མེ་སྒྱོགས་རྒྱ་མཚོས།
————–
http://www.pbs.org/wnet/wideangle/episodes/china-prep/video-full-episode/2722/
ལྟད་མོ་འདི་ལ་གཟིགས་རྗེས་ཁྱེད་རྣམ་པས་འོག་གི་དྲི་བ་དག་ལ་བསམ་བཞིགས་བྱས་ནས་བསམ་ཚུལ་ལྷུག་པོར་འདིར་གསུང་རོགས།
1. ང་ཚོ་བོད་ཕྱི་ནང་གི་བོད་མི་ཚོས་འདི་འདྲ་ཞིག་བྱ་དགོས་རྒྱུ་རེད་པས?
2. བྱ་ཐུབ་ཀྱིན་རེད་པས?
3. བྱ་འདོད་ཀྱང་མཐུན་རྐྱེན་མེད་པ་རེད་པས?
ངས་ཤེས་གསལ་ལ། བཙན་བྱོལ་བོད་མིའི་ཤེས་རིག་སྲིད་ཇུས་ནི་མ་འཆི་གསན་ཐབས་ (survival strategy) ལྟ་བུ་ཞིག་དང་། རྒྱ་ནག་གི་ཤེས་ཡོན་སྲིད་ཇུས་ནི་འཛམ་གླིང་ལ་ཁ་གཏད་དེ་འགྲན་སེམས་ཆེན་པ་ཞིག་ གིས་བསྐུལ་ནས་མདུན་སྐྱོད་ཆེན་པོ་ཞིག་བྱེད་བཞིན་ཡོད་པ་མཐོང་ཐུབ་ཀྱིན་འདུག་ པས་དེ་ནི་ (“thrival” strategy) ཟེར་ན་མི་འགྲིགས་མིན་འདུག
4. ད་ ལྟའི་བོད་ཀྱི་ཆབ་སྲིད་ཀྱི་གནས་སྟངས་འཕོ་འགྱུར་འགྲོ་མིན་ལ་མ་བརྟེན་པར་ད་ ལྟའི་བོད་གཞུང་གི་ཤེས་རིག་སྲིད་ཇུས་དེ་རྒྱུན་འཛིན་བྱ་རྒྱུ་རེད་པས། བྱེད་ན་ཡག་གི་རེད་དམ།
ངའི་དཀའ་ངལ་ནི་རང་གི་བདེ་སྡུག་སྟེ། ངའི་དགའ་རོགས་མདང་དགུང་མི་ཞིག་གི་མནའ་མར་གྱུར་བ་དེ་རེད། དེ་ཡང་ཕ་མའི་བཙན་དབང་གིས་རེད།
དགོངས་དག
གཤམ་གསལ་ནི་ངའི་ཁ་པར་ནང་གི་དགའ་རོགས་ལ་ཕུལ་རྒྱུའི་ཡིག་ཆུང་ཤིག་ཡིན། གྲོགས་པོ་ཚོའི་སྤྱན་ལམ་དུ་བསྟར་བར་བྱའོ།
ལོ་བཅུ་ལྷག་གི་གོང་ལ་ཕ་ཡུལ་ནས་བུ་མོ་ཞིག་ལ་སེམས་གཏིང་ནས་དགའ་སོང་། ཡིན་ནའང་རང་ཉིད་ལ་བློ་སྤོབས་ཞན་པའི་དབང་གིས་སེམས་ཀྱི་སྐད་ཆ་རྣམས་བུ་མོ་དེར་ཇི་མ་ཇི་བཞིན་དུ་བཤད་མ་ཐུབ་པར་རྒྱ་གར་དུ་ཆས། སེམས་ཀྱི་བརྩེ་དུང་གི་ཁྲལ་འབབ་དེ་རྒྱ་གར་དུ་ཅིས་ཀྱང་འཁྱེར་མ་འདོད་པར། ལྷ་ས་ནས་བུ་མོ་དེར་ཡིག་ཆུང་ཞིག་བསྐུར།
ད་ནི་ལོ་འཁོར་བཅུ་ལྷག་འགོར་སོང་། ལོ་ཤས་ཀྱི་གོང་ལ་བུ་མོ་དེར་ཁ་པར་དང་དྲ་རྒྱ་སོགས་ཀྱི་སྐུད་ལམ་ནས་སླར་ཡང་འབྲེལ་བ་བྱེད་ཐུབ་པར་གྱུར་མོད། ལོ་གཅིག་གི་ལྷག་གི་རིང་ལ་ཁོ་བོའི་སེམས་ཀྱི་དགའ་ཕྱོགས་རྣམས་ཁོ་མོར་ཇི་བཞིན་དུ་བཤད་སྤོབས་མ་བྱུང་། དུས་ཡུན་འདིའི་རིང་ལ་ངའི་མི་ཚེ་ལའང་དུས་ཀྱི་འཁོར་འགྲོས་དང་བསྟུན་ནས་འགྱུར་ལྡོག་གང་མང་བྱུང་སྟེ། ད་ནི་རང་ལ་ཚེ་གྲོགས་ཀྱི་བཟའ་ཟླ་ཞིག་ཀྱང་ཡོད་མོད། བརྩེ་སེམས་ཟེར་བ་འདི་ལ་ཁ་ལོ་བསྒྱུར་མི་ཐུབ་པར་རང་གི་འདོད་ཞེན་རྣམས་བུ་མོ་དེ་ཇི་མ་ཇི་བཞིན་དུ་བཤད་པར་ཐལ། ཡིན་ནའང་མདང་དགུང་ཤེས་གསལ་ལྟར་ན། ཕ་མ་སྤུན་མཆེད་ཀྱི་བཙན་ཤེད་ཀྱི་འོག་ཏུ་ཁོ་མོ་མི་གཞན་པ་ཞིག་གི་མནའ་མ་རུ་གྱུར་འདུག ད་ངས་ག་རེ་བྱེད་དགོས་སམ།
མི་ཡུལ་ན་འདི་འདྲའི་དཀའ་ངལ་ནི་གནམ་མཁའི་སྐར་ཚོགས་ལས་ཀྱང་མང་གི་རེད། དཀའ་ངལ་དེ་དག་འཕྲད་དེ་འོང་དུས་དེར་གདོང་ལེན་བྱེད་ཐུབ་མཁན་ནི་སྐྱེ་བུ་ཀུན་གྱིས་ནང་གི་ཕུལ་དུ་བྱུང་བ་ཞིག་ཆགས་ཀྱི་ཡོད་པ་རེད། སྐྲ་རིང་ལགས། ད་ནི་ཁྱེད་རང་གིས་ཁོ་མོའི་བདེ་སྐྱིད་འདོད་ན་ཁྱེད་རང་ལ་བཟའ་ཟླ་ཡོད་བཞིན་དུ་ཁོ་མོ་ལ་འབྲེལ་བ་མ་བྱས་ན་ཡག་པོ་རེད། གང་ཡིན་ཟེར་ན་འབྲེལ་བ་མུ་མཐུད་དུ་བྱོས་དེ་བསྡད་པ་ཡིན་ན། ཁོ་མ་ལ་ཕན་རྒྱུའི་ཚབ་དུ་གནོད་འགྲོ་ངེས་རེད། དེ་ལས་ཁ་རོག་གེར་ཞོག་དང་ཁོ་མོའི་སེམས་རང་བཞིན་དུ་ཀུ་ཡངས་ཤིག་ཆགས་འགྲོ་ངེས་ཡིན། འདི་ནི་ང་རང་གི་ཉམ་མྱོང་ཙམ་ཞིག་ཡིན་སྟབས་ཁྱེད་རང་ལ་ཞུས་པ་ཡིན།
ཨ་རོ་་་་་། སྐྲ་རིང་། ཁྱོས་”གཤམ་གསལ་ནི་ངའི་ཁ་པར་ནང་གི་དགའ་རོགས་ལ་ཕུལ་རྒྱུའི་ཡིག་ཆུང་ཤིག་ཡིན།”ཟེར། འདི་མོ་ཀློའུ་བཤད། གང་ན་ཡོད། ཁྱོད་ཀྱི་ཁ་པར་ནང་གི་དགའ་རོགས་ལ་ཕུལ་རྒྱུའི་ཡིག་ཆུང་། ཐང་ཐང་མེད་ནི་ཞིག་ཡིན་ནས་མིན་ནམ།
ང་ནི་མི་སྤོབས་པ་ཅན་ཞིག་མིན་ཞེས་དང་པོ་ནས་བཤད་ཟིན། དེའི་སྒང་ལ་ཡི་གེ་དེ་རྒྱ་ཡིག་ཡིན་པས་འདིར་བཀོད་པ་ཡིན་ན་ངའི་སྒང་ལ་མཆོངས་མཁན་གྱི་བོད་སྲུང་དམག་མི་མང་རྒྱུ་རེད་བསམ་ནས་ཕྱིར་འཐེན་བྱས་བཞག ད་སྡུག་བསྔལ་འདི་རང་སེམས་སུ་དུར་སྦས་བྱེད་རྒྱུ་ལས་ཐབས་གཞན་མི་འདུག ཆེས་མི་སྐྱིད་པ་ནི་བཟའ་ཟླ་དང་སྔས་ཐོག་གཅིག་བྱས་ཏེ་སེམས་སུ་བུ་མོ་གཞན་ཞིག་སྒོམ་རྒྱུ་འདི་རེད།
མི་འདི་ཚོ་ལ་ཆོ་མིན་འདུག