འཆི་བདག་སྐྱབས།
དེང་གི་ཆར་དྲ་ལམ་ཁག་གི་ནང་གནས་ཚུལ་ཐོན་དང་འཐོན་བཞིན་པ་ལྟར་ན། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆབ་སྲིད་ཀྱི་རྣམ་པ་ཅུང་ཟད་འགྱུར་འགྲོ་བ་མིན་ནམ་སྙམ། དེ་ཡང་རྒྱུ་མཚན་ནི། གཅིག་ནས་བོད་ནང་གི་ཆབ་སྲིད་བཙོན་པ་འགའ་དུས་བཀག་མ་ཟིན་པར་གློད་གྲོལ་བཏང་བ་དང་། གཉིས་ནས་ཉེ་ཆར་རྒྱ་ནག་གི་དབུ་ཁྲིད་འགས་ཕྱི་རྒྱལ་ཁག་ལ་ཡོད་པའི་བོད་མི་འགར་སླར་བོད་ལ་ཕེབས་ན་བོད་ཀྱི་སྒོ་མོ་རྒྱབ་མེད་ཚུལ། གསུམ་ནས་བོད་ནང་གི་དགོན་སྡེ་ཁག་གི་ནང་༧གོང་ས་མཆོག་གི་སྐུ་པར་སྒྲིག་བཤམས་བྱེད་ཆོག་པའི་གསལ་བསྒྲགས་དང་༧གོང་ས་མཆོག་ལ་མཚན་དམོད་བྱེད་མི་ཆོག་པ། བཞི་ནས་༧གོང་ས་མཆོག་གི་བཞུགས་གནས་རྙིང་པ་སླར་གསོ་བྱེད་འཆར། སོགས་ཀྱི་གནས་ཚུལ་དག་ཚང་མ་ཁུངས་ལྡན་ཡིན་མིན་མ་འཁུམས་ཀྱང་། གང་ལྟར་དྲ་ལམ་དུ་གསལ་བ་བདེན་པ་ལགས། གོང་གསལ་གནས་ཚུལ་དེ་དག་ལ་བསམ་ན་རྒྱ་ནག་མི་དམངས་ཀྱི་འགོ་ཁྲིད་དག་ལ་ཡང་མང་གཙོའི་ས་བོན་ཅུང་ཟད་རེ་འབུས་ཡོང་གི་མེད་དམ་སྙམ། ཡང་སྙིང་རྒྱ་ནག་གིས་དེ་ལྟར་བྱེད་དགོས་པའི་ལྐོག་གྱུར་གྱི་ཆབ་སྲིད་གཞི་རྩ་ཅི་ཞིག་འདིང་གི་ཡོད་མིན་ཆ་མི་འཚལ།།
དགའ་ལྡན་དགོན་པར་༧གོང་ས་མཆོག་གི་སྐུ་པར་སྒྲིག་བཤམས་ཆོག་པའི་གནས་ཚུལ་དེ་ངོ་མ་རེད་མི་འདུག། ཨ་མདོའི་ས་ཁུལ་ཁ་ཤས་ནང་སྐུ་པར་བཀྲམ་ཆོག་པའི་གནས་ཚུལ་དེ་ཡང་ཁུངས་ལྡན་མཐོང་མ་སོང་། དེར་བརྟེན་གུང་བྲན་གྱི་སྲིད་འཇུས་འགྱུར་བ་འགྲོ་བ་ཞིག་མཐོང་མ་སོང་ལ་ཡིད་ཆེད་དེ་བས་མེད།།
༧གོང་ས་༧མཆོག་ལ་མཚན་དམོད་བྱེད་མི་ཆོག་ཟེར་བ་དེས། རྒྱ་ནག་གཞུང་གིས་མ་བཀག་པ་ཡིན་ན་བོད་པ་ཚོས་མུ་མཐུད་ནས་༧གོང་ས་མཆོག་ལ་མཚན་དམོད་ཞུས་དང་ཞུ་བཞིན་པ་དེ་དག་བོད་མི་རང་ངོས་ནས་བྱས་པ་ལྟ་བུ་ཞིག་གོ་རྒྱུ་བཟོས་མི་འདུག་གམ། མ་གཞི་སྐུ་པར་སྒྲིག་བཤོམས་བྱེད་རྒྱུའི་མཚོན་པའི་སྲིད་བྱུས་ལྷོད་ཡང་བཏང་དང་མ་བཏང་ཟེར་བ་དེ་བཙན་བྱོལ་ནང་དུ་བོད་མིས་བདེ་དོན་ཐབས་རྩོད་བྱེད་མཁན་རྣམས་ནུས་མེད་ཆགས་ཚར་མཚམས་གཞི་ནས་ཧ་གོ་རྒྱུ་ལས་ད་ལྟ་གླེང་རྒྱུ་སྔ་དྲག་པ་རེད། རྒྱ་གཞུང་གོ་སྲིད་བྱུས་ལྷོད་ཡང་བཏང་ཡོད་རེད་ལབ་ན་དོན་དུ་མ་གནས་པའི་མངོན་པའི་ང་རྒྱལ་མགོ་སྐོར་གྱི་རང་བཞིན་ལས་མ་འདས་ལ། སྲིད་བྱུས་ལྷོད་ཡང་བཏང་ཡོད་མ་རེད་ལབ་ན་བཙན་བྱོལ་ནང་གི་ཀྲུང་གོ་བ་ལྷག་བསམ་ལྡན་པའི་མི་དཔོན་དག་ལ་ལྷ་ཕོག་ཀླུ་ཕོག་འགྲོ་རྒྱུ་ལས་མེད་སྟབས་རུས་སྦལ་སྤུ་སྐྱེ་བར་སྒུག་རྒྱུ་རང་རེད།
བྱིས་པར་བྱི་རིལ་གྱི་ཚུལ་དུ་མགོ་མ་འཁོར་། དེ་ནི་ཕྱི་ལོག་གི་བརྟ་སྐོར་བ་དང་གསར་འགོད་པའི་མདུན་དུ་འཁྲབ་སྟོན་ཙམ་གྱི་རྣམ་པ་རེད། དོན་དངོས་ཐོག་སྔར་གྱི་གུང་ཁྲན་རིང་ལུགས་སྙིང་པའི་ཐོག་སླར་བསྐྱོད་བཞིན་ཡོད།
བོད་ནང་གི་དགོན་སྡེ་ཁག་གི་ནང་༧གོང་ས་མཆོག་གི་སྐུ་པར་སྒྲིག་བཤམས་བྱེད་ཆོག་པའི་གསལ་བསྒྲགས་དང་༧གོང་ས་མཆོག་ལ་མཚན་དམོད་བྱེད་མི་ཆོག་པའི་གསལ་སྒྲོག་འདི་ལ་ངས་ནི། གོ་སྐབས་དམ་འཛིན་མ་ལན་མ་འགྱོད་མེད་པར་བྱེད་དགོས་པར་མཐོང་ལགས།
དེ་ནི་གཞན་ཅི་ཡང་མ་རེད། འདི་ལོའི་ཕྱི་ཟླ་༡༠ པའི་ནང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ལྷན་ཁང་གི་འགན་འཛིན་བོད་དང་རྒྱ་ནག་ཏུ། འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་ལ་རྟོག་ཞིབ་དང་བསྐྱར་ཞིབ་ཆེད་ཕེབས་འཆར་ཡོད་པ་དེ་ཡིས་རེད།
དེས་ཆེད་རྒྱ་གཞུང་གིས་སྔ་ས་ནས་རྒྱལ་སྤྱི་དང་། ལྷག་པར་དུ་བོད་མི་ཚོར་བཅོས་མའི་རྣམ་འགྱུར་ཞིག་སྟོན་དགོས་བྱུང་བ་རེད། གཡོ་སྒྱུའི་རྩེར་སོན་རྒྱ་དམར་གཞུང་གིས་བསླུ་བྲིད་ཀྱི་གྲ་སྒྲིག་དང་སྟ་གོན་ཞིག་ངེས་པར་བྱེད་དགོས་པའི་སྐབས་ལ་འཁེལ་བས་རེད།
ཀ་རྡོས་གོ་སྐབས་དམ་འཛིན་ཟེར་བ་དེ་རྒྱལ་བ་རིན་པོ་ཆེ་ཕར་ལོག་པའི་དུས་ལ་བབ་པ་རེད་ཟེར་གྱི་ཡོད་དམ
ཀ་རྡོས་གོ་སྐབས་དམ་འཛིན་ཟེར་བ་དེ་རྒྱལ་བ་རིན་པོ་ཆེ་ཕར་ལོག་པའི་དུས་ལ་བབ་པ་རེད་ཟེར་གྱི་ཡོད་དམ། ་་་་་ཞེས་པའི་ལན་དུ། ལགས་མིན།
གཅིག ༸གོང་ས་མཆོག་གི་སྐུ་པར་སྒྲིག་གཤོམ་དགའ་ཤིང་གུས་ཤིང་ཆེ་ཆུང་གྲངས་ཀ་ཚད་མེད་པར་སྤེལ་དགོས་པ་དང་།
གཉིས། ༧གོང་ས་མཆོག་ལ་མཚན་དམོད་བྱེད་མི་ཆོག་པ་ཟེར་བ་ལྟར། དགོན་པ་གྲྭ་བཙུན་དང་མི་མངས་ཀྱིས་ས་གནས་རྒྱ་གཞུང་དང་དབུས་གཞུང་ལ་ཆེ་བསྟོད་རྒྱབ་སྐྱོར་དགའ་སྣང་ཚད་ལས་བརྒལ་བ་བསྟན་དགོས་རེད་ཟེར་འདོད་པ་ཡིན།
གསུམ། ༸གོང་ས་མཆོག་ཕར་བོད་ཡུལ་ལ་ངེས་པར་དུ་ཕེབས་དགོས་ཀྱང་། ད་ལྟ་དུས་ཚོད་རྩ་བ་ཉིད་ནས་སྨིན་མི་འདུག་སྙམ་ལགས།
རྒྱང་མིག་ང་གཉིས་འདོད་ཚུལ་མཐུན་འདུག རྒྱང་བལྟ་ཡག་པོ་བྱས་ཡོད་ས་རེད།
རྒྱང་མིག་ལགས། ང་གཉིས་འདོད་ཚུལ་མཐུན་འདུག རྒྱང་བལྟ་ཡག་པོ་བྱས་ཡོད་ས་རེད།
རླུང་བུས་འཁྱེར་ཡོང་བའི་གསར་འགྱུར་བོད་ནང་གི་ས་ཁུལ་ག་གེ་མོར་སྐུ་དཔར་བཤམས་ཆོག་པ་དང་མཚན་སྨོད་ཞུ་མི་ཆོག་པའི་གཏམ་བརྒྱུད་འདི་དབུ་མ་པའི་གྲུབ་འབྲས་ལ་རློམས་སྲིད་ཀྱང་། གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་གསར་གནས་ཁག་ནང་རི་བོང་གི་ར་དང་མོ་གཤམ་གྱི་བུ་མོའི་ངང་ཚུལ་འདིས་སྒོ་སྐབས་དམ་འཛིན་གྱི་བྲེལ་ཤ་ལངས་རྒྱུ་སྔ་དྲག་སོང་།
བྱས་ཙང་ཁ་སང་ཁ་ཉིན་ཀྲུང་གོའི་གཞུང་འབྲེལ་གྱི་ངོས་ནས་རྒྱ་ནག་དབུས་གཞུང་གི་ཆོས་དོན་ལས་ཁུངས་གཙོ་བོ་ནས་རྒྱ་ནག་དབུས་གཞུང་གིས་ཏཱ་ལའི་བླ་མར་འཛིན་པའི་སྲིད་ཇུས་ལ་འགྱུར་བ་རྩ་བ་ནས་མེད་ཞེས་ལབ་པ་མ་ཟད་ཉེ་དུས་ལམ་ལུགས་དང་སྲིད་ཇུས་འགྱུར་ལྡོག་འགྲོ་ཚུལ་གྱི་གླེང་འཆལ་དེ་ཚོར་ཁུངས་ལྡན་མིན་པས་འགྱུར་ལྡོག་རྩ་བ་ནས་མེད་པར་བརྗོད་འདུག། དེས་མ་ཟད་ཉེ་འཆར་རང་རྒྱ་ནག་གཞུང་གི་བོད་དོན་ཆེད་འགོ་འཁྲིད་གཙོ་བོ་ཀྲུའུ་ཝེ་ཆོན་གྱིས་ཧོང་ཀོང་གི་གསར་ཤོག་ཝེན་ཝིའི་པའོ་སྟེང་ཏཱ་ལའི་བླ་མར་མཚན་སྨོད་སྔར་ལས་ལྷག་པ་ཞུས་ཡོད་པ་རེད། དེས་ན་མཚན་སྨོད་ཞུ་མི་ཆོག་པ་དང་སྐུ་དཔར་བཤམས་ཆོག་པའི་ལམ་ལུགས་གསར་པའི་འགྱུར་ལྡོག་དེ་ག་པར་ནས་ཡོང་བ་རེད།
གང་ལྟར་ཕྱོགས་ཡོངས་ནས་གནས་ཚུལ་བལྟས་ན་འགྱུར་བ་འགྲོ་རྒྱུའི་གཞི་འདུག། ང་ཚོའི་གཞུང་ཕྱོགས་ནས་གྲ་སྒྲིག་ཨང་གསར་དགོས་གལ་ཆེ་། དེ་མིན་རྒྱལ་ལོ་དོན་འགྲུབ་ལ་ཏིང་གིས་རང་བཙན་མིན་པའི་སྐད་ཆ་ག་རེ་ཡིན་ན་བཤད་ཆོག་ལབ་ཡོད་་ན་དེ་དུས་ང་ཚོའི་ངོས་ནས་གྲ་སྒྲིག་ཨང་གསར་མེད་པ་འདྲ་པོ་མཐོང་གི་འདུག། གལ་སྲིད་ང་ཚོའི་་ངོས་ནས་རེ་བ་བཞིན་བོད་ལ་ཆེ་མཐོའི་རང་སྐྱོང་ཅིག་རག་པ་ཡིན་ན་ཕྱོགས་ཅིག་ནས་སེམས་སྐྱིད་པོ་ཞིག་རེད་། གོང་ས་མཆོག་བོད་ལ་ཕེབས་ནས་བོད་མའི་རེ་བ་བསྐོང་བ་དང་དངོས་གནས་སྐྱིད་པའི་ཉི་མ་ཤར་བ་རེད། ཡང་ཕྱོགས་གཞན་ཞིག་བསམ་ན་སེམས་སྐྱོ་པོ་ཞིག་རེད་ བོད་རྒྱ་མའི་འོག་རྒྱ་ཆ་བརྒྱ་ནས་ཕྱིན་པ་རེད་དངོས་གནས་སེམབ་སྐྱོ་པོ་རེད། མ་འོངས་པར་བོད་རང་བབཙན་རག་པའི་དུས་ནམ་མཁའི་པདྨོ་རེད།
ངོ་མ་རྒྱང་མིག་གིས་རྒྱང་ནས་མིག་གིས་གཟིགས་འདུག རང་ཉིད་ཀྱིས་དུས་དང་མཐུན་པའི་བསམ་ཚུལ་རན་པོ་གསུངས་འདུག་པ་ལ་ཁོ་བོས་ཡ་ཆུང་སྙིང་དབུས་ནས་ཐུགས་རྗེའི་ཤེལ་ཕྲེང་འཐེན་བཞིན་མཆིས།།
ངས་བསམ་ན་ནི་ད་དུང་ཡང་བོད་པ་ཚོ་གཏམ་དཔེ་རྙིང་རིལ་སྟེ་༼བོད་རེ་བས་འཕོངས་དང་རྒྱ་དོགས་པས་འཕོངས།༽ཞེས་པ་
ལ་སྐྱར་རྡོས་བྱེད་པ་ལས་མ་འདས།
བོད་རེ་བས་ཕོངས་སྟངས་སྔར་གྱི་ལུགས། །
རྒྱ་དཽགས་པས་ཤི་སྟངས་རྗེས་ལུས་ལུགས། །
ཤར་ཕྱོགས་པ་ཡིས་ནུབ་ཕྱོགས་རེ། །
ནུབ་ཕྱོགས་པ་རྣམས་ཤར་ཕྱོགས་རེ། །
བོད་རྣམས་རྒྱ་ལ་རེ་བ་བཅོལ། །
རྒྱ་རྣམས་བོད་ལ་རེ་བ་བཅོལ། །
རེ་བ་བཅོལ་རེས་ཉིན་མཚན་འདའ། །
ཉིན་མཚན་འདས་པས་མཐུན་སྒྲིལ་རྫོགས། །
འཆི་བདག་སྐྱབས་ལགས། རྒྱ་གཞུང་གིས་༧གོང་ས༧མཆོག་ལ་མཚན་སྨོད་བྱེད་ཅེས་ཟེར་གྱི་མི་འདུག
༧གོང་ས༧མཆོག་ལ་མཚན་སྨོད་བྱེད་དགོས་བའི་བཙན་བཀའ་མི་གཏོང་ཟེར་གྱི་འདུག
མཚན་སྨོད་བྱེད་མི་ཆོག་ལབ་ན་མ་སྐུལ་དྭངས་བླངས་ཀྱིས་མཚན་སྨོད་བྱེད་པ་ལ་གོ་འགྲོ་བ་དང་།
བཙན་བཀའ་མི་གཏོང་ཟེར་ན་རྒྱ་གཞུང་ཁོང་ཚོས་བཙན་དབང་གིས་མཚན་སྨོད་བྱེད་དུ་འཇུག་པ་ལ་གོ་ཐུབ་པས་ཚིག་འདི་གཉིས་ཀྱི་བར་ན་ཁྱད་པར་ཆེན་པོ་ཡོད་པས་གང་གཟབ་ཀྱིས་འབྲི་དགོས།ནམ་ཡིན་ཡང་ཆབ་སྲིད་སོགས་འབྲི་དུས་ཚིག་ལ་ཞིབ་ཆ་ངེས་བར་དུ་དགོས།
མཚན་སྨོད་བྱེད་མི་ཆོག་ལ་བཅོས་རོགས་ཞུ།དགོངས་དག་དགག་སྒྲའི་ཚིག་མི་དེ་ཆད་འདུག
བོད་རེ་བས་ཕུང་ཞེས་པའི་གཏམ་དཔེར་འདི་བོད་མིས་གླེང་ཞིང་བོད་མིས་སྒྲུབས། ཡང་བོད་པའི་རེ་བསྒུག་བྱེད་རྒྱུའི་སྐད་ཆ་རིང་ཐུང་སྣ་ཚོགས་ཞིག་བཟོ་བཞིན་འདུག། རྒྱ་དམར་གྱིས་༧གོང་ས་མཆོག་ལ་མཚན་སྨད་ཞུ་མི་ཆོག་ཟེར། སྐད་ཆ་འདི་ཚོ་བཤད་མཁན་དང་ཉན་མཁན་ཚང་མར་བློ་སེམས་ཐང་ཐང་རང་མེད་པས་མངོན་རྟགས་རེད། གལ་སྲིད་རྒྱ་དམར་གྱིས་སྐད་ཆ་འདི་འདྲ་ཞིག་ཡོང་རྒྱུ་ཡོད་པའི་དབང་དུ་གཏོང་ཡང་ད་ལྟའི་རྒྱ་བོད་བར་གྱི་གནས་སྟངས་ལ་གཞིགས་ན་དུས་སྐབས་འདིར་སྐད་ཆ་འདི་ཡོང་མི་ཤེས་པ་ཞིག་ཡིན་པ་གསལ་པོ་རེད། འུར་མ་འགྲགས། འུར་མ་འགྲགས། འུར་འགྲགས་མ་སྔ་ཀླད་སྟོང་ཚོ།
ནམ་མཁའ་ལགས། ཚིག་ནོར་བཅོས་བར་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། དེ་ལྟར་ལ་གོ་འགྲོ་ན། རྒྱ་གཞུང་གི་འགོ་ཁྲིད་ཚོས་བཙན་འཛུལ་གྱིས་སྒོ་ནས་བྱེད་དུ་བཅུག་པ་དག་མི་ཆོག་ཅེས་པ་ལ་མི་གོ་འམ། མ་ཟད་དྲྭ་གྲོགས་ནམ་མཁའ་ལགས། ཁྱེད་རང་ལ་དྲི་བ་ཞིག་འདྲི་རྒྱུ་ཡོད། ཁྱེད་ཀྱིས་བྱས་ན་བོད་གཞིས་བྱེས་གཉིས་ཀྱི་བོད་མི་ཚང་མ་༧གོང་ས་མཆོག་ལ་དགའ་མཁན་ཡིན་ཞེས་ཁྱེད་ཀྱིས་ཁ་ཚོན་གཅོད་ཐུབ་བམ། ཁོ་བོ་ནི་དེ་ལྟར་ཁ་ཚོན་གཅོད་པར་དཀའོོ།།
ང་ཚོའི་རྩ་དོན་༧གོང་ས་མཆོག་གི་སྐུ་པར་བཤམ་ཆོག་དང་མིག་ཆོག་ཙམ་ལ་ཐུག་པ་མ་རེད་ལ། ༧གོང་ས་མཆོག་ལ་ཁ་གཏོང་ཆོག་མི་ཆོག་ལ་ཐུག་པའང་མ་རེད། བོད་ཀྱི་གནད་དོན་ཡོངས་རྫོགས་ཆོས་ལུགས་དང་བླ་མའི་གནད་དོན་ཞིག་ལ་སྒྱུར་འདོད་འདུག་གམ། ༧གོང་ས་མཆོག་གི་སྐུ་པར་བཤམ་ཆོག་པ་དང་། ཁོང་ལ་ཁ་གཏོང་མི་དགོས་པ་ཞིག་བྱུང་ན་ང་ཚོས་བསམ་པ་འགྲུབ་པ་རེད་དམ། རྒྱ་ནག་གིས་ལམ་ཁ་གང་བསྟན་པ་དེར་རྒྱུགས་ཤིག