2014-12-07 扎西德机译 藏区防艾小组
༢༠༡༤།༡༢།༧ བཀྲ་ཤིས་བདེ་སྐྱིད་ཀྱིས་བསྒྱུར། བོད་ཁུལ་ཨེ་འགོག་ཚོགས་ཆུང་།
ཨེ་ཛི་ནད་ཡམས་འགོག་བཅོས་ཁྲིམས་ཡིག 艾滋病防治条列
国务院公布《艾滋病防治条例》
རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཁྱབ་བསྒྲགས་བྱས་པའི་ཨེ་ཛི་ནད་ཡམས་འགོག་བཅོས་ཁྲིམས་ཡིག།
《艾滋病防治条例》已经2006年1月18日国务院第122次常务会议通过,现予公布,自2006年3月1日起施行。
总理 温家宝
二○○六年一月二十九日
ཨེ་ཛི་ནད་ཡམས་འགོག་བཅོས་ཁྲིམས་ཡིག་འདི་༢༠༠༦ལོའི་ཟླ་དང་པོའི་ཚེས་༡༨ཉིན་ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་ཐེངས་༡༢༢་པའི་ཐོག་གྲོས་འཆམ་བྱུང་ཞིང་།༢༠༠༦ལོའི་ཟླ་༣་པའི་༡ཉིན་ནས་ལག་བསྟར་བྱས།
ཙོང་ལི་ཝན་ཅ་པོ་ནས།
༢༠༠༦ལོའི་ཟླ་དང་པོ་ཚེས་༢༩ཉིན་སྤྱི་བསྒྲགས་བྱས།
第一条 为了预防、控制艾滋病的发生与流行,保障人体健康和公共卫生,根据传染病防治法,制定本条例。
དོན་ཚན་དང་པོ། རིམས་ནད་འགོག་བཅོས་ཀྱི་བཅའ་ཁྲིམས་ལ་གཞིར་བྱས་ཏེ་ཨེ་ཛི་ནད་ཡམས་རིམས་ནད་སྔོན་འགོག་དང་ཚོད་འཛིན།མི་དམངས་བདེ་ཐང་དང་འཕྲོད་བསྟེན་གྱི་ཆེད་དུ་ཁྲིམས་ཡིག་འདི་བཟོས་པ་ཡིན།
第二条 艾滋病防治工作坚持预防为主、防治结合的方针,建立政府组织领导、部门各负其责、全社会共同参与的机制,加强宣传教育,采取行为干预和关怀救助等措施,实行综合防治。
དོན་ཚན་གཉིས་པ། ཨེ་ཛི་ནད་ཡམས་འགོག་བཅོས་ལས་ཀ་ལ་སྔོན་འགོག་གཙོར་བཟུང་དང་འགོག་བཅོས་ཟུང་འབྲེལ།སྲིད་གཞུང་གི་སྣེ་ཁྲིད་དང་ལས་ཁུངས་སོ་སོས་རང་འགན་རང་ཁུར། སྤྱི་ཚོགས་ཡོངས་རྫོགས་མཉམ་ཞུགས་བཅས་བྱེད་པའི་སྒྲིག་གཞི་བཙུགས་ནས། ཨེ་འགོག་སློབ་གསོ་ཁྱབ་བསྒྲགས་ལ་ཤུགས་གནོན་དང་། སྤྱོད་ལམ་བསྒྱུར་བཅོས་དང་ཐུགས་ཁུར་རོགས་སྐྱོབ་ཀྱི་ཐབས་ལམ་སྤྱད་དེ།ཕྱོགས་ཡོངས་ནས་རང་འཛོམས་རང་བཞིན་གྱི་འགོག་བཅོས་བྱེད་དགོས།
第三条 任何单位和个人不得歧视艾滋病病毒感染者、艾滋病病人及其家属。艾滋病病毒感染者、艾滋病病人及其家属享有的婚姻、就业、就医、入学等合法权益受法律保护。
དོན་ཚན་གསུམ་པ། ལས་ཁུངས་གང་དང་མི་སྒེར་སུ་རུང་ཨེ་ཛི་ནད་དུག་ཅན་དང་།ཨེ་ཛི་ནད་པ། དེའི་ཁྱིམ་མི་ལ་དམའ་འབེབ་བྱེད་མི་རུང་། ཨེ་ཛི་ནད་དུག་ཅན། ཨེ་ཛི་ནད་པ་དང་དེའི་ཁྱིམ་མི་ལ་ཡོད་པའི་གཉེན་སྒྲིགལས་ཞུགས། སྨན་བཅོས། སློབ་གྲྭར་འགྲོ་བ་སོགས་ཁྲིམས་མཐུན་གྱི་དབང་ཆ་ལ་ཁྲིམས་ལུགས་ཀྱིས་སྲུང་སྐྱོབ་ཐོབ།
第四条 县级以上人民政府统一领导艾滋病防治工作,建立健全艾滋病防治工作协调机制和工作责任制,对有关部门承担的艾滋病防治工作进行考核、监督。
དོན་ཚན་ལྔ་པ། རྫོང་རིམ་པ་ཡན་གྱི་མི་དམས་སྲིད་གཞུང་གིས་ཨེ་ཛི་ནད་ཡམས་འགོག་བཅོས་ལས་ཀ་ལ་གཅིག་འགྱུར་གྱིས་འགོ་ཁྲིད་དང་།ཨེ་ཛི་ནད་ཡམས་འགོག་བཅོས་ལས་ཀའི་སྒྲིག་གཞི་འཐུས་ཚང་ཅན་དང་ལས་ཀའི་འོས་འགན་ལམ་ལུགས་བཟོ་བ། འབྲེལ་ཡོད་ལས་ཁུངས་ཀྱིས་འགན་ལེན་གྱི་ཨེ་ཛི་ནད་ཡམས་འགོག་བཅོས་ལས་ཀ་ལ་བརྟག་དཔྱད་དང་ལྟ་སྐུལ་བྱེད།
县级以上人民政府有关部门按照职责分工负责艾滋病防治及其监督管理工作。
རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་དང་འབྲེལ་ཡོད་ལས་ཁུངས་སོ་སོས་ལས་འགན་ལས་བགོ་བྱས་ཏེ་ཨེ་ཛི་ནད་ཡམས་འགོག་བཅོས་དང་དེ་ལ་ལྟ་སྐུལ་འོག་དོ་དམ་བྱེད་དགོས།
第五条 国务院卫生主管部门会同国务院其他有关部门制定国家艾滋病防治
规划;县级以上地方人民政府依照本条例规定和国家艾滋病防治规划,制
定并组织实施本行政区域的艾滋病防治行动计划。
རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཕྲོད་བསྟེན་གཙོ་གཉེར་སྡེ་ཁག་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་གཞན་པ་རྣམས་དང་མཉམ་དུ་རྒྱལ་ཁབ་རིམ་པའི་ཨེ་ཛི་ནད་ཡམས་འགོག་བཅོས་འཆར་འགོད་གཏན་འབེབ་བྱེད་ཅིང་།རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གིས་ཁྲིམས་ཡིག་འདི་དང་རྒྱལ་ཁབ་རིམ་པའི་ཨེ་ཛི་ནད་ཡམས་འགོག་བཅོས་འཆར་གཞི་ལ་གཞིར་བྱས་ནས་ས་གནས་སྲིད་འཛིན་ཁུལ་ཀྱི་ཨེ་ཛི་ནད་ཡམས་འགོག་བཅོས་ཀྱི་ལག་བསྟར་འཆར་གཞི་བཟོ་ཞིང་ལག་ལེན་བསྟར་རྒྱུ་རྩ་འཛུགས་བྱེད།
国家鼓励和支持工会、共产主义青年团、妇女联合会、红十字会等团体协助各级人民政府开展艾滋病防治工作。
རྒྱལ་ཁབ་ཀྱིས་བཟོ་ཚོགས་དང་གུང་ཁྲན་རང་ལུགས་གཞོན་ནུ་ཚོགས་པ།བུད་མེད་མཐུན་ཚོགས། རྒྱ་གྲམ་དམར་པོ་ཚོགས་པ་སོགས་ཚོགས་པ་སོ་སོ་ཡིས་མི་དམངས་སྲིད་གཞུང་གི་ཨེ་ཛི་ནད་ཡམས་འགོག་བཅོས་ལས་ཀ་ལ་རམ་འདེགས་བྱེད་པར་སྐུལ་མ་དང་རྒྱབ་སྐྱོར་ཡོད།
居民委员会和村民委员会应当协助地方各级人民政府和政府有关部门开展有关艾滋病防治的法律、法规、政策和知识的宣传教育,发展有关艾滋病防治的公益事业,做好艾滋病防治工作。
གྲོང་མི་ཨུ་ཡོན་ལྷན་ཁང་དང་གྲོང་གསེབ་པ་ཨུ་ཡོན་ལྷན་ཁང་གིས་ས་གནས་མི་དམངས་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གིས་ཨེ་ཛི་འགོག་བཅོས་སྐོར་གྱི་བཅའ་ཁྲིམས་དང་།ཁྲིམས་ཡིག། སྲིད་ཇུས། ཤེས་བྱ་སོགས་ཀྱི་ཁྱབ་བསྒྲགས་སློབ་གསོ་གཏོང་བ་དང་། ཨེ་ཛི་ནད་ཡམས་འགོག་བཅོས་ཀྱི་སྤྱི་ཕན་ལས་རིགས་སྤེལ་བ་སོགས་ཨེ་ཛི་ནད་ཡམས་འགོག་བཅོས་ལས་དོན་སྒྲུབ་པར་རོགས་རམ་བྱེད་པ།
第七条 各级人民政府和政府有关部门应当采取措施,鼓励和支持有关组织和个人依照本条例规定以及国家艾滋病防治规划和艾滋病防治行动计划的要求,参与艾滋病防治工作,对艾滋病防治工作提供捐赠,对有易感染艾滋病病毒危险行为的人群进行行为干预,对艾滋病病毒感染者、艾滋病病人及其家属提供关怀和救助。
དོན་ཚན་བདུན་པ། རིམ་པ་སོ་སོའི་མི་དམངས་སྲིད་གཞུང་དང་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་ཁག་གིས་ཚོགས་པ་དང་མི་སྒེར་སུ་ཡིན་རུང་ཁྲིམས་ཡིག་འདི་དང་རྒྱལ་ཁབ་རིམ་པའི་ཨེ་ཛི་ནད་ཡམས་འགོག་བཅོས་འཆར་གཞི་དང་ཨེ་ཛི་ནད་ཡམས་འགོག་བཅོས་ལག་བསྟར་འཆར་གཞི་ནང་ལྟར་ཨེ་ཛི་ནད་ཡམས་འགོག་བཅོས་ལས་ཀ་ལ་ཞུགས་པ་དང་།ཨེ་ཛི་ནད་ཡམས་འགོག་བཅོས་ལས་ཀ་ལ་རོགས་དངུལ་སྦྱིན་པ། ཨེ་ཛི་ནད་དུག་འགོ་ཉེན་ཆེ་བའི་མི་མང་གི་སྤྱོད་པ་བསྒྱུར་བཅོས་ལས་འགུལ་སྤེལ་བ།དེ་མིན་ཨེ་ཛི་ནད་དུག་ཅན་དང་ནད་པའམ་དེ་དག་གི་ཁྱིམ་མི་སོགས་ལ་ཐུགས་ཁུར་དང་རོགས་རམ་བྱེད་པ་སོགས་ལ་སྐུལ་མ་དང་རྒྱབ་སྐྱོར་བྱེད་དགོས།
第八条 国家鼓励和支持开展与艾滋病预防、诊断、治疗等有关的科学研究,提高艾滋病防治的科学技术水平;鼓励和支持开展传统医药以及传统医药与现代医药相结合防治艾滋病的临床治疗与研究。
国家鼓励和支持开展艾滋病防治工作的国际合作与交流。
དོན་ཚན་བརྒྱད་པ། རྒྱལ་ཁབ་ཀྱིས་ཨེ་ཛི་སྔོན་འགོགབརྟག་དཔྱད། སྨན་བཅོས་སྐོར་གྱི་ཚན་རིག་ཞིབ་འཇུག ཨེ་ཛི་ནད་ཡམས་འགོག་བཅོས་ཀྱི་ཚན་རིག་ལག་རྩལ་དར་འཕེལ་གཏོང་བ་ལ་སྐུལ་འདེད་དང་རྒྱབ་སྐྱོར་བྱེད་ཅིང་། སྲོལ་རྒྱུན་གསོ་རིག་གམ་གནའ་དེང་ཟུང་འབྲེལ་བྱས་ནས་ཨེ་ཛི་ནད་ཡམས་འགོག་བཅོས་ཀྱི་ནད་ཐོག་སྨན་བཅོས་དང་ཞིབ་འཇུག་བྱེད་པ་ལའང་སྐུལ་འདེད་དང་རྒྱབ་སྐྱོར་བྱེད། ད་དུང་ཨེ་ཛི་ནད་ཡམས་འགོག་བཅོས་ལས་དོན་ཐད་ཀྱི་རྒྱལ་སྤྱི་རང་བཞིན་གྱི་མཉམ་འབྲེལ་དང་ཤེས་བྱ་བརྗེ་རེས་བྱེད་པ་རྒྱབ་སྐྱོར་དང་སྐུལ་འདེད་བྱེད།
第九条 县级以上人民政府和政府有关部门对在艾滋病防治工作中做出显著成绩和贡献的单位和个人,给予表彰和奖励。
对因参与艾滋病防治工作或者因执行公务感染艾滋病病毒,以及因此致病、丧失劳动能力或者死亡的人员,按照有关规定给予补助、抚恤。
དོན་ཚན་དགུ་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་དང་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གིས་ཨེ་ཛི་ནད་ཡམས་འགོག་བཅོས་ལས་དོན་ཐད་འགྲུབ་འབྲས་འབུར་ཐོན་ལེན་ཞིང་བྱས་རྗེས་ཆེ་བའི་ལས་ཁུངས་དང་མི་སྒེར་ལ་གཟེངས་བསྟོད་དང་དགའ་རྟགས་འབུལ་བ། ཨེ་ཛི་ནད་ཡམས་འགོག་བཅོས་ལས་དོན་ནམ་གཞུང་ཞབས་ལས་ཀའི་དབང་གིས་ཨེ་ཛི་ནད་དུག་འགོ་བའམ།ན་བ། ལས་ཀའི་ནུས་པ་ཤོར་བའམ། ཚེ་སྲོག་འཆོར་མཁན་རྣམས་ལ་འབྲེལ་ཡོད་ཁྲིམས་ཡིག་ལྟར་འཆི་གོད་གྱོང་གསབ་སྤྲད་པ།
第二章 宣传教育 ལེའུ་གཉིས་པ། དྲིལ་བསྒྲག་སློབ་གསོ།
第十条 地方各级人民政府和政府有关部门应当组织开展艾滋病防治以及关怀和不歧视艾滋病病毒感染者、艾滋病病人及其家属的宣传教育,提倡健康文明的生活方式,营造良好的艾滋病防治的社会环境。
དོན་ཚན་བཅུ་པ། ས་གནས་མི་དམངས་སྲིད་གཞུང་དང་རིམ་པ་སོ་སོའི་འབྲེལ་ཡོད་སྡེ་ཁག་གིས་ཨེ་ཛི་ནད་ཡམས་འགོག་བཅོས་དང་།ཨེ་ཛི་ནད་དུག་ཅན་དང་ནད་པ། དེ་མིན་ནད་པའི་ཁྱིམ་པ་བཅས་ལ་ཐུགས་ཁུར་དང་དམའ་འབེབ་མི་བྱེད་པའི་སློབ་གསོ་དྲིལ་བསྒྲག་བྱེད་པ། བདེ་ཐང་གི་འཚོ་བའི་གོམས་གཤིས་བཟང་པོ་དར་སྤེལ་དང་ཨེ་ཛི་ནད་ཡམས་འགོག་བཅོས་ཐུབ་པའི་སྤྱི་ཚོགས་ཁོར་ཡུག་ལེགས་པོ་བསྐྲུན་འོས།
第十一条 地方各级人民政府和政府有关部门应当在车站、码头、机场、公园等公共场所以及旅客列车和从事旅客运输的船舶等公共交通工具显著位置,设置固定的艾滋病防治广告牌或者张贴艾滋病防治公益广告,组织发放艾滋病防治宣传材料。
ས་གནས་སྲིད་གཞུང་རིམ་པ་སོ་སོ་དང་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གིས་རླངས་འཁོར་འབབ་ཚུགས་དང།གྲུ་ཁ། གནམ་གྲུ་འབབ་ཚུགས་དང་སྤྱི་གླིང་སོགས་མི་མང་འདུ་ས་དང་། འགྲིལ་པ་སྐྱེལ་འདྲེན་རླངས་འཁོར་དང་གྲུ་གཟིངས་སོགས་སྤྱི་སྤྱོད་འགྲུལ་འགྲིལ་ཡོ་ཆས་སོགས་ཀྱི་ནང་དུ་གཅིག་གྱུར་གྱི་ཨེ་ཛི་ནད་ཡམས་འགོག་བཅོས་དྲིལ་བསྒྲག་བྱང་བུ་ཡང་ན་སྤྱི་ཕན་རང་བཞིན་གྱི་ཨེ་ཛི་ནད་ཡམས་འགོག་བཅོས་དྲིལ་བསྒྲག་བཟོས་ཏེ་སྦྱོར་དགོས་ལ།ཨེ་ཛི་ནད་ཡམས་འགོག་བཅོས་དྲིལ་བསྒྲག་ཡིག་ཆ་འགྲེམ་རྒྱུའི་རྩ་འཛུགས་བྱེད་དགོས།
第十二条 县级以上人民政府卫生主管部门应当加强艾滋病防治的宣传教育工作,对有关部门、组织和个人开展艾滋病防治的宣传教育工作提供技术支持。
དོན་ཚན་བཅུ་གཉིས་པ།རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་འཕྲོད་བསྟེན་གཙོ་གཉེར་སྡེ་ཁག་གིས་ཨེ་ཛི་ནད་ཡམས་འགོག་བཅོས་དྲིལ་བསྒྲག་སློབ་གསོའི་ལས་ཀ་ལ་ཤུགས་སྣོན་བྱེད་ཅིང་།འབྲེལ་ཡོད་སྡེ་ཁག ཚོགས་པ་དང་མི་སྒེར་སོགས་ཀྱིས་ཨེ་ཛི་ནད་ཡམས་འགོག་བཅོས་ཀྱི་དྲིལ་བསྒྲག་སློབ་གསོ་སྤེལ་བར་རམ་འདེགས་བྱེད་དགོས།
医疗卫生机构应当组织工作人员学习有关艾滋病防治的法律、法规、政策和知识;医务人员在开展艾滋病、性病等相关疾病咨询、诊断和治疗过程中,应当对就诊者进行艾滋病防治的宣传教育。
སྨན་བཅོས་འཕྲོད་བསྟེན་སྡེ་ཁག་གིས་ལས་ཀ་བ་ལ་ཨེ་ཛི་ནད་ཡམས་འགོག་བཅོས་དང་འབྲེལ་བའི་བཅའ་ཁྲིམས།ཁྲིམས་ཡིག། སྲིད་ཇུས་དང་ཤེས་བྱ་སློབ་སྦྱོང་བྱེད་པར་རྩ་འཛུགས་བྱེད་དགོས་ལ། སྨན་བཅོས་མི་སྣ་ཡིས་ཨེ་ཛི་ནད་ཡམས་དང་མཚན་མའི་ནད་སོགས་འབྲེལ་ཡོད་ནད་རིགས་འདྲི་རྟོགརྟག་དཔྱད་དང་སྨན་བཅོས་ཀྱི་གོ་རིམ་ཁྲོད་དུ་སྨན་བཅོས་བྱེད་ཡུལ་ལ་ཨེ་ཛི་ནད་ཡམས་འགོག་བཅོས་ཀྱི་སློབ་གསོ་སྤྲད་དགོས།
第十三条 县级以上人民政府教育主管部门应当指导、督促高等院校、中等职业学校和普通中学将艾滋病防治知识纳入有关课程,开展有关课外教育活动。高等院校、中等职业学校和普通中学应当组织学生学习艾滋病防治知识。
དོན་ཚན་བཅུ་གསུམ་པ།རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་སློབ་གསོ་གཙོ་གཉེར་སྡེ་ཁག་གིས་ཨེ་ཛི་ནད་ཡམས་འགོག་བཅོས་ཤེས་བྱ་དེ་མཐོ་རིམ་སློབ་གྲྭ་དང་འབྲིང་རིམ་ཆེད་ལས་ལག་རྩལ་སློབ་གྲྭསློབ་འབྲིང་སོགས་སློབ་གྲྭའི་ཁྲིད་གཞི་རུ་འདེམས་དགོས་ཤིང་། འབྲེལ་ཡོད་ཀྱི་སློབ་ཟུར་སློབ་གསོ་བྱ་འགུལ་སྤེལ་དགོས་ལ།སློབ་གྲྭ་དེ་དག་གིས་སློབ་མས་ཨེ་ཛི་ནད་ཡམས་འགོག་བཅོས་ཤེས་བྱ་སློབ་སྦྱོང་བྱེད་པར་རྩ་འཛུགས་བྱེད་དགོས།
第十四条 县级以上人民政府人口和计划生育主管部门应当利用计划生育宣传和技术服务网络,组织开展艾滋病防治的宣传教育。
དོན་ཚན་བཅུ་བཞི་པ།རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་མི་འབོར་དང་འཆར་ལྡན་བུ་བཙའ་གཙོ་གཉེར་སྡེ་ཁག་གིས་འཆར་ལྡན་བུ་བཙའ་དྲིལ་བསྒྲག་ཀྱི་གོ་སྐབས་དང་ལག་རྩལ་ཞབས་ཞུའི་འབྲེལ་ལམ་བེད་སྤྱད་དེ་ཨེ་ཛི་ནད་ཡམས་འགོག་བཅོས་ཀྱི་དྲིལ་བསྒྲག་སློབ་གསོ་སྤེལ་བ།
计划生育技术服务机构向育龄人群提供计划生育技术服务和生殖健康服务时,应当开展艾滋病防治的宣传教育。
འཆར་ལྡན་བུ་བཙའི་ལག་རྩལ་ཞབས་ཞུ་ལས་ཁུངས་ཀྱིས་བཙའ་ལོ་རན་པའི་མི་ཚོགས་ལ་འཆར་ལྡན་བུ་བཙའི་ལག་རྩལ་ཞབས་ཞུ་དང་སྐྱེ་འཕེལ་བདེ་ཐང་ཞབས་ཞུ་མཁོ་སྤྲོད་བྱེད་དུས།ཨེ་ཛི་ནད་ཡམས་འགོག་བཅོས་ཀྱི་དྲིལ་བསྒྲག་སློབ་གསོ་སྤེལ་དགོས།
第十五条 县级以上人民政府有关部门和从事劳务中介服务的机构,应当对进城务工人员加强艾滋病防治的宣传教育。
དོན་ཚན་བཅོ་ལྔ་པ།རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་འབྲེལ་ཡོད་སྡེ་ཁག་དང་ངལ་ལས་མཚམས་སྦྱོར་ཞབས་ཞུ་སྒྲུབ་པའི་ལས་ཁུངས་ཀྱིས་གྲོང་ཁྱེར་དུ་ཡོང་བའི་ཞོར་ལས་པ་ལ་ཨེ་ཛི་ནད་ཡམས་འགོག་བཅོས་ཀྱི་དྲིལ་བསྒྲག་སློབ་གསོ་སྤེལ་བར་དེ་བས་བརྩོན་དགོས།
第十六条 出入境检验检疫机构应当在出入境口岸加强艾滋病防治的宣传教育工作,对出入境人员有针对性地提供艾滋病防治咨询和指导。
དོན་ཚན་བཅུ་དྲུག་པ།རྒྱལ་མཚམས་ཀྱི་འགོས་ནད་ཞིབ་བཤེར་ལས་ཁུངས་ཀྱིས་ས་མཚམས་ཀྱི་ཨེ་ཛི་ནད་ཡམས་འགོག་བཅོས་ཀྱི་དྲིལ་བསྒྲག་སློབ་གསོའི་ལས་ཀ་ལ་ཤུགས་སྣོན་བྱེད་དགོས་ཤིང་།ཕྱི་ནང་འགྲོ་ཡོང་མི་སྣ་ལ་དམིགས་ནས་ཨེ་ཛི་ནད་ཡམས་རིམས་འགོག་བཅོས་སྐོར་གྱི་འདྲི་རྟོག་དང་སློབ་གསོ་གཏོང་དགོས།
第十七条 国家鼓励和支持妇女联合会、红十字会开展艾滋病防治的宣传教育,将艾滋病防治的宣传教育纳入妇女儿童工作内容,提高妇女预防艾滋病的意识和能力,组织红十字会会员和红十字会志愿者开展艾滋病防治的宣传教育。
དོན་ཚན་བཅུ་བདུན་པ།རྒྱལ་ཁབ་ཀྱིས་བུད་མེད་མཐུན་ཚོགས་དང་རྒྱ་གྲམ་དམར་པོ་ཚོགས་པས་ཨེ་ཛི་ནད་ཡམས་འགོག་བཅོས་ཀྱི་དྲིལ་བསྒྲག་སློབ་གསོ་སྤེལ་བར་སྐུལ་འདེད་དང་རྒྱབ་སྐྱོར་བྱས་ཤིང་།ཨེ་ཛི་ནད་ཡམས་འགོག་བཅོས་ཀྱི་དྲིལ་བསྒྲག་སློབ་གསོ་དེ་བུད་མེད་དང་བྱིས་པའི་ལས་དོན་གྱི་ནང་དུ་བཞག་སྟེ་བུད་མེད་ཀྱི་ནད་ཨེ་ཛི་ནད་ཡམས་སྔོན་འགོག་གི་འདུ་ཤེས་དང་ནུས་པ་བསྐྱེད་སྲིང་བྱེད་པ། རྒྱ་གྲམ་དམར་པོ་ཚོགས་པའི་ཚོགས་མི་དང་དང་བླངས་པས་རྩ་འཛུགས་བྱས་ཏེ་ཨེ་ཛི་ནད་ཡམས་འགོག་བཅོས་ཀྱི་དྲིལ་བསྒྲག་སློབ་གསོ་སྤེལ་བ།
第十八条 地方各级人民政府和政府有关部门应当采取措施,鼓励和支持有关组织和个人对有易感染艾滋病病毒危险行为的人群开展艾滋病防治的咨询、指导和宣传教育。
དོན་ཚན་བཅོ་བརྒྱད་པ། རིམ་པ་སོ་སོའི་མི་དམངས་སྲིད་གཞུང་དང་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་ཁག་གིས་ཚོགས་པ་དང་མི་སྒེར་གང་རུང་གིས་ཨེ་ཛི་ནད་དུག་འགོ་ཉེན་ཆེ་བའི་མི་ཚོགས་ལ་དམིགས་ནས་ཨེ་ཛི་ནད་ཡམས་འགོག་བཅོས་སྐོར་འདྲི་རྟོག་དང་སློབ་སྟོན།དྲིལ་བསྒྲག་སློབ་གསོ་གཏོང་བར་སྐུལ་མ་དང་རྒྱབ་སྐྱོར་བྱེད་དགོས།
第十九条 广播、电视、报刊、互联网等新闻媒体应当开展艾滋病防治的公益宣传。
དོན་ཚན་བཅུ་དགུ་བ། རླུང་འཕྲིན་དང་བརྙན་འཕྲིན། ཚགས་པར། དུས་དེབ། དྲ་བ་སོགས་གསར་འགྱུར་ལས་ཁུངས་ཀྱིས་ནད་ཨེ་ཛི་ནད་ཡམས་འགོག་བཅོས་ཀྱི་སྤྱི་ཕན་་དྲིལ་བསྒྲག་སྤེལ་དགོས།
第二十条 机关、团体、企业事业单位、个体经济组织应当组织本单位从业人员学习有关艾滋病防治的法律、法规、政策和知识,支持本单位从业人员参与艾滋病防治的宣传教育活动。
དོན་ཚན་བཅུ་གཉིས་པ། ལས་ཁུངས་དང་ཚོགས་པ། ཁེ་ལས་དང་ལས་དོན་སྡེ་ཁག མི་སྒེར་གྱི་དཔལ་འབྱོར་ཚོགས་པ་བཅས་ཀྱིས་ལས་ཁུངས་དེའི་ལས་བྱེད་མི་སྣ་ལ་ཨེ་ཛི་ནད་ཡམས་འགོག་བཅོས་ཀྱི་ཁྲིམས་ལུགས་དང་།ཁྲིམས་ཡིག། སྲིད་ཇུས་དང་ཤེས་བྱ་སོགས་སློབ་སྦྱོང་བྱེད་དུ་འཇུག་དགོས་ལ། ལས་ཁུངས་དེའི་ལས་བྱེད་མི་སྣ་ཨེ་ཛི་ནད་ཡམས་འགོག་བཅོས་ཀྱི་དྲིལ་བསྒྲག་སློབ་གསོ་བྱ་འགུལ་ལ་ཞུགས་པར་རྩ་འཛུགས་བྱེད་དགོས།
第二十一条 县级以上地方人民政府应当在医疗卫生机构开通艾滋病防治咨询服务电话,向公众提供艾滋病防治咨询服务和指导。
དོན་ཚན་བཅུ་གཅིག་པ།རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་སུ་ཨེ་ཛི་ནད་ཡམས་འགོག་བཅོས་འདྲི་རྟོག་ཞབས་ཞུའི་ཁ་པར་བཙུགས་ཏེ་མི་མང་ལ་ཨེ་ཛི་ནད་ཡམས་འགོག་བཅོས་ཀྱི་འདྲི་རྟོག་ཞབས་ཞུ་དང་སློབ་སྟོན་མཁོ་སྤྲོད་བྱེད་དགོས།
第三章预防与控制 ས་བཅད་གསུམ་པ། སྔོན་འགོག་དང་ཚོད་འཛིན།
第二十二条 国家建立健全艾滋病监测网络。
དོན་ཚན་ཉི་ཤུ་རྩ་གཉིས་པ། རྒྱལ་ཁབ་ཀྱིས་ཨེ་ཛི་ནད་ཡམས་ལྟ་ཞིབ་མ་ལག་ཆ་ཚང་ཞིག་གཏན་འབེབས་བྱས་ཡོད།
国务院卫生主管部门制定国家艾滋病监测规划和方案。省、自治区、直辖市人民政府卫生主管部门根据国家艾滋病监测规划和方案,制定本行政区域的艾滋病监测计划和工作方案,组织开展艾滋病监测和专题调查,掌握艾滋病疫情变化情况和流行趋势。
རྒྱལ་སྲིད་སྤྱི་ཁྱབ་ཁང་འཕྲོད་བསྟེན་གཙོ་འཛིན་སྡེ་ཁག་གིས་རྒྱལ་ཁབ་རིམ་པའི་ཨེ་ཛི་ནད་ཡམས་ལྟ་ཞིབ་ཇུས་འགོད་དང་ལག་བསྟར་འཆར་གཞི། ཞིང་ཆེན་དང་རང་སྐྱོང་ལྗོངས།ཐད་གཏོགས་གྲོང་ཁྱེར་གྱི་མི་དམངས་སྲིད་གཞུང་འཕྲོད་བསྟེན་གཙོ་འཛིན་སྡེ་ཁག་གིས་རྒྱལ་ཁབ་རིམ་པའི་ཨེ་ཛི་ནད་ཡམས་ལྟ་ཞིབ་ཇུས་འགོད་དང་ལག་བསྟར་འཆར་གཞི་ལ་གཞི་བྱས་ཏེ་སྲིད་འཛིན་ས་ཁུལ་དེའི་ཨེ་ཛི་ནད་ཡམས་ལྟ་ཞིབ་ཀྱི་ཇུས་འགོད་དང་ལག་སྟར་འཆར་གཞི་གཏན་འབེབས་བྱེད་ཅིང་། ཨེ་ཛི་ནད་ཡམས་ལ་ལྟ་ཞིབ་དང་ཆེད་དོན་བརྟག་དཔྱད་བཀོད་སྒྲིག་བྱེད་དགོས་ལ་ནད་ཡམས་དེའི་འགྱུར་ལྡོག་དང་ཁྱབ་སྟངས་ལ་རྒྱུས་ལོན་བྱེད་དགོས།
疾病预防控制机构负责对艾滋病发生、流行以及影响其发生、流行的因素开展监测活动。
ནད་ཡམས་སྔོན་འགོག་ཚོད་འཛིན་ལས་ཁུངས་ཀྱིས་འགན་ཁུར་ཏེ་ཨེ་ཛི་ནད་ཡམས་འབྱུང་ཚུལ་དང་ཁྱབ་སྟངས།དེ་དག་གི་རྒྱུ་རྐྱེན་བཅས་ལ་དམིགས་ནས་ལྟ་ཞིབ་ལས་འགུལ་སྤེལ་དགོས།
出入境检验检疫机构负责对出入境人员进行艾滋病监测,并将监测结果及时向卫生主管部门报告。
རྒྱལ་མཚམས་ཀྱི་འགོས་ནད་ཞིབ་བཤེར་ལས་ཁུངས་ལ་ཕྱི་ནང་འགྲོ་ཡོང་གི་མི་སྣ་ལ་ཨེ་ཛི་ནད་ཡམས་ཡོད་མེད་ཞིབ་བཤེར་བྱས་ཏེ་དུས་ཐོག་ཏུ་འཕྲོད་བསྟེན་གཙོ་གཉེར་ཁུངས་ལ་ཞིབ་བཤེར་སྙན་ཞུ་འབུལ་བའི་འགན་ཁུར་ཡོད།
第二十三条 国家实行艾滋病自愿咨询和自愿检测制度。
县级以上地方人民政府卫生主管部门指定的医疗卫生机构,应当按照国务院卫生主管部门会同国务院其他有关部门制定的艾滋病自愿咨询和检测办法,为自愿接受艾滋病咨询、检测的人员免费提供咨询和初筛检测。
དོན་ཚན་ཉི་ཤུ་རྩ་གསུམ་པ། རྒྱལ་ཁབ་ཀྱིས་ཨེ་ཛི་ནད་ཡམས་རང་མོས་ཀྱིས་བློ་འདྲི་དང་ལྟ་ཞིབ་བྱེད་པའི་སྲིད་ཇུས་ལག་བསྟར་བྱེད་པ།
རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་འཕྲོད་བསྟེན་གཙོ་གཉེར་སྡེ་ཁག་གི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་འཕྲོད་བསྟེན་གཙོ་གཉེར་སྡེ་ཁག་དང་འབྲེལ་ཡོད་སྡེ་ཁག་གིས་གཏན་འཁེལ་བྱས་པའི་ཨེ་ཛི་ནད་ཡམས་ཀྱི་རང་མོས་བློ་འདྲི་དང་ཞིབ་བཤེར་བྱེད་ཐབས་ལྟར་རང་མོས་བློ་འདྲི་དང་ཞིབ་བཤེར་བྱེད་མཁན་ལ་རིན་མི་ལེན་པར་ཆ་འཕྲིན་དང་ཐོག་མའི་ཞིབ་བཤེར་རྒྱུ་ཆ་མཁོ་སྤྲོད་བྱེད་པ།
第二十四条 国务院卫生主管部门会同国务院其他有关部门根据预防、控制艾滋病的需要,可以规定应当进行艾滋病检测的情形。
དོན་ཚན་ཉེར་བཞི་བ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཕྲོད་བསྟེན་གཙོ་གཉེར་སྡེ་ཁག་གིས་རྒྱལ་སྲིད་སྤྱི་ཁང་གི་འབྲེལ་ཡོད་སྡེ་ཁག་གཞན་དང་མཉམ་དུ་ཨེ་ཛི་ནད་ཡམས་སྔོན་འགོག་དང་ཚོད་འཛིན་གྱི་དགོས་མཁོ་ལྟར་ཨེ་ཛི་ནད་ཡམས་ཞིབ་བཤེར་དགོས་མིན་གྱི་གནས་བབ་གཏན་འཁེལ་བྱེད་ཆོག
第二十五条 省级以上人民政府卫生主管部门根据医疗卫生机构布局和艾滋病流行情况,按照国家有关规定确定承担艾滋病检测工作的实验室。
国家出入境检验检疫机构按照国务院卫生主管部门规定的标准和规范,确定承担出入境人员艾滋病检测工作的实验室。
དོན་ཚན་ཉེར་ལྔ་པ།ཞིང་ཆེན་རིམ་པའི་མི་དམངས་སྲིད་གཞུང་གི་འཕྲོད་བསྟེན་གཙོ་གཉེར་སྡེ་ཁག་གིས་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱི་འགྲེམ་ཚུལ་དང་ཨེ་ཛི་ནད་ཡམས་ཁྱབ་ཚུལ་ལ་གཞིགས་ནས།རྒྱལ་ཁབ་ཀྱི་འབྲེལ་ཡོད་བཀོད་སྒྲིག་ལྟར་ཨེ་ཛི་ནད་ཡམས་ཞིབ་བཤེར་བྱེད་སའི་ཚོད་ལྟ་ཁང་མཁོ་སྤྲོད་བྱེད་པ།
རྒྱལ་མཚམས་ཀྱི་འགོས་ནད་ཞིབ་བཤེར་ལས་ཁུངས་ཀྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་འཕྲོད་བསྟེན་གཙོ་གཉེར་སྡེ་ཁག་གིས་གཏན་འཁེལ་བྱེད་པའི་ཚད་གཞི་དང་སྒྲིག་སྲོལ་ལྟར་ཕྱི་ནང་འགྲོ་ཡོང་མི་སྣ་ལ་ཨེ་ཛི་ནད་ཡམས་ཞིབ་བཤེར་བྱེད་པའི་ཚོད་ལྟ་ཁང་མཁོ་སྤྲོད་བྱེད་པ།
第二十六条 县级以上地方人民政府和政府有关部门应当依照本条例规定,根据本行政区域艾滋病的流行情况,制定措施,鼓励和支持居民委员会、村民委员会以及其他有关组织和个人推广预防艾滋病的行为干预措施,帮助有易感染艾滋病病毒危险行为的人群改变行为。
དོན་ཚན་རྩ་དྲུག་པ།རྫོང་རིམ་པའི་ས་གནས་མི་དམངས་སྲིད་གཞུང་དང་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གིས་ཁྲིམས་ཡིག་འདི་ལྟར།སྲིད་འཛིན་ཁུལ་སོ་སོའི་ཨེ་ཛི་ནད་ཡམས་ཀྱི་ཁྱབ་ཚུལ་ལ་གཞིར་བྱས་ཏེ་བཅའ་སྡོད་ཨུ་ཡོན་ལྷན་ཚོགས།གྲོང་མི་ཨུ་ཡོན་ལྷན་ཚོགས་དང་འབྲེལ་ཡོད་རྩ་འཛུགས་གཞན་དང་མི་སྒེར་བཅས་ཀྱིས་ཨེ་ཛི་ནད་ཡམས་སྔོན་འགོག་གི་ལས་ཀ་དང་།ཨེ་ཛི་ནད་དུག་འགོ་སླའི་བྱ་སྤྱོད་ཉེན་ཁ་ཅན་ཡོད་མཁན་གྱི་མི་ཚོགས་ལ་སྤྱོད་ལམ་ལེགས་བཅོས་ཀྱི་ལས་ཀ་ཇེ་རྒྱས་གཏོང་བར་སྐུལ་འདེད་དང་རྒྱབ་སྐྱོར་བྱེད་དགོས།
有关组织和个人对有易感染艾滋病病毒危险行为的人群实施行为干预措施,应当符合本条例的规定以及国家艾滋病防治规划和艾滋病防治行动计划的要求。
འབྲེལ་ཡོད་ལས་ཁུངས་དང་མི་སྒེར་གྱིས་ཨེ་ཛི་ནད་དུག་འགོ་སླའི་བྱ་སྤྱོད་ཉེན་ཁ་ཅན་གྱི་མི་ཚོགས་ལ་སྤྱོད་ལམ་ལེགས་བཅོས་ཀྱི་ལས་ཀ་སྤེལ་སྐབས།ཁྲིམས་ཡིག་འདི་ཡི་གཏན་འབེབས་དང་རྒྱལ་ཁབ་ཀྱི་ཨེ་ཛི་ནད་ཡམས་འགོག་བཅོས་འཆར་གཞི་དང་ཨེ་ཛི་ནད་ཡམས་འགོག་བཅོས་ལག་བསྟར་འཆར་གཞི་བཅས་ཀྱི་རེ་བ་ལྟར་བསྒྲུབ་དགོས།
第二十七条 县级以上人民政府应当建立艾滋病防治工作与禁毒工作的协调机制,组织有关部门落实针对吸毒人群的艾滋病防治措施。
省、自治区、直辖市人民政府卫生、公安和药品监督管理部门应当互相配合,根据本行政区域艾滋病流行和吸毒者的情况,积极稳妥地开展对吸毒成瘾者的药物维持治疗工作,并有计划地实施其他干预措施。
དོན་ཚན་རྩ་བདུན་པ།རྫོང་རིམ་པའི་མི་དམངས་སྲིད་གཞུང་གིས་ཨེ་ཛི་ནད་ཡམས་འགོག་བཅོས་ལས་ཀ་དང་དུག་རྫས་བཀག་སྡོམ་ལས་ཀ་ཟུང་འབྲེལ་བྱེད་ཅིང་།འབྲེལ་ཡོད་སྡེ་ཁག་གིས་ཆེད་དུ་དུག་རྫས་འཐེན་པའི་མི་ཚོགས་ལ་དམིགས་པའི་ཨེ་ཛི་ནད་ཡམས་འགོག་བཅོས་ཐབས་ལམ་རྩ་འཛུགས་བྱེད་དགོས།
ཞིང་ཆེན་དང་རང་སྐྱོང་ལྗོངས་།ཐད་གཏོགས་གྲོང་ཁྱེར་གྱི་མི་དམངས་སྲིད་གཞུང་གི་འཕྲོད་བསྟེན་ལས་ཁུངས་དང་སྤྱི་བདེ་ལས་ཁུངས།སྨན་རྫས་ལྟ་སྐུལ་དོ་དམ་ལས་ཁུངས་བཅས་ཀྱིས་མཉམ་འབྲེལ་སྒོས་སྲིད་འཛིན་ས་ཁུལ་སོ་སོའི་ཨེ་ཛི་ནད་ཡམས་དར་ཁྱབ་དང་དུག་རྫས་སྤྱོད་མཁན་གྱི་གནས་ཚུལ་ལྟར་ཧུར་བརྩོན་དང་གཟབ་ནན་གྱིས་དུག་དབྱིངས་ཞུགས་ཡོད་མཁན་གྱི་མི་ལ་སྨན་ཚབ་གསོ་བཅོས་བྱེད་ཅིང་། འཆར་གཞི་ལྡན་པའི་སྒོ་ནས་སྤྱོད་ལམ་ལེགས་བཅོས་ཐབས་ལམ་གཞན་ཡང་ལག་བསྟར་བྱེད་དགོས།
第二十八条 县级以上人民政府卫生、人口和计划生育、工商、药品监督管理、质量监督检验检疫、广播电影电视等部门应当组织推广使用安全套,建立和完善安全套供应网络。
དོན་ཚན་ཉེར་བརྒྱད་པ། རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་འཕྲོད་བསྟེན་ལས་ཁུངས།མི་འབོར་དང་འཆར་ལྡན་བུ་བཙའ། བཟོ་ཚོང་། སྨན་རྫས་ལྟ་སྐུལ་དོ་དམ། སྤུས་ཚད་ལྟ་སྐུལ་ཞིབ་བཤེར་དང་འགོས་ནད་ཞིབ་བཤེར།རླུང་བརྙན་འཕྲིན་ཁང་སོགས་སྡེ་ཁག་སོ་སོས་སྲུང་ཤུབས་བཀོལ་སྤྱོད་དར་སྤེལ་བྱེད་པ་དང་།སྲུང་ཤུབས་མཁོ་སྤྲོད་འབྲེལ་ལམ་ཆ་ཚང་ཞིག་སྐྲུན་དགོས།
第二十九条 省、自治区、直辖市人民政府确定的公共场所的经营者应当在公共场所内放置安全套或者设置安全套发售设施。
དོན་ཚན་ཉེར་དགུ་བ།ཞིང་ཆེན་དང་།རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་གཏན་འཁེལ་བྱས་པའི་མི་མང་འདུ་ས་ཡི་བདག་གཉེར་བས་མི་མང་འདུ་ས་རུ་སྲུང་ཤུབས་འཇོག་སའམ་ཚོང་སའི་སྒྲིག་ཆས་བཀོད་སྒྲིག་བྱེད་དགོས།
第三十条 公共场所的服务人员应当依照《公共场所卫生管理条例》的规定,定期进行相关健康检查,取得健康合格证明;经营者应当查验其健康合格证明,不得允许未取得健康合格证明的人员从事服务工作。
དོན་ཚན་སུམ་ཅུ་བ། མི་མང་འདུ་སའི་ཞབས་ཞུ་པ་ཡིས་༼མི་མང་འདུ་སའི་འཕྲོད་བསྟེན་དོ་དམ་ཁྲིམས་ཡིག༽་གི་གཏན་འབེབས་ལྟར།དུས་ལྟར་འབྲེལ་ཡོད་ཀྱི་བདེ་ཐང་བརྟག་བཤེར་བྱས་ཏེ།བདེ་ཐང་ཚད་ལོན་དཔང་ཡིག་ལེན་དགོས། བདེ་ཐང་ཚད་ལོན་དཔང་ཡིག་མ་ཐོབ་པའི་མི་སྣ་ཞབས་ཞུ་ལས་རིགས་ལ་ཞུགས་མི་ཆོག
第三十一条 公安、司法行政机关对被依法逮捕、拘留和在监狱中执行刑罚以及被依法收容教育、强制戒毒和劳动教养的艾滋病病毒感染者和艾滋病病人,应当采取相应的防治措施,防止艾滋病传播。
对公安、司法行政机关依照前款规定采取的防治措施,县级以上地方人民政府应当给予经费保障,疾病预防控制机构应当予以技术指导和配合。
དོན་ཚན་སོ་གཅིག་པ།སྤྱི་བདེ་དང་ཁྲིམས་འཛིན་དོ་དམ་ལས་ཁུངས་ཀྱིས་ཁྲིམས་ལུགས་ལྟར་འཛིན་བཟུང་དང་བཀག་སྐྱིལ་ཡང་ན་བཙོན་ཁང་དུ་ཉེས་ཆད་གཏོང་བཞིན་པའམ་ཁྲིམས་ལུགས་ལྟར་བསྡུ་ཉར་སློབ་གསོ་དང་དུད་ནག་བཙན་གཅོད།ངལ་རྩོལ་བསྒྱུར་བཀོད་མྱོང་མཁན་གྱི་ཨེ་ཛི་ནད་དུག་ཅན་དང་ཨེ་ཛི་ནད་པ་ལ་དེ་ལུགས་ཀྱི་འགོག་བཅོས་ཐབས་ལམ་སྤྱོད་དགོས་ལ།ཨེ་ཛི་ནད་ཡམས་མཆེད་པར་སྔོན་འགོག་བྱེད་དགོས།
རྫོང་རིམ་པའི་མི་དམངས་སྲིད་གཞུང་གིས་སྤྱི་བདེ་དང་ཁྲིམས་འཛིན་དོ་དམ་ལས་ཁུངས་ཀྱིས་གོང་གི་གཏན་འབེབས་ལྟར་འགོག་བཅོས་བྱེད་ཐབས་ལག་བསྟར་བྱེད་པར་འགྲོ་སོང་འགན་ལེན་བྱེད་འོས་ལ། འགོ་ནད་རིམས་འགོག་ཚོད་འཛིན་ལས་ཁུངས་ཀྱིས་ལག་རྩལ་ཐད་ལ་བློ་འདོན་དང་རྒྱབ་སྐྱོར་བྱེད་འོས།
第三十二条 对卫生技术人员和在执行公务中可能感染艾滋病病毒的人员,县级以上人民政府卫生主管部门和其他有关部门应当组织开展艾滋病防治知识和专业技能的培训,有关单位应当采取有效的卫生防护措施和医疗保健措施。
དོན་ཚན་སོ་གཉིས་པ།རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་འཕྲོད་བསྟེན་གཙོ་གཉེར་སྡེ་ཁག་དང་འབྲེལ་ཡོད་སྡེ་ཁག་གཞན་པ་དག་གིས་འཕྲོད་བསྟེན་འགན་འཛིན་འཕྲོད་བསྟེན་ལག་རྩལ་མི་སྣ་དང་གཞུང་གི་ལས་ཀའི་སྐབས་སུ་ཨེ་ཛི་ནད་དུག་འགོ་སྲིད་པའི་མི་སྣ་ལ་ཨེ་ཛི་ནད་ཡམས་འགོག་བཅོས་ཀྱི་ཤེས་བྱ་དང་ཆེད་ལས་ལག་རྩལ་སྐོར་གྱི་སྦྱོང་བརྡར་སྤྲད་དགོས་ཤིང་།འབྲེལ་ཡོད་ལས་ཁུངས་ཀྱིས་འགོག་སྲུང་འཕྲོད་བསྟེན་དང་སྨན་བཅོས་ཁམས་གསོ་ཐབས་ལམ་ནུས་ཐོན་ལག་བསྟར་བྱེད་དགོས།
第三十三条 医疗卫生机构和出入境检验检疫机构应当按照国务院卫生主管部门的规定,遵守标准防护原则,严格执行操作规程和消毒管理制度,防止发生艾滋病医院感染和医源性感染。
དོན་ཚན་སོ་གསུམ་པ།སྨན་བཅོས་འཕྲོད་བསྟེན་ལས་ཁུངས་དང་རྒྱལ་མཚམས་ཀྱི་འགོས་ནད་ཞིབ་བཤེར་ལས་ཁུངས་ཀྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཕྲོད་བསྟེན་གཙོ་གཉེར་སྡེ་ཁག་གི་བཀོད་སྒྲིག་ལྟར་འགོག་བཅོས་ཚད་ལྡན་གྱི་རྩ་དོན་བརྩི་སྲུང་བྱས་ཏེ་བཀོལ་སྤྱོད་བྱེད་ལུགས་དང་དུག་སེལ་དོ་དམ་སྲིད་ཇུས་ལག་བསྟར་ནན་མོ་བྱས་ནས།ཨེ་ཛི་ནད་ཡམས་སྨན་ཁང་ནས་འགོ་བ་དང་སྨན་ཆས་ནས་འགོ་བ་སྔོན་འགོག་དགོས།
第三十四条 疾病预防控制机构应当按照属地管理的原则,对艾滋病病毒感染者和艾滋病病人进行医学随访。
དོན་ཚན་སོ་བཞི་པ།འགོས་ནད་སྔོན་འགོག་དང་ཚོད་འཛིན་ལས་ཁུངས་ཀྱིས་ས་གནས་ཀྱི་དོ་དམ་རྩ་དོན་ལྟར་ཨེ་ཛི་ནད་དུག་ཅན་དང་ཨེ་ཛི་ནད་པ་ལ་སྨན་དོན་འཚམས་འདྲི་བྱེད་དགོས།
第三十五条 血站、单采血浆站应当对采集的人体血液、血浆进行艾滋病检测;不得向医疗机构和血液制品生产单位供应未经艾滋病检测或者艾滋病检测阳性的人体血液、血浆。
དོན་ཚན་སོ་ལྔ།ཁྲག་མཛོད་ཁང་དང་ཁྲག་ཁུ་བསྡུ་ལེན་ཁང་གིས་བསྡུ་ལེན་བྱས་པའི་མི་ལུས་ཀྱི་ཁྲག་གཤེར་དང་ཁྲག་ཁུ་ལ་ཨེ་ཛི་ནད་ཡམས་ཡོད་མེད་བཤེར་འཇལ་བྱེད་དགོས།སྨན་བཅོས་རྩ་འཛུགས་དང་ཁྲག་བཟོས་དངོས་རྫས་ཐོན་སྐྱེད་ལས་ཁུངས་ལ་ཨེ་ཛི་ནད་ཡམས་བཤེར་འཇལ་མ་བྱས་པ་དང་ཨེ་ཛི་ནད་དུག་ཅན་གྱི་མི་ལུས་ཀྱི་ཁྲག་གཤེར་དང་ཁྲག་ཁུ་མཁོ་སྤྲོད་བྱེད་མི་ཆོག
血液制品生产单位应当在原料血浆投料生产前对每一份血浆进行艾滋病检测;未经艾滋病检测或者艾滋病检测阳性的血浆,不得作为原料血浆投料生产。
ཁྲག་བཟོས་དངོས་རྫས་ཐོན་སྐྱེད་ལས་ཁུངས་ཀྱིས་ཁྲག་ཁུ་རྒྱུ་ཆ་ཐོན་སྐྱེད་ལ་མ་བཀོལ་སྔོན་ལ་ཁྲག་ཁུ་ལ་ཨེ་ཛི་ནད་ཡམས་ཡོད་མེད་བཤེར་འཇལ་བྱེད་དགོས།ཨེ་ཛི་ནད་ཡམས་ཡོད་མེད་བཤེར་འཇལ་མ་བྱས་པ་དང་ཨེ་ཛི་ནད་དུག་གི་འགོག་གཟུགས་གདགས་གཤིས་ཅན་གྱི་མི་ལུས་ཀྱི་ཁྲག་ཁུ་ཐོན་སྐྱེད་རྒྱུ་ཆ་རུ་བཀོལ་མི་ཆོག
医疗机构应当对因应急用血而临时采集的血液进行艾滋病检测,对临床用血艾滋病检测结果进行核查;对未经艾滋病检测、核查或者艾滋病检测阳性的血液,不得采集或者使用。
སྨན་བཅོས་རྩ་འཛུགས་ཀྱིས་གློ་བུར་དོན་རྐྱེན་གྱི་དབང་གིས་གནས་སྐབས་བསྡུ་ལེན་བྱེད་པའི་ཁྲག་གཤེར་ལ་ཨེ་ཛི་ནད་ཡམས་ཡོད་མེད་བཤེར་འཇལ་བྱེད་དགོས་ལ།ནད་ཐོག་བཀོལ་སྤྱོད་བྱེད་པའི་ཁྲག་གི་ཨེ་ཛི་ནད་ཡམས་བཤེར་འཇལ་གྱི་མཇུག་འབྲས་ལ་ཞིབ་བཤེར་བྱེད་དགོས།ཨེ་ཛི་ནད་ཡམས་ཡོད་མེད་བཤེར་འཇལ་མ་བྱས་པའི་ཁྲག་དང་།ཞིབ་དཔྱད་མཇུག་འབྲས་ལ་ཞིབ་བཤེར་མ་བྱས་པའམ་ཨེ་ཛི་ནད་དུག་གི་འགོག་གཟུགས་གདགས་གཤིས་ཅན་གྱི་ཁྲག་གཤེར་བསྡུ་ལེན་དང་བཀོལ་སྤྱོད་བྱེད་མི་རུང་།
第三十六条 采集或者使用人体组织、器官、细胞、骨髓等的,应当进行艾滋病检测;未经艾滋病检测或者艾滋病检测阳性的,不得采集或者使用。但是,用于艾滋病防治科研、教学的除外。
དོན་ཚན་སོ་དྲུག་པ།མི་ལུས་ཀྱི་གྲུབ་ཆ། དབང་པོ།ཕྲ་ཕུང་དང་རྐང་སོགས་བསྡུ་ལེན་དང་བཀོལ་སྤྱོད་དགོས་སྐབས་ཨེ་ཛི་ནད་ཡམས་ཡོད་མེད་བཤེར་འཇལ་བྱེད་དགོས།ཨེ་ཛི་ནད་ཡམས་ཡོད་མེད་བཤེར་འཇལ་མ་བྱས་པ་དང་ཨེ་ཛི་ནད་དུག་གི་འགོག་གཟུགས་གདགས་གཤིས་ཅན་གྱི་མི་ལུས་ཀྱི་གྲུབ་ཆ་བསྡུ་ལེན་དང་བཀོལ་སྤྱོད་བྱེད་མི་རུང་།ཡིན་ཡང་། ཨེ་ཛི་ནད་ཡམས་འགོག་བཅོས་ཀྱི་ཆེད་དུ་ཞིབ་འཇུག་དང་སློབ་གསོ་ལ་བཀོལ་ཆོག
第三十七条 进口人体血液、血浆、组织、器官、细胞、骨髓等,应当经国务院卫生主管部门批准;进口人体血液制品,应当依照药品管理法的规定,经国务院药品监督管理部门批准,取得进口药品注册证书。
དོན་ཚན་སོ་བདུན་པ།ཕྱི་ནས་མི་ལུས་ཀྱི་ཁྲག་གཤེར་དང་། ཁྲག་ཁུ། གྲུབ་ཆ། དབང་པོ། ཕྲ་ཕུང་། རུས་རྐང་སོགས་ནང་འདྲེན་བྱེད་པ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཕྲོད་བསྟེན་གཙོ་གཉེར་སྡེ་ཁག་གི་ཆོག་མཆན་ཐོབ་དགོས།མི་ལུས་ཁྲག་གཤེར་གྱིས་བཟོས་པའི་ཐོན་རྫས་ནང་འདྲེན་བྱེད་པར་སྨན་རྫས་དོ་དམ་ཁྲིམས་ཡིག་དང་བསྟུན་དགོས་ཤིང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྨན་རྫས་ལྟ་ཞིབ་དོ་དམ་སྡེ་ཁག་གི་ཆོག་མཆན་དགོས་ལ།སྨན་རྫས་ནང་འདྲེན་ཐོ་འགོད་དཔང་ཡིག་ལེན་དགོས།
经国务院卫生主管部门批准进口的人体血液、血浆、组织、器官、细胞、骨髓等,应当依照国境卫生检疫法律、行政法规的有关规定,接受出入境检验检疫机构的检疫。未经检疫或者检疫不合格的,不得进口。
第三十八条 艾滋病病毒感染者和艾滋病病人应当履行下列义务:
(一)接受疾病预防控制机构或者出入境检验检疫机构的流行病学调查和指导;
(二)将感染或者发病的事实及时告知与其有性关系者;
(三)就医时,将感染或者发病的事实如实告知接诊医生;
(四)采取必要的防护措施,防止感染他人。
艾滋病病毒感染者和艾滋病病人不得以任何方式故意传播艾滋病。
དོན་ཚན་སོ་བརྒྱད་པ།
ཨེ་ཛི་ནད་དུག་ཅན་དང་ཨེ་ཛི་ནད་པས་བརྩི་སྲུང་བྱེད་དགོས་པའི་འོས་འགན་གཤམ་གསལ་ལྟར་ཏེ།
གཅིགཨེ་ཛི་ནད་ཡམས་འགོག་བཅོས་དང་ཚོད་འཛིན་ལས་ཁང་དང་རྒྱལ་མཚམས་འགོས་ནད་ཞིབ་བཤེར་ལས་ཁང་གི་རིམས་ནད་ཞིབ་འཇུག་དང་མཛུབ་སྟོན་དང་ལེན་བྱེད་དགོས།
གཉིས།རང་དང་ལུས་འབྲེལ་ཡོད་པའི་མི་ལ་ཨེ་ཛི་ནད་དུག་འགོ་བའམ་ནད་ཕོག་པའི་དོན་དངོས་དེ་དུས་ཐོག་དུ་ཤེས་སུ་འཇུག་དགོས།
གསུམ།སྨན་ལ་སྟོན་སྐབས།རང་ལ་བརྟག་དཔྱད་བྱེད་མཁན་གྱི་སྨན་པ་ལ་ཨེ་ཛི་ནད་དུག་འགོ་བའམ་ནད་ཕོག་པའི་དོན་དངོས་དེ་དྲངས་མོར་བཤད་དགོས།
བཞི།ནད་དུག་སྔོན་འགོག་གི་ཐབས་ལམ་དགོས་ངེས་སྤྱད་དེ་མི་གཞན་ལ་ནད་དུག་འགོ་བ་སྔོན་འགོག་བྱ་དགོས།
ཨེ་ཛི་ནད་དུག་ཅན་དང་ཨེ་ཛི་ནད་པས་བསམ་བཞིན་དུ་ཨེ་ཛི་ནད་དུག་བརྒྱུད་མཆེད་རྩ་བ་ནས་བྱེད་མི་རུང་།
第三十九条 疾病预防控制机构和出入境检验检疫机构进行艾滋病流行病学调查时,被调查单位和个人应当如实提供有关情况。
未经本人或者其监护人同意,任何单位或者个人不得公开艾滋病病毒感染者、艾滋病病人及其家属的姓名、住址、工作单位、肖像、病史资料以及其他可能推断出其具体身份的信息。
དོན་ཚན་སོ་དགུ་པ།
ཨེ་ཛི་ནད་ཡམས་འགོག་བཅོས་དང་ཚོད་འཛིན་ལས་ཁང་དང་རྒྱལ་མཚམས་འགོས་ནད་ཞིབ་བཤེར་ལས་ཁང་གི་ཨེ་ཛི་ནད་ཡམས་རིམས་ནད་རྟོག་ཞིབ་བྱེད་སྐབས།རྟོག་ཞིབ་བྱེད་ཡུལ་གྱི་ལས་ཁང་དང་མི་སྣ་ཡིས་འབྲེལ་ཡོད་ཆ་འཕྲིན་ཇི་མ་ཇི་བཞིན་དུ་མཁོ་སྤྲོད་བྱེད་དགོས།
རང་ཉིད་ཀྱི་དང་ལྟ་སྐུལ་མི་སྣ་ཡི་ཆོག་མཆན་མ་ཐུབ་པའི་སྔོན་ལ་ལས་ཁུངས་དང་མི་སྒེར་སུ་ཡིན་རུང་ཨེ་ཛི་ནད་དུག་ཅན་དང་ཨེ་ཛི་ནད་པ།ཨེ་ཛི་ནད་པའི་ཁྱིམ་མི་སོགས་ཀྱི་རུས་མིང་། སྡོད་གནས། ལས་དོན་སྒྲུབ་ཡུལ།མི་སྒེར་འདྲ་པར།ནད་ཀྱི་ཆ་འཕྲིན་སོགས་མདོར་ན་ཁོ་ཚོ་ཡི་ཐོབ་ཐང་རིགས་འདེད་ཐུབ་པའི་ཆ་འཕྲིན་ཁྱབ་བསྒྲགས་བྱེད་མི་ཆོག
第四十条 县级以上人民政府卫生主管部门和出入境检验检疫机构可以封存有证据证明可能被艾滋病病毒污染的物品,并予以检验或者进行消毒。经检验,属于被艾滋病病毒污染的物品,应当进行卫生处理或者予以销毁;对未被艾滋病病毒污染的物品或者经消毒后可以使用的物品,应当及时解除封存。
དོན་ཚན་བཞི་བཅུ་བ།
རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་འཕྲོད་བསྟེན་གཙོ་གཉེར་སྡེ་ཁག་དང་རྒྱལ་མཚམས་འགོས་ནད་ཞིབ་བཤེར་ལས་ཁང་གིས་ཨེ་ཛི་ནད་དུག་འགོས་པ་ར་སྤྲོད་ཡོད་ན་དངོས་རྫས་དེ་བཀག་ཉར་བྱེད་ཆོག་ལ།དངོས་རྫས་ལ་ཞིབ་བཤེར་དང་དུག་སེལ་བྱེད་དགོས།ཞིབ་བཤེར་བྱས་རྗེས་ཨེ་ཛི་ནད་དུག་ཡོད་པའི་དངོས་རྫས་ལ་དགོས་ངེས་ཀྱི་གཙང་སྦྲ་དག་བཅོས་བྱེད་པ་འམ་ཡང་ན་རྩ་མེད་བཟོ་དགོས།ཨེ་ཛི་ནད་དུག་ཕོག་མེད་པའི་དངོས་རྫས་སམ་ཡང་ན་དུག་སེལ་བྱས་རྗེས་བཀོལ་སྤྱོད་བྱེད་ཆོག་པའི་དངོས་རྫས་ལམ་སང་བཀག་ཉར་ལས་གྲོལ་འོས།
第四章治疗与救助 ས་བཅད་བཞི་པ། སྨན་བཅོས་དང་སྐྱོབ་རོགས།
第四十一条 医疗机构应当为艾滋病病毒感染者和艾滋病病人提供艾滋病防治咨询、诊断和治疗服务。
医疗机构不得因就诊的病人是艾滋病病毒感染者或者艾滋病病人,推诿或者拒绝对其他疾病进行治疗。
དོན་ཚན་ཞེ་གཅིག་པ།
སྨན་བཅོས་ལས་ཁང་གིས་ཨེ་ཛི་ནད་དུག་ཅན་དང་ཨེ་ཛི་ནད་པ་ལ་ཨེ་ཛི་ནད་ཡམས་འགོག་བཅོས་ཐད་ཀྱི་བློ་འདྲི་དང་།ནད་གཞི་བརྟག་དཔྱད། སྨན་བཅོས་སོགས་ཀྱི་ཞབས་ཞུ་མཁོ་སྤྲོད་བྱེད་དགོས།
སྨན་བཅོས་ལས་ཁང་གིས་ཨེ་ཛི་ནད་དུག་ཅན་དང་ཨེ་ཛི་ནད་པ་ལ་སྨན་བཅོས་མི་བྱེད་པའམ་རང་འགན་གཞན་དཀྲི་བྱེད་མི་རུང་།
第四十二条 对确诊的艾滋病病毒感染者和艾滋病病人,医疗卫生机构的工作人员应当将其感染或者发病的事实告知本人;本人为无行为能力人或者限制行为能力人的,应当告知其监护人。
དོན་ཚན་ཞེ་གཉིས་པ།ཨེ་ཛི་ནད་དུག་འགོས་ཡོད་པ་དང་ཨེ་ཛི་ནད་པ་ཡིན་པ་ཐག་ཆོད་རྗེས།སྨན་བཅོས་འཕྲོད་བསྟེན་ལས་ཁང་གི་ལས་བྱེད་མི་སྣ་ཡིས་མི་དེ་ཉིད་ལ་ཨེ་ཛི་ནད་དུག་ཡོད་ཚུལ་ལམ་ནད་ཕོག་ཡོད་པའི་དོན་དངོས་དེ་ཤེས་སུ་འཇུག་དགོས།གལ་ཏེ་མི་དེ་ལ་བྱ་སྤྱོད་སྤེལ་བའི་ནུས་པ་མེད་པའམ་བྱ་སྤྱོད་སྤེལ་ནུས་ལ་ཚད་བཀག་ཡོད་ན་དེ་ཡི་ལྟ་སྐུལ་པ་ལ་བཤད་དགོས།
第四十三条 医疗卫生机构应当按照国务院卫生主管部门制定的预防艾滋病母婴传播技术指导方案的规定,对孕产妇提供艾滋病防治咨询和检测,对感染艾滋病病毒的孕产妇及其婴儿,提供预防艾滋病母婴传播的咨询、产前指导、阻断、治疗、产后访视、婴儿随访和检测等服务。
དོན་ཚན་ཞེ་གསུམ་པ།སྨན་བཅོས་འཕྲོད་བསྟེན་ལས་ཁང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཕྲོད་བསྟེན་གཙོ་གཉེར་སྡེ་ཁག་གིས་གཏན་འབེབས་བྱས་པའི་ཨེ་ཛི་ནད་ཡམས་མ་བུ་འགོ་མཆེད་བྱེད་པ་སྔོན་འགོག་བྱེད་པའི་ལག་རྩལ་དང་མཛུབ་སྟོན་འཆར་གཞི་ལྟར་བུད་མེད་སྦྲུམ་མ་ལ་ཨེ་ཛི་ནད་ཡམས་འགོག་བཅོས་ཐད་ལ་བློ་འདོན་དང་།ཞིབ་བཤེར་མཁོ་སྤྲོད་བྱེད་དགོས་ལ།ཨེ་ཛི་ནད་དུག་ཅན་གྱི་བུད་མེད་སྦྲུམ་མ་དང་བུ་ཕྲུག་ལ་ཨེ་ཛི་ནད་ཡམས་མ་བུ་འགོ་མཆེད་བྱེད་པ་སྔོན་འགོག་གི་བློ་འདོན་ཞབས་ཞུ་དང་།སྦྲུམ་མའི་གནས་སྐབས་ཀྱི་མཛུབ་སྟོན། བདེ་ཕྲལ། སྨན་བཅོས། སྐྱེས་རྗེས་སྨན་དོན་འཚམས་འདྲི།ཕྲུ་གུ་ལ་ལྟ་རྟོག་དང་ཞིབ་བཤེར་སོགས་ཀྱི་ཞབས་ཞུ་མཁོ་སྤྲོད་བྱེད་དགོས།
第四十四条 县级以上人民政府应当采取下列艾滋病防治关怀、救助措施:
(一)向农村艾滋病病人和城镇经济困难的艾滋病病人免费提供抗艾滋病病毒治疗药品;
(二)对农村和城镇经济困难的艾滋病病毒感染者、艾滋病病人适当减免抗机会性感染治疗药品的费用;
(三)向接受艾滋病咨询、检测的人员免费提供咨询和初筛检测;
(四)向感染艾滋病病毒的孕产妇免费提供预防艾滋病母婴传播的治疗和咨询。
དོན་ཚན་ཞེ་བཞི་པ།
རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་གཤམ་གྱི་ཨེ་ཛི་ནད་ཡམས་འགོག་བཅོས་སྐོར་གྱི་ཐུགས་ཁུར་དང་སྐྱོབ་རོགས་ཐབས་ལམ་ལག་བསྟར་བྱེད་དགོས།
གཅིགཞིང་འབྲོག་ས་ཁུལ་གྱི་ཨེ་ཛི་ནད་པ་དང་གྲོང་ཁྱེར་གྱི་དཔལ་འབྱོར་དབུལ་པའི་ཨེ་ཛི་ནད་པ་ལ་ཨེ་ཛི་ནད་དུག་འགོག་བཅོས་ཀྱི་སྨན་རིན་མི་ལེན་པར་སྦྱིན་དགོས།
གཉིས།ཞིང་འབྲོག་ས་ཁུལ་གྱི་ཨེ་ཛི་ནད་པ་དང་གྲོང་ཁྱེར་གྱི་དཔལ་འབྱོར་དབུལ་པའི་ཨེ་ཛི་ནད་པ་ལ་སྐབས་བསྟུན་འགོས་ནད་འགོག་བཅོས་སྨན་རྫས་གྱི་རིན་གོང་འོས་འཚམས་བྱེད་དགོས།
གསུམ།ཨེ་ཛི་ནད་ཡམས་རྒྱུས་ལོན་དང་བརྟག་བཤེར་བྱེད་པའི་མི་ལ་རིན་མི་ལེན་པར་ཆ་འཕྲིན་མཁོ་སྤྲོད་དང་ཐོག་མའི་འདེམས་བརྟག་བྱེད་དགོས།
བཞི།ཨེ་ཛི་ནད་དུག་ཅན་གྱི་བུད་མེད་སྦྲུམ་མ་ལ་ཨེ་ཛི་ནད་ཡམས་མ་བུ་འགོ་མཆེད་འགོག་བཅོས་ཀྱི་ཆ་འཕྲིན་དང་སྨན་བཅོས་མཁོ་སྤྲོད་བྱེད་དགོས།
第四十五条 生活困难的艾滋病病人遗留的孤儿和感染艾滋病病毒的未成年人接受义务教育的,应当免收杂费、书本费;接受学前教育和高中阶段教育的,应当减免学费等相关费用。
དོན་ཚན་ཞེ་ལྔ་པ།འཚོ་བ་དབུལ་བའི་ཨེ་ཛི་ནད་པས་བསྐྱུར་བའི་དྭ་ཕྲུག་དང་ཨེ་ཛི་ནད་དུག་ཅན་གྱི་ན་གཞོན་གྱིས་འོས་འགན་སློབ་གསོ་ཡི་འགྲོ་སོང་ཕྲན་ཚེགས་དང་དེབ་རིན་སོགས་སྤྲད་མི་དགོས་ལ།བྱིས་བཅོལ་སློབ་གསོ་དང་འབྲིང་རིམ་དང་མཐོ་རིམ་སློབ་གསོ་སོགས་ཀྱི་སློབ་ཡོན་སོགས་འབྲེལ་ཡོད་ཀྱི་འགྲོ་སོང་སྤྲད་མི་དགོས།
第四十六条 县级以上地方人民政府应当对生活困难并符合社会救助条件的艾滋病病毒感染者、艾滋病病人及其家属给予生活救助。
དོན་ཚན་ཞེ་དྲུག་པ།རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གིས་འཚོ་བ་དབུལ་བ་དང་སྤྱི་ཚོགས་རོགས་སྐྱོབ་ཆ་རྐྱེན་ཚང་བའི་ཨེ་ཛི་ནད་པ་དང་ཨེ་ཛི་ནད་དུག་ཅན་གྱི་མི་སྣ་དང་ཁོ་ཚོ་ཡི་ཁྱིམ་མི་ལ་འཚོ་བའི་རོགས་སྐྱོར་གནང་དགོས།
第四十七条 县级以上地方人民政府有关部门应当创造条件,扶持有劳动能力的艾滋病病毒感染者和艾滋病病人,从事力所能及的生产和工作。
དོན་ཚན་ཞེ་བདུན་པ།རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གིས་ངལ་རྩོལ་ནུས་པ་ལྡན་པའི་ཨེ་ཛི་ནད་དུག་ཅན་དང་ཨེ་ཛི་ནད་པ་ལ་རང་ནུས་གང་འཚམས་ཀྱི་ཐོན་སྐྱེད་དང་ལས་ཞུགས་ཆ་རྐྱེན་བསྐྲུན་དགོས། ལེའུ་ལྔ་པ། འགན་སྲུང་ཐབས་ལམ།
第五章保障措施 ལེའུ་ལྔ་པ། འགན་སྲུང་ཐབས་ལམ།
第四十八条 县级以上人民政府应当将艾滋病防治工作纳入国民经济和社会发展规划,加强和完善艾滋病预防、检测、控制、治疗和救助服务网络的建设,建立健全艾滋病防治专业队伍。
དོན་ཚན་ཞེ་བརྒྱད་པ།རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གིས་ཨེ་ཛི་ནད་ཡམས་འགོག་བཅོས་ཀྱི་ལས་ཀ་དེ་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་འགོད་ནང་དུ་འཇོག་དགོས་ལ།ཨེ་ཛི་ནད་ཡམས་སྔོན་འགོག་དང་རྟོག་ཞིབ། ཚོད་འཛིན། སྨན་བཅོས།རོགས་སྐྱོབ་སོགས་ཞབས་ཞུའི་འབྲེལ་ལམ་ཡག་པོར་འཛུགས་དགོས་ཤིང་།ཆེད་ལས་ཤེས་བྱ་ཡོད་པའི་ཨེ་ཛི་ནད་ཡམས་འགོག་བཅོས་རུ་ཁག་འཐུས་ཚང་བ་འཛུགས་དགོས།
各级人民政府应当根据艾滋病防治工作需要,将艾滋病防治经费列入本级财政预算。
རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གིས་ཨེ་ཛི་ནད་ཡམས་འགོག་བཅོས་ལས་དོན་གྱི་དགོས་མཁོ་ལྟར།ཨེ་ཛི་ནད་ཡམས་འགོག་བཅོས་ཀྱི་འགྲོ་སོང་རིམ་པ་སོ་སོའི་ནོར་དོན་སྔོན་རྩིས་ནང་ཚུད་དགོས།
第四十九条 县级以上地方人民政府按照本级政府的职责,负责艾滋病预防、控制、监督工作所需经费。
དོན་ཚན་ཞེ་དགུ་བ།རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གིས་རིམ་པ་སོ་སོའི་སྲིད་གཞུང་གི་ལས་འགན་ལྟར་ཨེ་ཛི་ནད་ཡམས་སྔོན་འགོག་དང་ཚོད་འཛིན།ལྟ་སྐུལ་ལས་ཀའི་འགྲོ་སོང་གི་འགན་ཁུར་དགོས།
国务院卫生主管部门会同国务院其他有关部门,根据艾滋病流行趋势,确定全国与艾滋病防治相关的宣传、培训、监测、检测、流行病学调查、医疗救治、应急处置以及监督检查等项目。中央财政对在艾滋病流行严重地区和贫困地区实施的艾滋病防治重大项目给予补助。
རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཕྲོད་བསྟེན་གཙོ་གཉེར་སྡེ་ཁག་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་ལས་ཁུངས་དང་མཉམ་དུ་རྒྱལ་ཡོངས་ཀྱི་ཨེ་ཛི་ནད་ཡམས་འགོག་བཅོས་དང་འབྲེལ་བའི་ཁྱབ་བསྒྲགས་དང་།སྦྱོང་བརྡར། ཞིབ་བཤེར། བརྟག་དཔྱད། རིམས་ནད་རྟོག་ཞིབ། གློ་བུར་དོན་རྐྱེན་ཐག་གཅོད།ལྟ་སྐུལ་སོགས་ཀྱི་ལས་གཞི་ལ་ཁག་ཐེག་བྱེད་པ་རེད།ཀྲུང་དབྱང་ནོར་སྲིད་ལས་ཁུངས་ཀྱིས་ཨེ་ཛི་ནད་ཡམས་འགོ་ཁྱབ་ཚབས་ཆེ་ས་དང་དབུལ་ཕོངས་ས་ཁུལ་དུ་ལག་བསྟར་བྱེད་པའི་ཨེ་ཛི་ནད་ཡམས་འགོག་བཅོས་ལས་གཞི་ལ་ནོར་སྲིད་ཀྱི་རོགས་སྐྱོར་བྱེད།
省、自治区、直辖市人民政府根据本行政区域的艾滋病防治工作需要和艾滋病流行趋势,确定与艾滋病防治相关的项目,并保障项目的实施经费。
ཞིང་ཆེན་དང་རང་སྐྱོང་ལྗོངས།ཐད་སྐྱོང་གྲོང་ཁྱེར་ཀྱི་མི་དམངས་སྲིད་གཞུང་གིས་ས་གནས་སྲིད་འཛིན་ས་ཁོངས་ཀྱི་ཨེ་ཛི་ནད་ཡམས་འགོག་བཅོས་ཀྱི་དགོས་མཁོ་དང་ཨེ་ཛི་ནད་ཡམས་འགོ་ཁྱབ་ཀྱི་གནས་ཚུལ་ལ་གཞིགས་ནས་ཨེ་ཛི་ནད་ཡམས་འགོག་བཅོས་དང་འབྲེལ་བའི་ལས་གཞི་གཏན་འཁེལ་དགོས་ལ།ལས་གཞི་ལག་བསྟར་གྱི་འགྲོ་སོང་ཁག་ཐག་བྱེད་དགོས།
第五十条 县级以上人民政府应当根据艾滋病防治工作需要和艾滋病流行趋势,储备抗艾滋病病毒治疗药品、检测试剂和其他物资。
དོན་ཚན་ལྔ་བཅུ་པ།རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་ཨེ་ཛི་ནད་ཡམས་འགོག་བཅོས་ཀྱི་དགོས་མཁོ་དང་ཨེ་ཛི་ནད་ཡམས་འགོ་ཁྱབ་ཀྱི་གནས་ཚུལ་ལ་གཞིགས་ནས་ཨེ་ཛི་ནད་དུག་འགོག་པའི་སྨན་རྫས་དང་བརྟག་དཔྱད་ཡོ་བྱད་སོགས་དང་དངོས་རྫས་གཞན་པ་གྲ་སྒྲིག་ཉར་ཚགས་བྱེད་དགོས།
第五十一条 地方各级人民政府应当制定扶持措施,对有关组织和个人开展艾滋病防治活动提供必要的资金支持和便利条件。有关组织和个人参与艾滋病防治公益事业,依法享受税收优惠。
དོན་ཚན་ང་གཅིག་པ།ས་གནས་རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གིས་ཨེ་ཛི་ནད་ཡམས་འགོག་བཅོས་ལས་ཀའི་རོགས་སྐྱོར་ཐབས་ལམ་བཀོད་དགོས་པ་སྟེ།འབྲེལ་ཡོད་ཚོགས་པ་དང་མི་སྒེར་གྱིས་ཨེ་ཛི་ནད་ཡམས་འགོག་བཅོས་ཀྱི་བྱ་འགུལ་སྤེལ་བ་ལ་དགོས་ངེས་ཀྱི་རོགས་དངུལ་དང་ཆ་རྐྱེན་མཁོ་སྤྲོད་བྱེད་དགོས།འབྲེལ་ཡོད་ཚོགས་པ་དང་མི་སྒེར་དག་ཨེ་ཛི་ནད་ཡམས་འགོག་བཅོས་ཀྱི་དགེ་ཕན་ལས་ཀ་ལ་ཞུགས་ན་ཁྲིམས་མཐུན་གྱི་ཁྲལ་བཅག་ཁེ་ཕན་རོལ་ཆོག
第六章法律责任ལེའུ་དྲུག་པ།ཁྲིམས་ལུགས་ལས་འགན།
第五十二条 地方各级人民政府未依照本条例规定履行组织、领导、保障艾滋病防治工作职责,或者未采取艾滋病防治和救助措施的,由上级人民政府责令改正,通报批评;造成艾滋病传播、流行或者其他严重后果的,对负有责任的主管人员依法给予行政处分;构成犯罪的,依法追究刑事责任。
དོན་ཚན་ང་གཉིས་པ།ས་གནས་རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གིས་ཁྲིམས་ཡིག་འདི་ལྟར་ཨེ་ཛི་ནད་ཡམས་འགོག་བཅོས་ལས་འགན་གཏན་ཁེལ་དང་ལག་བསྟར།རྩ་འཛུགས། སྣེ་ཁྲིད་དང་ཁག་ཐག་བྱས་མེད་ན།ཡང་ན་ཨེ་ཛི་ནད་ཡམས་འགོག་བཅོས་དང་རོགས་སྐྱོར་ཐབས་ལམ་ལག་བསྟར་མ་བྱས་ན།མི་དམངས་སྲིད་གཞུང་རིམ་པ་གོང་མས་བསྒྱུར་བཅོས་བྱེད་དགོས་པའི་བཀའ་ཕབ་ཞིང་བརྡ་ཁྱབ་ཐོག་ནས་སྐྱོན་བརྗོད་བྱེད་པ།ཨེ་ཛི་ནད་དུག་ཁྱབ་སྤེལ་དང་དར་ཁྱབ་གཏོང་བ་སོགས་མཇུག་འབྲས་ཚབས་ཆེན་ལ་འགན་ཁུར་ཡོད་པའི་མི་སྣ་གཙོ་བོ་ལ་ཁྲིམས་ལྟར་སྲིད་འཛིན་ཆད་པ་འགེལ་དགོས་ལ།ནག་ཉེས་ཡོད་ན་ཁྲིམས་ལུགས་ལྟར་ཉེས་འགན་རྩད་གཅོད་བྱེད་པ།
第五十三条 县级以上人民政府卫生主管部门违反本条例规定,有下列情形之一的,由本级人民政府或者上级人民政府卫生主管部门责令改正,通报批评;造成艾滋病传播、流行或者其他严重后果的,对负有责任的主管人员和其他直接责任人员依法给予行政处分;构成犯罪的,依法追究刑事责任:
(一)未履行艾滋病防治宣传教育职责的;
(二)对有证据证明可能被艾滋病病毒污染的物品,未采取控制措施的;
(三)其他有关失职、渎职行为。
出入境检验检疫机构有前款规定情形的,由其上级主管部门依照本条规定予以处罚。
དོན་ཚན་ང་གསུམ་པ།
རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་འཕྲོད་བསྟེན་གཙོ་གཉེར་སྡེ་ཁག་གིས་ཁྲིམས་ཡིག་དང་འགལ་ནས་གཤམ་གྱི་གནས་ཚུལ་དེ་དག་བྱུང་ན།མི་དམངས་སྲིད་གཞུང་རིམ་པ་དེའམ་གོང་མ་ཡིས་བསྒྱུར་བཅོས་བྱེད་དགོས་པའི་བཀའ་ཕབ་ཞིང་བརྡ་ཁྱབ་ཐོག་ནས་སྐྱོན་བརྗོད་བྱེད་པ།ཨེ་ཛི་ནད་དུག་ཁྱབ་སྤེལ་དང་དར་ཁྱབ་གཏོང་བ་སོགས་མཇུག་འབྲས་ཚབས་ཆེན་ལ་འགན་ཁུར་ཡོད་པའི་མི་སྣ་གཙོ་བོ་དང་འབྲེལ་བ་ཐད་ཀར་ཡོད་པའི་འགན་ཁུར་མི་སྣ་དག་ལ་ཁྲིམས་ལྟར་སྲིད་འཛིན་ཆད་པ་འགེལ་དགོས་ལ།ནག་ཉེས་ཡོད་ན་ཁྲིམས་ལུགས་ལྟར་ཉེས་འགན་རྩད་གཅོད་བྱེད་པ།
དང་པོ།ལས་འགན་ལྟར་ཨེ་ཛི་ནད་ཡམས་འགོག་བཅོས་ཀྱི་ཁྱབ་བསྒྲགས་སློབ་གསོ་ལག་ལེན་མ་བྱས་པ།
གཉིས་པ།ཨེ་ཛི་ནད་དུག་འགོས་ཡོད་པ་ར་སྤྲོད་ཡོད་པའི་དངོས་རྫས་ལ་ཚོད་འཛིན་མ་བྱས་པ།
གསུམ་པ།ལས་ནོར་དང་འགན་འཛོལ་གྱི་བྱ་སྤྱོད་གཞན་པ།
རྒྱལ་མཚམས་འགོས་ནད་ཞིབ་བཤེར་ལས་ཁུངས་ལ་གོང་གི་གནས་ཚུལ་དེ་དག་ཡོད་ན།རིམ་པ་གོང་མའི་འགན་འཛིན་ལས་ཁུངས་ཀྱིས་དོན་ཚན་འདི་ལྟར་ཆད་པ་གཅོད་པ།
第五十四条 县级以上人民政府有关部门未依照本条例规定履行宣传教育、预防控制职责的,由本级人民政府或者上级人民政府有关部门责令改正,通报批评;造成艾滋病传播、流行或者其他严重后果的,对负有责任的主管人员和其他直接责任人员依法给予行政处分;构成犯罪的,依法追究刑事责任。
དོན་ཚན་ང་བཞི་བ།
རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་ཁྲིམས་ཡིག་འདི་ལྟར་ཨེ་འགོག་སློབ་གསོ་ཁྱབ་བསྒྲགས་དང་སྔོན་འགོག་ཚོད་འཛིན་སོགས་ཀྱི་ལས་འགན་ལག་ལེན་མ་བྱས་ན།མི་དམངས་སྲིད་གཞུང་རིམ་པ་གོང་མ་ཡིས་བསྒྱུར་བཅོས་བྱེད་དགོས་པའི་བཀའ་ཕབ་ཞིང་བརྡ་ཁྱབ་ཐོག་ནས་སྐྱོན་བརྗོད་བྱེད་ལ།ཨེ་ཛི་ནད་དུག་ཁྱབ་སྤེལ་དང་དར་ཁྱབ་གཏོང་བ་སོགས་མཇུག་འབྲས་ཚབས་ཆེན་ལ་འགན་ཁུར་ཡོད་པའི་མི་སྣ་གཙོ་བོ་དང་ཐད་ཀར་འབྲེལ་བ་ཡོད་པའི་འགན་ཁུར་མི་སྣ་དག་ལ་ཁྲིམས་ལྟར་སྲིད་འཛིན་ཆད་པ་འགེལ་དགོས་ཤིང་།ནག་ཉེས་ཡོད་ན་ཁྲིམས་ལུགས་ལྟར་ཉེས་འགན་རྩད་གཅོད་བྱེད་པ།
第五十五条 医疗卫生机构未依照本条例规定履行职责,有下列情形之一的,由县级以上人民政府卫生主管部门责令限期改正,通报批评,给予警告;造成艾滋病传播、流行或者其他严重后果的,对负有责任的主管人员和其他直接责任人员依法给予降级、撤职、开除的处分,并可以依法吊销有关机构或者责任人员的执业许可证件;构成犯罪的,依法追究刑事责任:
(一)未履行艾滋病监测职责的;
(二)未按照规定免费提供咨询和初筛检测的;
(三)对临时应急采集的血液未进行艾滋病检测,对临床用血艾滋病检测结果未进行核查,或者将艾滋病检测阳性的血液用于临床的;
(四)未遵守标准防护原则,或者未执行操作规程和消毒管理制度,发生艾滋病医院感染或者医源性感染的;
(五)未采取有效的卫生防护措施和医疗保健措施的;
(六)推诿、拒绝治疗艾滋病病毒感染者或者艾滋病病人的其他疾病,或者对艾滋病病毒感染者、艾滋病病人未提供咨询、诊断和治疗服务的;
(七)未对艾滋病病毒感染者或者艾滋病病人进行医学随访的;
(八)未按照规定对感染艾滋病病毒的孕产妇及其婴儿提供预防艾滋病母婴传播技术指导的。
出入境检验检疫机构有前款第(一)项、第(四)项、第(五)项规定情形的,由其上级主管部门依照前款规定予以处罚。
དོན་ཚན་ང་ལྔ་བ།
སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱིས་ཁྲིམས་ཡིག་འདི་ལྟར་ལས་འགན་ལག་ལེན་བྱས་མ་ཐུབ་པར་གཤམ་གྱི་གནས་ཚུལ་གང་བྱུང་ན།རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་བསྒྱུར་བཅོས་བྱེད་དགོས་པའི་བཀའ་ཕབ་ཞིང་བརྡ་ཁྱབ་ཐོག་ནས་སྐྱོན་བརྗོད་བྱེད་ལ།ཨེ་ཛི་ནད་དུག་ཁྱབ་སྤེལ་དང་དར་ཁྱབ་གཏོང་བ་སོགས་མཇུག་འབྲས་ཚབས་ཆེན་བཟོས་ན།འགན་ཁུར་ཡོད་པའི་མི་སྣ་གཙོ་བོ་དང་ཐད་ཀར་འབྲེལ་བ་ཡོད་པའི་འགན་ཁུར་བ་ལ་ཁྲིམས་མཐུན་གྱི་གོ་ས་མར་ཕབ་པ་དང་།གོ་གནས་ནས་དབྱུང་པ། ལས་ཁུངས་ནས་ཕྱིར་ཕུད་པ་སོགས་ཀྱི་ཆད་པ་ཡོད་ལ།ཁྲིམས་མཐུན་ལྟར་འབྲེལ་ཡོད་ལས་ཁུངས་དང་འགན་འཛིན་མི་སྣ་ཡི་ལས་གཉེར་དཔང་ཡིག་རྩིས་མེད་དུ་གཏོང་བ་དང་།ནག་ཉེས་ཡོད་ན་ཁྲིམས་ལུགས་ལྟར་ཉེས་འགན་རྩད་གཅོད་བྱེད་པ།
དང་པོ།ཨེ་ཛི་ནད་ཡམས་ཀྱི་ཞིབ་བཤེར་ལས་འགན་ལག་ལེན་མ་བྱས་པ།
གཉིས་པ།ཁྲིམས་ཡིག་འདི་ལྟར་རིན་མེད་ཀྱིས་ཆ་འཕྲིན་མཁོ་སྤྲོད་དང་ཐོག་མའི་འདེམས་བརྟག་མ་བྱས་པ།
གསུམ་པ།གློ་བུར་དོན་རྐྱེན་གྱི་དབང་གིས་གནས་སྐབས་བསྡུ་ལེན་བྱེད་པའི་ཁྲག་གཤེར་བཤེར་འཇལ་མ་བྱས་པ།ནད་ཐོག་བཀོལ་སྤྱོད་བྱེད་པའི་ཁྲག་གི་ཨེ་ཛི་ནད་ཡམས་བཤེར་འཇལ་གྱི་མཇུག་འབྲས་ལ་ཞིབ་བཤེར་མ་བྱས་པ་དང་།ཨེ་ཛི་ནད་དུག་ཅན་གྱི་ཁྲག་གཤེར་ནད་ཐོག་ལ་བཀོལ་སྤྱོད་བྱས་པ།
བཞི་པ།འགོག་བཅོས་ཚད་ལྡན་གྱི་རྩ་དོན་ལྟར་བཀོད་སྤྱོད་བྱེད་ལུགས་དང་དུག་སེལ་དོ་དམ་སྲིད་ཇུས་ལག་བསྟར་མ་བྱས་པར།ཨེ་ཛི་ནད་ཡམས་སྨན་ཁང་ནས་འགོ་བ་དང་སྨན་ཆས་ནས་འགོ་བ་སོགས་ཀྱི་དོན་རྐྱེན་བྱུང་བ།
ལྔ་པ།འགོག་སྲུང་འཕྲོད་བསྟེན་དང་སྨན་བཅོས་ཁམས་གསོ་ཐབས་ལམ་ལག་བསྟར་མ་བྱས་པ།
དྲུག་པ།ཨེ་ཛི་ནད་དུག་ཅན་དང་ཨེ་ཛི་ནད་པ་ཡི་ནད་རིགས་གཞན་གྱི་སྨན་བཅོས་མི་བྱེད་པ་དང་རང་འགན་གཞན་དཀྲི་བྱེད་པའམ།ཨེ་ཛི་ནད་དུག་ཅན་དང་ཨེ་ཛི་ནད་པ་ལ་ཆ་འཕྲིན་དང་།སྨན་དཔྱད་དང་སྨན་བཅོས་བཅས་ཀྱི་ཞབས་ཞུ་མཁོ་སྤྲོད་མ་བྱས་པ།
བདུན་པ།ཨེ་ཛི་ནད་དུག་ཅན་དང་ཨེ་ཛི་ནད་པ་ལ་སྨན་དོན་འཚམས་འདྲི་མ་བྱས་པ།
བརྒྱད་པ།ཁྲིམས་ཡིག་འདི་ལྟར་ཨེ་ཛི་ནད་དུག་ཡོད་པའི་བུད་མེད་སྦྲུམ་མ་དང་བུ་ཕྲུག་ལ་ཨེ་ཛི་ནད་ཡམས་མ་བུ་འགོ་མཆེད་སྔོན་འགོག་བྱས་པའི་ལག་རྩལ་མཛུབ་སྟོན་མཁོ་སྤྲོད་མ་བྱས་པ།
རྒྱལ་མཚམས་འགོས་ནད་ཞིབ་བཤེར་ལས་ཁུངས་ལ་གོང་གི་གནས་ཚུལ་དང་པོ། བཞི་པ།ལྔ་པ་བཅས་ཡོད་ན།རིམ་པ་གོང་མའི་འགན་འཛིན་ལས་ཁུངས་ཀྱིས་དོན་ཚོན་འདི་ལྟར་ཆད་པ་གཅོད་པ།
第五十六条 医疗卫生机构违反本条例第三十九条第二款规定,公开艾滋病病毒感染者、艾滋病病人或者其家属的信息的,依照传染病防治法的规定予以处罚。
出入境检验检疫机构、计划生育技术服务机构或者其他单位、个人违反本条例第三十九条第二款规定,公开艾滋病病毒感染者、艾滋病病人或者其家属的信息的,由其上级主管部门责令改正,通报批评,给予警告,对负有责任的主管人员和其他直接责任人员依法给予处分;情节严重的,由原发证部门吊销有关机构或者责任人员的执业许可证件。
དོན་ཚན་ང་དྲུག་བ།
སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱིས་དོན་ཚན་སོ་དགུ་པའི་ཚན་པ་གཉིས་པའི་གཏན་འབེབས་དང་འགལ་ནས་ཨེ་ཛི་ནད་དུག་ཅན་དང་ཨེ་ཛི་ནད་པ།ནད་པའི་ཁྱིམ་མི་སོགས་ཀྱི་ཆ་འཕྲིན་ཁྱབ་བསྒྲགས་བྱས་ན།ཨེ་ཛི་ནད་ཡམས་འགོག་བཅོས་ཁྲིམས་ཡིག་ལྟར་ཆད་པ་གཅོད་རྒྱུ་ཡིན།
རྒྱལ་མཚམས་འགོས་ནད་ཞིབ་བཤེར་ལས་ཁུངས་དང་འཆར་ལྡན་བུ་བཙའ་ལག་རྩལ་ཞབས་ཞུ་ལས་ཁུངས་དང་ལས་ཁུངས་གཞན་པ་དང་མི་སྒེར་གྱིས་ཁྲིམས་ཡིག་འདི་ཡི་དོན་ཚན་སོ་དགུ་པའི་ཚན་པ་གཉིས་པའི་གཏན་འབེབས་དང་འགལ་ཏེ།ཨེ་ཛི་ནད་དུག་ཅན་དང་ཨེ་ཛི་ནད་པ།ནད་པའི་ཁྱིམ་མི་སོགས་ཀྱི་ཆ་འཕྲིན་ཁྱབ་བསྒྲགས་བྱས་ན།རིམ་པ་གོང་མའི་མི་དམངས་སྲིད་གཞུང་གིས་བསྒྱུར་བཅོས་བྱེད་དགོས་པའི་བཀའ་ཕབ་ཞིང་བརྡ་ཁྱབ་ཐོག་ནས་སྐྱོན་བརྗོད་བྱས་ཏེ་དྲན་སྐུལ་ཐ་ཚིག་སྒྲོག་པ།འགན་ཁུར་ཡོད་པའི་མི་སྣ་གཙོ་བོ་དང་ཐད་ཀར་འབྲེལ་བ་ཡོད་པའི་འགན་ཁུར་བ་ལ་ཁྲིམས་མཐུན་ཀྱི་ཆད་པ་གཅོད་ཅིང་།གནས་ཚུལ་ཚབས་ཆེ་ན་དཔང་ཡིག་གནང་སྦྱིན་ལས་ཁུངས་ཀྱིས་ཁྲིམས་མཐུན་ལྟར་འབྲེལ་ཡོད་ལས་ཁུངས་དང་འགན་འཛིན་མི་སྣ་ཡི་ལས་གཉེར་དཔང་ཡིག་རྩིས་མེད་དུ་གཏོང་བ།
第五十七条 血站、单采血浆站违反本条例规定,有下列情形之一,构成犯罪的,依法追究刑事责任;尚不构成犯罪的,由县级以上人民政府卫生主管部门依照献血法和《血液制品管理条例》的规定予以处罚;造成艾滋病传播、流行或者其他严重后果的,对负有责任的主管人员和其他直接责任人员依法给予降级、撤职、开除的处分,并可以依法吊销血站、单采血浆站的执业许可证:
(一)对采集的人体血液、血浆未进行艾滋病检测,或者发现艾滋病检测阳性的人体血液、血浆仍然采集的;
(二)将未经艾滋病检测的人体血液、血浆,或者艾滋病检测阳性的人体血液、血浆供应给医疗机构和血液制品生产单位的。
དོན་ཚན་ང་བདུན་པ།
ཁྲག་གསོག་ཁང་དང་ཁྲག་ཁུ་བསྡུ་ལེན་ཁང་དག་ཁྲིམས་ཡིག་འདི་དང་འགལ་ནས་གཤམ་གྱི་གནས་ཚུལ་དག་བྱུང་ན།
གལ་ཏེ་ནག་ཉེས་བཟོས་ཡོད་ན་ཁྲིམས་ལུགས་ལྟར་ཉེས་འགན་རྩད་གཅོད་བྱེད་ལ།ནག་ཉེས་བཟོས་མེད་ན། རྫོང་རིམ་པ་གོང་མའི་མི་དམངས་སྲིད་གཞུང་འཕྲོད་བསྟེན་སྤྱི་གཉེར་ཁང་གིས་ཁྲག་སྦྱིན་ཁྲིམས་ཡིག་དང་ཁྲག་གཤེར་ཐོན་རྫས་དོ་དམ་ཁྲིམས་ཡིག་ལྟར་ཆད་པ་གཅོད་པ།ཨེ་ཛི་ནད་དུག་ཁྱབ་སྤེལ་དང་དར་ཁྱབ་གཏོང་བ་སོགས་མཇུག་འབྲས་ཚབས་ཆེན་བཟོས་ཡོད་ན།འགན་ཁུར་ཡོད་པའི་མི་སྣ་གཙོ་བོ་དང་ཐད་ཀར་འབྲེལ་བ་ཡོད་པའི་འགན་ཁུར་བ་ལ་ཁྲིམས་མཐུན་གྱིས་གོ་ས་ཕབ་པ་དང་།གོ་གནས་ནས་དབྱུང་བ། ལས་ཁུངས་ནས་ཕྱིར་ཕུད་པ་སོགས་ཀྱི་ཆད་པ་ཡོད་ལ།ཁྲིམས་མཐུན་ལྟར་ཁྲག་གསོག་ཁང་དང་ཁྲག་གཤེར་བསྡུ་ལེན་ཁང་གི་ལས་གཉེར་དཔང་ཡིག་རྩིས་མེད་དུ་གཏོང་བ།
དང་པོ།བསྡུ་ལེན་བྱས་ཡོད་པའི་མི་ལུས་ཀྱི་ཁྲག་གཤེར་དང་ཁྲག་ཁུ་ལ་ཨེ་ཛི་ནད་ཡམས་ཡོད་མེད་བཤེར་འཇལ་མ་བྱས་པ་དང་ཨེ་ཛི་ནད་དུག་ཡོད་པ་ཤེས་རྗེས་མུ་མཐུད་དུ་མི་ལུས་ཀྱི་ཁྲག་གཤེར་དང་ཁྲག་ཁུ་བསྡུ་ལེན་བྱེད་པ།
གཉིས་པ།ཨེ་ཛི་ནད་ཡམས་ཡོད་མེད་ཞིབ་དཔྱད་མ་བྱས་པའི་མི་ལུས་ཀྱི་ཁྲག་གཤེར་དང་ཁྲག་ཁུ།ཡང་ན་ཞིབ་དཔྱད་བྱས་རྗེས་ཨེ་ཛི་ནད་ཡམས་ཡོད་པའི་མི་ལུས་ཀྱི་ཁྲག་གཤེར་དང་ཁྲག་ཁུ་སྨན་བཅོས་ལས་ཁུངས་དང་ཁྲག་གཤེར་ཐོན་རྫས་ཐོན་སྐྱེད་ལས་ཁུངས་ལ་མཁོ་སྤྲོད་བྱེད་པ།
第五十八条 违反本条例第三十六条规定采集或者使用人体组织、器官、细胞、骨髓等的,由县级人民政府卫生主管部门责令改正,通报批评,给予警告;情节严重的,责令停业整顿,有执业许可证件的,由原发证部门暂扣或者吊销其执业许可证件。
དོན་ཚན་ང་བརྒྱད་བ།
ཁྲིམས་ཡིག་འདི་ཡི་དོན་ཚན་སོ་དྲུག་པ་ཡི་གཏན་འབེབས་དང་འགལ་ཏེ་མི་ལུས་ཀྱི་ཁྲག་གཤེར།ཁྲག་ཁུ། གྲུབ་ཆ། དབང་པོ། ཕྲ་ཕུང་།རུས་རྐང་སོགས་བསྡུ་ལེན་དང་བཀོལ་སྤྱོད་སོགས་བྱས་ཡོད་ན།རྫོང་རིམ་པའི་མི་དམངས་སྲིད་གཞུང་འཕྲོད་བསྟེན་ལས་ཁུངས་ཀྱིས་བསྒྱུར་བཅོས་བྱེད་དགོས་པའི་བཀའ་ཕབ་ཞིང་བརྡ་ཁྱབ་ཐོག་ནས་སྐྱོན་བརྗོད་བྱས་ཏེ་དྲན་སྐུལ་ཀྱི་ཐ་ཚིག་སྒྲོག་པ་དང་།གནས་ཚུལ་ཚབས་ཆེ་ན་ལས་མཚམས་བཞག་སྟེ་དག་ཐེར་བྱེད་དགོས།ལས་གཉེས་དཔང་ཡིག་ཡོད་ན་དཔང་ཡིག་གནང་སྦྱིན་ལས་ཁུངས་ཀྱིས་གནས་སྐབས་བཀག་ཉེར་བྱེད་པའམ་རྩིས་མེད་དུ་གཏོང་བ།
第五十九条 未经国务院卫生主管部门批准进口的人体血液、血浆、组织、器官、细胞、骨髓等,进口口岸出入境检验检疫机构应当禁止入境或者监督销毁。提供、使用未经出入境检验检疫机构检疫的进口人体血液、血浆、组织、器官、细胞、骨髓等的,由县级以上人民政府卫生主管部门没收违法物品以及违法所得,并处违法物品货值金额3倍以上5倍以下的罚款;对负有责任的主管人员和其他直接责任人员由其所在单位或者上级主管部门依法给予处分。
未经国务院药品监督管理部门批准,进口血液制品的,依照药品管理法的规定予以处罚。
དོན་ཚན་ང་དགུ་བ།
རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཕྲོད་བསྟེན་གཙོ་གཉེར་སྡེ་ཁག་གིས་ཆོག་མཆན་མ་ཐོབ་པའི་མི་ལུས་ཀྱི་ཁྲག་གཤེར་དང་ཁྲག་ཁུ།གྲུབ་ཆ། དབང་པོ། ཕྲ་ཕུང་།རུས་རྐང་སོགས་ནང་འདྲེན་བྱེད་པར་རྒྱལ་མཚམས་འགོས་ནད་ཞིབ་བཤེར་ལས་ཁུངས་ཀྱིས་འགོག་དགོས་ལ་རྩ་མེད་དུ་གཏོང་དགོས།རྒྱལ་མཚམས་འགོས་ནད་ཞིབ་བཤེར་ལས་ཁུངས་ཀྱིས་ཞིབ་བཤེར་མ་བྱས་པར་ནང་འདྲེན་བྱེད་པའི་མི་ལུས་ཀྱི་ཁྲག་གཤེར།ཁྲག་ཁུ། གྲུབ་ཆ། དབང་པོ། ཕྲ་ཕུང་། རུས་རྐང་སོགས་མཁོ་སྤྲོད་དང་བཀོལ་སྤྱོད་བྱས་ན།རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་འཕྲོད་བསྟེན་གཙོ་གཉེར་སྡེ་ཁག་གིས་ཁྲིམས་འགལ་ཐོན་རྫས་དང་ཁྲིམས་འགལ་ཐོབ་ཆ་གཞུང་བཞེས་གཏོང་བ་དང་།ཁྲིམས་འགལ་ཐོན་རྫས་ཀྱི་རིན་ཐང་གི་ལྡབ་གསུམ་ནས་ལྔ་བར་གྱི་དངུལ་ཆད་གཅོད་པ། འགན་ཁུར་ཡོད་པའི་མི་སྣ་གཙོ་བོ་དང་ཐད་ཀར་འབྲེལ་བ་ཡོད་པའི་འགན་ཁུར་གཞན་དང་ཁོ་ཚོ་ཡི་ལས་ཁུངས་དང་གོང་རིམ་པའི་འགན་ཁུར་སྡེ་ཁག་ལ་ཁྲིམས་ལྟར་ཆད་པ་གཅོད་པ།
རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྨན་རྫས་ལྟ་སྐུལ་དོ་དམ་སྡེ་ཁག་གི་ཆོག་མཆན་མ་ཐོབ་པར་ཁྲག་གཤེར་ཐོན་རྫས་ནང་ནང་འདྲེན་བྱས་ན།སྨན་རྫས་དོ་དམ་ཁྲིམས་ཡིག་ལྟར་ཆད་པ་གཅོད་པ།
第六十条 血站、单采血浆站、医疗卫生机构和血液制品生产单位违反法律、行政法规的规定,造成他人感染艾滋病病毒的,应当依法承担民事赔偿责任。
དོན་ཚན་དྲུག་ཅུ་བ།
ཁྲག་གསོག་ཁང་དང་ཁྲག་ཁུ་བསྡུ་ལེན་ཁང།སྨན་བཅོས་འཕྲོད་བསྟེན་ལས་ཁུངས།ཁྲག་གཤེར་ཐོན་རྫས་ཐོན་སྐྱེད་ལས་ཁུངས་ཀྱིས་ཁྲིམས་ལུགས་དང་སྲིད་འཛིན་ཁྲིམས་ཡིག་གྱི་གཏན་འབེབས་དང་འགལ་ཏེ་མི་ལ་ཨེ་ཛི་ནད་དུག་འགོ་བར་བྱས་ན།ཁྲིམས་ལྟར་དམངས་དོན་སྐྱིན་ཚབ་སྤྲོད་པ་འགན་ཁུར་དགོས།
第六十一条 公共场所的经营者未查验服务人员的健康合格证明或者允许未取得健康合格证明的人员从事服务工作,省、自治区、直辖市人民政府确定的公共场所的经营者未在公共场所内放置安全套或者设置安全套发售设施的,由县级以上人民政府卫生主管部门责令限期改正,给予警告,可以并处500元以上5000元以下的罚款;逾期不改正的,责令停业整顿;情节严重的,由原发证部门依法吊销其执业许可证件。
དོན་ཚན་རེ་གཅིག་བ།
མི་མང་འདུ་ར་ཡི་ལས་གཉེར་པ་ཡིས་ཞབས་ཞུ་མི་སྣ་ཀྱི་བདེ་ཐང་དཔང་ཡིག་ལ་བརྟག་ཞིབ་མ་བྱས་པ་དང་བདེ་ཐང་དཔང་ཡིག་མེད་པའི་མི་སྣ་ལ་ཞབས་ཞུ་ལས་དོན་སྒྲུབ་ཏུ་འཇུག་པ་དང་།ཞིང་ཆེན་དང་རང་སྐྱོང་ཁུལ།ཐད་སྐྱོང་གྲོང་ཁྱེར་གྱི་མི་དམངས་སྲིད་གཞུང་གིས་གཏན་ཁེལ་བྱས་པའི་མི་མང་འདུ་ར་ཡི་ལས་གཉེར་པ་ཡི་མི་མང་འདུ་ར་ནང་ལ་རིན་མི་དགོས་པའི་སྲུང་ཤུབས་བཞག་མེད་པ་དང་སྲུང་ཤུབས་འཚོང་ས་སྒྲིག་བཀོད་བྱས་མེད་ན་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་འཕྲོད་བསྟེན་གཙོ་གཉེར་སྡེ་ཁག་གིས་དུས་ངེས་ཅན་ནང་དུ་བསྒྱུར་བཅོས་དགོས་པའི་བཀའ་ཕབ་ཅིང་།དྲན་སྐུལ་ཐ་ཚིག་སྒྲོག་པ་དང་།དམངས་སྒོར་ལྔ་བརྒྱ་ཡན་ནས་སྟོང་ལྔ་ཡི་མན་གྱི་ཆད་པ་གཅོད་པ། དུས་བཅད་ནང་བསྒྱུར་བཅོས་མ་ཐུབ་ན་ལས་མཚམས་བཞག་སྟེ་དག་ཐེར་དགོས་པར་བཀའ་ཕབ་ཞིང་།གནས་ཚུལ་ཚབས་ཆེན་ཡིན་ན་ལས་གཉེར་དཔང་ཡིག་གནང་སྦྱིན་ལས་ཁུངས་ཀྱིས་ལས་གཉེར་དཔང་ཡིག་རྩིས་མེད་དུ་གཏོང་བ།
第六十二条 艾滋病病毒感染者或者艾滋病病人故意传播艾滋病的,依法承担民事赔偿责任;构成犯罪的,依法追究刑事责任。
དོན་ཚན་རེ་གཉིས་པ།
ཨེ་ཛི་ནད་དུག་ཅན་དང་ཨེ་ཛི་ནད་པས་རྐང་བཙུགས་ནས་ཨེ་ཛི་ནད་ཡམས་ཁྱབ་སྤེལ་བྱས་ན།ཁྲིམས་ལྟར་དམངས་དོན་སྐྱིན་ཚབ་སྤྲོད་འགན་ཡོད་ལ།ནག་ཉེས་ཡོད་ན་ཁྲིམས་ལྟར་ཉེས་འགན་རྩད་གཅོད་བྱེད་དོ། །
第七章附则 ལེའི་བདུན་པ། ཟུར་བཀོད།
第六十三条 本条例下列用语的含义:
དོན་ཚན་རེ་གསུམ་པ།ཁྲིམས་ཡིག་འདིའི་ནང་དུ་ཡོད་པའི་བརྡ་ཆད་གཙོ་བོའི་གོ་དོན།
艾滋病,是指人类免疫缺陷病毒(艾滋病病毒)引起的获得性免疫缺陷综合征。
ཨེ་ཛི་ནད་ཡམས་ནད། མིའི་རིགས་ཀྱི་རིམས་འགོག་ཉམས་པའི་ནད་དུག་གམ་ཨེ་ཛི་ནད་དུག་གིས་བསྐྱེད་པའི་རྗེས་ཐོབ་རང་བཞིན་གྱི་རིམས་འགོག་མ་ལག་ཉམ་པར་བྱེད་པའི་ཕྱོགས་འདུས་ཀྱི་ནད་ཡམས་ཤིག
对吸毒成瘾者的药物维持治疗,是指在批准开办戒毒治疗业务的医疗卫生机构中,选用合适的药物,对吸毒成瘾者进行维持治疗,以减轻对毒品的依赖,减少注射吸毒引起艾滋病病毒的感染和扩散,减少毒品成瘾引起的疾病、死亡和引发的犯罪。
དུག་དབྱིངས་ཞུགས་མཁན་ལ་སྨན་རྫས་ཀྱིས་རྒྱུན་མཐུད་སྨན་བཅོས་བྱེད་པ།དུག་གཅོད་སྨན་བཅོས་ཀྱི་ལས་གཉེར་དབང་ཆ་ཡོད་པའི་འཕྲོད་བསྟེན་ལས་ཁུངས་ནང་དུ།དུག་དབྱིངས་ཞུགས་མཁན་ཚོར་འོས་འཚམས་ཀྱི་སྨན་རྫས་ཤིག་བདམས་ཤིང་།ཁོང་ཚོར་རྒྱུན་མཐུད་སྨན་བཅོས་བྱེད་པ་སྟེ།དེས་དུག་རྫས་ཀྱི་བརྟེན་ཚད་ཇེ་ཆུང་དུ་གཏོང་ཐུབ་ཅིང་།དུག་ཆུ་རྩ་འཇུག་གིས་ཨེ་ཛི་ནད་ཡམས་མི་འགོ་བ་དང་མི་བརྒྱུད་པ།དུག་རྫས་དབྱིངས་ཞུགས་ཀྱིས་རིམས་ནད་འབྱུང་ཚད་དང་ཚེ་སྲོག་འཆོར་ཚད། ཁྲིམས་འགལ་ལས་རིགས་སྤེལ་ཚད་ཇེ་ཉུང་དུ་གཏོང་ཐུབ།
标准防护原则,是指医务人员将所有病人的血液、其他体液以及被血液、其他体液污染的物品均视为具有传染性的病原物质,医务人员在接触这些物质时,必须采取防护措施。
ཚད་ལྡན་གྱི་ལུས་སྲུང་རྩ་དོན།སྨན་ལས་མི་སྣ་ཡིས་ནད་པའི་ཁྲག་རིགས་དང་ལུས་ཐོག་ནས་ཐོན་པའི་གཤེར་ཁུ།གཞན་ལུས་གཤེར་འགོས་ཡོད་པའི་དངོས་རྫས་ཡོད་དོ་ཅོག་ལ་རིམས་ནད་འགོ་ཉེན་ཡོད་པའི་དངོས་རྫས་སུ་བལྟ་བ་དང་།དངོས་རྫས་དེ་དག་ལ་འཕྲད་སྐབས་ངེས་པར་དུ་ལུས་སྲུང་ཐབས་ལམ་ཡང་དག་པར་སྤྱོད་པ།
有易感染艾滋病病毒危险行为的人群,是指有卖淫、嫖娼、多性伴、男性同性性行为、注射吸毒等危险行为的人群。
ཨེ་ཛི་ནད་ཡམས་འགོ་སླའི་བྱ་སྤྱོད་ཅན་གྱི་མི་ཚོགས།གཡེམ་པ་དང་སྨད་འཆལ་པ། མཚན་ཟླ་མང་པོ་ཅན། མཚན་མཐུན་ལུས་འབྲེལ་བྱེད་མཁན་གྱི་སྐྱེས་པ།དུག་ཆུ་རྩ་འཇུག་བྱེད་མཁན་གྱི་མི་ཚོགས་སོགས།
艾滋病监测,是指连续、系统地收集各类人群中艾滋病(或者艾滋病病毒感染)及其相关因素的分布资料,对这些资料综合分析,为有关部门制定预防控制策略和措施提供及时可靠的信息和依据,并对预防控制措施进行效果评价。
ཨེ་ཛི་ནད་ཡམས་ཞིབ་བརྟགརྒྱུན་མཐུད་དང་མ་ལག་རང་བཞིན་གྱིས་ས་གནས་སོ་སོའི་མི་ཚོགས་ཁྲོད་ཨེ་ཛི་ནད་ཡམས་སམ་ཡང་ན་ཨེ་ཛི་ནད་དུག་དང་དེ་དང་འབྲེལ་ཡོད་ཀྱི་རྒྱུ་ཆ་ལ་ཕྱོགས་བསྡུས་དབྱེ་ཞིབ་བྱས་ཤིང་།འབྲེལ་ཡོད་ལས་ཁུངས་ལ་སྔོན་འགོག་ཐབས་ཇུས་དང་ལག་ལེན་འཁྲུལ་མེད་ཀྱི་ཆ་འཕྲིན་དང་ཚད་གཞི་མཁོ་འདོན་བྱེད་པ་དང་།སྔོན་འགོག་དང་ཚོད་འཛིན་ལག་ལེན་གྱི་མཇུག་འབྲས་ལ་བརྟག་ཞིབ་བྱེད་པ།
艾滋病检测,是指采用实验室方法对人体血液、其他体液、组织器官、血液衍生物等进行艾滋病病毒、艾滋病病毒抗体及相关免疫指标检测,包括监测、检验检疫、自愿咨询检测、临床诊断、血液及血液制品筛查工作中的艾滋病检测。
ཨེ་ཛི་ནད་ཡམས་ཞིབ་བཤེར། ཚོད་ལྟ་ཁང་གི་ཐབས་ལམ་ལྟར་མི་ལུས་ཀྱི་ཁྲག་དང་ལུས་གཤེར། ཕུང་ཚན་དབང་བོ།ཁྲག་ཐོན་སྐྱེ་དངོས་སོགས་ལ་ཨེ་ཛི་ནད་དུག་སམ་ཨེ་ཛི་ནད་དུག་གི་འགོག་རྫས།ཡང་ན་འབྲེལ་ཡོད་རིམས་འགོག་དམིགས་ཚད་བརྟག་ཞིབ་བྱེད་པ།དེའི་ནང་དུ་ལྟ་ཞིབ་དང་ཞིབ་བཤེར། ནད་ཡམས་བརྟག་ཞིབ། རང་མོས་བློ་འདྲི་བརྟག་བཤེར།ནད་ཐོག་བརྟག་བཤེར།ཁྲག་གཤེར་དང་ཁྲག་རྫས་འདེམས་བརྟག་ལས་དོན་ཁྲོད་ཀྱི་ཨེ་ཛི་བརྟག་བཤེར་སོགས་གཏོགས།
行为干预措施,是指能够有效减少艾滋病传播的各种措施,包括:针对经注射吸毒传播艾滋病的美沙酮维持治疗等措施;针对经性传播艾滋病的安全套推广使用措施,以及规范、方便的性病诊疗措施;针对母婴传播艾滋病的抗病毒药物预防和人工代乳品喂养等措施;早期发现感染者和有助于危险行为改变的自愿咨询检测措施;健康教育措施;提高个人规范意识以及减少危险行为的针对性同伴教育措施。
སྤྱོད་ལམ་ལེགས་བཅོས་བྱེད་ཐབས།ཨེ་ཛི་ནད་དུག་འགོ་ཁྱབ་བྱེད་ཤུགས་ཆུང་དུ་གཏོང་བར་སྤེལ་བའི་ཐབས་ཤེས་འགའ་སྟེ། དཔེར་ན།དུག་ཆུ་རྩ་འཇུག་བྱེད་མཁན་ལ་མེ་ཧྲ་ཐོང་རྒྱུན་མཐུད་སྨན་བཅོས་བྱ་བའི་ཐབས་ཤེས་སྤྱོད་པ་དང་།ལུས་འབྲེལ་འགོ་མཆེད་ལ་སྲུང་ཤུབས་བེད་སྤྱོད་བྱེད་ཚད་ཁྱབ་བརྡལ་གཏོང་བ།གཞན་ཚད་ལྡན་དང་སྟབས་བདེས་མཚན་ནད་སྨན་བཅོས་བྱེད་པའི་ཐབས་ཤེས་དང་། མ་བུ་འགོ་མཆེད་ཀྱི་ཐད་ལ་ནད་དུག་འགོག་སྨན་གྱིས་སྨན་བཅོས་བྱེད་པ་དང་མིས་བཟོས་འོ་མ་ཡིས་མ་འོའི་ཚབ་བྱེད་པ།སྔ་ཙམ་ནས་ཧ་གོ་བའི་ནད་དུག་ཅན་ལ་ཉེན་ཆེའི་བྱ་སྤྱོད་མི་སྤེལ་བར་སྤྱོད་ལམ་ལེགས་བཅོས་ཀྱི་རང་མོས་བློ་འདྲི་བརྟག་བཤེར་བྱ་བའི་ཐབས་ལམ་སློབ་པ་དང་།བདེ་ཐང་སློབ་གསོ་སྤེལ་བ། མི་སྒེར་གྱི་སྤྱོད་ལམ་ལེགས་བཅོས་ཡོང་བ་དང་ཉེན་ཆེའི་བྱ་སྤྱོད་མི་སྤེལ་བར་མཐུན་གྲོགས་སློབ་གསོ་པ་གསོ་སྐྱོང་བྱེད་པ་སོགས་སོ།།
第六十四条 本条例自2006年3月1日起施行。1987年12月26日经国务院批准,1988年1月14日由卫生部、外交部、公安部、原国家教育委员会、国家旅游局、原中国民用航空局、国家外国专家局发布的《艾滋病监测管理的若干规定》同时废止。(完)
【来源:国务院办公厅】
དོན་ཚན་རེ་བཞི་པ། ཁྲིམས་ཡིག་འདི་ནི་སྤྱི་ལོ་༢༠༠༦ལོའི་ཟླ་༣་པའི་ཚེས་༡་ཉིན་ལ་ལག་བསྟར་བྱས།དེ་དང་དུས་མཉམ་དུ་སྤྱི་ལོ་༡༩༨༧ལོར་ཟླ་༡༢པའི་ཚེས་༢༦ཉིན་ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་ཅིང་།སྤྱི་ལོ་༡༩༨༨ལོའི་ཟླ་དང་པོའི་ཚེས་བཅུ་བཞི་ལ་འཕྲོད་བསྟེན་ལས་ཁུངས་དང་།སྤྱི་བདེ་ལས་ཁུངས། རྒྱལ་ཁབ་སློབ་གསོ་ཨུ་ཡོན་ལས་ཁུངས་སྔ་མ།རྒྱལ་ཁབ་ཡུལ་སྐོར་ལས་ཁུངས། ཀྲུང་གོའི་དམངས་སྤྱོད་མཁའ་སྤྱོད་ལས་ཁུངས་སྔ་མ། རྒྱལ་ཁབ་ཀྱི་རྒྱལ་ཕྱིའི་ཆེད་ལས་ལས་ཁུངས་བཅས་ཀྱིས་ཁྱབ་བསྒྲགས་བྱེད་པའི་ཨེ་ཛི་ནད་ཡམས་ཞིབ་བཤེར་དོ་དམ་སྐོར་ཀྱི་གཏན་འབེབས་འགའ་ཞེས་པ་མཚམས་འཇོག་བྱེད་རྒྱུ་ཡིན།