བོད་དོན་ལས་འགུལ་བསྟི་གནས་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། འདས་པའི་ལོ་ངོ་མང་པོའི་རིང་ལ། རྒྱ་ནག་གཞུང་གིས་མངོན་ལྐོག་གང་རུང་ནས་བོད་པའི་སྤྱི་ཚོགས་དང་བོད་མི་སྒེར་བ་རྣམས་ལ་དྲ་འབུ་ཡོད་པའི་མཉེན་ཆས་རིགས་བརྒྱུད་ནས་དྲ་ལམ་ནས་འཇབ་རྒོལ་དང་ལྐོག་ལྟ་སོགས་བྱེད་ཀྱི་ཡོད་པ་མ་ཟད་། གནས་ཚུལ་གསང་བརྐུ་ཡང་བྱེད་ཀྱི་ཡོད། ལྷག་པར་དུ། ལག་འཁྱེར་ཁ་པར་བརྒྱུད་ནས་བོད་མི་སྒེར་བའི་དྲ་ཐོག་གི་གནས་ཚུལ་ཁོངས་སུ་སིམ་འཛུལ་བྱེད་པ་དང་གཏོར་བཅོམ་གཏོང་བ་སོགས་ཇེ་མང་དུ་འགྲོ་བཞིན་ཡོད་པས། གནད་དོན་འདིའི་རིགས་ལ་བོད་མི་ཚོས་ངེས་པར་དུ་དོ་སྣང་དང་གཟབ་ནན་བྱེད་རྒྱུ་ཧ་ཅང་ནས་གལ་ཆེ། དཔེར་ན། ཉེ་བའི་ཆར་། ཉེན་སྲུང་གི་བཟོ་ཚོང་ཁང་གྲགས་ཅན་མན་སྒྲན་ཁྲི (Mandiant) ཟེར་བས། དྲ་ལམ་གྱི་གསང་ཉུལ་སྐོར་ལ་ “འཚབ་ཆེའི་གཏོར་བཅོམ་དང་པོ་” ཟེར་བའི་སྙན་ཐོ་ཞིག་བཏོན་ཡོད་ཅིང་། དེའི་ཁོངས་སུ་ཕྱིའི་རྒྱལ་ཁབ་མང་པོར་དྲ་ལམ་ནས་གསང་ཉུལ་དང་འཚབ་ཆེའི་གཏོར་བཅོམ་གཏོང་མཁན་གཅིག་ནི། རྒྱ་ནག་བཅིངས་གྲོལ་དམག་མིའི་དོན་གཅོད་གཉིས་པའི་འགན་འཛིན་ལས་བྱེད་སྡེ་ཚན་གྱི་ལས་ཁུངས་གསུམ་པ་དེ་ཡིན་པ་གསལ་སྟོན་བྱས་ཡོད་ཅིང་། དེ་ཡང་གཙོ་བོ་དཔལ་འབྱོར་གྱི་གསང་བ་བརྐུ་འཁྱེར་གྱི་སྐོར་ནས་ཡིན། དེའི་རྗེས་སུ། ཁྲོ་རོན་ཁྲོ་གཙུག་ལག་སློབ་ཁང་ཆེན་མོའི་རྒྱལ་སྤྱིའི་གནད་དོན་སྡེ་ཚན་གྱི་ (Citizen Lab) མི་མང་བརྟག་དཔྱད་ཁང་ཟེར་བས་སྙན་ཐོ་བཏོན་པ་ལྟར་ན། གོང་གི་བཟོ་ཚོང་ཁང་དེའི་བཏོན་པའི་སྙན་ཐོ་བཞིན། རྒྱ་ནག་གི་བཅིངས་གྲོལ་དམག་མིའི་ལས་ཁུངས་དེ་ཡིས་དྲ་འབུ་ཡོད་པའི་མཉེན་ཆས་རིགས་བརྒྱུད་ནས་བོད་མིའི་སྤྱི་ཚོགས་དངོས་ཤུགས་བརྒྱུད་གསུམ་ནས་གཏོར་བཅོམ་གཏོང་བའི་དམིགས་འབེན་བྱས་ཡོད་པ་གསལ་སྟོན་བྱས་ཡོད། ལྷག་པར་དུ། བཟོ་ཚོང་ཁང་ ཁ་སི་ཕར་སི་ཁེས(Kaspersky) ཟེར་བས་དྲ་འབུ་ཡོད་པའི་ཨན་སྒྲོ་(Android) བཀོལ་སྤྱོད་མ་ལག་གི་སྐོར་ལ་སྙན་ཐོ་ཞིག་བཏོན་ཡོད་ཅིང་དེ་དང་འབྲེལ་ནས་མི་མང་བརྟག་དཔྱད་ཁང་(Citizen Lab) ཡིས་ “གསང་མྱུལ་བར་ཆོག་མཆན་སྟེ། དྲ་འབུ་ཅན་གྱི་ཨན་སྒྲོའི་མཉེན་ཆས་ཡིས་བོད་མི་རྣམས་དམིགས་འབེན་ཏུ་བཟུང་བའི་སྐོར་གྱི་བརྟག་དཔྱད་སྙན་ཐོ་” ཟེར་བ་ཞིག་བཏོན་འདུག
སྙན་ཐོ་དེའི་སྐོར་ཞིབ་ཕྲ་གཟིགས་ན་འབྲེལ་ཐག་འདི་ལ་བསྣུན། https://citizenlab.org/2013/04/permission-to-spy-an-analysis-of-android-malware-targeting-tibetans/
རྙེད་དོན་གཙོ་བོ་ཁག
ཨན་སྒྲོ་(Android) མ་ལག་རྨང་གཞི་བྱས་ཤིང་དྲ་འབུ་ཡོད་པའི་ཁ་ཁོ་(Kakao) པར་གཞི་ཅན་གྱི་འཕྲིན་ཐུང་ཞིག་དམིགས་ཡུལ་ངེས་ཅན་ཡོད་པའི་གློག་འཕྲིན་ཞིག་བརྒྱུད་ནས་བོད་པའི་སྤྱི་ཚོགས་ཁྲོད་ཀྱི་གལ་འགངས་ཆེ་བའི་མི་སྣ་ཞིག་ལ་བཏང་འདུག
●
གློག་འཕྲིན་འདི་ཡིས་ཁྲིམས་མཐུན་སྒེར་བའི་གློག་འཕྲིན་ཞིག་(སྤྱིར་བཏང་གི་ཁ་ཁོ་བཀོལ་སྤྱོད་མ་ལག་གི་ཟུར་སྣོན་ཞིག་དང་ལྷན་དུ)ལ་འགྱུར་བ་བཏང་ཡོད་ཅིང་གློག་འཕྲིན་དེ་བོད་པའི་སྤྱི་ཚོགས་ཁྲོད་ཀྱི་གནས་ཚུལ་ཉེན་སྲུང་ལ་ཆེད་མཁས་ཡིན་པ་ཞིག་གིས་བཙན་བྱོལ་བོད་མིའི་གྲོས་ཚོགས་མི་སྣ་བཏང་ཡོད།
●དྲ་འབུ་ཅན་གྱི་མཉེན་ཆས་འདི་ནི། ལག་འཁྱེར་ཁ་པར་བེད་སྤྱོད་གཏོང་མཁན་ཞིག་གི་ཁ་པར་ཁོངས་སུ་ཡོད་པའི་འབྲེལ་ཐོ་རྣམས་དང་འཕྲིན་ཐུང་གི་ལོ་རྒྱུས་ཁག ཁ་པར་གྱི་དྲ་འབྲེལ་ས་ཚིགས་བཅས་གཏོར་བཅོམ་བྱེད་མཁན་དག་ལ(Attachers)གཏོང་བའི་ཆེད་དུ་དམིགས་ནས་བཟོས་བ་ཞིག་རེད་འདུག
དྲ་འབུ་ཅན་གྱི་མཉེན་ཆས་དེས་བསྡུ་སྐོང་བྱས་བའི་ཁ་པར་གྱི་དྲ་འབྲེལ་གནས་ཚུལ་དེ། ཁ་པར་འབྲེལ་ལམ་མཁོ་སྤྲོད་བྱེད་མཁན་གྱི་ཆེད་ལས་འཛུགས་བསྐྲུན་ཐད་ལ་ཤེས་བྱ་གཏིང་ཟབ་ཡོད་པའི་མི་སྒེར་བ་ཞིག་ལ་བེད་སྤྱོད་ཆགས་ཀྱི་ཡོད་པ་རེད།
ང་ཚོས་ཚོད་ལྟ་བྱས་བའི་་དྲ་འབུ་ཅན་གྱི་མཉེན་ཆས་གཙང་སེལ་གཏོང་བའི་ལག་འཁྱེར་ཁ་པར་གྱི་བཀོལ་སྤྱོད་མ་ལག་གསུམ་གང་རུང་གིས་ཀྱང་། དྲ་འབུ་ཅན་གྱི་ཉེར་སྤྱོད་དེ་དྲ་འབུ་ཅན་གྱི་མཉེན་ཆས་བཞིན་ནག་གསུབ་བཏང་མི་འདུག
སྤྱི་ཡོངས་བལྟ་ཞིབ།
●Citizen Lab ཡིས་སྣེ་འཁྲིད་ནས་འགྲོ་བཞིན་པའི་བརྟག་དཔྱད་སྟེ་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་པ་ཁག་ལ་དམིགས་པའི་གཏོར་བཅོམ་སྐོར་གྱི་ཞིབ་འཇུག་གྲུབ་དོན་དེས་། ཁ་ཁོ་ལག་འཁྱེར་ཁ་པར་གྱི་འཕྲིན་ཐུང་སྟེ་དྲ་འབུ་ཅན་གྱི་ཨན་སྒོ་བཀོལ་སྤྱོད་མ་ལགས་དེའི་ཡིག་ཆ་དེའི་བེད་སྤྱོད་ངེས་འཛིན་ཐུབ་ཡོད། དྲ་འབུ་ཅན་གྱི་མཉེན་ཆས་འདི་ཡིས། བོད་པའི་སྤྱི་ཚོགས་ཁྲོད་ཀྱི་གནས་ཚུལ་ཉེན་སྲུང་ལ་ཆེད་མཁས་ཞིག་གིས་ཁྲིམས་མཐུན་ཁ་ཁོ་པར་གཞི་ཅན་གྱི་གློག་འཕྲིན་ཞིག་བཏང་བ་དེར་སྐྱོན་བརྒྱབ་ཡོད།
དྲ་འབུ་ཅན་གྱི་བཀོལ་སྤྱོད་མ་ལག་འདིའི་པར་གཞི་ཡིས། ཁ་པར་བེད་སྤྱོད་གཏོང་མཁན་དེའི་འབྲེལ་ཐོ་ཁག་དང་ཁ་པར་གྱི་ལོ་རྒྱུས། འཕྲིན་ཐུང་ཁག ཁ་པར་གྱི་དྲ་འབྲེལ་ས་ཚིགས་ཁག་བཅས་གཏོར་བཅོམ་བྱེད་མཁན་ཚོས་སྟངས་འཛིན་བྱས་བའི་ཞབས་ཞུ་འཕྲུལ་ཆས་དེར་གཏོང་ཐུབ་གི་ཡོད། བྱེད་ལས་འདི་དག་གིས་གཏོང་བཅོམ་གཏོང་མཁན་དེར་། ཁྱེད་ཀྱི་འབྲེལ་ལམ་ཁག་ཀློག་པ་དང་ཁྱེད་ཀྱི་སྡོད་གནས་རྗེས་འདེད་གཏོང་བ། སུ་དང་སུ་ལ་ཁྱེད་ཀྱིས་ཁ་པར་བརྒྱུད་སྐད་ཆ་བཤད་པ་སོགས་བལྟ་བཅུག་གི་ཡོད།
སྤྱི་ལོ་༢༠༡༣ལོའི་ཟླ་གསུམ་པའི་ཚེས་ཉེར་བདུན་ཉིན། ང་ཚོས་ཚོད་ལྟ་བྱས་བའི་དྲ་འབུ་ཅན་གྱི་མཉེན་ཆས་གཙང་སེལ་གཏོང་བའི་བཀོལ་སྤྱོད་མ་ལག་གསུམ་གང་གིས་ཀྱང་མཉེན་ཆས་འདི་དྲ་འབུ་ཅན་ཞིག་ཡིན་པ་ངོས་འཛིན་ཐུབ་མི་འདུག
གལ་སྲིད་ཁྱེད་ཀྱི་ཁ་པར་སྟེང་དུ་ཁ་ཁོ་འཕྲིན་ཐུང་མཉེན་ཆས་ཕབ་ལེན་བྱས་ཡོད་པ་དང་བཀོལ་སྤྱོད་མ་ལག་དེ་དངོས་མ་དང་དྲ་འབུ་ཅན་ཡིན་མིན་ལ་བརྟག་དཔྱད་གཏོང་ན། གཤམ་གྱི་གོ་རིམ་འདི་དག་བརྒྱུད།
༡) སྒྲིག་བཟོའི་ཁོངས་སུ་སོང་།
༢) བཀོལ་སྤྱོད་མ་ལག་ཁོངས་སུ་སོང།
༣) ཚང་མ་ཟེར་བ་དེར་བསྣུན།
༤) ཁ་ཁོ་འཕྲིན་ཐུང་དེ་བཙལ་ནས་ཆོག་མཆན་ཁག་སྟོན་པ་ལ་རྟགས་རིས་དེའི་སྒང་ལ་བསྣུན།
༥) ཁྱེད་ཀྱི་ཁ་པར་སྟེང་དུ་བསྟན་པའི་ཆོག་མཆན་ཁག་འདྲ་རིས་དང་ལྷན་དུ་བསྡུར།
(དོ་སྣང་། པར་གཞི་མི་འདྲ་བའི་ཨན་སྒོ་རྟགས་ཅན་ལ་ཐོ་གཞུང་སྡེབ་སྒྲིག་མི་འདྲ་ཡོད་སྲིད་པ་རེད། དེར་བརྟེན། སྒང་གི་གོ་རིམ་དག་བསྟུན་འགྱུར་བྱེད་དགོས་སྲིད། )
གལ་སྲིད་ཁྱེད་ཀྱིས་ཁ་ཁོ་འཕྲིན་ཐུང་དེ་ཨན་སྒོ་མ་ལག་ནས་ནང་འཇུག་བྱེད་ཀྱི་ཡོད་ཚེ། དགོས་ངེས་ཀྱི་ཆོག་མཆན་ཁག་སྟོན་གི་རེད། དེར་བརྟེན། གཤམ་གྱི་ཕྱོགས་ངོས་གཉིས་སུ་ཡོད་པའི་འདྲ་རིས་ཁག་བསྡུར་ནས་དོན་དངོས་སུ་ཁྱེད་ཀྱིས་ཁྲིམས་མཐུན་གྱི་བསྐོལ་སྤྱོད་མ་ལག་དེའི་པར་གཞི་བེད་སྤྱོད་གཏོང་གི་ཡོད་མེད་བལྟོས།
(ཕྱོགས་དང་ཕྱོགས་བྱས་ནས་ཁྲིམས་མཐུན་ཁ་ཁོ་ཡི་འཕྲིན་ཐུང་པར་གཞི་དང་དྲ་འབུ་ཅན་གྱི་ཁ་ཁོ་ཡི་པར་གཞིའི་ཆོག་མཆན་གཉིས་བསྡུར་བ)
སྐབས་དོན་གྱི་བརྟག་དཔྱད།
བོད་དོན་སྟེ་ལྷག་པར་དུ་བོད་ནང་གི་ས་ཁུལ་ཁག་གི་རང་ལུས་མེར་བསྲེགས་ལྟ་བུའི་ཐོག་ལ་ཕྱག་ལས་གནང་མཁན་ཚོར་དམིགས་བསལ་གྱིས་ཉེན་ཟོན་ཅན་གྱི་དུས་ཚོད་ཀྱི་སྐབས་སུ་འཕྲད་པའི་རྐྱེན་འདི་ཡིས། རྒྱ་གཞུང་གི་ཕྱོགས་ནས་ཡ་ལན་དྲག་པོ་སྟེར་བཅུག་གི་ཡོད། ཡ་ལན་གྱི་ཁོངས་སུ་འབྲེལ་ལམ་གྱི་འཕྲུལ་ཆས་བརྒྱུད་ཕྱི་ལོགས་ཀྱི་བོད་མིར་འབྲེལ་བ་བྱས་བ་རྨང་གཞིར་བཞག་ནས་དེ་ལ་བཙོན་འཇུག་དང་ཉེས་བ་གཏོང་བ་སོགས་ཚུད་ཀྱི་ཡོད། གཏོར་བཅོམ་དེ་དག་གིས་དམིགས་གཏད་དུ་བཟུང་བའི་སྤྱི་ཚོགས་ཀྱིས་འབྲེལ་ལམ་གྱི་ཐབས་ལམ་བརྗེ་བསྒྱུར་གཏོང་བ་དེར་གཏོར་བཅོམ་པ་ཚོས་མུ་མཐུད་དུ་ཡ་ལན་ཇི་ལྟར་སྤྲོད་པའི་ཐབས་ཤེས་ཀྱི་ནུས་བ་ཡང་སྟོན་གྱི་ཡོད།
ལམ་སྟོན་ཁག
གནས་སྟངས་འདི་ཡིས་བོད་པའི་སྤྱི་ཚོགས་ནི་དྲ་འབུ་ཅན་གྱི་ལག་འཁྱེར་ཁ་པར་གྱི་དམིགས་འབེན་གཙོ་བོར་བཟུང་ཡོད་པ་སྟོན་གྱི་ཡོད། གང་ལྟར། འདི་རུ་ལག་འཁྱེར་ཁ་པར་བེད་སྤྱོད་གཏོང་མཁན་ཚོས་ཉེན་ཁ་ཆུང་དུ་གཏོང་བ་ལ་བསྟུན་འགྱུར་བྱེད་དགོས་བའི་ལག་ལེན་དངོས་ཀྱི་ཐབས་ལམ་འགའ་ཡོད།
The Citizen Lab ཡིས་ལམ་སྟོན་བྱས་བ་ཁག
● ཁུངས་སྐྱེལ་མ་བྱས་བའི་འབྲེལ་ཐག་དང་རེ་སྒུག་མེད་པའི་ཟུར་སྣོན་ཁག་ཁ་འབྱེད་པར་དོགས་ཟོན་བྱེད་བཞིན་པའི་ལག་འཁྱེར་ཁ་པར་བེད་སྤྱོད་གཏོང་མཁན་དག་གིས། གནས་ཚུལ་རྒྱས་བའི་སླད་དུ་ Citizen Lab ཡི་འབྲེལ་ཐག Recommendations for defending against targeted cyber threats དང་བོད་དོན་ལས་འགུལ་བསྟི་གནས་ཁང་(Tibet Action Institute) གི Detach from Attachments གཉིས་ལ་གཟིགས།
● ལག་འཁྱེར་ཁ་པར་བེད་སྤྱོད་གཏོང་མཁན་ཚོས་དྲ་འབུ་ཅན་གྱི་ལག་འཁྱེར་ཁ་པར་ལ་དོགས་ཟོན་དང་ལག་འཁྱེར་ཁ་པར་གྱི་བཀོལ་སྤྱོད་མ་ལག་དེ་འདྲ་ནང་འཇུག་བྱེད་དུས་དོ་གཟབ་བྱེད་དགོས། བེད་སྤྱོད་གཏོང་མཁན་ཚོས་དྲ་འབུ་ཅན་གྱི་མཉེན་ཆས་ཀྱིས་རེ་སྐུལ་བྱས་བའི་ཆོག་མཆན་ཁག་ལ་དོ་གཟབ་ངེས་པར་དུ་བྱེད་དགོས་བ་མ་ཟད་ཆོག་མཆན་མི་དགོས་བའི་བཀོལ་སྤྱོད་མ་ལག་ཁག་ནང་འཇུག་བྱེད་རྒྱུ་གཡོལ་དགོས། སྒར་སྒྲན་ལས་འཆར་(Guardian Project) དང་ལས་འཆར་གཞན་པ་ཁག་གིས་ཉེན་སྲུང་ཅན་གྱི་ལག་འཁྱེར་ཁ་པར་གྱི་བཀོལ་སྤྱོད་མ་ལག་ཡར་རྒྱས་སུ་བཏང་ནས། བེད་སྤྱོད་གཏོང་མཁན་རྣམས་ཀྱི་འབྲེལ་ལམ་དང་སྒེར་གྱི་གནས་ཚུལ་སོགས་ཧམ་འཛུལ་དང་ཉེན་ཁའི་རིགས་ལས་སྲུང་སྐྱོབ་བྱེད་པར་རོགས་རམ་བྱེད་ཀྱི་ཡོད།
ལག་འཁྱེར་ཁ་པར་བེད་སྤྱོད་གཏོང་མཁན་རྣམས་ཀྱིས་བོད་དོན་ལས་འགུལ་བསྟི་གནས་ཁང་གི་ལག་འཁྱེར་ཁ་པར་གྱི་ཉེན་སྲུང་སྐོར་གྱི་རྒྱུ་ཆ་ཁག་ནས་ལམ་སྟོན་ལེན་དགོས་ཤིང་རྒྱུ་ཆ་དེ་དག་ནི་བོད་མི་རྣམས་ལ་ཕན་ཐོགས་ཀྱི་སླད་དུ་ཡིན།
ང་ཚོས་ཤེས་གསལ་ལྟར། བོད་ནང་དུ་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་རྒྱུན་མཐུད་ནས་འབྱུང་བཞིན་ཡོད་པ་དང་འཕྲུལ་ཆས་རིགས་ཀྱི་བེད་སྤྱོ་དང་རང་དབང་ལྡན་པའི་འཛམ་གླིང་ཕྱི་ལ་གནས་ཚུལ་མཁོ་གཏོང་སོགས་ཀྱང་མུ་མཐུད་དུ་ཡོང་གི་ཡོད་པས། རྒྱ་གཞུང་གིས་མངོན་ལྐོག་གང་རུང་ནས་སྤེལ་བཞིན་པའི་དྲ་ལམ་གྱི་་གཏོང་བཅོམ་དང་གསང་ཉུལ་ཡང་མུ་མཐུད་དུ་འབྱུང་རྒྱུ་ཡིན་པ་ནི་བརྗོད་མ་དགོས་བ་ཞིག་རེད། དེར་བརྟེན། གནད་དོན་འདིའི་རིགས་ལ་གདོང་ལེན་བོད་མི་རང་ཉིད་ཀྱིས་བྱེད་དགོས། གདོང་ལེན་བྱེད་པའི་ཐབས་ལམ་སྟབས་བདེ་ཤོས་ཤིག་ནི། ལག་འཁྱེར་ཁ་པར་དང་གློག་ཀླད་སོགས་ཚུད་པའི་འཕྲུལ་ཆས་རིགས་ཀྱི་ཉེན་སྲུང་གི་ཡར་རྒྱས་ལ་དུས་ནས་དུས་སུ་བསྟུན་འགྱུར་ཐུབ་པ་དང་གློག་འཕྲིན་དང་འཕྲིན་ཐུང་སོགས་བརྒྱུད་ནས་ཡོང་བའི་ཟུར་སྣོན་རིགས་དང་ལོགས་སུ་སྡོད་པ་དང་འབྲེལ་ཐག་ཀྱི་རིགས་མ་བསྣུན་སྔོན་ལ་བསམ་བློ་གཏོང་བ་བཅས་ནས་འགོ་འཛུགས་དགོས། ལྷག་པར་དུ། སྐུ་ཉིད་རང་དབང་ཅན་གྱི་རྒྱལ་ཁབ་སོགས་སུ་གནས་སྡོད་བྱེད་ཀྱི་ཡོད་ཚེ། ཁ་པར་དང་གློག་ཀླད་བརྒྱུད་ནས་ཅི་ཞིག་ཕབ་ལེན་བྱེད་ན་ཡང་། ངེས་པར་དུ་(Google Play)བརྒྱུད་ནས་ཕབ་ལེན་བྱེད་རྒྱུ་གལ་ཆེ། དེ་ལྟར་མ་ཡིན་པར། གལ་སྲིད་སྐུ་ཉིད་རང་དབང་མེད་པའི་ཡུལ་ལུང་སྟེ་བོད་ནང་ལྟ་བུར་གནས་ཚེ། ཁྱོད་ལ་སོ་སོའི་ངོ་ཤེས་དང་གྲོགས་པོ་སོགས་ཀྱིས་ཁ་པར་དང་གློག་འཕྲིན་སོགས་བརྒྱུད་ནས་ཟུར་སྣོན་རིགས་འབྱོར་ཚེ། ཟུར་སྣོན་ཁ་མ་ཕྱེས་བའི་སྔོན་ལ་ངེས་པར་དུ་གཏོང་མཁན་ལ་སྐད་ཆ་དྲིས་ནས་ཟུར་སྣོན་ངོ་མ་ཡིན་མིན་ཁག་ཐག་བྱེད་རྒྱུ་ཡང་ཧ་ཅང་གལ་ཆེ།
གནས་ཚུལ་རྒྱས་བ་ཤེས་འདོད་ཚེ། བོད་དོན་ལས་འགུལ་བསྟི་གནས་ཁང་གི་ལས་བྱེད་བློ་བཟང་སྲིད་ཐར་ལ་ཁ་པར་༩༨༨༢༤༠༧༣༦༥ཐོག་འབྲེལ་བ་གནང་རོགས།
https://tibetaction.net
ཚ་ཚང་ཀླག་པ་ཡིན་ཡང་དོན་དག་བརྒྱ་ཆ་བཅུ་ཙམ་ལས་གོ་མ་སོང་། འདི་རིགས་ཁ་གསལ་གོ་བདེ་དགོས་རྒྱུ་གལ་ཆེ།
ང་རང་སློབ་སྦྱོང་མེད་པའི་རྐྱེན་གྱིས་ཡིན་ཡང་འདྲ་གང་ལྟར་རྒྱ་ཆ་༣%མ་ཏོག་གོ་འཚོལ་མ་བྱུང་།།