སྤྲུལ་འཁོར་སྐལ་བཟང་དོན་ལྡན།
སྤྱི་ལོ་༡༩༤༩ ཟླ་༡༠ ཚེས་༡ ཉིན་རྒྱ་ནག་གུང་ཁྲན་ཏང་དངོས་སུ་བཙུགས་ཏེ་གཙོ་འཛིན་མའོ་ཙེ་ཏུང་གིས་ད་ནས་བཟུང་རྒྱ་ནག་མི་དམངས་ཡར་ལངས་ཟིན་པའི་ཁྱབ་བསྒྲགས་བྱས་པ་དང་སྦྲགས་བོད་དང་ཐེ་ཝན་གཉིས་གང་མགྱོགས་བཅིང་འགྲོལ་གཏོང་རྒྱུའི་གཏམ་བཤད་སྤེལ་བ་རེད། དེ་ནས་བཟུང་སྤྱི་ལོ་༡༩༥༠ ལོ་ནས་བཟང་སྟེ་བོད་ཤར་ཕྱོགས་ཁུལ་དུ་རྒྱ་མིའི་བཙན་འཛུལ་སླེབས་པ་ཙམ་མ་ཟད། སྤྱི་ལོ་༡༩༥༩ བོད་གཞུང་དགའ་ལྡན་ཕོ་བྲང་གི་ཁྱབ་ཁོངས་སུ་ཡོད་པའི་ས་ཁུལ་སོགས་མདོར་ན་བོད་ས་ཡོངས་རྫོགས་རྒྱ་ནག་བཅིངས་གྲོལ་དམག་ཟེར་བས་དྲག་པོས་བཙན་འཛུལ་བྱས་པ་རེད།
སྤྱི་ལོ་༡༩༥༩ ལོར་བོད་ས་ཡོངས་རྫོགས་རྒྱ་ལག་ཏུ་ཤོར་བར་བརྟེན་༸གོང་ས་སྐྱབས་མགོན་༸རྒྱལ་དབང་ཡིད་བཞིན་ནོར་བུ་མཆོག་གི་གཙོས་པའི་བོད་གཞུང་དང་། བོད་མི་མང་དག་གཅིག་རྒྱ་གར་དུ་རེ་ཞིག་སྐྱབས་བཅོལ་དུ་མ་ཕེབས་ཀ་མེད་ཀྱི་གནས་སུ་གྱར། སྤྱི་ལོ་༡༩༦༦ ནས་༡༨༧༦ བར་བོད་དུ་རིག་གནས་གསར་བརྗེ་ཆབ་སྲིད་ཀྱི་ལས་འགུལ་བསླངས་པར་བརྟེན་བོད་ས་ཡོངས་སུ་མངའ་དག་ཆེན་པོ་གསུམ་དང་། བླ་ཆེན། མི་དྲག གྲྭ་བཙུན། ཤེས་ཡོན་ཅན། མཁས་པ། མི་དམངས། དེ་བཞིན་དགོན་སྡེ་དང་། གཙུག་ལག་ཁང་། མཆོད་རྟེན། ལྷ་ཁང་ལ་སོགས་པའི་བོད་གནའ་རབས་ཀྱི་ཆེས་རྩ་ཆེའི་རིན་ཐང་བྲལ་བའི་བོད་བརྒྱུད་ནང་བསྟན་གྱི་ཆོས་དང་། རིག་གནས། སྒྱུ་རྩལ་སོགས་ཕལ་ཆེ་བ་རྩ་ཐོར་དུ་བཏང་ཡོད།
དེ་དག་གི་ཁྲོད་དུ་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་དགོན་སྡེ་༦༠༠༠ ལྷག་བཏོར་བཤིགས་བཏང་བ་དང་། རྩ་ཆེའི་སྐུ་འདྲ་གྲངས་ལས་འདས་པ་ཞིག་བཏོར་བཤིགས། ༸རྒྱལ་བའི་བཀའ་འགྱུར་དང་། བསྟན་བཅོས་སོགས་བོད་ཀྱི་ཐུན་མོང་མ་ཡིན་པའི་རྩ་ཆེའི་རིག་གནས་མང་དག་གཅིག་མེར་བསྲེགས་བཏང་བ། དེ་བཞིན་བོད་མི་ས་ཡ་དྲུག་ལ་སྔར་ལོ་རྒྱུས་ཐོག་བྱུང་མ་མྱོང་བའི་བཀྲེས་ལྟོགས་དང་། མནར་གཅོད། སྡུག་སྦྱོང་། བཀོལ་སྤྱོད། བཙན་གནོན། ནག་ཉེས་བསྐྱེལ་བ། བཙོན་འཇུག་བྱས་པ་སོགས་ཚད་ལས་འདས་པ་ཞིག་བཏང་བར་བརྟེན་བོད་མི་ས་ཡ་གཅིག་དང་འབུམ་གཉིས་ལྷག་གི་གཅེས་པའི་ཚེ་སྲོག་ཤོར་ཡོད།
བོད་ས་ཡོངས་རྫོགས་རྒྱ་མིས་བཙན་འཛུལ་བྱས་པ་ནས་བཟུང་སྟེ་ད་བར་འདས་པའི་མི་ལོ་དྲུག་ཅུ་ལྷག་གི་རིང་བོད་ཀྱི་ཁོར་ཡུག་བཏོར་བཤིགས་དང་། བོད་མིར་མནར་གཅོད། བཙོན་འཇུག་བྱས་པ། ད་དུང་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་བསླབ་གསོའི་ཟེར་བའི་འོག་ནས་ཉེ་བའི་ལོ་ཤས་སྔོན་ནས་བོད་ཀྱི་ཁམས་དང་། ཨ་མདོ། དབུས་གཙང་སོགས་ཀྱི་གྲོང་འཁྱེར་དང་། ས་ཁུལ། རྫོང་། གྲོང་བརྡལ། ཤང་། ཐ་ན་གྲོང་གསེབ་ཁུག་ཀྱོག་དེ་ཚོའི་དུད་ཚང་རེ་རེའི་ཁྱིམ་གྱི་ཐོག་ཁར་མི་འདོད་བཞིན་དུ་ཏང་གི་སྐར་ལྔའི་དར་དམར་དེ་ཨུ་བཙུགས་བྱས་ཏེ་བྱུང་ན་གཅིག་དང་། མ་བྱུང་ན་གཉིས་བྱས་ཏེ་བཙན་འགེལ་བྱས་དང་བྱེད་བཞིན་ཡོད་པ་དེ་ཕྱི་རྒྱལ་ཡུལ་བསྐོར་སྤྲོ་འཆམ་བ་དང་། ཉམས་ཞིབ་པ། ཕྱི་ནང་གི་བོད་མི་འགྲོ་འོང་བྱེད་མཁན་ཚང་མས་མིག་མཐོང་ལག་ཟིན་དུ་གྱུར་ཡོད།
འདི་ཕྱོགས་སུ་བཙན་བྱོལ་དུ་ཡོད་པའི་དམངས་གཙོ་དང་རང་དབང་ཅན་གྱི་ལུང་པར་གནས་པའི་བོད་རིགས་སྤུན་ཟླ་འགའ་ཤས་ཤིག་གི་དམངས་གཙོ་དང་རང་དབང་ལ་ལོངས་སུ་སྤྱོད་འཁུལ་བྱས་ཏེ་ད་ལྟའི་བོད་ཀྱི་རྩ་དོན་གྱི་ལྟ་གྲུབ་གཉིས་ཕན་དབུ་མའི་ལམ་ཟེར་བ་དེར་བརྒྱབ་སྐྱོར་ཡོད་པའི་རྣམ་པའི་ཐོག་ནས་རྒྱ་ནག་གུང་ཁྲན་ཏང་གི་དར་དམར་དེ་ཡར་སྐལ་བཟང་མཐོན་པོར་བསྒྲེངས་དང་སྒྲེང་བཞིན་ཡོད།
འོ་ན་གཉིས་ཕན་དབུ་མའི་ལམ་ཡིན་ཟེར་ནས་ཏང་གི་དར་དམར་དེ་ཡར་དགའ་སྤྲོའི་ངང་འཕྱར་ཆོག་གི་ཡོད་ན་དབུ་མའི་ལམ་ཡིན་ཟེར་དེ་ཏང་གི་ཏང་ཡོན་ཞིག་བྱས་ན་འགྲིག་གམ། དབུ་མའི་ལམ་ཡིན་ཟེར་ནས་ཏང་གི་ལས་དོན་གཉེར་ན་འགྲིག་གམ། དབུ་མའི་ལམ་ཡིན་ཟེར་ནས་ཏང་གི་གླ་ཕོག་ཟ་ན་འགྲིག་གམ། དབུ་མའི་ལམ་ཡིན་ཟེར་ནས་གང་བྱུང་རང་སྣང་གང་དྲན་བྱས་ན་འགྲིག་གམ། ཡང་སྙིང་མདོར་ཧྲིལ་གྱི་བསྒྲིལ་ཏེ་བཤད་ན་རྒྱ་ནག་གུང་ཁྲན་ཏང་གི་བཟོ་ཞིང་དམག་གསུམ་མཚོན་བྱེད་སྐར་ལྔའི་དར་དམར་འདིའི་འོག་ནས་བོད་ས་ཡོངས་རྫོགས་དྲག་པོས་བཙན་འཛུལ་བྱས་ཡོད་པ་གཅིག
བོད་རིགས་མི་དམངས་ས་ཡ་གཅིག་དང་འབུམ་གཉིས་ལྷག་གི་ཚེ་སྲོག་ཤོར་བ་དང་གཉིས།
༸གོང་ས་རྒྱལ་བ་རིན་པོ་ཆེས་དབུ་འཁྲིད་པའི་འོག་བོད་རིགས་ཆིག་འབུམ་ལྔ་ཁྲི་ལྷག་གཅིག་མི་ལོ་ལྔ་བཅུའི་རིང་རང་ཡུལ་བཞག་སྟེ་མི་ཡུལ་དུ་སྐྱབས་བཅོལ་གནང་དགོས་བ་དང་གསུམ།
ཤ་དང་རུས་པའི་འབྲེལ་ཐག་དམ་པོར་བཅིངས་པའི་བོད་མི་ཞིག་ཡིན་པ་དང་ལྔ་བཅས་ཀྱི་ཐོག་བལྟས་ན་ད་དུང་ཁྱེད་ཀྱི་བསམས་ན་ཏང་དར་དམར་པོ་དེ་རང་གི་མགོ་སྟེང་ཡར་འཕྱར་ན་འགྲིག་གམ།
ད་ལྟའི་ཆར་བཞུགས་སྒར་རྡ་སར་གྲོས་ཚོགས་འཚོགས་བཞིན་ཡོད་པ་དང་གྲོས་ཚོགས་འཐུས་མི་འགས་ཀྱང་རྒྱ་ནག་གི་རྒྱལ་དར་ཡར་འཕྱར་ན་མི་འགྲིག་པའི་དགོངས་ཚུལ་བཏོན་བཞིན་ཡོད་པ་མཐོང་ཐོས་བྱུང་བར་ཡིད་རངས་དང་བསྔགས་པའི་འོས་སུ་གྱུར་ཡོད། ད་དུང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཡང་ཡང་ཕྱིའི་རྣམ་པ་ལས་ནང་གི་དོན་སྙིང་གལ་ཆེ་བའི་ཚུལ་དེ་རིང་ཁ་སང་གསུངས་དང་གསུང་བཞིན་ཡོད་སྟབས་གཉིས་ཕན་དབུ་མའི་ལམ་གྱི་ལྟ་གྲུབ་དེ་ལའང་བོད་དང་བོད་རིགས་མི་དམངས་ས་ཡ་དྲུག་གི་མངོན་འདོད་དང་། རེ་བ། རྩ་དོན་བཅས་པའི་ལངས་ཕྱོགས་དང་མཐུན་པར་དེར་ཚད་དང་མཚམས་ཞིག་ངེས་པར་ཡོད་དགོས་པར་སེམས་སོ།། །།
སྤྱི་ལོ་ ༢༠༡༣། ཟླ་ ༣། ཚེས་ ༢༢ ལ།།
ཨོ་རེད།རྒྱ་དར་མི་འཁྱར་མཁན་ཁྱེད་ཚོ་ཡིན་ད།གཞན་གྱི་བྱས་པ་ཁྱད་བསོད་རང་བྱེད་བསྡད་པ་ཁྱོད་ཚོ་རྒྱུགས་ཤིག་དང་བཀག་མཁན་སུ་མེད་པ་རེད།རྒྱུགས་མི་ཐུབ་ན་ནང་དཀྲུག་སློང་གི་མ་འདུག
ཧོ་ཧོ་གཞིས་སྡོད་བོད་མིའི་རང་ལུས་མེ་ལ་སྒྲོན། བྱིས་སྡོད་བོད་མི་ཕྱི་ཕྱོགས་འགྲོ་ལ་འདྲེན།
འདྲེན་གྱི་རྒྱལ་ཁ་གཞིས་ཆགས་བོད་མིས་བླངས། གསར་དུ་འབྱོར་བ་རྣམ་ལ་ཡ་རེ་ང།
དེ་རིང་ཁར་སང་ཁེ་ན་ཏྲ་ཡི་མགྲོན་ཤོག་ནི། ཉིན་མཚན་དབྱེར་མེད་བཙན་བྱོལ་ནང་ལ་འབྱོར།
ཐོབ་པའི་རེ་བསྐལ་གསར་འབྱོར་རྣམ་ལ་དབེན། ཡིད་ཐང་ཆད་ནས་རྒྱ་གར་སྲང་ལ་སྐྱོ་བས་བསྡམ།
གསར་འབྱོར་མིང་ཅན་ལྟོགས་པས་རྣལ་ཡང་སྐྱོབས་མཁན་མེད།
ཉམ་ཐག་སྤྲང་ལ་འགྲོལ་ཡང་སྦྱིན་མཁན་མེད།
ཕྱི་གླིང་ཡུལ་ནས་མགྲོན་ཤོག་སླེབས་ཡང་ཐོབ་བསྐལ་ཆད།
ཨ་ཁ་ཨ་ཁ་གསར་འབྱོར་བ་ཚོ་སྙིང་རེ་རྗེ།།
གྲོགས་པོ་ཁྱོད་རང་གིས་སྔོན་གྱི་ལོ་རྒྱུས་དང་འབྲེལ་ནས་རྒྱ་དར་འཕྱར་བ་ལ་སྐྱོན་བརྗོད་མང་ཐག་གནང་སོང་། ཡིན་ན་ཡང་དར་གུད་གོ་ཆག་ཆང་མ་ཚར་ཚར་བ་རེད་སྨྲེ་སྔགས་འདོན་བས་ཅི་བྱེད་འདོ་དོན་སྙིང་པོ་རྒྱ་དར་འཕྱར་བས་གཉིས་ཕན་དབུ་དང་རང་བཙན་སོགས་ཀྱི་ཐབས་ལམ་གང་ལ་གནོད་འགྲོ་གང་ཞིག་ན་བཀག་རྡོ་བཟོ་སོང་གསལ་པོ་ཞིག་གསུངས་རོགས་ངས་དེ་གནད་འགག་ཞིག་དུ་མཐོང་མ་སོང་རྩ་དོན་དང་མཐའ་ཐུག་གི་གཞི་རྩ་སོགས་ལ་ཕན་ཐོག་ཡོད་ན་གནས་སྐབས་སུ་དར་ཆ་ལས་ལྷག་བའི་ཕན་ཐོག་ཆེན་པོ་ཞིག་རྒྱ་ནག་ཏུང་ལ་སྒྲུབ་དགོས་བའི་དབང་དུ་གཏང་ན་ངེས་པར་དུ་སྒྲུབ་དགོས་ངེས་ཞིག་རེད།
བོད་ནང་གི་ཨ་མདོ་དཔའ་བོ་དག་གིས་རྒྱལ་ཁབ་འཐབ་རྩོད་ཆེད་རང་ལུས་མེར་སྒྲོན་གི་ཡོད། བཙན་བྱོལ་ནང་གི་ཞབས་འདྲེན་པ་ཤར་ཕྱོགས་ཁུག་རྟས་རྒྱལ་འཚོང་མགོ་འདོགས་ཀྱི་ལས་ཀ་རང་མོས་བྱས་ཏེ་ཞབས་འདྲེན་ཞུ་གི་འདུག
རིག་འཛིན་ཡིན་ན་རིག་པ་མི་གསལ་བ་དེས། གསར་འབྱོར་ཡིན་ན་ཅིག ཁྱེད་རང་གསར་འབྱོར་འཛིན་གྲ་དང་པོ་ཡིན་འགྲོ ཁག་མེད། འགྲོན་ཤོག་རག་མཁན་གསར་འབྱོར་འཛིན་གྲྭ་མཐོ་བོ་ཞེ་དྲག་ལྔ་བཞི་པ་དེ་ཚོ་རེད་དོ། ཨ་ཁ་ཁྱེད་སློབ་གྲྭ་འགྲོ་མྱོང་མེད་པ་འདྲ། གསར་འབྱོར་འཛིན་གྲྭ་ལྔ་བཞི་པ་དེ་ཚོ་རེད་དོ།
བདེན་གཏམ་དྲང་པོར་སྨྲ་ལ་འདོད་མཁན་ཉུང། གཡོ་འཕྲུལ་ཕྱོགས་ལྷུང་ཅན་རྣམ་ངོ་སོ་མཐོ།
དྲན་དཀར་མིང་ལ་དོན་དངོས་དྲན་ནག་བ། མ་འདོད་ན་ཡང་བདེན་གཏམ་ང་ཡི་སྨྲས།
བོད་མི་ཚོ་ཆོས་མེད་དམར་པོར་འགྱུར་དུས། དར་དམར་འཕྱར་ན་འགྲིག
འཚེ་བ་ཆོས་སུ་འདོད་དུས་དར་དམར་འཕྱར་ན་རུང་།
ཡང་ན་དམར་པོས་ཆོས་དད་བྱེད་དུས་དར་དམར་འཕྱར་ན་རུང་།
ཆོལ་གསུམ་ཆིག་སྒྲིལ་རང་སྐྱོང་ཚད་ལྡན་ཐོབ་དུས་དར་དམར་འཕྱར་རུང་དགོས་པ་ཡོད།
བོད་མིའི་འཐབ་རྩོད་བརླག་དུས་དར་མར་འཕྱར་ན་རུང་།
པོ་ཏཱ་ལའི་མདུན་ཐང་དུ་དར་དམར་འཕྱར་བསྒྲེངས་བྱེད་མི་འདུག་གམ།
དབུ་མའི་ལམ་ལ་མོས་པ་ཡོད་ན་དེའི་དགོངས་དོན་སློབ་སྦྱོང་དང་ལེན་མ་བྱས་པར་དར་དམར་ལ་ལག་པར་བླངས་ན། རྒྱ་མིས་( དར་དམར་འཕྱར་ན་རང་སྐྱོང་སྐད་ཆ་ཤོད་སྐབས་ཡོད་ཅེས་གོ་སོང་ངམ། ) དེ་ལྟར་མིན་ཚེ་དགོས་མེད་དུ་བསམ་པས་རེ་ཞིག་བཏང་སྙོམས་ཁུ་སིམ་གནང་ན་ལེགས་པར་སྙམ།
རྒྱ་དར་འཕྱར་མཁན་འདི་ཚོ་ཡི་གེ་ཙམ་ཤེས་པའི་ཡིག་
རྨོངས་པ་ཡིན་པས་ད་གཟོད་དབུ་མའི་ལམ་མ་རྟོགས་པ་རེད
ད་གཟོད་བཙལ་བྱོལ་བོད་གཞུང་ལ་བརྩི་བཀུར་བྱེད་མ་ཤེས་པ་རེད་
་་ཡང་ན་རང་གི་ཕ་མ་ལའང་དྲིན་ལན་འཇལ་མ་ཤེས་པའི་ཚད་ལ་བསླེབས་འདུག་
ང་ཚོའི་སྤྱི་ཚོགས་ཀྱི་གྲུ་ཆུང་འདི་ནང་སྔ་ནས་ད་བར་གཡོ་སྒྱུ་ཁྲམ་གསུམ་གྱི་ཆེད་ལས་པ་རེ་ཟུང་ཡོད་པ་བཤད་མ་དགོས་རེད། སྔ་ཕྱི་བར་གསུམ་གྱི་ཆེད་ལས་པ་དེ་ཚོས་བཤད་སྟང་ཅིག་པ་རེད། ཡིན་ན་ཡང་བྱེད་ལས་དང་། དམིགས་ཡུལ་དང་། སྐུལ་སློང་དང་ཅེས་མ་འདྲ་བ་རེད། འོ་ན་ཁོ་ཚོས་ག་རེ་བཤད་ཀྱིན་རེད་ཞེ་ན། དེ་ཕྲ་བོ་མ་རེད་འདོད།
རྒྱལ་བ་ཡིད་བཞིན་ནོར་བུའི་བཀའ་བཞིན་ཟེར་ནས་དད་པ་དམ་ཚིག་གཡོ་བ་མེད་པ་ཡོད་འདོག་བྱེད་ནས་འཁྲབ་སྟོན་དང་པོ་དེ་རེད། དེ་ལ་རྟེན་ནས་མི་དམངས་ཀྱི་བློ་ཁ་སྒྱུར་གང་ཐུབ་བྱས་ནས་གོ་སྐབས་བྱུང་མཚམས་སོ་སོའི་དམིགས་ཡུལ་བསྒྲུབ་ཐབས་བྱེད་རྒྱུ་དེ་རེད།
དཔེ་ན་ ཤར་ཁུག་གིས་དར་དམར་ཁྱེར་ནས་མགོ་འདོག་འདོད་ཡོད་སྟབས་མ་འགྲིག་པ་གཉིས་དང་ལས་འགན་ཅིག་བསྒྲུབ་དགོས། ཕར་ཕྱོགས་ལ་ལས་འགན་ཞིག་མ་འགྲུབ་ན་མ་འགྲིག་པ་རེད། ཚུར་ཕྱོགས་ལ་འཁྲབ་སྟོན་ཞིག་དང་མ་སྦྲེལ་ན་མ་འགྲིག་པ་ཡིན་སྟབས་དབུ་མའི་ལམ་གྱི་འབག་མགོ་འདི་གྱོན་ནས་མི་དམངས་འཁྲུལ་བཅུག་པ་དེ་རེད། །
དགྲ་དར་ཕྱར་བ་ནི། རང་དགས་རང་བཅུག་གི་ཡོད་པ་རེད། ལས་ལམ་ལ་མི་འགྱོ་བསམ་དུས། ཁ་ལག་པ་འཁང་གི་རྒྱུ་རེད་ཟེར་བ་དེ་རེད། སྤྱི་ཚོགས་ནང་ན་མཐོང་ཞིག་དང་། བཤད་པའི་སྐད་ཆར་དོན་ཞིག་དང་། ལས་པའི་བྱ་བར་ཆོད་ཞིག་མེད་པ་གསལ་སྟོན་བྱས་པ་རེད། མྱི་ངོ་དང་དགྲ་ངོ་། རང་ཕྱོགས་དང་དགྲ་ཕྱོགས་གང་ན་ཡོད་པ་རང་བསྒྲགས་བྱས་བ་ཡིན་པས་མ་རིག་མ་གོ་མེད་པར། དེ་ཚོ་ལ་དེ་བཞིན་གྱི་ཁ་ལྟོ་ཞིག་དང་གནས་ས་ཞིག་སྟེར་དགོས་པ་རེད།
སྤྲུལ་འཁོར་སྐལ་བཟང་དོན་ལྡན་ནས་ཡག་པོ་འབྲི་འདུག་ ཤར་ཕྱོགས་ཁུག་རྟ་ཟེར༌མི་དེར་ལ་ཚང་མས་དོགས་ཟོས་དགོས་འདུག།
ཤར་ཕྱོགས་ཁུག་རྟ་རྩ་བ་ནས་ནོར་ཡོད་པ་མ་རེད། རྒྱུ་མཚན་ཡོད་པ་རེད། བཙན་བྱོལ་ནང་ཁོང་གཉའ་ཞུམ་དགོས་པ་མི་འདུག ལབ་ཐཱུབ་མཁན་ཞིག་མི་འདུག་གཱ ཁོང་གི་རྒྱུ་མཚན་བཅུ་གཉིས་ཀྱིས་ངའི་གཉིད་ཡོངས་སུ་སད་སོང།།
གཟིགས་རོགས་གནང། ག་འདྲ་འདུག དོན་དག་མེད་སར་སྡུག་སྐད་མ་རྒྱབ་ནས་ཅི་ཕན། ཤར་ཁུག་བྲིས་པ་ཙམ་མཁས་པ་གཅིག་པུ་མ་རེད། བཤད་ན་ལས་ན་གང་སར་ཁོ་རང་འདྲ་བོ་ཉུང་ཉུང་རེད། ཉེ་ཆར་ནས་མཐོ་རིམ་སློབ་གྲྭ་ཁག་མང་ཆེ་བར་བསྐོར་བ་རྒྱབ་སོང་ཟེར། སྐབས་དེར་སློབ་མ་ཚོའི་འདོད་བློ་ཚིམས་པའི་རྣམ་འགྱུར་ལ་བལྟས་ན། ང་ཚོ་དྲ་འབུ་དཀྲུགས་ཤིང་འཕེན་མཁན་རྒྱ་མིའི་གསོ་ཕྲུག་ཚོས་ཅི་ཞིག་ཤེས་ཨ། དངོས་གནས་དྲང་གནས་མགོ་འཚོས་ལབ་ནས་དཔེ་མཚོན་ཞིག་དགོས་ན། ཤར་ཕྱོགས་ཁུག་རྟ་མ་གཏོགས་བཙན་བྱོལ་ནང་གི་གཞོན་རབས་ཚོ་སུ་ཡོད། ཁོང་མ་འདྲ་བ་གླེགས་མི་འཁེལ་བ་ཞིག་ཡོང་རྒྱུ་ཡིན་པ་ཏན་ཏན་རེད། ཚང་མས་བསྙོན་འཛུགས་བྱས་ནའང་ཁོང་ལ་ཁྱད་པར་ཡོད་པ་མ་རེད་བསམས། དེ་ལས་ཁོང་གི་ས་ནས་ལམ་སྟོན་དང་བསམ་ཚུལ་ག་ཚོད་ཉན་ཐུབ་ན་དེས་ཡག་གི་རེད།
རྒྱ་དར་བོད་དར་འཕྱར་ཀྱང་ཁྱད་པར་མེད།།
ཕན་ན་ཁྱི་ཚིལ་རྨ་ཡི་དཔེ་བཞིན་དུ།།
ང་ཚོར་དགོས་པ་ཕ་ས་ལོན་པ་དང་།།
གཞིས་བྱེས་མཉམ་འཛོམས་དེ་ནི་དགོས་མཉམ་ཡིན།།
དེང་སང་གཅོལ་ཆུང་དྲ་འབུ་འགའ་ཡིས་ནི།།
དགོས་པའི་རང་འཁྲིས་དངོས་སུ་མ་བསྒྲུབས་ནས།།
མི་དགོས་དབུ་རང་རྩོད་ཅིང་ཆོལ་གསུམ་དཀྲུགས།།
བསམ་ཞིང་དཔྱད་ན་སྙིང་ནས་མཆི་མ་དཀུ།
གལ་སྲིད་ཁྱོད་ལ་འཇོན་ཐང་ཡོད་པ་ན།།
དབུ་མ་རང་བཙན་གང་གི་ལམ་ཡིན་ཀྱང་།
ཁྱེད་ཀྱི་བོད་དོན་སྒྲུབས་པའི་ཐབས་ལམ་གཅིག།
ཤེས་ནས་དངོས་སུ་མདུན་ལ་མཆོངས་ཤིག་བུ།།
དབུ་མ་རང་བཙན་ཞེས་ལམ་བུ་གཉིས་ལ་ཕན་ཚུན་ཚ་གྲང་གི་འགལ་བ་ལྟར་དུ་མ་བཟུང་ནས་། བོད་མི་ས་ཡ་དྲུག་པོ་མི་རེའི་མདུན་ལ་ལམ་དང་། ལམ་དེར་འགྲོ་བསྐྱོད་ཆོག་པའི་ཐོབ་ཐང་རེ་ཡོད་པས་ལེ་ལུགས་ཤེས་པར་གྱིས།
རྒྱ་ནག་གི་རྒྱ་དར་འཕྱར་ན་ཁྱོན་ནས་ནོར་བྱ།
༡ དཔའ་བོ་དཔའ་མོ་བརྒྱ་ལྷག་གིས་རང་སྲེག་བཏང་བ་དེར་རྒྱ་ནག་གིས་མཐོང་ཆུང་བྱེད་པ་དེ་སྟེང་ང་ཚོས་ཀྱང་མཐོང་ཆུང་བྱས་པ་རེད།
༢ རྒྱ་གར་གྱི་དགྲ་ནི་རྒྱ་ནག་ཡིན་པས་མགྲོན་ནས་བསྡད་ནས་མགྲོན་གྱི་དགྲ་ཡི་དར་འཕྱར་ན་རྒྱ་གར་ཡིད་ཆད་རྒྱུ་རེད། མ་འོངས་བའི་དུས་སུ་བཙན་བྱོལ་ནི་ལྟག་ཆུ་ཆད་པའི་རྫང་བུར་འགྱུར་ངེས།
༣ ཇི་སྲིད་རྒྱལ་བ་རིན་པོ་ཆེ་རྒྱ་ནག་གིས་གདན་འདྲེན་མ་བྱས་བར་དུ་རྒྱ་ནག་གི་རྒྱ་དར་འཕྱར་ན་དམ་ཉམས་ཡིན་པས་ཁྱབ།
༤ མདོ་སྟོད་རི་བོང་ཤི་ན་མདོ་སྨད་བོང་བུ་ངུ་ཟེར་བ་བཞིན་ང་ཚོར་བརྒྱབ་སྐྱོར་བྱེད་པའི་འཛམ་གླིང་གི་གཞུང་དང་མང་ཚོགས་ཀྱི་ཡིད་ཆེས་བརླག་ཉེན་ཆེ།
༥ རྒྱ་ནག་གི་རྒྱ་དར་འཕྱར་བ་ཙམ་གྱིས་དོན་ཕན་བ་སྤུའི་རྩེ་ཙམ་ཡང་འབྱུང་གི་མ་རེད། རྒྱ་ནག་ལ་མགོ་སྐོར་ལས་སླ་བོ་གཏོང་ཐུབ་པ་མ་རེད། མཇུག་འབྲས་ནི་རི་བོང་ཤོར། སྡོམ་པ་ཤོར།
༦ ཤར་ཁུག་དང་གླིང་ཚ་སོགས་ཀྱིས་ཞེ་བསམ་པ་རྣམ་དག་གིས་རྒྱ་དར་འཕྱར་བ་རེད་དམ། ལོང་བས་བལྟས་ཀྱང་ཤེས་པའི་བྱབས་ཆུང་གི་ལས་འདི་རིགས་ལ་རྒྱ་མིའི་གད་མོ་ཤོར་བ་དེ་རེད། ངོ་རེ་ཚ།
བརྗོད་ཀྱིས་མི་ལང་བའི་རྒྱུ་མཚན་ཡོད་མོད། ད་གཡུག་བྱ།
སྤྲུལ་འཁོར་སྐལ་དོན་འདིས་རྒྱ་མིའི་ལོ་རྒྱུས་ཁྱོན་ནས་ཤེས་ཀྱིན་མི་འདུག རྒྱ་ནག་གུང་ཁྲན་ཏང་ནི་༡༩༢༡་ལོའི་ཟླ་༧་བདུན་འགོ་བཙུགས་པ་རེད། གུང་ཁྲན་ཏང་གིས་རྒྱ་ནག་གི་སྐམ་ས་ཆེན་པོར་༡༩༤༩་ལོ་ནས་ཡོངས་སུ་དབང་བསྒྱུར་བ་རེད། དེ་ནི་སློབ་ཆུང་སློབ་མ་ཤེས་བྱ་རེད། འདི་འདྲ་རྒྱུན་ཤེས་ལ་རྨོངས་ན་ཆབ་སྲིད་ཀྱི་རྩོམ་འབྲི་རྒྱུ་ཡོད་པ་མ་རེད།
གན་དགྲ་རྒན་རྒྱ་ཡི་རྒྱ་དར་འདི།
རྒྱ་དག་གིས་མ་འཕྱར་བོད་པས་འཕྱར།
བརྒྱ་ལྷག་ཙམ་བསྲེགས་པའི་རྔ་མ་འདིར།
རྒྱའི་རྒྱ་དར་རྒྱལ་མཚན་ལྟ་བུར་བསྒྲེངས།
འདི་རང་བཙན་རྩོད་ལས་ཉེན་ཁ་ཆེ།
འདི་རྒྱ་ལྐུབས་ལྡག་ལས་ཞེ་རེ་ལོག
འདིས་བོད་ཀྱི་དམ་ཚིག་བཤིག་རྒྱུ་རེད།
འདིས་ང་ཚོའི་ཁོག་དབང་ཤོར་རྒྱུ་རེད།
རྒྱ་བྱ་ཁུག་རྟས་རྒྱ་གཞུང་གི་རྒྱལ་དར་ཡོངས་གྲགས་ཀྱིས་ཐེངས་གསུམ་ལ་ལྡི་ལི་འཕྱར་སོང་།
མ་ཟད་རྒྱ་གཞུང་གི་དྲ་ལམ་ཁག་ན་ཕྱི་སྡོད་བོད་མིའི་གྲས་སུ་རྒྱ་གཞུང་གི་སྲིད་བྱུས་དང་རྒྱལ་ནང་ལ་ལོག་འདོད་ཆེན་པོ་ཡོད་པའི་གནས་ཚུལ་ཡོད་ཅེས་བཀོད་འདུག
ད་རྒྱ་བྱ་ཁུག་རྟ་རྒྱ་གཞུང་གི་བསུ་མ་བྱེད་ཁོ་ཐག་རེད། ཁོ་རང་ལ་གྲོས་ཚོགས་ནང་ནས་སྨོན་ལམ་མཐར་ཕྱིན་སོགས་ཀྱིས་སྐྱོན་བརྗོད་ཆེན་པོ་བྱས་སོང་། མ་ཟད་དབུ་མ་ལམ་ལས་འགུལ་ཁང་ཟེར་བའི་འགན་འཛིན་ལྷན་ཚོགས་ཀྱིས་རྒྱ་བྱ་ཁཱུག་རྟ་གནས་དབྱུང་བཏང་འདུག་ཟཻར་་་་
རྣམ་དཔྱོད་ངར་བ་རྡོ་རྗེ་ཐོག་དང་འདྲ།།
སྨོན་ལམ་མཐར་ཕྱིན་ཐེངས་གཉིས་ངུ་དགོས་བྱུང།།
དེ་སྔར་བསྙད་འདོགས་བཟོ་རྩིས་བྱས་པ་དང།།
ད་ཐེངས་གྲགས་རྒྱུ་མེད་པ་བཟོ་རྩིས་གཉིས།།
བཀའ་ཤག་གསར་པས་ལན་མེད་གནས་སུ་བཀོད།།
༧རྒྱལ་བ་ཐམས་ཅད་མཁྱེན་པས་ཐུགས་མཉེས་ཤིང།།
སློབ་དཔོན་ཟམ་གདོང་མཆོག་གིས་བསྟོད་པ་ཡི།།
ཤར་ཕྱོགས་ཙོང་ཁའི་ཡུལ་གྱི་ཁུག་རྟ་ཉིད།།
བཙན་བྱོལ་གཞོན་སྐྱེས་ཁྲོད་ཀྱི་ཏོག་ལྟར་མཛེས།།
མ་དགའ་ཕྲག་དོག་རླུང་ལྟར་འཚུབ་ནའང།།
མྱི་ཁ་སྐུར་འདེབས་ཆར་ལྟར་འཇོ་ནའང།།
ཉག་ཙམ་མེད་པའི་ཤར་ཕྱོགས་ཁུག་རྟ་ལ།།
ང་ཡིས་རྟག་ཏུ་ཐལ་མོ་སྦྱོར་བཞིན་ཡོད།།
ཁོང་ལ་སྡང་བ་བང་ཚུལ་སྨོན་མཐར་སོགས།།
ཕྱོགས་ལྷུང་རྒྱ་མཚོའི་འཇིགས་ནས་ཐར་མེད་པས།།
ཁོང་ཚོའི་རང་གཟུགས་དམར་རྗེན་སྟོན་པ་འདིར།།
ཁུག་རྟས་སུན་འབྱིན་བྱས་པ་འགྲིག་འདུག་སྙམ།།
ཨ་མའི་བུ་ཡིས་རང་ཚུགས་མ་བརླག་ཅིག།
དམ་པའི་རྗེས་འབྲངས་ལམ་ཁ་མ་བོར་ཅིག།
བདེན་པ་རིན་ཆེན་སྲོག་གི་དབྱུག་པ་ཡིས།།
འཇིག་རྟེན་ཧྲིལ་བོར་ཁྲོག་ཁྲོག་རྡུང་ཅིག་དང།།
བདེན་པའི་བདག་པོ་ནམ་ཡང་ཁྱེད་ཉིད་ཡིན།།
ངོ་མ་རེད། རྡོ་རྗེ་ཟེར་བ་འདི་རྒྱ་བྱ་ཁུག་རྟ་ཡིན་པ་ཐག་གིས་ཆོད་ཐུབ།ད་གོང་ས་མཆོག་གི་མཚན་བེད་སྤྱོད་གཏོང་མཚམས་བཞག་ན་ཡག
ཤ་ཁུག་གང་ལྟར་སྡུག་ཀྱང་བོད་མིས་བདེ་སྡུག་ཀྱིས་ཆད་དུ་ཁོང་གིས་ལྟ་བའི་ཐོག་ནས་འཚེར་བ་མེད་པའི་ལས་ཀ་ཞིག་བྱེས་ཀྱིས་ཡོད་རེད། དེ་ལ་སྡུག་པོ་རེད་ཟེ་ཉན་ཚོས་ཁོང་ལས་དྲག་པའི་ལས་ཀ་་བོད་མི་རིགས་ཀྱིས་བདེ་སྡུག་ཆད་དུས་ནམ་ཡང་་བྱས་མི་སྲིད།
རྡོ་རྗེ་ཞེས་པའི་མིང་དེ་བོད་མིང་ཡིན་རུང་གང་ལྟར་བོད་པ་ཞིག་ཡིན་ཚེ།
ཁྱོད་རང་བོད་ལོག་ནས་པོ་ཏཱ་ལའི་མདུན་ཐང་དེར་དར་དམར་ལྷབ་ལྷུབ་དེ་མཐོང་གི་རེད། དེ་ནས་ཁྱོད་རང་གི་དར་དམར་འཕྱར་ནས། བོད་ཀྱི་ནང་ཆོས་དད་མོས་རང་དབང་དང་། དེ་ནས་ང་ཚོའི་གཙོ་འཛིན་དབུ་ཁྲིད་༧གོང་ས་རྒྱལ་མཆོག་བོད་དུ་གདན་འདྲེན་བདེ་སྲུང་དང་བཅས་ཞུ་དགོས། འགྲོ་བ་མིའི་ཐོབ་ཐང་། སྐད་ཡིག་རང་དབང་། བོད་མིའི་སྒྲིག་འཛུགས་དང་ད་ཡོད་བོད་ཀྱི་ལས་འགན་པ་ཟུང་འབྲེལ་གྱིས་བོད་འཛིན་སྐྱོང་བྱེད་དབང་འཐོབ་པའི་འགན་ལེན་ཁག་ཐེག་བྱེད་ཐུབ་ཀྱི་ཡོད་དམ།།།་་་་་་་་་་་་དགག་བྱར་སྒྲུབ་བྱ་འཛིན་རྒྱུ་དང་། ཐག་གཅོད་སྔ་བ་དང་ཐལ་ཆ་མ་གནང་ན་ཡག་གི་རེད།་་་་་་་་་་
ད་ལྟ་ང་ཚོའི་འཐབ་རྩོད་དེ་རྒྱ་དམར་དང་བོད་གངས་ཅན་པའི་བར་ཡིན། དར་དམར་དང་སེང་དར་བར་ཡིན། མེ་མདའ་དང་བདེན་པའི་བར་ཡིན། ང་ཚོ་དམར་པོ་དང་མེ་མདའི་འོག་ལ་མགོ་སྒུར་བཙན་གནོན་གདུག་རྩུབ་རྡོག་བརྫིས་མྱང་གི་ཡོད་ཙང་། བྲོས་ནས་ཡོང་བ་རེད། དར་དམར་འོག་སྐྱིད་པོ་ཡོད་ན་སུ་ཡིན་རུང་ལོག་ནས་རྒྱུགས་དང་རྒྱ་དམར་རང་མདོག་རྗེན་པར་མཐོང་གི་རེད། དེ་ནས་དར་དམར་འཕྱར་དགོས་མིན་ཁྱེད་རང་གི་ཤེས་ཡོང་།
ང་ཚོ་ལ་འགྲོ་བ་མིའི་གྲས་སུ་བཞག་གི་ཡོད་མ་རེད་ད་དུང་དར་དམར་ལ་རྩིས་མཐོང་ཇི་ལྟར་འཇོག་ཐུབ་བམ། དར་དམར་པོའི་འོག་བོད་འཆི་ཉེན་དང་ཛ་དྲག་དངངས་སྐྲག་གི་ཉིན་མཚན་འཁྱོལ་དཀའ་བར་བྱེད་པའི་དར་དམར་གཤིན་རྗེ་དེ་སུས་འཕྱར་བ་ནི། དངོས་གནས་གཡོན་ཐལ་ཆེན་པོ་རེད།
ཡང་གནམ་བདེ་སྒོ་མོར་ཕྱིན་ནས། དར་དམར་འཕྱར་བཞིན་དུ་བོད་ལ་རང་དབང་དགོས། (རང་བཙན་སྐད་ཅ་མིན།) སྐད་ཡིག་དང་ཆོས་དད་རང་དབང་དགོས། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་མང་གྲས་ཡིན། ང་ཚོ་ལ་ཐོབ་ཐང་དགོས། རང་དབང་དགོས་ཞེས་ཐོབ་ཐང་རྩོད་དུ་ཕྱིན་ན་གཞི་ནས་དེའི་མཇུག་འབྲས་ལ་དཔོག་པའི་བསམ་བློ་གཏོང་ཡས་ཡོད།
དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་ཀྱང་བབ་ལྷིང་དུ་ཡོད་ན། རྙོག་དྲ་གསར་རྩོམ་བྱེད་སྐབས་མ་རེད། དབུ་མའི་ལམ་གྱི་དགོངས་དོན་ཉམས་བཞེས་དང་ཤེས་ལྡན་མི་སྣ་གསོ་སྐྱོང་དང་རིགས་གཅིག་རྐང་འཛིན་མི་སྣ་ལག་ཐོགས་ནས་ཡོད་པར་ཁ་གསབ་དཔུང་འདེགས་མཉམ་བཤིབས་བཅས་༧སྐྱབས་མགོན་རིན་པོ་ཆེའི་དགོངས་བཞེད་བོད་རིགས་ཡོངས་རྫོགས་མཁས་བཙུན་བཟང་གསུམ་ཐུགས་རེར་ཞབས་ཞུར་འབད་བརྩོན་དོ་གལ་ཆེ།
ཡང་གནམ་བདེ་སྒོ་མོར་ཕྱིན་ནས། དར་དམར་འཕྱར་བཞིན་དུ་བོད་ལ་རང་དབང་དགོས། (རང་བཙན་སྐད་ཅ་མིན།) སྐད་ཡིག་དང་ཆོས་དད་རང་དབང་དགོས། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་མང་གྲས་ཡིན། ང་ཚོ་ལ་ཐོབ་ཐང་དགོས། རང་དབང་དགོས་ཞེས་ཐོབ་ཐང་རྩོད་དུ་ཕྱིན་ན་གཞི་ནས་དེའི་མཇུག་འབྲས་ཡག་པོ་ཡོང་བ་དམིག་གཙུམ་ན་ཡང་ཚང་མས་མཐོང་བཞིན་པ་རེད། ཡིན་ན་ཡང་ང་ཚོས་བོད་ནང་གི་བོད་མིས་ཆོས་དང་རིགས་གཞུང་རང་དབང་ལ་ཕན་པའི་ལས་ཀ་དུས་ནང་ཡང་བྱས་མ་རེད།
རིག་ལྡན་རྒྱལ་པོ་ལགས་སུ། ཁྱེད་ཀྱི་ལངས་ཕྱོགས་ལ་མོས་མཐུན་ཡོད་མོད་ཁྱེད་ཀྱི་དགག་སྒྲུབ་ལ་མོས་མཐུན་མེད། གླིང་ཚ་བ་དང་ཤར་ཁུག་གི་བྱེད་སྟངས་གཡས་ཐལ་མགོ་འདོགས་རིང་ལུགས་ཡིན་པ་དང་། ཀླུ་མཁར་བྱམས་དང་འཇམ་ནོར་སོགས་ནི་གཡོན་ཐལ་ཉེན་མཆོངས་རིང་ལུགས་རེད། ཆབ་སྲིད་ཀྱི་གཡས་གཡོན་འབྱེད་སའི་མཚམས་ནི་དེ་ལྟ་བུ་ཞིག་རེད། དབུ་ནི་གཡས་གཡོན་མ་ཐལ་བ་ཞིག་ལ་གོ་དགོས་མོད། དོན་དམ་པའི་ཆབ་སྲིད་ཀྱི་གཞུང་ལུགས་ནང་དུ་དབུ་མ་བ་ཡོད་པ་མ་རེད།
ཀློག་དགོས་པ་དང་ཐུགས་སྣང་དགོས་པའི་སྔོན་བརྡ། ལྡི་ལི་ཉེན་རྟོག་པས་གསར་བསྒྲགས་བྱས་པའི་གལ་ཆེ་བའི་གནས་ཚུལ་ཞིག་ནི། frooti ཧྥུ་ཊྲི་རིགས་སུ་གཏོགས་པའི་ཤིང་འབྲས་ཀྱི་མངར་ཆུ་རྣམས་ཉུང་མཐའ་ལ་ཉིན་གྲངས་ཉེར་ལྔའི་རིང་མ་འཐུང་རོགས་གནང་། གང་ཡིན་ཟེར་ན་བཟོ་གྲྭ་དེའི་ལས་མི་གཉེན་ནད་རེག་དུག་ཅན་ཞིག་གིས་ཁོ་རང་གིས་ནད་ཁྲག་ཤིང་འབྲས་ཁུ་བ་དེའི་ནང་བླུགས་ཡོད་པའི་གནས་ཚུལ་འདུག NDTV ལ་གཟིགས་རོགས། འདི་ནི་ཛ་དྲག་གི་གནས་ཚུལ་ཞིག་ཡིན་པས་ཀུན་ལ་སྤེལ་རོགས་གནང་། READ AND FORWARD; ALERT!! Important msg from Delhi police to all over India For the next few days atleast 25 days do not drink any product of Frooti,as a worker from the company has added his blood contaminated with AIDS. watch NDTV…Pls frwrd this msg urgently to every one you care.
བཀའ་སྤྱི་གཉིས་དར་དམར་འཕྱར་བར་ངོས་ལེན་མི་འདུག
སྤྱི་འཐུས་ལྷན་ཚོགས་ཀྱིས། དབུ་མའི་ལམ་གྱི་སྲིད་བྱུས་འོག་ནས་འདས་པའི་དུས་ལ་སྐར་ལྔའི་དར་དམར་འཕྱར་མེད་ལ་ད་ལྟའང་འཕྱར་གྱི་མེད། མ་འོངས་པར་དབུ་མའི་ལམ་གྱི་དགོངས་དོན་འགྲུབ་ན་གཞི་ནས་གླེང་སློང་བྱེད་འོས་པ་ཞིག་རེད་ཅེས་བརྗོད་པ་དང་། བཀའ་ཤག་གིས་་་་་་་་་
རྒྱ་མིའི་སྐར་ལྔའི་དར་དམར་འཕྱར་བ་རྒྱབ་སྐྱོར་མེད་ལ་དེ་བཞིན་མེར་སྲེག་བཏང་བ་ལའང་རྒྱབ་སྐྱོར་མེད་ཅེས་གསུངས་པ་རེད།།
གནམ་བདེ་སྒོ་མོར་རྒྱ་རིགས་ཚོས་རང་དབང་མང་གཙོ་དགོས་འདུན་བཏོན་དུས་tankའཁོར་བཏང་ནས་འབུར་འཇོམས་ཁྲག་འཁོར་བསྐོར་བ་ཐུགས་སྣང་མ་བྱུང་ངམ། ཁོང་ཚོས་(ཏཱ་ལའི་ཁ་བྲལ་ལམལོག་སྤྱོད་པ) ཟེར་ས་ཞིག་གིས་གནམ་བདེ་སྒོ་མོ་ཨ་ཅང་བོད་ནང་འགྲོ་ནས་(བོད་ལ་རང་དབང་ཐོབ་ཐང་དགོས། རྒྱ་གར་འཕགས་པའི་ཡུལ་ནས࿒དར་བའི་ནང་བསྟན་སྤུས་དག་ལ་དད་མོས་རང་དབང་དགོས) ཞེས་སྐད་འབོད་རྔམ་སྟོན་ཞིག་ལྷན་རྒྱས་ཁ་ཤས་ཕེབས་དང་མཇུག་འབྲས་ཇི་འབྱུང་བལྟ་ཆོག
མིག་བཙུམ་ཀྱང་མཐོང་རྒྱུའི་མཇུག་འབྲས་བཟང་པོ་དེ་ནི། ཡང་ན་འཛིན་བཟུང་མནར་གཅོད། ཡང་ན་བཙོན་འཇུག་དུས་བཀག་ཐ་ན་ཡིན་པས་སྲོག་གི་ཉེན་ཁ་ཡང་མེད་མི་སྲིད་པ་དེ་ཨེ་ཡིན་ནམ།
བོད་ནང་འདི་འདྲའི་རང་དབང་ཙམ་ཞིག་ཡོད་ན་ཡང་བློ་བདེའི་གནས་བབ་ཅིག་ཡིན་སྙམ། གང་ལྟར་འདི་འདྲའི་གདེང་འཁེལ་བའི་མཇུག་འབྲས་བཟང་པོ་ཞིག་ཡོད་ན། གུས་པས་དར་དམར་འཕྱར་སྔ་དྲག་པ་ཟེར་བ་དེར་ལན་ཐེབས་པས་དེ་ལྟར་མིན་པ་གསལ་པོ་རེད། དེས་ན་གུན་བྲན་དངོས་གནས་མཁྱེན་འཇོན་ཕུགས་འདུན་ལྡན་པ་ཡིན་ན། དཔལ་འབྱོར་དམག་དོན་དེ་མི་མང་ཆེད་ཡིན་པ་ལས། མི་མང་རྣམས་དེའི་ཆེད་བཀོལ་སྤྱོད་བྱེད་ཐལ་ཤོར་བ་ཤིན་ཏུ་འཁྲུལ་ཚབས་ཆེས་ན་(འཚོ་བ་དང་སྲུང་སྐྱོབ་)གོ་དོན་བསྐྱར་ཞིབ་གནང་རན་པར་སེམས།
ཅོག་རོང་ལགས།
དོན་དམ་པའི་ཞེས་མ་གསུངས་པར། ཆབ་སྲིད་གཞུང་ལུགས་ནང་(དབུ་མའི་སྲིད་ཇུས་) ཡོད་མི་ཆོག་པ་ཨེ་ཡིན། ཏན་ཏན་ཡོང་ཆོག་གི་རེད་སྙམ། གང་ལགས་ན། སྤྱིར་བཏང་ངོས་ཀྱི་རྟོག་འཆར་ལ། བོད་ཚིག་ནང་སྲིད་ལ་ཆབ་སྲིད་ཅེས་པའི་ཆབ་དེའི་གོ་དོན་ཆབ་འབངས་ཀྱི་དོན་ཐབས་ཇུས་སྣ་ཚོགས་པས་འཇིག་རྟེན་སྐྱོང་སྟངས་ལ་གོ་ཆོག་པར་སྙམ། དེ་ལྟར་ན། དགེ་བ་བཟང་པོ་དང་འབྲེལ་བའི་སྲིད་ཇུས་སམ་སྲིད་དོན་ཞིག་ངེས་གཏན་ཡོད། དེ་ཡོད་ན། འཇིག་རྟེན་སྐྱོང་བ་ནི་གཉིས་ཏེ། ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པའོ།།ཞེས་པའི་གོ་དོན་དང་འབྲེལ་ནས་ཉམ་ཐག་པའི་སེམས་ཅན་ཨ་ཅང་གདུག་རྩུབ་གཏུལ་རྒོད་འདུལ་བའི་ཐབས་ཇུས་ཤིག་གི་ཁོང་ནས་ཆོས་དང་སྲིད་དབར་ཟམ་ཐག་ཅིག་ངེས་འབྲེལ་ཡོད་ས་རེད། འོན་ཀྱང་འཕྲལ་ཕུགས་གཙོ་ཕལ་གོ་མ་ལྡོག་པའི་རྨང་གཞི་ཆབ་འབངས་ལ་ཕན་སེམས་ཀྱི་ཀུན་ནས་བསླངས་པའི་ལས་དོན་ལག་ལེན་འགན་འཁུར་ནུས་མཁན་ཞིག་སྲིད་པར་སེམས་སོ།།