གནས་ཚུལ་མཁོ་འདོན་པ། གཅན་དཔལ་ལྡན།
༸གོང་ས་མཆོག་གིས་རོ་ཊར་གསར་འགོད་པར་ལན་བསྩལ་སྐབས། རྒྱ་གཞུང་གིས་བོད་ཐོག་འཛིན་པའི་ལངས་ཕྱོཊ་ལ་འགྱུར་བ་འགྲོ་བཞིན་པ་དང་། བོད་མིའི་མགོ་ཁྲིད་ཀྱིས་འབྲེལ་མོལ་བསྐྱར་གསོར་གྲ་སྒྲིག་བྱས་ཡོད་སྐོར་གསུངས་ཡོད།
ཕྱི་ཚེས་ ༢༩ ཉིན་དབྱིན་ཡུལ་གྲཊ་ཅན་རོ་ཊར་གསར་ཁང་གི་གསར་འགོད་པ་ཇོན་ཅལ་མར་སི་(John Chalmers ) ལཊ་དང་། ཧྥོ་རན་ཁུ་ཇེག་ཌེ་ནིལ་ (Frank Jack Daniel) ལཊ་རྣམ་གཉིས། བཞུཊ་སྒར་ངྷ་སར་ཆེད་བཅར་གྱིས་༸གོང་ས་མཆོག་ལ་ཞིས་ཅིན་ཕིན་རྒྱ་ནག་སྲིད་འཛིན་དུ་བསླེབ་ན་བོད་དོན་ལ་འགྱུར་བ་འགྲོ་མིན་དང་། བོད་ནང་མེར་བསྲེཊ་གཏོང་བཞིན་པའི་གནས་སྟངས་སྐོར་དགོངས་ཚུལ་དྲིས་ཡོད་འདུག
གསར་འགོད་པའིོ་བཅར་འདྲི་སྐབས་༸གོང་ས་མཆོག་གིས་ “བོད་ཀྱི་གནད་དོན་ཐོག་རྒྱ་གཞུང་གི་ལངས་ཕྱོཊ་ལ་བཟང་ཕྱོཊ་ཀྱི་འགྱུར་བ་འགྲོ་བའི་རྟཊ་མཚན་གང་འཚམ་ཐོན་བཞིན་ཡོད་སྟབས་ངོས་ཀྱིས་རེ་བ་ཆེན་པོ་བྱེད་ཀྱི་ཡོད། པེ་ཅིང་སྲིད་གཞུང་གིས་དོན་དམ་གྱི་ལངས་ཕྱོཊ་ཐོག་བསྒྱུར་བཅོས་བཏང་བ་ཡིན་ན། བཙན་བྱོལ་བོད་མིའི་མགོ་ཁྲིད་ཀྱིས་རྒྱ་གཞུང་དང་ལྷན་དུ་གྲོས་མོལ་བསྐྱར་གསོ་བྱ་རྒྱུར་གྲ་སྒྲིག་ཨང་གསར་ཡོད་” ཅེས་གསུངས་ཡོད་འདུག
སྐབས་དེར་༸གོང་ས་མཆོག་གིས་ “མ་འོངས་པའི་རྒྱ་ནག་སྲིད་འཛིན་ལ་གཏན་ཁེལ་བའི་ཞིས་ཅིན་ཕིན་གྱིས། ལོ་ངོ་བཅུ་ཕྲག་མང་པོའི་རིང་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་མཁྲེཊ་བཟུང་སྲིད་བྱུས་ལ་འགྱུར་བ་བཏང་སྟེ། ལངས་ཕྱོཊ་གསར་པ་ཞིག་འཛིན་རྒྱུ་རེད་ཅེས་བཤད་ན་ད་ལྟ་སྔ་དྲཊ་པ་རེད། དེའི་ཐད་ངོས་ཀྱིས་མཐའ་གཅིག་ཏུ་བཤད་མི་ཐུབ་ཀྱང་། ངོས་ཀྱི་རྒྱ་རིཊ་ཆོས་གྲོཊ་མང་པོ་ཞིག་གིས། མ་འོངས་པའི་རྒྱ་ནག་སྲིད་འཛིན་དེ་ཅུང་ཞི་འཇམ་ཞིག་ཡོང་གི་རེད་བཤད་ཀྱི་འདུག ངྷ་སར་རྒྱ་ནག་སྐམ་ས་ནས་མཇལ་ཁ་ཞུ་མཁན་མང་པོ་ཡོང་བཞིན་པའི་ཁོངས་ནས། ཁ་ཤས་ཀྱིས་རྒྱ་ནག་གུང་ཁྲན་གྱི་མགོ་ཁྲིད་མཐོ་གྲས་ཁག་དང་འབྲེལ་བ་ཡོད་ཚུལ་བཤད་ཀྱི་འདུག རྒྱ་གཞུང་གིས་ལས་དོན་ཚང་མ་རྒྱལ་ཁབ་ཀྱི་བདེ་འཇཊ་ཐོག་ཁག་དཀྲི་བྱེད་ཀྱི་ཡོད་སྟབས། མགོ་ཁྲིད་སུ་དང་འབྲེལ་བ་ཡོད་མེད་ང་ཚོས་བཤད་ཐུབ་ཀྱི་མི་འདུག རྒྱ་རིཊ་ཤེས་ཡོན་ཅན་ཚོས་བོད་ཐོག་འཛིན་པའི་རྒྱ་གཞུང་གི་ལངས་ཕྱོཊ་དེར་འགྱུར་བ་བཏང་སྟེ། ལངས་ཕྱོཊ་གསར་པ་ཞིག་འཛིན་དགོས་པའི་བསམ་ཚུལ་འདོན་གྱི་ཡོད་ལ། བསམ་ཚུལ་དེར་རྒྱ་གཞུང་གི་ལས་བྱེད་པ་ཁག་ཅིག་གིས་མོས་མཐུན་བྱེད་ཀྱི་ཡོད་འདུག གནས་ཚུལ་དེ་དག་མཐོང་སྐབས་ང་ཚོར་བློ་སྤོབས་ཆེན་པོ་ཡོང་གི་འདུག་ ” ཅེས་གསུངས།
གསར་འགོད་པས་བོད་ནང་བོད་མི་ཚོས་བསྟུད་མར་རང་ལུས་མེར་བསྲེཊ་གཏོང་བཞིན་པའི་གནས་སྟངས་ཐད་བཀའ་འདྲི་ཞུས་པར། “ ངོས་ཀྱིས་བོད་མི་ཚོར་འུ་ཐུག་ཐབས་ཟད་ཀྱི་ལས་འགུལ་དེའི་རིཊ་སྤེལ་རྒྱུར་སྐུལ་སློང་གང་ཡང་བྱེད་ཀྱི་མེད། ཡིན་ནའང་། ཁོང་ཚོར་དཀའ་ངལ་ཇི་འདྲ་ཞིག་འཕྲད་ཀྱི་ཡོད་པ་ང་ཚོས་བསམ་ཤེས་ཐུབ་ཀྱི་འདུག གནས་ཚུལ་དེའི་རིཊ་ནི་ཧ་ཅང་བློ་ཕམ་སྐྱེ་གཞི་ཞིག་རེད། རྒྱ་གཞུང་གིས་བོད་མིས་རང་ལུས་མེར་བསྲེཊ་གཏོང་དགོས་པའི་རྒྱུ་རྐྱེན་ལྟེ་བ་དེ་གང་ལ་ཐུག་ཡོད་མེད་རྩད་གཅོད་བྱ་དགོས། རྒྱ་གཞུང་གིས་ལས་སླ་པོའི་ཐོག་ངོས་དང་བོད་མི་ཉུང་ཤས་ཤིག་ལ་འགན་ཁག་དཀྲི་བྱ་ཐུབ་ཀྱང་། དེས་བོད་མི་ཚོའི་དངོས་ཡོད་དཀའ་ངལ་སེལ་ཐུབ་ཀྱི་མ་རེད་ ”ཅེས་གསུངས།
མཇུག་ཏུ་གསར་འགོད་པས་༸གོང་ས་མཆོག་ལ་རིང་མིན་རྒྱ་ནག་མགོ་ཁྲིད་ལ་འཕོ་འགྱུར་འགྲོ་རྒྱུ་ཡིིན་སྟབས། བོད་རྒྱའི་འབྲེལ་མོལ་བསྐྱར་གསོ་ཡོང་རྒྱུར་ཐུཊ་རེ་གནང་གི་ཡོད་མེད་དྲིས་པར། “ དེ་ནི་བརྗོད་དཀའ་བ་ཞིག་རེད། རྒྱ་ནག་གི་སྲིད་འཛིན་གསར་པ་བསྐོ་གཞག་བྱུང་སྟེ། ཟླ་ ༦ ནས་ ༡༢ ཙམ་ཕྱིན་ན་གཞི་ནས་ལངས་ཕྱོཊ་ལ་འགྱུར་བ་སོང་མིན་རྟོཊ་ཐུབ་རྒྱུ་ལས། དེའི་བར་དུ་བཤད་ཚོད་ཐུབ་ཀྱི་མི་འདུག རྒྱ་གཞུང་གིས་འདས་པའི་ལོ་ ༦༠ རིང་དྲག་གནོན་སྲིད་བྱུས་ལག་བསྟར་བྱས་པ་དེ་ནོར་འཁྲུལ་ཡིན་པ་ཤེས་རྟོཊ་ཡོང་ངེས་རེད། གཙོ་འཛིན་མའོ་ཙེ་ཏུང་གིས་དབང་ཆ་མེ་མདའི་ཁ་ནས་ལེན་ཞེས་པའི་སྲིད་བྱུས་དེ་ད་ཆར་དུས་ཚོད་ཡོལ་ཟིན་པ་རེད་” ཅེས་གསུངས་ཡོད་འདུག
ཉིན་དེར་ཕྱི་དྲོར་རྒྱ་ནག་འཐབ་ཕྱོཊ་གཅིག་གྱུར་ཁང་གིས། རྒྱ་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་ནམ་ཡང་འགྱུར་བ་གང་ཡང་མེད་པའི་གསལ་བསྒྲཊ་ཤིག་སྤེལ་ཡོད་འདུག
བོད་ཐོག་འགྱུར་བ་འགྲོ་དང་མི་འགྲོ་རྒྱ་དམར་སྒེར་གཅོད་པ་རེ་ཟུང་གིས་རྦད་དེ་ཐག་གཅོད་ཐུབ་པ་ཞིག་མ་རེད། དེ་ནི་ཕྱོགས་མང་པོ་ཞིག་ལ་རག་ལུས་ཡོད་པ་གསལ་པོ་རེད། ༧སྐུ་མདུན་གྱིས་གསར་འགོད་གསལ་བསྒྲགས་གནང་མ་ཐག་རྒྱ་ནག་གི་མགྲིན་ཚབ་པས་བརྡ་ལན་སྤྲད་པ་དེ་ཡང་འགྱུར་བ་ཞིག་མ་ཡིན་ནམ།
གཙོ་འཛིན་མའོ་ཙེ་ཏུང་གིས་དབང་ཆ་མེ་མདའི་ཁ་ནས་ལེན་ཞེས་བའི་སྲིད་ཇུས་དང་བོད་མི་ཚོས་དབང་ཆ་རང་ལུས་མེ་སྲེག་ཁ་ནས་ལེན་ཞེས་བའི་སྲིད་ཇུས་གཉིས་ཅི་འདྲའི་གོ་ཟློག་ཞིག་རེད་ཨང་།
གནམ་ཞེས་པར། བོད་མི་ཚོར་སྤྱི་མཚུངས་ཀྱི་རང་དབང་མིན་འདུག་ལ་རང་གི་རྩ་བའི་བླ་མར་དད་མཇལ་ཞུ་དབང་མེད་པའི་འབོད་ཚིག་རང་སྲོག་ཞུགས་ལྕེབས་གནང་མཁན་ཚོས་བཀོད་པ་མ་གཟིགས་སམ། ང་ཚོས་བདེན་པ་རྩོད་རྒྱུ་དང་གཉིས་མོས་དབུ་མའི་ལམ་སྒང་ནས་རང་དབང་྄ཐོབ་ཐང་རྩོད་པ་ལས་གུན་བྲན་ནང་བཞིན་བཙན་དབང་ཤོད་འདོད་མེད་ལ། དེ་ཡང་མེ་མདའི་ཁ་ནས་དབང་ཆར་རྔམ་མཁན་གྱི་མི་རིགས་ཐབས་སྐྱོ་པོ་ཞིག་མིན། ང་ཚོ་ཞི་མཐུན་ཉམ་ཆུང་བྱས་ནས་མཐོ་བོད་གངས་ཅན་ལ་ལྷིང་ངེར་བསྡད་དད་ཡོད་མཁན་ཞིག་ལ་ངོས་འཛིན་བྱེད་ན་འགྲིག
ཆོས་ནི་མདོར་ན་མི་འཚེ་བར། །དེ་བཞིན་གཤེགས་པ་རྣམས་ཀྱིས་གསུངས། །ཞེས་པར་དད་པ་མཆོག་ཡོད་མཁན་ཞིག་ཡིན།
༧གོང་ས་ཡིད་བཞིན་ནོར་བུའི་མ་མཁྱེན་པ་ཞིག་ཞྭ་འགོ་ཁྱོད་ཚོས་གང་ཡང་མི་ཤེས། དྲྭ་བ་དཀྲུགས་མ་ཡོང་ཨ།
ཏ་ལའི་བླ་མས་ཡང་སྐྱར་རྒྱ་གོག་གི་སྲིད་ཇུས་མ་ཤེས་པར་མ་ཡིན་ཡིན་མདོག་དང་མ་ཤེས་ཤེས་མདོག་གིས་ཕྱི་རྒྱལ་བར་སྣང་བ་སྐྱིད་པོའི་སྐད་ཆ་བཤད་ཀྱི་འདུག སྐད་ཆ་རྫུན་མ་བཤད་པ་དེ་རིགས་ཀྱིས་བོད་དོན་ལ་རྒྱབ་སྐྱོར་ཐོབ་རྒྱུར་འགོག་རྐྱེན་འཕྲད་རྒྱུ་ལས་དགེ་མཚན་ཅི་ཡང་ཡོང་མི་སྲིད། ཏ་ལའི་བླ་མས་རྒྱ་གུང་ཁྲན་གྱིས་རྣ་རྒྱུག་ཐེངས་མང་གཞུད་པ་དེ་དག་བརྗེད་འཚར་བ་རེད་དམ།
མི་བུས།
རྗོད་བྱེད་བོད་སྐད་ཉག་འོག་གི བརྗོད་བྱ་ག་རེ་ཤོད་འདོད་ཡོད་དམ། མི་ཁྱོད་ཀྱིས་འཇོན་ན་བཀའ་བློན་ཁྲི་པར་ལངས་ན། དགའ་ལྡན་ཁྲི་པའི་ཁྲི་ལ་བདག་པོ་ཡོད་མ་རེད་དོ། །དེ་མིན་ཁ་བཙུམས་ནས་བསྡད་ན་རང་གཞན་གཉིས་ཕན་མེད་འགྲོ །
ཁ་བརྡའི་ནང་ལ་མི་བུ་ལྟ་བུའི་ལྟས་ངན་བསྟན་དགྲ་འདི་འདྲ་མང་པོ་རེད། མི་འདི་ཚོའི་དམིག་ཡུལ་ཅི་ཡིན་ང་ཚོས་ཤེས་པར་བྱེད་སྟེ་ནམ་ཡང་ཁོ་ཚོ་ལ་དོག་ཟོན་དང་རྒོལ་གཏམ་གཏོང་དགོས།
འདས་པའི་ལོ་སུམ་བཅུའི་ནང་རྒྱ་ལ་འགྱུར་བ་ག་ཚོད་ཕྱིན་མི་འདུག་གམ། རྒྱ་མི་མང་མི་མང་དང་རྒྱ་གུང་ཁྲན་དང་གུང་ཁྲན་ཞེས་ཟེར་ནས་སེམསཁྲལ་བྱེད་དགོས་དོན་མིན་འདུག ་འོན་ཀྱང་བོད་དོན་ནི་ཇི་ཞན་ཇི་སྡུག་་རེད་ལ། ཏ་ལའི་བླ་མས་གསུངས་བའི་སྐད་ཆ་དེ་རིགས་ནིཕལ་ཆེར་་མིང་ལ་རྒྱ་རིགས་ཤེས་ཡོན་ཅན་ཞེས་འབོད་ནའང་དོན་དངོས་ལ་རྒྱ་ཡུལ་དུ་ཤུགས་རྐྱེན་གང་ཡང་མ་མཆིས་པའི་རྒྱ་འཁྱམས་སྐོར་གྱི་སྐད་ཆ་ལ་གཞི་བཅོལ་བ་ཡིན་ཤས་ཆེ་། ་མི་ཁྱོད་ཚོ་འདྲ་བ་སྐད་ཅ་དྲང་བོ་བཤད་མཁན་ལ་རྒྱ་མིའི་སོ་བ་དང་བསྟན་དགྲ་རེད་ཟེར་ནས་ངར་ངར་ཤོར་ཤོར་བྱེད་བ་ལས་གཞན་ག་རེ་་ཤེས་ཀྱི་ཡོད།་ འབབ་མེད་རེ་སྟོང་དང་། ཚད་མེད་གཟོད་སན། མ་རྩ་མི་འཇོག་པར་ཁེ་བོག་ཐོབ་རེ་་བྱེད་པའི་གཤིས་ཀ་རྒྱ་གུང་ག་བར་མཐིལ་ནང་ལ་བླུགས་མི་འདུག་གམ། བོད་ལ་དེ་ལྟའི་རེ་བ་དང་རྒྱ་གུང་ཁྲན་དེ་ཏ་ལའི་བླ་མའི་གསུང་སྟངས་ལྟར་ཡིན་ན་བོད་མི་ག་རེ་བྱས་ན་མེར་བསྲེགས་གཏོང་གི་ཡོག་རེད། ད་སོ་སོའི་ཀླད་པ་སོ་སོའི་མགོ་ནང་འཚོ་འདུག་པས་བསམ་བློ་གཏོང་དང་། སྐྱག་ལྐུགས་ཁྱེད་ཚོ་ཡིན་ན་ག་དུས་རྨོངས་གཉིད་ལས་སད་ཀྱི་རེད་དམ། ལྷ་དང་བླ་མའི་དཔུང་རོགས་ཡོང་སྲིད་ནའང་། རྨོངས་གཉིད་གཐུག་པོ་འདི་ལས་་མ་སད་དེ་སྲིད་དུ་བོད་དོན་བདེན་མཐའ་གསལ་མི་ཐུབ་། ད་འདི་ལ་རྒོལ་གཏམ་གཏོང་ཤོག རྒོལ་གཏམ་གཏོང་སྐབས་ཚིག་ལ་དཀའ་ངལ་འཕྲད་ན་རྒྱ་རྣམས་དེ་ལའང་མཁས་བ་འདུག་པས་ཁྱོད་ཚོ་ལ་བློ་སྐྱེད་འདྲ་སྟེར་སྲིད་པ་ཡིན།་དེ་ལས་གཞན་མང་པོ་བཤད་ནའང་ཁྱོད་ཚོ་ལྟ་བུས་བསམ་ཤེས་ཐུབ་ཀྱི་རེད་བསམ་གྱི་མི་འདུག་བས་གནས་སྐབས་འདི་ཀ་ཙམ་གྱིས་འཐུས་པར་བྱས་སོ།།
དྲ་ཐོག་འདིར་བཀོད་པའི་དཔྱད་གླེང་གང་ཞིག་ཡིན་ཡང་མིའི་བྱས་པའི་གླེང་གཞི་ཡིན་པས་དེར་བསམ་ཚུལ་མི་མཐུན་པ་དང་། དགག་སྒྲུབ་ཀྱིས་སྦྱོང་བཤད་གང་ཡང་ཡོང་སྲིད་ལ། དེ་དག་ཡོང་དགོས་པ་ཞིག་ཀྱང་རེད། མི་འདིའི་སྐད་ཆ་ལ་བསམ་ཚུལ་བཤད་ཆོག་་ལ་མི་དེའི་གསུངས་བཤད་ལ་དཔྱོད་གླེང་གནང་མི་ཆོག་ཞེས་པའི་ཐ་རྙད་ཞིག་འཇིག་བརྟེན་གྱི་དམངས་གཙོ་དང་རང་དབང་གི་ལྟ་གྲུབ་ཀྱི་ཚིག་མཛོད་ནང་དུ་མེད། དེས་ན་གང་ཟག་ལ་མ་ལྟོས་ཆོས་ལ་ལྟོས་ཞེས་པ་དེ་ཡང་དོན་ལ་གནས། འོན་ཀྱང་། གནས་ཚུལ་གང་ཞིག་དོན་དང་མཐུན་མིན་སྐོར་གླེང་ཚེ་མི་སྒེར་གྱི་བྱ་སྤྱོད་དང་འབྲེལ་བའི་ཚིག་ངན་རིགས་མི་སྤྱོད་རྒྱུར་རེ་བ་ཡོད།
བརྗོད་དོན་ཡག་པོ་མ་གོ་ན་དཔེ་གཞག་ན་ཅུང་ཟད་ཕན་བསམ་ནས་གཤམ་གསལ་དཔེ་མཚོན་དྲངསན་ཡོད་ལ་གནས་ཚུལ་དངོས་རྒྱ་ཡིག་ལ་འཁོད་ཡོད་བ་དེ་དག་ཀྱང་འདིར་དྲངས་ཡོད་བས་བོད་ཡིག་མ་མཁན་གྱིས་ཀློག་ན་འཐུས།
རྒྱ་ནག་འཐབ་ཕྱོགས་གཅིག་འགྱུར་པུའུ་ཟེར་བའི་དཔོན་པོ་གསར་བ་ལིང་ཅི་ཧའ་ཡི་ཕྲུ་ག་པག་ལ་དེས་རིན་ཐང་ལ་རྒྱ་དངུལ་ས་ཡ་དྲུག་ལ་ཉེ་བའི་མོ་དྲའི་ནང་མི་རིགས་སློབ་ཆེན་གྱི་བོད་རིགས་སློབ་མ་ཞིག་དང་རྒྱ་མོ་ཞིག་ལ་རྒྱོ་སྐབས་རླངས་འཁོར་གྱི་ཁ་ལོ་ཤོར་ནས་ཁོ་་པ་དེ་མ་ཉིད་དུ་རྐྱེན་ལམ་དུ་སོང་འདུག་ལཉ། འཆལ་མོ་དེ་གཉིས་སྨན་ཁང་དུ་བསྐྱལ་འདུག
ལིང་ཅི་ཧའ་ཟེར་མཁན་དེ་ནི་ཧུའུ་ཅིན་ཏོའོ་ཡི་རྒྱུགས་ཁྱི་ངར་མ་སྐད་གྲགས་ཅན་དེ་རེད་ལ་ཁོ་པ་སྔར་བཞིན་རླུང་རྟ་འཕར་ནས་དེ་རིང་རང་བོད་ལ་སོགས་པའི་མི་རིགས་བཙིར་གནོན་བྱེད་མཁན་གྱི་ལས་ཁུངས་དེའི་དཔོན་པོར་བསྐོས་འདུག རེད།ང་ལྟ་བུ་མི་ཐབས་ཆག་ཞིག་གི་དེ་དག་ནི་རྒྱ་ནག་དེ་ཉིད་ལངས་་ཕྱོགས་ལ་འགྱུར་བ་འགྲོ་ཡི་ཡོད་པ་གང་ཡང་མཐོང་གི་མི་འདུག རྒྱ་ལ་བསྟོད་འོས་པ་དང་དེ་ནས་རེ་བ་གང་ཡང་མཐོང་གི་མི་འདུག ལས་་དང་བསོད་ནམས་མེད་པའི་རྐྱེན་གིས་དེ་དག་མ་མཐོང་ཡིན་གང་ཤེས། འོན་ཀྱང་དེ་ལྟ་བུའི་གསང་བ་ལྐོག་འགྱུར་གྱི་གནས་ལ་རིག་པ་བཏང་ནས་མི་ཚེ་ནི་ངས་འཁྱོལ་ཐུབ་པ་མི་འདུག་པས་རྟིང་མ་བྱིས་པའི་ལོ་ལ་བལྟ་ཤེས་བལྟ་ཤེས་བྱེད་ཀྱི་ཡིན་ད།།
8月18日半夜,北京的车祸中、令计划的儿子驾驶的5百60万的法拉利撞毁,令公子即刻死亡。令计划是办公厅主任,胡锦涛最信任的人。令计划的公子小令在车内完全赤裸,酒后驾车做爱,撞到中间护栏。车内一名全裸的来自中央民族大学的藏族女生坐在他的腿上。另外一个汉族女生坐在后面,半身赤裸,协助他们的性交游戏。两名女生重伤紧急送医,一名永久残废,一名还在复苏中。 (博讯 boxun.com)
北京交通管理局在事发后15分内到现场,不到一小时,三名中央警卫局(又称九局)的副局长,以及一名中央办公厅的副主任赶到现场。这证实死者的重要性,是令计划的儿子,令计划是中办主任、中央办公厅主任、胡锦涛的大秘。
令计划的儿子北京8·18车祸死亡,调查发现和周永康、薄熙来有关。博讯稍后发布更重大的内幕消息。
མི་བུར་ ༧གོང་ས་མཆོག་ནས་པེ་ཅིང་སྲིད་གཞུང་གིས་དོན་དམ་གྱི་ལངས་ཕྱོགས་ཐོག་བསྒྱུར་བཅོས་བཏང་བ་ཡིན་ན་ཞེས་སོགས་གསུངས་པའི་གོ་དོན་ཙམ་ཡང་མ་རྟོགས་པར། ༧གོང་ས་མཆོག་ལ་གཞི་མེད་སྐྱོན་བརྗོད་བྱེད་པ་ནི་མི་བུ་ཁྱེད་མིའི་གཟུགས་ལ་ཕྱུགས་ཀྱི་འདུ་ཤེས་ཅན་ལས་མ་འདས་ན་བཀའ་དྲིན་ཤིན་ཏུ་ཆེ་བའི་༧གོང་ས་མཆོག་ལ་རྒོལ་བ་དེ་ཁྱེད་རང་དངུལ་དངོས་ཀྱི་ཕོངས་ནས་རྒྱ་དམར་གུང་བྲན་དང་དོལ་ཚོགས་ཀྱི་ལས་དོན་བསྒྲུབས་པ་མ་ཡིན་ནམ།།།།
སྐད་ཆ་འདྲ་ཆགས་པོ་དང་།་བསྟོད་ངག དམའ་འབེབས་ཀྱི་སྐད་ཆ་སུས་ཀྱང་བཤད་ཤེས་ཀྱི་རེད།་དོན་ཐོག་ལ་འཁྱོལ་ཡོད་མེད་ནི་དོན་དངོས་ལ་དཔགས་པའི་རང་རང་བསམ་བློས་ཐག་གཅོད་རྒྱུ་དེ་རེད། བོད་ཀྱི་ལོ་རྒྱུས་ཐོག་བྱང་མྱོང་མེད་པའི་མི་གཤིས་ཀྱི་འོད་ཟེར་འཕྲོ་བའི་བོད་ཀྱི་དེང་རབས་ཀྱི་བསམ་བློ་བ་ཆེན་མོ་བ་གཉིས་སྟེ་དགེ་འདུན་དང་དོན་གྲུབ་རྒྱལ་གྱི་བརྩམས་ཆོས་ལ་མང་ཙམ་བལྟས་ནས་བསམ་བློ་བཏང་ཐུབ་ན་རང་འཁྲུལ་གཞན་རྨོངས་ཀྱི་སྐད་ཆ་དེ་དག་ཉུང་ཙམ་ཐོན་གྱི་རེད་བསམ་གྱི་འདུག
ངའི་བསམ་བློ་དེ་དང་རྒྱ་ཡི་སོ་པའམ་དོལ་རྒྱལ་དང་འབྲེལ་བ་ཡོད་མེད་སྐོར་བསམ་བློ་གཏོང་ཡས་ཀྱི་དུས་ཚོད་མི་འདུག ཨོ།་ཞོར་དུ་བསམ་བློ་འཁོར་བ་ཞིག་ལ་རྒྱ་ནག་ནང་འགྱུར་བ་འགྲོ་མ་ཐུབ་པའི་རྒྱུ་མཐན་གཅིག་ནི་རྒྱ་རྣམས་ཕལ་ཆེ་བས་མའོ་ཙེ་ཏུང་ཞེས་པ་རང་རེས་བདུད་ལ་ངོས་འཛིན་བྱེད་ཡུལ་དེ་ཁོང་ཚོའི་སྐྱབས་ཡུལ་གྱི་ལྷ་ལ་བརྩིས་ནས་དད་པ་དགའ་ཞེན་བླ་ལྷགས་ཏུ་བྱེད་ཀྱི་འདུག སྣང་ཚུལ་དེ་ལྟར་ཐོན་དགོས་པའི་རྒྱུ་མཚན་ནི་ལར་མའོ་ཙེ་ཏུང་ནི་རྒྱ་མི་རིགས་ལ་་དྲིན་ཆེའོ་ཞེས་གླེང་ནས་ཁོ་པའི་ཤུལ་གཞག་དག་རྒྱུན་འཛིན་བྱེད་པ་ཡིན་ནའང་རྒྱུ་རྐྱེན་གཙོ་བོ་ནི་་དམངས་རྣམས་མུན་ཐོམས་མ་སངས་བའི་རྐྱེན་གྱིས་ཡིན་པ་དེ་ཤེས་པར་བགྱིས་ཤིག རྒྱ་དམར་ཀྱི་ལྟོ་ཕོག་བཟའ་མཁན་དེ་ཚོ་མི་ངན་པ་རྒྱུ་འབྲས་ལ་མི་བརྩི་བ་ཞེ་ཅིག་ཡིན་འདུག་ནའང་། དེ་ཚོ་ཆབ་སྲིད་ཟེར་བའི་རིག་པ་དེར་མཁས་པ་རེད་འདུག བལྟོས་དང། ་དེ་ཚོས་སོ་སོར་ཁེ་བཟང་གང་དུ་ཡོད་མེད་དང་དོན་དངོས་དང་བསྟུན་ནས་དམིགས་ནས་ཡུལ་སྒྲུབ་ཀྱི་མི་འདུག་གམ། ངས་བྱས་ན་མི་དེ་ཚོའི་བསམ་པའི་་ཀུན་སླ྄ོང་དང་དགོས་པ་གང་ཡིན་མ་བལྟོས་པར་ཁོ་པ་ཚོའི་ཆབ་སྲིད་བློ་ཁོག་དང་དུས་བསྟུན་ཐབས་ཤེས་ལ་སློབ་སྦྱོང་བྱེད་རིན་མི་འདུག་གམ
དྲ་བུ་སོགས་ལ།
བོད་མི་ས་ཡ་དྲུག་གི་ནང་ནས། འདས་མ་གསོན་པོར་ནས་པ་ཚང་མའི་ནང་ནས། ཕོ་རྒོད་ཤོས་དེ་བོད་པ་བསྟན་འཛིན་རྒྱ་མཚོ་རེད་སྙམས། རྒྱ་དམག་ཡོང་ནས་ཕ་ཡུལ་འཕྲོགས། ཕྱི་ལ་འབུད། བར་སྐབས་ང་རྒྱལ་གྱི་རྔ་བརྡུང་བའི་སྐབས་ལ། ཁོང་གིས། རྒྱ་གར་ལ་ས་རྡོག་རྡོག་ཆུང་ཆུང་ཞིག་གི་སྒང་ལ། བོད་པ་རྣམས་ཚུར་བསྡུ། རྒྱལ་སྤྱིའི་ལུགས་སྲོལ་དང་བསྟུན་པའི་སྲིད་གཞུང་ཞིག་བཙུགས། ལོ་སྟོང་ཕྲག་གཅིག་ལྷག་ཁ་བྲལ་ལ་སོང་བའི་བོད་མི་རྣམས་དར་ཆ་གཅིག་གི་འོག་ལ་ཆོལ་གསུམ་བོད་མི་ཟེར་བའི་ངོ་བོ་སླར་གསོ་བྱས། མིག་སྔར་སྲིད་གཞུང་དེ་ཡང་རིགས་རུས། ཕོ་མོ། སྐྱ་སེར་ཁྱད་པར་མེད་པར། བོད་མི་ཐམས་ཅད་ཀྱི་མངོན་འདོད་བྱེད་པའི་གཞུང་ཞིག་བཙུགས་ནས། འཛམ་གླིང་གི་ཕོ་མོ་མང་པོས་ཡ་མཚན་དང་བསྟོད་པ་བྱེད་པའི་ལུགས་སྲོལ་སྲིད་འདིར་ངོ་མ་བྱུང་མྱོང་མེད་པ་ཞིག་བསྐྲུན་སོང་། འཛམ་གླིང་འདིའི་ནང་ལ། རྒྱལ་ཁབ་སུ་གང་ཞིག་གིས་ཁས་ལེན་མེད་བཞིན་དུ། རང་རེ་བོད་པ་ཚང་མས་གུས་ཞབས་བྱེད་པའི་སྲིད་གཞུང་འཛུགས་ཐུབ་མཁན་བྱུང་སོང་ངམ།
དེ་བཞིན་ཕོ་རྒོད་པོ་བསྟན་འཛིན་རྒྱ་མཚོས་རང་གི་ནང་བསྟན་རིག་པའི་ཤེས་བྱ་དང་དེའི་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད་པ་དེ་དག་འཁུར་ནས་འཛམ་གླིང་ཤར་ནུབ་གང་སར་བྱོན་ནས། སེམས་ཀྱི་ཞི་བདེ་དང་། འགྲོ་བ་མི་ཕན་ཚུན་གཅིག་གྲོགས་གཅིག་སྐྱོར་བྱེད་པའི་བཀའ་སློབ་ལོ་མང་གནང་བའི་འབྲས་བུར། འཛམ་གླིང་འདིའི་སྟེང་གི་བྱ་དགའ་ཆེ་བ་ཚང་མ་ཁོང་ལ་ཕུལ་སོང་། དེ་དང་མཉམ་དུ་སྒོར་མོ་ས་ཡ་མང་པོ་ཐོབ་པ་དེ། གཙོ་བོ་བོད་མི་རིགས་ཀྱི་ཐོབ་ཐང་འདི་སླར་གསོ་ཐུབ་བྱེད་འགྲོ་སོང་བཏང་ནས། ས་གཞི་རིལ་མོ་འདིའི་ནང་ལ་བོད་དོན་གྱི་དྲིལ་བསྒྲགས། ཆེན་པོ་རྒྱ་ནག་གི་དམག་སྲིད་དཔལ་བྱོར་གྱིས་ཁ་གཏད་མ་ཐུབ་པར་བཅག་སོང་།
ད་དུང་ཕོ་རྒོད་པོ་བསྟན་འཛིན་རྒྱ་མཚོ་བོད་ཕྱི་ལ་ཞུགས་ཀྱང་། ཁོང་མཇལ་མྱོང་མེད་པའི་བོད་པ་ལོ་བཅུ་ཕྲག་དང་ཉི་ཤུ་བ་རྒྱ་གུང་ཁྲན་གྱི་འོག་ལ་འཚར་ལོངས་བྱས་པ་རྣམས་ཀྱིས་བསྟན་འཛིན་རྒྱ་མཚོ་ངེད་ཚོའི་དབུ་ཁྲིད་ཡིན། ཁོང་བོད་ལ་ལོག་ཕེབས་བཅུག་དགོས་ཟེར་ནས། རྒྱ་ནག་ལ་ངོ་རྒོལ་མཚམས་མེད་བྱས་ནས། རྒྱ་ནག་གི་དབང་འཛིན་པ་རྣམས་ཤིན་དུ་བསྐྲགས་པར་བྱས་ནས། ད་ལྟ་བོད་ཆོལ་ཁ་གསུམ་གྱི་བོད་མི་སྡོད་ཡུལ་ཀུན་ལ་དམག་གིས་བཀང་ནས། བོད་མི་རེ་གཉིས་མཉམ་དུ་ཐུག་ཀྱང་ཁ་བྲལ་གྱི་ལས་ཀ་ཟེར་བའི་འཇིགས་སྣང་ག་ཚོད་རྒྱ་ལ་སྤྲད་འདུག
དྲ་བུ་རང་བོད་པ་ཞིག་ཡིན་ན། ཉིན་རེ་བཞིན་རང་སྲོག་མེ་ལ་བསྲེགས་མཁན་གྱི་ཕོ་མོ་ན་གཞོན་དེ་ཚོའི་གནས་སྟངས་ལ་བལྟས་ནས་རྒྱལ་བ་བསྟན་འཛིན་རྒྱ་མཚོ་མཆོག་ལ་རྙོག་འདྲ་ཤོད་ཐུབ་པ་འདུག་གམ།
སྐྱོན་གྱིས་མ་གོས་སྤྱན་རས་གཟིགས་དབང་ཉིད།།
སྟོང་གསུམ་མེ་ཡིས་བཀང་བར་བྱས་གྱུར་ཀྱང་།།
ཁྱེད་ཀྱི་རྣམ་པ་གཞན་དུ་འགྱུར་མེད་པས།།
གསེར་ལྟར་ལྷམ་མེར་ལྷན་ནེར་གོང་ས་མཆོག།
དེང་སང་སྐྱེས་བུ་ངན་པ་སྲང་མདའ་བཞིན།།
ཅུང་ཟད་ཙམ་གྱིས་འགྱུར་བ་ཡོམ་ཡོམ་གཡོ།།
འཇིག་རྟེན་འདི་ན་མི་འགྱུར་ལྷུན་པོ་ནི།།
སྐྱ་ཆད་སྔོ་སྡུག་ཁྲོད་ཀྱི་གོང་ས་མཆོག།
གཞན་གྱི་བཙན་དབང་སྟོབས་ཤུགས་ཆེ་ན་ཡང་།།
རང་གི་དེ་ཉིད་ནམ་ཡང་མི་འགྱུར་བའི།།
བདེན་པ་སྲོག་ལ་བབས་ཀྱང་མི་འདོར་བའི།།
མགོན་པོ་ཁྱེད་ཀྱི་རྗེས་འཇུག་མང་དུ་བདོག།