_____ཏཱ་ལའི་རུ་ཚོགས་ཞེས་པར་རྒོལ་པའི་བོད་མི་འགར་བྲིས།
བོད་ཁམས་ཡོངས་ནས་ཁྲག་དམར་འཐུང།།
ཆིག་སྒྲིལ་བསམ་པས་ཨ་ལོང་གཏོར།།
ཁ་སེམས་དྭངས་མའི་རང་སྐད་བཙོང་།།
རྒྱུག་ཁྱི་ཁྱོད་ཚོར་ཁ་རོགས་སྡོད།།
ལྷན་དུ་བཞུགས་པའི་སྤུན་ཟླ་བསད།།
ས་མཐའི་མི་ལ་ཁ་བྲལ་འབོད།།
གློ་སྙིང་རྒྱུ་མ་གསོན་པོ་ཟས།།
མི་ལུས་ཐོབ་ཀྱང་ངོ་རེ་ཚ།།
བདེ་བ་འདོད་པ་གཅིག་འདྲ་ཡིན།།
སྡུག་བསྔལ་མི་འདོད་ཆ་འདྲ་རེད།།
རང་དོན་སྒྲུབ་པ་བཟང་མོད་ཀྱང།།
སྤུན་ཟླུའི་ཕྱོགས་ལ་དགྲ་མ་འཛིན།།
ཤ་ཁྲག་དམར་པོར་སྐམ་ཆགས་ཅན།།
མཐུང་བས་རྣག་ཁྲག་ཞིམ་མོད་ཀྱང།།
ཉམ་ཆུང་བོད་མི་ཁྲག་རྒྱུན་དེ།།
ལོ་ངོ་ཁྲི་ཡི་དཀའ་སྡུག་ཡིན།།
འཇོན་པོ་མི་ལ་ཁ་བྲལ་འབོད།།
ན་གཞོན་ཕོ་མོར་གཞན་སྐད་བསླབ།།
ས་ཡ་དྲུག་པོ་སྐྱབས་མེད་བཟོས།།
ཁྲམ་པ་ཁྱོད་ཚོར་ཧམ་སེམས་ཆེ།།
ལ་ལ་མནར་གཅོད་འོག་ནས་བསད།།
ལ་ལ་མུན་ནག་བཙོན་ནས་བརྡུང།།
ལ་ལ་གསོན་པོར་རྐང་ལག་གཏུབ།།
རྒྱུག་ཁྱི་ཁྱོད་ཚོར་བློ་སྤོབས་ཆེ།།
༢༠༡༢ ༡༢ ༣༠ དགོང་མོར་བྲིས།
སྔ་མོ་རྒྱ་ནག་གིས་རི་རྒོལ་བྱེད་སྐབས་ནང་རུལ་པ་ཚར་བཅད་པ་ཞེས་པའི་ལས་འགུལ་སྤེལ་ནས་ནང་རུལ་པ་མེད་པའམ་ཉུང་དུ་གཏོང་བ་རེད། ང་ཚོ་ཡང་བོད་རིགས་གཅིག་པ་རེད་ཟེར་བ་དང་ལྟོ་ཕོག་གི་ཆེད་དུ་རེད་ཟེར་ནས་ནང་རུལ་པ་རྒྱ་ཡན་དུ་གཏོང་མི་རིགས། དེ་ཚོ་སྣང་མེད་བཞག་ན་རང་གི་ཁེ་ཕན་གྱི་ཆེད་དུ་ནང་རུལ་པ་མང་དུ་མང་དུ་འགྲོ་གི་རེད།
རྒྱུག་ཁྱི་རྣམས་ལོ་གསར་བའི་ནང་ཕམ་ལ་ཤོག
ང་ཚོ་ཉིས་སྟོང་བཅུ་གཉིས་ཀྱི་འཇིག་པས་མ་འཁྱེར་བར་བདེ་བླག་ངང་བཀྲ་ཤིས་ཉིས་སྟོང་བཅུ་གསུམ་ལ་རོལ་རྒྱུའི་གོ་སྐབས་བྱུང་བས་དགའ་བསུ་ཞུ། གནམ་ལོ་གསར་ཚེས་ཀྱི་ཉིད་ཀྱི་རྩོམ་ཡིག་གི་ཁ་ཕྱོགས་དེ་བོད་མི་རིགས་ཀྱི་ལ་ཞེན་དང་འབྲེལ་བས་བཟང་གི་ཟེར་ན་འདོད། དེའི་ཞོར་ནས་གཏགས་ནོར་རམ་ཡིག་ནོར་ཁག་ཅིག་འདུག་པ་དེ་གཙང་བཟོ་གནང་རོགས་ཞུ།
དགྲ་དང་དགྲ་ཁྱིར་རྒོལ་བའི་གཏམ།།
རྣག་ཐོག་གཏར་ཁ་བཏབ་པ་བཞིན།།
མཁོ་ཡང་མཁོ་ལ་དགོས་ཀྱང་དགོས།།
མུ་མཐུད་གཏར་བའི་རེ་བ་ཞུ།།
༄།༢༠༡༣ ལོའི་ལོ་གསར་ལ་བཀྲ་ཤེས་བདེ་ལེགས་ཞུ་་་་་་་་་་་
༡༩༥༡ ལོར་གོང་ས་མཆོག་དང་པན་ཆེན་རྣམ་པ་གཉིས་་་་་རྒྱ་ནག་དུ་ཕེབས་དེ་གང་བྱེད་པ་རེད་་་་་་་་ཤེས་མཁན་ཡོད་ནམ་་་་་་་