང་དུ་སྒོམ་འདྲ་བརྒྱབས་ཁུལ་བྱས།ཐ་མ་དགའ་རོགས་ཟ་མ་ཟད་དེ་ཤི།མོ་རང་ཡང་ཅུང་ཙམ་མ་གཏོགས་ཤི་འདུག།དེ་ཚོ་དབྱིན་རྒན་སྔོན་མ་དེའི་མཐུ་བརྒྱབས་པར་དོགས་པ་འདྲ་བྱས།ཡང་ནང་ཆོས་ཞེས་པ་གཅེར་བུ་པ་ལྟར་མི་ལ་སོ་སོས་སོ་སོར་སྡུག་པོ་གཏོང་བྱེད་བཅུག་ཏུ་ངོས་འཛིན་བྱས་པ་རེད།
ཁོང་རང་ཚོ་སོ་སོའི་ཡུལ་ཁྲིམས་དང་མ་འགལ་ན་དེ་ཚོར་བོད་པས་ཇུས་གཏོགས་དང་ཆོས་ཁྲིམས་འཛུགས་རྒྱུ་སོགས་སྤྲོས་བྲལ་རེད་ད།མ་གཞི་དེ་ནང་པ་སངས་རྒྱས་པ་དེ་འདྲ་མ་རེད་ད།ཆོས་ལུགས་སྣ་ཚོགས་ནང་གི་རང་ལ་འདོད་མོས་ཡོད་པ་ཚོ་ཚུར་བླངས་ཏེ་རང་གིས་སྔར་མེད་གསར་སྤྲོས་དེ་འདྲ་གནང་གི་ཡོད་པ་རེད།
ཨོ་ཡ།དེ་ནས་སྤོབས་མཐའ།༧པཎ་ཆེན་དང་༧ཀུན་མཁྱེན་སོགས་ཀྱིས་རྒྱ་མོ་ལ་ཆང་ས་བརྒྱབས་ན་སྐྱོན་ཆ་གང་ཡང་མ་རེད་ད།བོད་པ་ཚོས་ཨ་མདོ་བ་ཚོ་སྔ་མོ་ནས་རྒྱ་མ་གཏོགས་བོད་ལ་བརྩིས་ཀྱིན་མེད་པ་རེད།བཙན་བྱོལ་ནང་ཐོག་མར་འབྱོར་དུས་ཨ་མདོ་བ་རེ་རེའི་མིང་གི་མགོ་ལ་བོད་པ་ཚོས་རྒྱ་རེ་སྦྱར་ཡོད་ཅིང་།བོད་མོ་ཞིག་གིས་ཨ་མདོ་བ་ཞིག་ལ་ཆང་ས་བརྒྱབས་རྐྱེན་“དེ་ནི་བོད་མི་རིགས་ཀྱི་ཞབས་འདྲེན་དང་རྒྱལ་བཙོང་བ་རེད་ཅེས་བོད་མིའི་རང་དབང་གསར་ཤོག་ཚུན་གྱི་ནང་འཁོད་ཡོད་འདུག”མི་བདེན་ན་སྐུ་ངོ་འཇུ་ཆེན་གྱི་ལོ་རྒྱུས་ནང་ལྟོས་དང་གསལ་བོ་འཁོད་འདུག
དེ་འདྲ་ཡིན་ན་རྒྱ་ཨ་མདོ་བ་ཚོས་རྒྱ་མོ་ཆུང་མར་བླངས་ན་དེ་ཁྱེད་ཚོ་བོད་པ་སྣ་ལེབ་མིག་རུབ་ཚོར་ཇུས་གཏོགས་ཡོད་མ་རེད་ལོ།།ཧཧཧ
མཆན་བུ་འདི་གཉིས་བཏབ་ས་ནོར་འདུག་པས་དགོངས་འགལ་མེད་པ་བྱོས།
# 39 ཅོ་རི་ཉི་མ།་ལགས་ཀྱིས་མཆན་བཏབ་པ།:
May 25th, 2015 at 3:18 AM
བོད་པའི་བླ་སྤྲུལ་འདི་ཚོས་གོ་གནས་འཐོབ་ཆེད་དུ་ཤཀྱའི་ཆོས་ལུགས་བེད་སྤྱོད་བྱས། མི་དམངས་ལ་དབང་སྒྱུར་ཐུབ་ཆེད་དུ་ཤཀྱའི་ཆོས་ལུགས་བེད་སྤྱོད་བྱས། མཛེས་མ་དང་རྒྱུ་ནོར་འཐོབ་ཆེད་དུ་ཤཀྱའི་ཆོས་ལུགས་བེད་སྤྱོད་བྱས། སྤྱི་ཚོགས་ནང་དུ་དཀྲུགས་ཤིང་རྒྱབ་ཆེད་དུ་ཤཀྱའི་ཆོས་ལུགས་བེད་སྤྱོད་བྱས། སོ་སོའི་རྒྱལ་ཁ་འཐོབ་ཆེད་དུ་དགེ་སློང་དམག་ལ་ཁྲིད་པའི་ལོ་རྒྱུས་ཡོད།
མདོ་ན་བོད་རྒྱུད་ནང་བསྟན་འདི་ཤཀྱའི་ཆོས་ལུགས་ཀྱི་གད་རྙིགས་ཤིག་ལ་བསྒྱུར་ཡོད། ཤཀྱའི་རྒྱལ་པོའི་བཀའ་དང་ཡོངས་སུ་འགལ་བའི་ལས་ཀ་བྱེད་མཁན་གྱི་བོད་ཀྱི་སྤྲུལ་སྐུ་དེ་དག་ནི་སངས་རྒྱས་བསྟན་པའི་དགྲ་བོ་དངོས་མ་ལ་གྱུར་ཡོད། ཤཀྱའི་ལྷ་ཆོས་འདི་འཇིག་རྟེན་འཁོར་བ་འཛིན་སྐྱོང་བྱེད་ཆེད་དུ་བེད་སྤྱོད་བཏང་མཁན་གྱི་བླ་སྤྲུལ་དེ་དག་ནི་སངས་རྒྱས་བསྟན་པ་བཤིག་མཁན་ཡིན་པ་ལས་བསྟན་འཛིན་གྱི་སྐྱེ་བོ་ག་ལ་ཡིན།
# 40 ཅོ་རི་ཉི་མ།་ལགས་ཀྱིས་མཆན་བཏབ་པ།:
May 25th, 2015 at 3:28 AM
འཇིག་རྟེན་ཕ་ཆོས་ཀྱི་ཕྱོགས་ནས་བལྟས་ན་དགྲ་བོའི་ལག་ནས་རྒྱུ་ནོར་དང་མཛེས་མ་ལེན་ནས་ཡོང་ཐུབ་པ་ནི་རྒྱལ་ཁ་ཞིག་ལ་བརྩི་ཆོག་གི་ཡོད་པ་མིན་ནམ། དམ་པའི་ལྷ་ཆོས་ཀྱི་ཕྱོགས་ནས་བལྟས་ན་ཤཀྱའི་རྒྱལ་པོའི་རྐང་འདྲེན་ཡིན་པ་ནི་བཤད་མ་དགོས་པ་ཞིག་རེད།
བཙན་བྱོལ་ནང་གི་གྲྭ་ས་ཁག་གིས་དབུ་མའི་ལམ་ལ་ཤར་སྐྱོད་བྱེད་ནས་རྒྱ་དམར་པོའི་རྩ་ཁྲིམས་ཀྱི་འོག་ཏུ་ལོག་འགྲོ་གི་ཡིན་ཟེར་བསྡད་པ་ལ་ཐུགས་ཁག་མི་འདུག རྒྱ་ཡུལ་དུ་མཛེས་མ་དང་རྒྱུ་ནོར་དེ་འདྲ་འཐོབ་ཀྱི་ཡོད་ན་དབུ་མའི་ལམ་དུ་ཤར་བསྐྱོད་བྱེད་དང་བྱེད། གདན་ས་ཁག་ལ་ཐུགས་ཁག་རྩ་བ་ནས་མི་འདུག་ཞུ་རྒྱུ་དང་། མགྱོགས་པོ་རྒྱ་ཡུལ་དུ་ལོགས་རྒྱུགས་ཞུ་རྒྱུར་ཡིན།
དྲ་གྲོགས་འགས་བསམ་ཚུལ་རེ་བཏོན་འདུག་པ་ལ་བཀའ་དྲིན་ཆེ།གོང་དུ་དྲ་གྲོགས་སྤོབས་མཐའ་ལགས་ཀྱིས་གསུངས་པ་ཞིག་ལ་བསམ་ཚུལ་བརྗེ་རེ་བྱེད་འདོད་བྱུང་། ཕྲན་གྱིས་བོད་ཀྱི་སྤྲུལ་སྐུ་དངོས་རྫུན་གང་ཡིན་རྒྱ་རིགས་བུ་མོ་མནའ་མ་བླངས་པ་དེ་འགྲིག་མི་འདུག་ཞེས་ལབ་ཀི་མེད། ཁོང་ཚོས་གྲྭ་ཆས་གྱོན་ནས་ལུས་འབྲེལ་བཞག་སྟེ།མངལ་སྦྲུམ་དུས་བུ་མོ་དང་ཕྲུག་གུ་གཉིས་ཀ་བདག་པོ་ཙམ་ཡང་མི་བྱེད་པར་གར་སོང་ཆ་མེད་དུ་གྱུར་བ་རེད།དེ་ནི་ནང་པའི་སྤྲུལ་སྐུ་ཞིག་གི་འགྲོ་ལུགས་ཕར་བཞག ཐ་ན་ཁྱིམ་པ་ཕོ་འབྲིང་ཞིག་གི་འགྲོ་ལུགས་ཡང་མ་རེད།འགྲོ་ལུགས་འདི་ནི་མི་ཐ་མ་ཞིག་གི་འགྲོ་ལུགས་རེད་ཟེར་གི་ཡོད།གཉིས་པ་དེ་ཁོང་ཚོས་ནང་ཆོས་དང་མཐུན་པའི་ཆོས་ཞིག་བཤད་ཤེས་ཚེ་དེ་ལ་གུས་བརྩི་བྱ་ངེས་ཡིན་ལ་དེ་འགྲིག་གི་རེད་ལབ་ཀྱི་ཡོད།དེ་མིན་ཆོས་ལོག་བཤད་དེ་མགོ་སྐོར་གཏོང་བ་དེ་མི་འགྲིག་པ་རེད་ཟེར་གྱི་ཡོད། སྤྱིར་གྲྭ་ཆས་དེ་ཚུལ་ཁྲིམས་ལྡན་པ་ཞིག་གི་གྱོན་ཆས་ཡིན་པ་ལས།མི་ཆ་ཚང་གི་གྱོན་ཆས་ཞིག་མ་རེད། མི་རིགས་དང་ས་མཚམས་ལ་དབྱེ་འབྱེད་མེད་པའི་ནང་པའི་ཆོས་ཀྱི་སོ་ཐར་སྡོམ་པ་ཡོད་མཁན་ཞིག་གི་གོྱན་དགོས་པ་རེད།དེ་མིན་དེང་སང་གི་ར་མིན་ལུག་དག་གི་གྱོན་ཆས་ཞིག་མ་རེད།སྤྱིར་བོད་ལ་རབ་བྱུང་ངུར་སྨིག་གི་སྡེ་དང་གོས་དཀར་ལྕང་ལོའི་སྡེ་ཞེས་གཉིས་སུ་ཕྱེ་ཡོད་པ་ཁྱེད་ཚོས་མཁྱེན་གསལ་རེད།དེ་མིན་རང་གི་འཚོ་བའི་ཁེ་ཕན་ཞིག་གི་ཆེད་དུ་གྲྭ་ཆས་གྱོན་ནས་ཆགས་སྤྱོད་ཀྱི་ལམ་ནས་གང་མང་བྱུང་བྱས་པ་དེ་མི་འགྲིག་གི་སྙམ།གང་ལྟར་ནོར་འཁྲུལ་མང་པོ་ཡོད་སྲིད་པས་དྲ་གྲོགས་ཡོངས་ལ་དགོངས་དག་ཞུ་གི་ཡིན།
དང་པོར་གྲྭ་པ་བྱས་ནས་ཆང་ས་མི་བརྒྱ་མདོག་མདོག་བྱས། བོད་མི་རིགས་ཀྱི་མི་འབོར་གྱི་ནང་དུ་གྲྭ་འབོར་མང་པོ་ག་ཚོད་ཡོད། བོད་པའི་བུད་མེད་རེ་ལ་བོད་པའི་ཁྱོ་ག་རེ་རེག་དགོས་ན་ཕོ་ཡི་ལྡང་གི་མ་རེད། བོད་ཀྱི་བུད་མེད་ཚོགས་པའི་ངོས་ནས་ངོ་རྒོལ་བྱེད་རན་འདུག གྲྭ་པ་བླ་མ་རྣམས་ལ་བུད་མེད་དགོས་ན་བོད་པའི་བུད་མེད་མཉམ་དུ་ཆང་ས་རྒྱབ་དགོས་པའི་སྐུལ་མ་གཏོང་རན་འདུག་ག བོད་མི་རིགས་འཕེལ་རྒྱས་དགོས་ན་བོད་ཀྱི་བུད་མེད་མཉམ་དུ་ཆང་ས་རྒྱབ་དགོས་རེད།
བོད་པ་ཚོས་བླ་ཆེན་མང་ཆེ་ཤོས་གྲྭ་ཆས་གྱོན་ཏེ་ནག་མོ་བཙལ་མཁན་དང་ཡོད་མཁན་དེ་འདྲ་རེད།ད་དེ་ལ་ཆུ་མགོ་ནས་རྙོག་ན་གཞུག་ནས་མི་དྭངས་ཀྱི་དཔེ་རེད།༧རྒྱལ་བ་རིན་པོ་ཆེས་ནམ་རྒྱུན་ཅིག་གསུང་གིན་ཡོད་མོད།དེ་ཚོ་སྤྱང་ཀིའི་རྣ་བར་ཆོས་བཤད་མ་ཟད།བླ་མ་ནག་མོ་ཅན་ཚོས་ཞར་དང་ཞོར་ལ་༧རྒྱལ་བར་ཟུར་མདའ་འཕེན་མཁན་ཧ་ཅང་མང་པོ་རེད།
གྲྭ་ཆས་གྱོན་ནས་མནའ་མ་ལེན་མཁན་གྱི་བླ་སྤྲུལ་རྣམས་ལ་ཆོས་ཕྱོགས་ནས་བལྟ་སྟངས་དང་འཇིག་རྟེན་གྱི་ཕྱོགས་ནས་བལྟ་སྟངས་གཉིས་ཁ་ཁར་ཕྱེས་ནས་གསུང་རོགས་བྱོས། བོད་གངས་ཅན་པའི་འཇིག་རྟེན་ཕ་ཆོས་ཀྱི་ཕྱོགས་ནས་བལྟས་ན་གྲྭ་ཆས་ཅན་ཚོས་མཚན་མཐུན་ཆགས་སྤྱོད་པ་བྱས་ནས་བཞུགས་པ་ལས་མནའ་མ་ལེན་ནས་མི་རིགས་འཕེལ་རྒྱས་གཏོང་ཐུབ་ན་ཡག་ག་འདུག
ངས་ངོས་ནས་བྱས་ན་རྙིང་མ་བའི་བླ་གྲྭ་མནའ་མ་ལེན་ཡོད་མཁན་དེ་དག་ལ་དགའ་པོ་ཡོད། བོད་མི་རིགས་རྩ་སྟོང་གཏོང་བཞིན་མི་འདུག ཕྲུ་གུ་མང་བཟོས་འདུག དགའ་པོ་ཡོད། འདོད་ཆགས་མི་དགོས་མདོག་མདོག་དང་འདྲ་ཆགས་ཆགས་བྱས་ནས་་་ལྐོག་ཏུ་མཚན་མཐུན་ཆགས་སྤྱོད་པ་བྱས་ནས་བསྡད་པ་དེ་ཡག་པོ་རྩ་བ་ནས་མི་འདུག དེ་ལས་བོད་པའི་བུད་མེད་རེ་ལ་མི་ཚེ་སྐྱེལ་རོགས་བྱས་ན་ག་འདྲ་ཡག་པོ།
རྒྱ་བླའི་གསར་འགྱུར་ཡག་ཤོས་དེ་དུས་བབས་དཔོན་སློབ་ཚང་གིས་རྒྱ་མོའི་སྐོར་བཤད་འདུག སྐུ་འཕྲེང་འདི་བ་ཚང་བཀའ་བརྒྱུད་མ་གཏོགས་རྙིང་མ་མིན་ཟེར་མཁན་ཞིག་ཡིན་རབས་ཡོད། ད་རྙིང་མའི་ནང་ཚུར་ཐོན་ཡོང་ཡོད་ས་རེད་ཨ། དེང་སང་རྒྱ་མི་ཆབ་སྲིད་པ་ཁ་ཤས་རྩོམ་པ་པ་དང་ཆོས་ལུགས་པའི་མིང་ཐོག་ནས་བོད་བརྒྱུད་ནང་བསྟན་ལ་དངོས་ཤུགས་རྒྱུད་གསུམ་ནས་གནོད་པ་གང་ཐུབ་ཐུབ་བྱེད་ཀྱི་ཡོད་རེད། དུས་བབ་ཚང་གིས་ཁོ་ཚོ་ལ་ཞལ་འདེབས་་ཀྱི་ཚུལ་དུ་ཁྱབ་བསྒྲག་ཡག་ཐག་ཆོད་ཅིག་བྱས་འདུག ཡིད་མ་ཆེས་ན་འདིར་བཀོད་འདུག
http://www.tibettimes.net/news.php?showfooter=1&id=10072
ཡིན་ན་ཡང་དབུ་མའི་ལམ་ཡང་དག་ཅིག་ཡིན་པར་སྣང་། བོད་ནང་ནས་གཟན་ཤམས་གྱོན་བཞིན་དུ་གསོན་བསྲེག་བྱས་པ་དག་ནང་པ་སངས་རྒྱས་པ་དང་འཚེ་མེད་དུ་འདོད་པ་ལས་ཀ་ལི་དང་ཀར་ནག་དཔོན་སློབ་སོགས་ནང་བཞིན་རྒྱ་ནང་འབྲེལ་བྱས་ན་བཟང་ས་རེད་དྲན།
འཛམ་གླིང་ཐོག་ཏུ་རྒྱལ་ཁབ་མང་པོའི་ནང་དུ་མཚན་མཐུན་གཉེན་སྒྲིག་བྱེད་པར་ཁྲིམས་མཐུན་ཆགས་འོང་གི་ཡོད་རེད། སྔ་ཕྱི་མ་གཏོགས་མཚན་མཐུན་ཆགས་སྤྱོད་དེ་ཁྲིམས་མཐུན་དང་ལུགས་མཐུན་ཆགས་འོང་ངེས་རེད། སྤྱི་ཚོགས་ནང་དུ་ངོ་ཚ་མི་དགོས་པར་མཚན་མཐུན་ཆགས་སྤྱོད་པའི་འབྲེལ་བ་མངོན་གསལ་བྱས་ནས་འགྲོ་ཆོག་པ་ཞིག་ཆགས་འོང་གི་རེད། དེར་དུས་བོད་མི་རིགས་ཀྱི་འཕེལ་རྒྱས་ལ་འགལ་རྐྱེན་ཆེ་རེར་འགྲོ་ངེས་རེད། འཛམ་གླིང་ཐོག་ཏུ་བོད་ལྟ་བུ་གྲངས་ཉུང་མི་རིགས་ཤིག་གི་ནང་དུ་མཚན་མཐུན་ཆགས་སྤྱོད་པའི་གྲངས་འབོར་མཐོ་པོ་ལ་བསླེབས་ཡོད་པ་ནི་མི་རིགས་རྩ་སྟོང་འགྲོ་བའི་རྒྱུ་རྐྱེན་ཚོད་མཐོ་པོ་ལ་བསླེབས་ཡོད་པ་རེད།
ཉིན་ཤས་གོང་དུ་ཨེ་ལན་སྒྲི་རྒྱལ་ཁབ་ཀྱི་ནང་དུ་འོས་བསྡུ་བྱས་ནས་མཚན་མཐུན་གཉེན་སྒྲིག་ཁྲིམས་མཐུན་ཆགས་སོང་། སྔ་ཕྱི་མ་གཏོགས་བོད་ལ་ཡང་མཆན་མཐུན་གཉེན་སྒྲིག་ཁྲིམས་མཐུན་དང་ལུགས་མཐུན་ཆགས་འོང་ངེས་རེད།
རྒྱ་གཞུང་གིས་བསམ་བཞིན་སྤྲུལ་སྐུ་རྫུན་མ་བཟོ་གི་ཡོད་པ་རེད།དཔེར་ན་རྒྱལ་མཚན་ནོར་བུ་ལྟ་བུ་རེད།ཁོང་ཚོ་དགོས་བ་དེ་རྫུན་མ་གཏོགས་དངོས་མ་ཞིག་དགོས་དོན་མེད།གསར་འགྱུར་རྫུན་མ།ཅ་དངོས་རྫུན་མ་ཟ་མ་རྫུན་མ།མི་རྫུན་མ་སོགས་དགོས།གཞུང་རྫུན་མ་ཞིག་ལ་ཅ་དངོས་རྫུན་མ་མ་གཏོགས་གང་ནས་ཡོང་།
རང་རེ་བོད་ཀྱི་གྲྭ་ཆས་ཟེར་བའི་ན་བཟའ་དམར་པོ་འདི་དགེ་ལུགས་པ་དམག་རྒྱག་ས་ལ་འགྲོ་དུས་གྱོན་ཆོག་ས་ནས་རྙིང་མ་པ་རྒྱོ་རྒྱག་ས་འགྲོ་དུས་གོན་མི་ཆོག་པའི་རྒྱུ་མཚན་ཤོད་ཤོག
ཏཱ་ལའི་བླ་མ་བཅུ་གསུམ་པའི་དམག་དཔོན་སྐད་གྲགས་ཅན་བཀའ་བློན་བླ་མ་བྱམས་པ་བསྟན་དར་མདོ་སྨད་ལ་དམག་རྒྱག་ས་འགྲོ་དུས་ཀྱི་པར་ལ་ལྟོས་དང་། གཟན་ཤམ་གྱི་སྟེང་དུ་དམག་ཆས་ལྭ་རིང་འདྲ་ཞིག་གྱོན་འདུག
བོད་ནང་ནས་རྒྱ་ནག་ནང་ཆོས་སྤེལ་ན་ཡག་པོ་རེད་ལ། དེའང་དཔལ་ལྡན་རྙིང་མ་བས་དབུ་ཁྲིདནས་རྒྱ་ཆེར་སྤེལ་་ཡོག་རེད། མི་རེ་འགའ་མཇལ་ཡོད་སྲིད་ཀྱང་གོང་ས་མཆོག་ལ་འབྲེལ་བ་ཡོག་མ་རེད། དགེ་ལུགས་མིན་པ་དག་གིས་ཆོས་སྤེལ་མི་ཆོག་ཟེར་མཁན་ཚོས་སོ་སོས་སོ་སོར་དགའ་ཀྲོག་ཀྲོག་བཟོ་བ་ཙམ་རེད།
དབྱིན་མོར་རྒྱོ་རྒྱག་མཁན་ཕྱི་བླ་བྱུང་ཡོག་རེད། རྒྱ་མོར་རྒྱོ་རྒྱག་མཁན་རྒྱ་བླ་བྱུང་ཡོག་རེད། ཐ་ན་ཕྱི་ལོགས་སུ་ཕྱུག་པོ་ཚོ་བླ་སྤྲུལ་ལ་ངོས་འཛིན་གནང་ཡོག་རེད་ལ། སོ་སོའི་ཕ་མའི་ཡང་སྲིད་དུའང་ངོས་འཛིན་གནང་ཡོག་རེད། བདེན་པ་དང་རྫུན་པ་ཟེར་བ་དགའ་མོས་ཡོད་མིན་ཙམ་གྱིས་དབྱེ་འབྱེད་བྱེད་ཀྱིན་པས། དོན་དངོས་སུ་ཚང་མ་རྫུན་མར་གྱུར་མེད་ཅེས་སུས་བཤད་ཐུབ་བམ།
ཁྲི་རལ་ལགས་་ ་་ཁྱོད་ཀྱིས་་་《བོད་པ་ཚོས་ཨ་མདོ་བ་ཚོ་སྔ་མོ་ནས་རྒྱ་མ་གཏོགས་བོད་ལ་བརྩིས་ཀྱིན་མེད་པ་རེད།བཙན་བྱོལ་ནང་ཐོག་མར་འབྱོར་དུས་ཨ་མདོ་བ་རེ་རེའི་མིང་གི་མགོ་ལ་བོད་པ་ཚོས་རྒྱ་རེ་སྦྱར་ཡོད་ཅིང་།བོད་མོ་ཞིག་གིས་ཨ་མདོ་བ་ཞིག་ལ་ཆང་ས་བརྒྱབས་རྐྱེན་“དེ་ནི་བོད་མི་རིགས་ཀྱི་ཞབས་འདྲེན་དང་རྒྱལ་བཙོང་བ་རེད་ཅེས་བོད་མིའི་རང་དབང་གསར་ཤོག་ཚུན་གྱི་ནང་འཁོད་ཡོད་འདུག”མི་བདེན་ན་སྐུ་ངོ་འཇུ་ཆེན་གྱི་ལོ་རྒྱུས་ནང་ལྟོས་དང་གསལ་བོ་འཁོད་འདུག》ཅེས་བཤད་འདུག
ཁྱོད་ཀྱི་སྐད་ཆ་བདེན་མིན་མི་ཤེས། གལ་སྲིད་རང་དབང་གསར་ཤོག་ནང་དུ་བཀོད་ཡོད་པའི་དབང་དུ་བཏངས་ཡང་མི་རེ་གཉིས་ཀྱི་བྱ་སྤྱོད་ལས་བོད་མི་རིགས་སྤྱིའི་བྱ་སྤྱོད་ཤིག་མིན་པར་མངོན་གསལ་རེད། ཨ་མདོ་བའི་མཉམ་དུ་བོད་པའི་བུ་མོ་ཆང་ས་རྒྱབ་མཁན་རེག་གི་མི་འདུག་ཟེར་ནས་སྔོན་མ་ཞིག་ལ་ཡང་བྲིས་སོང་། དེར་བརྟེན་བསམ་ཚུལ་བཤད་འདོད་བྱུང་།
བཙན་བྱོལ་བའི་མི་རྒན་ཚོའི་སྐད་ཆ་ལ་བལྟས་ན་སྔོན་མ་བཙན་བྱོལ་ནང་དུ་བོད་པའི་བུད་མེད་རྣམས་ཀྱིས་ཨ་མདོའི་ཁྱོ་ག་ཨེ་རེག་བལྟ་ཡི་རེད་ཟེར། ཨ་མདོ་བ་ཚོ་ལྟོ་གོས་གྲུང་པོ་ཡོད་པས་རེད་ཟེར། ཨ་མདོ་བ་ལ་ཚོང་གི་མ་རྩ་སྒོར་མོ་བརྒྱ་ཡོད་ན་ལྡང་ཚར་བ་རེད་ཟེར། ཁྲོམ་ལ་འགྲོ་ནས་གྲོ་ཕྱེ་དང་གླང་ཤ་རྒྱ་མ་གང་ཉོ། ནང་དུ་ཡོང་ནས་བག་ལེབ་ཤིག་བཟོ། འཐེན་ཐུག་ཞིག་སྐོལ་ནས་ཁྲོམ་ལ་བཙོང་མཁན་རྒྱུགས་འགྲོ་གུ་རེད་ཟེར། དཔེ་འཇོན་པོ་ཡོད་ཙང་མནའ་མ་ག་ནས་ལེན་ལེན་རེད་ཟེར། ཨ་མདོ་བའི་མཉམ་དུ་བོད་མི་གཞན་དག་ཚོས་ཆང་ས་རྒྱག་མཁན་རེག་གི་མི་འདུག་བ་ཁྱོད་ཀྱིས་རྫུན་རེད། གཅིག་ཡིན།
གཉིས་པ། པན་ཆེན་བླ་མ་དང་རྒྱ་ལོ་གཉིས་ལྟ་བུ་ལ་བོད་པའི་བུད་མེད་ཤིག་མནའ་མ་རེག་གི་མི་འདུག་ཟེར་ན་རྒྱ་གཏམ་བོད་རྣ་ལ་མི་འགྲོ་བའི་སྐད་ཆ་རེད། མཐོ་མི་དྲག་གི་བུ་མོ་ཡིན་ནའང་འདྲ། དམའ་སྤྲང་ལུས་ཀྱི་བུ་མོ་ཡིན་ནའང་རེད། ཁོང་གཉིས་ཀྱིས་མཛུབ་མོ་སུ་བཙུགས་ན་བུ་མོ་དེ་མནའ་མ་རེག་ངེས་ཡིན་པ་ནི་མིག་མཐོང་ལག་ཟིན་རེད།
སྤྱིའི་ཆ་ནས་ཁྱོད་ཚོ་ཨ་མདོ་བའི་ཁྱོ་ག་མང་པོའི་བཟའ་ཟླ་ཕྱི་རྒྱལ་བ་རེད། བལ་ཡུལ་དུ་བསྡད་མཁན་ཨ་མདོ་བ་མང་པོའི་བཟའ་ཟླ་བལ་པོའི་བུད་མེ་རེད། ནུབ་ཕྱོགས་ཡོད་མཁན་ཨ་མདོ་བ་མང་པོའི་བཟའ་ཟླ་ནུབ་ཕྱོགས་པའི་བུད་མེད་རེད། ཨ་མདོ་བའི་ཁྱོ་ག་དེ་དག་བོད་པའི་བུད་མེད་ཆང་ས་རྒྱབ་མཁན་མ་རེག་ནས་ཕྱི་རྒྱལ་ཁབ་ཀྱི་བུད་མེད་མཉམ་དུ་གཉེན་སྒྲིག་བྱས་པ་མ་རེད།
བལ་པོའི་བུད་མེད་མཉམ་དུ་ཆང་ས་བརྒྱབས་ནས་བལ་ཡུལ་མི་སེར་གྱི་ལག་ཁྱེར་འཐོབ་ཆེད་དུ་རེད། བལ་པོའི་མི་སེར་གྱི་ལག་ཁྱེར་ཁུར་ནས་ས་མཚམས་ཁག་ཏུ་ཚོང་ལ་འགྲོ་བདེ་བ་དང་། བལ་ཡུལ་དུ་ས་ཆ་ཉོ་ཐུབ་ཆེད། ཕྱི་རྒྱལ་ལ་འགྲོ་ཐུབ་ཆེད་དུ་རེད།
ནུབ་ཕྱོགས་སུ་ཡོད་པའི་སྐྲ་རིང་མ་དང་སྟུ་ལྡག་མ་དེ་དག་གིས་ཀྱང་རང་གི་ཁེ་ཕན་ཁོ་ན་ལ་བསམས་ནས་ནུབ་ཕྱོགས་པའི་བུད་མེད་མཉམ་དུ་ཆང་ས་བརྒྱབས་པ་རེད་མ་གཏོགས་ཨ་མདོ་བ་ལ་བོད་པའི་བོ་མོ་མནའ་མ་ཡོང་མཁན་མ་རེག་ནས་མ་རེད། ཁྱོད་རང་ཚོས་ནོར་འཁྲུལ་བྱས། སོ་སོའི་མི་རིགས་བཀྱེད་ནས་མི་རིགས་གཞན་དག་གྱི་བུད་མེད་མཉམ་དུ་ཕྱིན་པ་རེད། ད་ཡང་ནག་ཉེས་བོད་མི་རིགས་ཀྱི་ཐོག་ཏུ་ཚུར་གཡུགས་མདོག་མདོག་བྱས་མ་འོང་ཨ་་་་ཟེར་གྱི་ཡིན།
ཁྲི་རལ་ལགས། གོང་ས་མཆོག་ལ་ཟུར་མདའ་ཙམ་རེ་འཕེན་མཁན་དེ་ཚོ་རྩད་གཅད་ཐུབ་པ་འཇོན་པོ་རེད། ཡིན་ན་ཡང་། དེང་སང་གདོང་ལ་དངོས་སུ་བུད་ནས་རྫུན་སྐྱལ་དང་བསྟན་བཤིག་ཟེར་ནས་མཛུབ་མོ་འཛུགས་ཡོང་མཁན་དེ་ཚོ་གུ་ཡངས་ལ་གཏང་རྒྱུ་ཡིན་ནམ། ཀུ་རེ་ཡིན་ལགས།
མ་གཞི་གྲྭ་ཆས་གྱོན་ནས་སྡིག་པའི་ལས་བྱེད་མི་ཆོག་པ་ཤེས་པ་དེ་ཁྱེད་ཚོ་ཡར་རྒྱས་དཔེ་སྲིད་པ་ཞིག་སོང་བ་རེད། སྔོན་མ་ཡིན་ན་གྲྭ་ཆས་གྱོན་ནས་ལྷ་མགོ་གཅོད་མཁན། དགོན་རྐུབ་ཕུད་མཁན། བསྟན་སེལ་སྡེ་འཁྲུག་སློང་མཁན། རང་གི་བླ་མའི་གདོང་ལ་བུད་ནས་རྫུན་སྐྱལ་དང་བསྟན་བཤིག་ཟེར་ནས་ངོ་རྒོལ་བྱེད་མཁན། དམག་དང་ཇག་ལ་འགྲོ་མཁན་སོགས་མང་པོ་བྱུང་བར་བལྟས་དུས་ངས་ནི་སུས་ཀྱང་དེ་སངས་རྒྱས་ཀྱི་བསྟན་པ་དང་མི་མཐུན་པ་ཤེས་ཡོད་ས་མ་རེད་བསམ་སོང་།
སྤོབས་པའི་སྐད་ཆ་དེ་བདེན། གྲྭ་ཆས་གྱོན་ནས་མི་གསོད་མཁན་དམག་ལ་འགྲོ་ཆོག་ལུགས་ལ་བལྟས་ན་གྲྭ་ཆས་གྱོན་ནས་དུད་འགྲོ་དམར་མཆོད་ཕུལ་པའི་ལུགས་སྲོལ་དེ་ལ་དགག་མདོག་མདོག་དེ་ནི་དགོད་མོ་ཤོར་ཡ་འདྲ་ཞིག་རེད་པ།་་་་་ཧཧ
ཀརྨ་བློ་གསལ་གྱི་སྐད་ཆ་བདེན། སྤྲུལ་སྐུ་བདེན་རྫུན་གྱི་ཁྱད་པར་གང་ཡང་མེད། ཚང་མ་གཅིག་པ་རེད། གསེར་བུམ་ནང་དུ་སུའི་མིང་བླུགས་ནས་དཀྲུགས་ནའང་གཅིག་ཕྱི་ལ་ཐོན་འོང་གི་རེད། གཅིག་པ་རེད། སྤྲུལ་སྐུ་ཚང་མ་རྫུན་་རེད། སངས་རྒྱས་ཀྱི་སྤྲུལ་པའི་སྐུ་གཅིག་ཀྱང་ཡོད་མ་རེད། རྣམ་མཁྱེན་རྒྱལ་བའི་གོ་འཕང་ཐོབ་ཟིན་པའི་སྤྲུལ་པའི་སྐུ་ཞིག་ལ་ཀ་ཁ་སློབ་དགོས་པ་ཡོང་མི་སྲིད་པ་རེད། ཀ་ཁ་མི་ཤེས་ལུགས་ལ་བལྟས་ན་རྣམ་མཁྱེན་རྒྱུད་ལ་མེད་པའི་རྟགས་རེད། ཚང་མ་རྫུན་མ་རེད། བོད་མི་རིགས་མགོ་སྐོར་གཏོང་ཆེད་དུ་རེད། མྱི་ཆེན་བླ་མའི་རྫུན་བཤད་མཁན་ཤ་སྟག་རེད།
ཅོག་མྱི་ལེགས། ཁྱོད་ཀྱི་འདི་བཟའ་རྒྱུ་ཞིག་དང་འཐུང་རྒྱུ་ཞིག་གི་མིང་མ་རེད་དམ། 朝阳区仁波切,稻香村拿破仑 རིན་པོ་ཆེ་འབུམ་གཅིག་ཟེར་བ་དང་། རིན་པོ་ཆེའི་ཇ་ལྗང་ཁུ་ཟེར་བ་སོགས་རྒྱ་ནག་གི་བཏགས་པའི་འཐུང་ཆུ་ཞིག་གི་མིང་རེད། དེ་བཞིན་ས་སྟེང་རིན་པོ་ཆེས་གང་། ཚོང་ར་སྐྱེ་སྤྲུལ་གྱིས་གང་ཟེར་བ་ཞིག་ཀྱང་ཡོད་ཚོད་རེད། དོན་ཅི་ཡིན་མ་ཤེས།
དགའ་ལྡན་ཕོ་བྲང་གི་ཁྲིམས་ཡིག་དྭངས་ཤེལ་མེ་ལོང་ལས། ཆེན་པོ་ཧོར་གྱི་ཡུལ་ནི་རི་བོ་དགེ་ལྡན་པའི་གདུལ་ཞིང་ཡིན་པས་ན་དེེར་ཀར་འབྲུག་སོགས་ཀྱི་བླ་གྲྭ་འབུལ་སྡུད་པ་འདྲ་སླེབས་ན་རྡུང་འཕྲོག་གང་འོས་བྱ་དགོས་ཞེས་བྲིས་འདུག ཚིག་ངོ་མ་ཏག་ཏག་ཅིག་དྲན་གི་མི་འདུག ཡིན་ན་ཡང་དོན་ནི་ཏག་ཏག་དེ་རེད། ང་ཚོ་སློབ་གསོ་འདི་འདྲ་ཞིག་གི་འོག་ཏུ་འཚར་ལོངས་བྱུང་བ་རེད། བག་ཆགས་འདི་འདྲ་ཞིག་གིས་ང་ཚོའི་ཀླད་པ་ཚོས་བསྡད་ཡོད་པ་རེད། ནམ་ཡིན་ཡང་། མི་གཞན་ལ་ཕར་བལྟས་ནས་སྐད་ཆ་རྫིགས་པོ་བཤད་གི་ཡོད་མོད་དོན་ཚུར་རང་ལ་ཁ་འཁོར་ནས་ལྟ་མ་མྱོང་བ་རེད། པན་ཆེན་གྱི་རྒྱ་མོར་ཆང་ས་བརྒྱབ་ན་སྐྱོན་མེད། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པའི་དམག་དཔོན་ཡོད་ན་མེད་ན་བཀའ་བློན་བླ་མ་བྱམས་པ་བསྟན་དར་གྲྭ་བ་ཡིན་བཞིན་དུ་མི་གསོད་ཁྲག་སྦྱོར་བྱས་་ན་ཡང་སྐྱོན་མེད། ཀུན་མཁྱེན་འཇམ་བཞད་ཀྱིས་རྒྱ་མོར་བཟའ་སྒྲིག་བྱས་ན་ཡང་སྐྱོན་མེད། སེ་རའི་དགེ་བཤེས་མའེ་ཁོལ་རོ་ཆི་དགེ་བཤེས་གཟན་ཤམ་ཅན་ཞིག་ཡིན་བཞིན་དུ་མནའ་མ་བླངས་ན་ཡང་སྐྱོན་མེད། དེ་འདྲ་དེ་བཤད་གི་མ་འདུག་གྲགས་པོ་གསེར་འདྲ་འདྲ་ཚོ།
དྲང་བདེན་དྲང་བདེན་ཟེར་མཁན་ཚོས་དྲང་པོའི་གཏམ་ལ་མ་དགག་ཨ།
རྒྱུ་མཚན་རྒྱུ་མཚན་ཟེར་མཁན་ཚོ་རྒྱུ་མཚན་བཤད་དུས་མ་ཁྲོ་ཨ།
གནས་ལུགས་གནས་ལུགས་ཟེར་མཁན་ཚོ་གཏན་ཚིགས་བཀོད་དུས་མ་བྲོས་ཨ།
མི་རིགས་མི་རིགས་ཟེར་མཁན་ཚོས་གཉེན་སྒྲིག་བྱེད་སྟངས་མ་ནོར་ཨ།
ལ་རྒྱ་ལ་རྒྱ་ཟེར་མཁན་ཚོས་ཆོས་རྒྱུད་ཐུག་དུས་མ་གཡུག་ཨ།
བཟང་སྤྱོད་བཟང་སྤྱོད་འདོན་མཁན་ཚོས་ཉམ་ཆུང་ཐུག་དུས་མ་བརྗེད་ཨ།
སྤོབས་མཐའ་བདེན། ཁ་ཕར་འཁོར་ནས་ཆོས་ལགས་གཞན་དག་ཚོས་དུད་འགྲོ་བསད་ཀྱི་འདུག དམར་མཆོད་ཕུལ་བཞིན་འདུག་ཟེར་ནས་བཤད་པ་མ་གཏོགས་བོད་ཀྱི་བན་དེ་ཚོས་དགེ་སློང་མི་བསད་མཁན་དང་དམག་དཔོན། མི་ཤ་བཟའ་མཁན་དང་མི་རྐང་གླིང་བུ་བཏང་མཁན་དེ་ཚོ་རྩ་ནས་མཐོང་གི་མི་འདུག་ག་་་་་ཧཧ
གྲྭ་ཆས་གྱོན་མཁན་རྭ་སྒྲེང་གིས་གསར་བརྗེ་བ་ལུང་ཤར་རྡོ་ཚེའི་མིག་འབྲས་བཏོན་འདུག གྲྭ་ཆས་གྱོན་མཁན་སྟག་བྲག་གིས་རང་གི་སློབ་མ་རྭ་སྒྲེངས་བླ་མའི་སྒོང་རྡོག་བཙིར་འདུག ཏཱ་ལའི་བླ་མ་དང་པན་ཆེ་བླ་མའི་དགའ་ཕོ་དང་བཀྲས་ལྷུན་བླ་བྲང་གཉིས་ཀ་ནང་འཁྲུགས་ནས་བཀྲས་ལྷུན་གྱི་རྒྱ་ལ་མགོ་བཏགས་འདུག ང་ཚོའི་མགོ་ཐོག་གི་ཉི་མ་ནུབ་ནས་ཤར་རྒྱུ་མེད་པ་དེ་འདི་ཚོས་མ་འགྲིགས་པ་རེད། ཆེ་ས་དེ་ཚོ་སྣང་མེད་ཏུ་བཏང་ནས་ཆུང་ས་ལ་བུ་དཔའ་མདོག་དང་རྟ་མགྱོག་མདོག་མ་སྟོན་རོགས།
སྔོན་མ་དུས་རབས་བདུན་པ་དང་བརྒྱད་པ་དེ་ཚོར་དགེ་རྒན་དང་དགེ་ཕྲུག་གཉིས་ཀས་བོད་ཡུལ་དུ་ཆོས་རྫུན་མ་མང་པོ་སྤེལ་ནས་མགོ་བསྐོར་མང་པོ་བཏང་བ་རེད། ད་དེང་སང་རྒྱ་ནག་ཏུ་དགེ་རྒན་དང་དགེ་ཕྲུག་གཉིས་ཀས་ཆོས་རྫུན་མ་མང་པོ་སྤེལ་ནས་མགོ་བསྐོར་ཤི་མ་ཤི་གཏོང་ཤོག་ཨ། ཁྱེད་རང་ཚོའི་ལས་ལ་བསྐོས་བསྡད་པ་དེ་དེ་འདྲ་ཞིག་ཡིན་ས་རེད། གཞན་ཅང་འཇོན་མདོག་མིན་འདུག །
Bonpoལགས།་དུས་རབས་བདུན་པ་དང་བརྒྱད་པ་ཡིན་གྱི་མ་རེད། དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུ་པའམ་དགུ་བཅུ་པའི་ནང་ལ་ཉག་རོང་ཁོག་ཏུ་བོན་གྱི་བཀའ་བསྟན་རྫུན་མ་པོད་སུམ་བརྒྱ་ཅན་ཞིག་གཏེར་ཏུ་བླངས་པ་རེད། དེ་ལ་ཟེར་གི་ཡོད་དམ།
ད་འདིར་གསལ་བཤད་གསལ་བོ་ཞིག་བྱེད་དགོས་ཀྱི་འདུག་སྙམ། ཕྲན་གྱིས་བྲིས་བའི་ངོ་སྤྲོད་ཐུང་ངུ་འདི་ལ།དྲ་གྲོགས་འགའ་གོ་ནོར་ཐེབས་ཡོད་པ་འདྲ། ངས་གྲུབ་མཐའི་ཕྱོགས་བཟུང་སྟེ་སྐད་ཆ་བཤད་ཀྱི་མེད། ངས་བཤད་བཞིན་པ་ནི། ཆོས་ལུགས་ཀྱི་མནབས་བཟའ་གྱོན་ཏེ་བྱ་སྤྱོད་ཁྱིམ་པ་ཕོ་མོ་ལས་ཀྱང་སྐྱོ་བའི་རིགས་ལ་བཤད་ཀྱི་ཡོད།
འདིའི་རིགས་ནི་སྟོན་པའི་གནང་བའི་སོ་ཐར་གྱི་སྡོམ་པ་དང་འགལ་གྱི་འདུག་ཟེར། དེ་ལས་ཆོས་ལུགས་པའི་མནབས་བཟའ་དེ་ཕུད་ནས་བྱ་སྤྱོད་གང་བྱས་ཀྱང་ཁོ་རང་ཚོས་འདོད་པ་རེད། དེ་ལ་བཀག་འགོག་དང་སྐྱོན་རྒྱག་གི་མེད། གོང་དུ་ད་རུང་སྤོབས་མཐའ་ལགས་ཀྱིས་གྲྭ་ཆས་གྱོན་ཏེ་དམག་ལ་འགྲོ་བའི་སྐོར་ཞིག་གསུངས་འདུག
དེ་ཡང་དེ་བཞིན་སྟོན་པའི་མནབས་བཟའ་གྱོན་ནས་ལག་ཏུ་མཚོན་ཆ་ཐོག་སྟེ་དམག་ལ་འགྲོ་བ་ཡང་བདག་ཅག་གི་སྟོན་པ་ཤཀྱ་ཐུབ་པའི་བསྟན་པ་དང་འགལ་བ་ཡིན་པས་༧གོང་ས༧༡༣སྐབས་ཀྱི་བཀའ་བློན་བྱམས་པའི་ནོར་འཁྲུལ་ཆེན་པོ་ཞིག་ཡིན་པ་མ་ཟད། སྟོན་པ་ཤཀྱ་ཐུབ་པའི་བསྟན་པ་ལ་ཁྱད་གསོད་བྱས་པ་ཞིག་ལ་ཕྲན་གྱིས་ངོས་འཛིན་ཞུ་གི་ཡིན། བོད་ཀྱི་གྲུབ་མཐའ་ཆ་ཚང་གི་སོ་ཐར་སྡོམ་པ་ཚང་མ་གཅིག་པ་རེད་མ་གཏོགས་གྲུབ་མཐའ་རེ་རེ་ལ་སོ་ཐར་གྱི་སྡོམ་པ་མི་འདྲ་བ་མེད།
གཡོན་ཕྱོགས་ཀྱི་བྱ་བ་གཅིག་པུ་མ་གཏོགས་མེད་ས་ཚོར། སྐད་ཆར་འགན་འཁུར་ཡོད་པ་མ་རེད་ལ། བསམ་བློར་རྒྱབ་རྟེན་དང་བཤད་མི་ཕོད་མི་ཉན་པའང་ཡོད་པ་མ་རེད།
དེའི་རྒྱུ་མཚན་མཐར་དེད་ནས་བཤད་ན། ཁོ་བ་ཚོ་གཡོན་ཕྱོགས་པ་ཡིན་པས་རེད། རང་གིས་རང་བསམ་གཟས་ནས་ཞྭ་ནག་གྱོན་པར་བསྐོ་འདོད་པ་མིན་ན། རང་ཚོད་རང་གིས་གཟུང་མ་གཏོགས། རྣམ་སྨིན་མཉམ་དུ་མྱོང་དགོས་ཐུག་འོང་།
སྤོབས་པ་མཐའ་ཡས་ལགས། ཁྱི་ལབ་མ་རྒྱགས། པཎ་ཆེན་སྐུ་ཕྲེང་བཅུ་བ་ལ་མཚད་སྨད་མ་བྱེད། རྙིང་མའི་སྤྲུལ་སྐུ་འདིའི་བོད་བསྟན་སྲིད་ལ་ཅི་གནང་ཡོད། འདི་ཚོ་ནི་ངོ་མ་བོད་འདིའི་ཁུར་བོ་དང་གད་སྙིགས་རེད།
ཞབས་མཆན་པ་ཚོས་མུ་མཐུད་དུ་བསམ་ཚུལ་གསུང་དང་ཡག་པོ་རེད།
འོ། ངས་གོང་དུ་མཆན་འདེབས་པ་གཡོན་ཕྱོགས་སྡེ་ཁག་ལ་ལུང་བསྟན་བཞག་ཡོད་པ་ཚོར། ལུང་མ་བསྟན་གྱི་མཆན་འདེབས་པ་ཚོས་མཉམ་བགྲོ་བྱ་བར་མཚམས་ཟུངས་མ་གཏོགས། རྣམ་སྨིན་མཉམ་དུ་མྱོང་དགོས་ཐུག་འོང་ལབ་པ་ཡིན།
རེད། ང་ངོ་མ་མཁས་པ་བརྒྱ་ལས་བླུན་པོ་གཅིག་ཅན་པོར་སྐྲག དེ་ནི་སེང་གེར་གྲོག་མས་ཐུབ་སྟངས་དང་། མི་ངན་གྲིབ་མ་ཟེར་སྲོལ་ལས་ཡིན། བདེ་མོ་་་་་་དཀོན་མཆོག་མཁྱེན།
དྲི་མེད་ལྷག་བསམ། རིན་པོ་ཆེ་ཟ་འཐུང་ཡིན་མིན་འདི་ལ་ལྟོས།
http://yd.sina.cn/article/detail-iawzuney5865436.d.html?vt=4&mid=cfkptvx3654230
# 27 ཅོ་རི་ཉི་མ།་ལགས་ཀྱིས་མཆན་བཏབ་པ།:
May 25th, 2015 at 5:27 AM
ཁྲི་རལ་ལགས་་ ་་ཁྱོད་ཀྱིས་་་《བོད་པ་ཚོས་ཨ་མདོ་བ་ཚོ་སྔ་མོ་ནས་རྒྱ་མ་གཏོགས་བོད་ལ་བརྩིས་ཀྱིན་མེད་པ་རེད།བཙན་བྱོལ་ནང་ཐོག་མར་འབྱོར་དུས་ཨ་མདོ་བ་རེ་རེའི་མིང་གི་མགོ་ལ་བོད་པ་ཚོས་རྒྱ་རེ་སྦྱར་ཡོད་ཅིང་།བོད་མོ་ཞིག་གིས་ཨ་མདོ་བ་ཞིག་ལ་ཆང་ས་བརྒྱབས་རྐྱེན་“དེ་ནི་བོད་མི་རིགས་ཀྱི་ཞབས་འདྲེན་དང་རྒྱལ་བཙོང་བ་རེད་ཅེས་བོད་མིའི་རང་དབང་གསར་ཤོག་ཚུན་གྱི་ནང་འཁོད་ཡོད་འདུག”མི་བདེན་ན་སྐུ་ངོ་འཇུ་ཆེན་གྱི་ལོ་རྒྱུས་ནང་ལྟོས་དང་གསལ་བོ་འཁོད་འདུག》ཅེས་བཤད་འདུག
སྐད་ཆ་དེ་བདེན་པ་ཡིན་ན་འཇུ་ཆེན་ཟེར་བ་ནི་དངོས་གནས་མི་གླེན་པ་ཞིག་རེད། མདོ་སྟོད་མེད་ཀྱི་ས་ཆ་འགར༼་་འཇུ་བ་༽ཟེར་བའི་རུས་བརྒྱུད་ཅིག་ཡོད་ལ། འཇུ་ཆེན་ཁོ་ཡང་ཨ་མདོ་བྱང་བརྒྱབ་ནས་ཆད་ཡོང་བའི་མི་བརྒྱུད་ཅིག་ཡིན་པ་ཁ་རུལ་བ་སྣ་ཡིས་མ་ཚོར་བ་རེད་འདུག་་་ཧཧཧ
བླ་སྤྲུལ་ལམ་གྲྭ་བའུ་གྲྭ་ཆས་གྱོན་ནས་བུ་མེད་ལ་འཁྲིད་སྤྱོད་བྱེད་ན་སྡོམ་པ་འགལ་བ་བརྗོད་མི་དགོས་ཤིང་། ཅི་སྟེ་བེུད་མཉམ་ལུས་འབྲེལ་བྱ་འདོད་ན་གྲྭ་ཆས་འཕུད་ན་ལེགས། དེ་མིན་སངས་རྒྱས་བསྟན་པར་ཞབས་འདྲེན་ཙམ་མ་ཟད། རང་ཉིད་ལ་ལས་ངན་བསགས་རྒྱུ་ལས་མ་འདས་སོ།
དེང་དུས་སྤྲུལ་སྐུ་འདི་ཚོ་ལས་ཀ་མི་ནུས་བླ་མི་མིང་གིས་ཁ་གསོ་སྡོམ་པ་སྲུང་མ་ཐུབ་ནས་བུད་མེད་བརྟེན་འདི་ཚོ་ནི་ངོ་མ་ཕུང་གསུམ་དང་བོད་པའི་གད་སྙིགས་རེད་འདུག པན་ཆེན་རིན་པོ་ཆེ་ལ་ཐུགས་ཁག་ཡོད་མ་རེད་རིག་གསར་སཉཀབས་ལ་ཁེལ་བ་རེད།
ཕྱོགས་ལྷུང་གདོན་གྱིས་མྱོས་པའི་དྲ་འབུ་ཚོ།
ད་ལྟ་ས་གའི་ཟླ་བར། དག་སྣང་སྦྱང་མ་ཐུབ་ན་ཡང་། ཁ་སྡིག་མ་གསོག དྲ་གྲོགས་ཚོ།
བོད་རྒྱུད་ནང་བསྟན་འདི་ཚན་རིག་དང་མཐུན་པའི་ཆོས་ལུགས་ཡག་ཤོས་ཤིག་ཡིན་རབས་བཤད་ཀྱི་ཡོད་པ། ཁྱོད་ཚོས་བཤད་པ་ལྟར་བོད་རྒྱུད་ནང་བསྟན་འདི་ཚན་རིག་དང་མཐུན་པར་བདེན་ན་་སངས་རྒྱས་ཀྱི་སྤྲུལ་པའི་སྐུའི་ཡང་སྲིད་ངོས་འཛིན་བྱེད་སྟངས་འདི་ཚན་རིག་དང་མཐུན་ས་རེད་དམ་མ་རེད། སླུ་བ་མེད་པའི་སངས་རྒྱས་ཀྱི་སྤྲུལ་པའི་སྐུ་ཞིག་ངོས་འཛིན་བྱེད་ཐུབ་ཀྱི་ཡོད་པར་ཚན་རིག་གྱི་ཐོག་ནས་བདེན་དཔང་རྙེད་ས་རེད་དམ་མ་རེད།
གསེར་བུམ་ནང་དུ་ཕྲུ་གུ་གསུམ་གྱི་མིང་བླུགས་ནས་དཀྲུགས་དཀྲུགས་བཏང་དུས་གཅིག་གི་མིང་ཕྱིར་ལ་ཐོན་འོང་པ་དེར་སངས་རྒྱས་ཀྱི་སྤྲུལ་པའི་སྐུ་ཡིན་པའི་དཔང་རྟགས་ཚན་རིག་དང་མཐུན་པ་ཞིག་སྟོན་ཐུབ་ས་ཨེ་རེད། ཁྱི་ཕག་ར་གསུམ་གྱི་མིང་གསེར་བུམ་ནང་དུ་བླུགས་ནས་དཀྲུགས་དཀྲུགས་བྱས་ནའང་གཅིག་ཕྱི་ལ་ཐོན་འོང་ངེས་ཡིན་པའི་སྤྲུལ་སྐུའི་ཡང་སྲིད་ཨེ་རེད།
གུན་ཁྲན་ཏང་གིས་གསེར་བུམ་དཀྲུགས་པ་དང་ཏ་ལའི་བླ་མས་གསེར་བུམ་དཀྲུགས་སྟངས་གཉིས་ལ་ཁྱད་པར་ཡོད་པ་ཨེ་རེད། སྤྲུལ་སྐུ་བཟོ་གྲྭ་གཉིས་ཀྱི་གསེར་བུམ་ལ་ཁྱད་པར་ཡོད་པ་ཨེ་རེད། བདེན་དཔང་ཚན་རིག་དང་མཐུན་པའི་ཐོག་ནས་ཁྱད་པར་ཕྱེས་ཀྱི་ཡོད་ན་གསུང་རོགས་བྱོས། དེ་འདྲ་མེད་ན་བོད་མི་རིགས་མགོ་སྐོར་གཏོང་མཚམས་འཇོག་ན་མི་དགའ་འམ།
ནམ་མཁས་བཤད་པར་བདེན་ཆ་མང་བོ་འདུག ལྷག་པར་ཁོས་མཆན་ནང “སྤྱིར་གྲྭ་ཆས་དེ་ཚུལ་ཁྲིམས་ལྡན་པ་ཞིག་གི་གྱོན་ཆས་ཡིན་པ་ལས།མི་ཆ་ཚང་གི་གྱོན་ཆས་ཞིག་མ་རེད། མི་རིགས་དང་ས་མཚམས་ལ་དབྱེ་འབྱེད་མེད་པའི་ནང་པའི་ཆོས་ཀྱི་སོ་ཐར་སྡོམ་པ་ཡོད་མཁན་ཞིག་གི་གོྱན་དགོས་པ་རེད།དེ་མིན་དེང་སང་གི་ར་མིན་ལུག་དག་གི་གྱོན་ཆས་ཞིག་མ་རེད།སྤྱིར་བོད་ལ་རབ་བྱུང་ངུར་སྨིག་གི་སྡེ་དང་གོས་དཀར་ལྕང་ལོའི་སྡེ་ཞེས་གཉིས་སུ་ཕྱེ་ཡོད་པ་ཁྱེད་ཚོས་མཁྱེན་གསལ་རེད།དེ་མིན་རང་གི་འཚོ་བའི་ཁེ་ཕན་ཞིག་གི་ཆེད་དུ་གྲྭ་ཆས་གྱོན་ནས་ཆགས་སྤྱོད་ཀྱི་ལམ་ནས་གང་མང་བྱུང་བྱས་པ་དེ་མི་འགྲིག་གི་སྙམ།གང་ལྟར་ནོར་འཁྲུལ་མང་པོ་ཡོད་སྲིད་པས་དྲ་གྲོགས་ཡོངས་ལ་དགོངས་དག་ཞུ་གི་ཡིན།”ཞེས་པ་འདིར་ནང་དོན་ཡག་པོ་འདུག རབ་བྱུང་དང་སྔགས་པ་ཁྱིམ་པ་གཉིས་ཀྱི་རྣམ་པ་གསལ་བོ་ཕྱེས་ཏེ་འགྲོ་དགོས་པར་མཐོང་། འདིའི་ཐད་མཆན་པ་ཁྱིམ་སྔགས་གྲྭ་ཆས་ཅན་དེ་འདྲ་ཡོད་ཚེ། རང་ཉིད་ཀྱི་གནས་སྟངས་གཅིག་པོར་བསམ་བློ་མི་གཏོང་བར་བློ་གཟུར་བོར་གནས་པའི་ཐོག་ནས་བོད་བརྒྱུད་ནང་བསྟན་གྱི་སྤུས་ཀ་དང་། ཆེ་མཐོང་། རིན་ཐང་སོགས་ལ་དགོངས་པ་ཆེ་ས་ནས་བཞེས་རོགས་གནང་། ནང་རྟོགས་པའི་ཡོན་ཏན་ཇི་ལྟར་ཞིག་ཡིན་རུང་ཡིན་དུ་ཆུག་ཀྱང་། ཕྱིའི་རྣམ་འགྱུར་ལ་འགྱུར་བ་ཞིག་ངེས་པར་གཏོང་རན་པའི་དུས་ལ་སླེབས་ཡོད། རབ་བྱུང་ཞིག་ཡིན་ན་སྟོན་པའི་གནང་བའི་ཆོས་གོས་གསུམ་ཏེ། རྣམ་སྦྱར། བླ་གོས། མཐང་གོས་གསུམ་གཞིར་བཞག་ཐོག་བོད་ཀྱི་གྲྭ་བ་ཚོས་བཞེས་སྲོལ་ཆེ་བའི་སྟོད་འགག་དང་། གཟན་ཁ་མདོག་སེར་བོའམ་དམར་བོའི་རིགས་ཅན་གྱོན་སྲོལ་རྒྱུན་སྐྱོང་བྱས་ན་ཡག་པོ་རེད། སྔགས་པ་ཁྱིམ་འཛིན་ནམ། བུད་མེད་བསྟེན་མཁན་ཞིག་ཡིན་ཚེ། གོང་དུ་བརྗོད་པའི་རབ་བྱུང་གི་ཆས་གོས་མ་མནབས་ན་ཡག་པོ་འདུག འདིའི་ཐད་བོད་ཀྱི་ལོ་རྒྱུས་སྟེང་གོས་དཀར་ལྕང་ལོ་ཅན་དང་རབ་བྱུང་ངུར་སྨྲིག་གི་སྡེ་ཞེས་གཉིས་སུ་ཕྱེས་པ་སོ་སོ་ནས་མ་འདྲེས་པར་མུ་མཐུད་རྒྱུན་སྐྱོང་བྱས་ན་ཤིན་ཏུ་ལེགས། རང་རེའི་འདས་དོན་ནང་སྐབས་ལ་ལར་དེ་གཉིས་མཉམ་བསྲེས་ཀྱི་སྲོལ་ཀ་རེ་དར་ཡོད་པ་བོད་རང་གིས་མ་དག་རྒྱུན་འབྱམས་སུ་བཏང་བ་ཞིག་རེད། དུས་རབས་ཉི་ཤུ་བའི་སྨད་ཙམ་ནས། བོད་བརྒྱུད་ནང་ཆོས་ཕྱི་ཕྱོགས་སུ་དར་སྤེལ་ཤུགས་ཆེར་འགྲོ་བའི་མགོ་ཚུགས་ཤིང་། དེ་དང་ཆབས་ཅིག་རབ་བྱུང་དང་། སྔགས་པ་ཁྱིམ་འཛིན་པའི་ཆས་གོས་ཀྱང་སྔར་བཞིན་མཉམ་བསྲེས་ཀྱི་ལུགས་དེའང་དར་ཁྱབ་ཏུ་ཕྱིན། ལར་བོད་པ་རང་ངོས་ནས་བལྟས་ན་འདི་ལ་གནད་འགག་ཆེན་པོ་ཞིག་མེད་པར་ཚོར་སྲིད་ཀྱང་། ཕྱི་ཕྱོགས་ལ་ནི་བོད་ཀྱི་རབ་བྱུང་དང་སྔགས་སྐྱ་ཁྱིམ་འཛིན་པའི་སྡེ་སོ་སོར་དབྱེ་མ་ཤེས་པར་མགོ་བོ་མགལ་མེ་ལྟར་འཁོར་བཞིན་ཡོད་པར་མ་ཟད། བོད་ཀྱི་གྲྭ་བ་ཞེས་པ་སྟོན་པས་གནང་བའི་དམ་ཆོས་འདུལ་བའི་བཅས་མཚམས་ལ་གནས་མི་དགོས་པའི་ཆོས་མིང་འོག་གི་སྤྱི་ཚོགས་ཡན་གར་བ་ཞིག་ཏུ་ལོག་པར་རྟོག་བཞིན་ཡོད། ལྟ་ཚུལ་འདི་ཧ་ཅང་གི་ཉེན་ཁ་ཆེན་པོ་བློ་ཕབ་དགོས་པའི་གནས་ཚུལ་ཞིག་རེད། བོད་བརྒྱུད་ནང་པའི་ཆོས་ལུགས་ཀྱི་མི་སྣ་མཐོ་རིམ་གྱི་ཁྲོད། གནས་སྟངས་འདིར་མིག་དཔེར་འོས་པའི་དཔེ་མཚོན་བཟང་བོ་ཞིག་བཞག་ཡོད་པ་སྟེ། སྔ་འགྱུར་བའི་བླ་མ། བདུད་འཇོམས། དུས་མཁྱེན། བྱ་བྲལ་ལྟ་བུ་སྟེ། བླ་མ་དེ་དག་གསང་ཡུམ་མ་བསྟེན་བར་དུ་རབ་བྱུང་གི་ཆས་སུ་བཞུགས་ཀྱང་། གསང་ཡུམ་བསྟེན་པ་ནས་རབ་བྱུང་གི་ཆས་གོས་བེད་སྤྱོད་གཏོང་གི་མེད། དེ་སངས་རྒྱས་ཀྱི་བསྟན་པའི་དོན་ལ་དགོངས་པ་རེད། རབ་བྱུང་ངུར་སྨྲིག་སྡེའི་ཆེ་བ་ལ་དགོངས་པ་རེད། དེ་བཞིན་ཀུན་གཟིགས་པན་ཆེན་རིན་པོ་ཆེ་དང་། འཇམ་དབྱངས་བཞད་པ། ཁལ་ཁ་རྗེ་བཙུན། ཁྲི་བྱང་མཆོག་སྤྲུལ་རྣམས་ཀྱང་གཅིག་མཚུངས་རེད། ངས་བསམས་ན། བླ་ཆེན་དེ་དག་གི་ཕྱག་བཞེས་ཀྱིས་རབ་བྱུང་འདུལ་འཛིན་གྱི་སྡེ་དང་། སྔགས་པ་ཁྱིམ་འཛིན་གྱི་སྡེ་གཉིས་ཀྱི་ཕྱིའི་རྣམ་འགྱུར་སྟོན་སྟངས་ཐད་བླང་དོར་གྱི་གནས་ཤིག་བསྟན་འདུག་དྲན། སྔགས་པ་ཁྱིམ་འཛིན་དག་གིས་གོས་དཀར་གྱོན། རབ་བྱུང་གྲྭ་བ་རྣམས་ཀྱིས་གྲྭ་ཆས་གྱོན། བོད་བརྒྱུད་སངས་རྒྱས་ཀྱི་ཆོས་ལ་དགེ་མཚན་ཡོད་པར་འདོད་པ་དག་གིས། གནད་དོན་འདི་ཚོར་ཐུགས་བསམ་ངེས་པར་དུ་གཏོང་དགོས་པར་མཐོང་།
དུས་བབ་ཚང་གི་རྩོམ་གདན་དེ་འདི་ན་འདུག
http://www.china.org.cn/china/2015-05/21/content_35623634.htm
ཆ་ཚང་བོད་བསྒྱུར་དགོས་ན་བྱོས། ང་ལ་དུས་ཚོད་མེད།
གྲྭ་ཆས་གྱོན་ནས་སྐྱེས་དམན་རྒྱོ་མི་ཆོག་ན་གྲྭ་ཆས་གོན་ནས་ཕོ་རྒྱོ་རྒྱག་མི་ཆོག་པ་གཅིག་མཚུངས་རེད། འདི་གཉིས་ཀ་འདུལ་བའི་ཁྲིམས་དང་འགལ་བ་རེད། དེས་ན་དང་པོ་གདན་ས་ཁག་གི་ཕོ་རྒྱོ་རྒྱག་མཁན་དེ་ཚོ་ཐེར་འདོན་གྱིས། དེ་ནས་སྐྱེ་དམན་རྒྱོ་མཁན་ཚོ་ཐེར་འདོན་བྱས་ན་ཏག་ཏག་རེད།
Rinpoches are currently respected and followed by many in China because they offer some comfort for their followers’ spiritual needs, regardless of whether their credentials are authentic or fake.
འདི་ལྟར་བྲིས་པས། སྤྲུལ་སྐུར་སྐྱོན་བརྗོད་དེ་ཇི་ལྟར་ཡིན་པ་མགོ་འཐོམས་པའི་གནས་སོ།
གོང་དུ་སོག་ཡུལ་དགེ་ལུགས་པའི་འདུལ་ཞིང་ཡིན་ཟེར་ནས་གཞན་ཆོས་རྒྱུད་ཡོང་མི་ཆོག་གལ་སྲིད་ཡོང་བ་ཡིན་ན་
རྡུང་འཕྲོགས་བྱེད་ཀྱི་ཡིན་ཟེར་བའི་ཡིག་ཆ་འདུག་ཟེར་བཤད་འདུག། དེའི་ཡིག་ཆ་དེ་ག་བ་འདུག་ཁུར་ཤོག་མ་གཏོགས་
ཁ་ནས་གང་དོན་དོན་ལབ་མ་ཡོང་ཨ། མ་གཞི་གྲ་ཆས་ཟེར་བ་དེ་འདུལ་བ་པས་ཆས་ལུགས་ཞིག་ལས་ཕ་རྒན་མ་རྒན་
རྣམ་གྱི་གྱོན་ཆས་མ་རེད། རྙིང་མ་པ་དེ་ཚོ་དུས་མཆོད་རེ་ཚོགས་ཡོང་དུས་དགོན་པའི་ནང་དུ་གཟན་ཤམ་དམར་ཐ་
རས་རེད། མུན་ཞིག་མར་རུབ་ཡོང་དུས་ཚང་མ་གྲོང་གསེབ་ནང་མར་རྒྱུག་ཡོང་ནས་སྒོ་སྒེ་ཁུང་ཚང་མ་ཇག་པ་རྒྱུད་
པ་ནང་བཞིན་གཏོར་ནས། བུད་མེད་རྒན་གཞོན་མེད་པར་བཙན་དབང་གི་ལམ་ནས་རྒྱོ་གང་ཐུབ་ཐུབ་རྒྱོ་འགྲོ་
ཡི་རེད། དང་པོ་རང་སྐྱོན་རང་གི་ངོས་ཟིན་པའི་ཐོག་གཞན་ལ་སྐད་ཆ་བཤད་ན་ཡག།
དགེ་ལུགས་པས་གདན་ས་ཁག་ན་གྲྭ་ཆུང་ཚོ་མཚན་མོ་རྐུ་འཁྱེར་བྱས་རྐུབ་རལ་་བཅུག་པའི་གཏམ་རྒྱུད་མང་པོ་ཡོད་རེད། རྙིང་མ་ཟེར་ནས་ཁ་གཏོང་རྒྱུ་ཨེ་ཡོད་ན། རྗེས་སུ་ངས་དགེ་ལུགས་པའི་ཕོ་རྒྱོའི་སྐོར་ཆེད་རྩོམ་ཞིག་འབྲི་འདུན་ཡོད། དེའི་ནང་གདན་སའི་ཁག་ནས་བླ་རྒན་ཚོས་རྐུབ་ལ་རྒྱབ་ནས་འདུག་མ་བཅུག་པར་གྲྭ་ས་ནས་འཐོན་པའི་མི་མང་པོ་ཞིག་ལ་བཅར་འདྲི་དང་བགྲོ་གླེང་བྱས་ནས་ཡིག་ཐོག་ཏུ་བཀོད་པ་རྐྱང་ཡིན། མ་འོངས་པར་འདིར་བཀོད་ཡོང་ཨ།
དྲ་འབུ་ཡ་མཚར་རྐྱང་འདུག་རྒྱ་ནག་གི་ཚོང་རྫས་རྫུན་མའི་སྐོར་ལ་ཚིག་གཅིག་བཤད་ཐུབ་མཁན་མི་འདུག འདི་འདྲའི་སྐྱག་འབུ་ཡ་རབ་ཕུལ་བྱུང་ཅན་དག་གང་ནས་ཡོང་བ་རེད།
ད་ཕྱིན་རྒྱ་ནག་གི་ཚོང་རྫས་རྫུན་མ་དང་བོད་ཀྱི་སྤྲུལ་རྫུན་རྒྱ་བླ་ལ་ངན་པ་གཏན་ནས་བརྗོད་ན་འགྲིག་གི་མི་འདུག ལམ་དབུ་མ་དང་འགལ་བ་དང་བོད་སྤྲུལ་ཀརྨ་དང་རྒྱ་སྤྲུལ་པན་ཆེན་སོགས་ཕལ་མོ་ཆེ་ལས་ཁང་གཅིག་པ་དེ་ནས་བྱུང་བས་ཕྱིར་ན་རང་གི་ཁ་ཕོར་དུ་སྐྱག་པ་རྫོང་བ་མ་ཡིན་ནམ། ད་ཞུ་ཤེས་མ་སོང་།