གསང་གྲོལ་གྱིས།
ཉེ་ཆར་ཨེ་ཇེབ་གཙོས་ཨ་རབ་རྒྱལ་ཁབ་ཁག་ཏུ་བྱུང་བའི་མེ་ཏོག་མོ་ལིའི་ཧ་གསར་བརྗེ་ཡི་ཤུགས་རྐྱེན་དང་དྲི་ངད་དེ་རྒྱ་ནག་ནང་ཁྱབ་བཞིན་ཡོད་འདུག་ལ། རྒྱ་ཡིག་གསར་ལམ་ཁག་ཏུ་བརྗོད་པ་ལྟར་ན། རྒྱ་མི་ཚོའི་དྲ་རྒྱ་དང་ལག་ཁྱེར་ཁ་པར་གྱི་འཕྲིན་ཐུང་བརྒྱུད་དེ་གྲོང་ཁྱེར་ཁག་༡༣ནང་དུས་གཅིག་ཏུ་འདུ་འཛོམས་བྱས་ཏེ་རང་དབང་དང་མང་གཙོའི་དགོས་འདུན་ཆེད་སྐད་འབོད་ཀྱི་ལས་འགུལ་སྤེལ་རྒྱུའི་བརྡ་ཁྱབ་བཏང་ཡོད་འདུག དེ་རིང་ཕྱི་ཟླ་༢ཚེས་༢༠གཟའ་ཉི་མའི་ཆུ་ཚོད་༢ པ་ཡས་མས་སུ་རྒྱ་ནག་གྲོང་ཁྱེར་པེ་ཅིན་གྱི་བང་ཧྥུ་ཅང་སྲམ་ལམ་དུ་ཡོད་པའི་McDonald’s
ཟ་ཁང་མདུན་དུ་མི་གྲངས་༣༠༠ལྷག་འདུ་འཛོམས་ཀྱིས་སྐད་འབོད་ལས་འགུལ་སྤེལ་ཡོད་འདུག་ལ་ཉེན་རྟོག་པའི་མི་མང་པོ་འཇུ་བཟུང་བྱས་ཏེ་ཁྲིད་ཡོད་འདུག གཞན་གྲོང་ཁྱེར་ཧྲང་ཧེ་ཡི་མི་དམངས་ཐང་ཆེན་ནས་འདུ་འཛོམས་སྐབས་མི་གསུམ་འཇུ་བཟུང་བྱས་ཏེ་ཁྲིད་ཡོད་འདུག ཉེ་ཆར་རང་༸གོང་ས་མཆོག་དང་གླེང་མོལ་གནང་མཁན་རྒྱ་ནག་གི་ཁྲིམས་རྩོད་པ་གྲགས་ཅན་ཅང་ཐེན་ཡོན་དང་ཐིན་པོ་ལགས་གཉིས་ཉེན་རྟོགས་པའི་ཁྲིད་དེ་ད་ཆ་གར་ཡོད་ཤེས་ཀྱི་མི་འདུག་ལ། སྤྱི་མང་ཐོབ་ཐང་རྩོད་ལེན་མཁན་མི་གྲངས་བརྒྱ་ལྷག་རྒྱ་ནག་གཞུང་གིས་བཀག་ཉར་བྱས་ཡོད་འདུག
ཁུངས་ལྡན་གནས་ཚུལ་ཁག་ལ་གཤམ་ནས་གཟིགས།
http://online.wsj.com/article/SB10001424052748703498804576156203874160350.html?mod=WSJ_hp_MIDDLETopStories
http://www.boxun.com/
རང་དབང་དང་མང་གཙོའི་དགོས་འདུན་ཆེད་སྐད་འབོད་ཀྱི་ལས་འགུལ་སྤེལ་མཁན་རྣམས་ཀྱི་ཚེ་སྲོག་ལ་བར་ཆད་མི་ཡོང་བར་སྨོན། མང་གཙོའི་རིང་ལུགས་རྒྱལ་བར་གྱུར་ཅིག
ད་ནི་རྒྱ་ཡིག་གི་གསར་ལམ་ཁག་གིས་མང་གཙོའི་ལས་འགུལ་གསར་པ་འདིའི་མགོ་འཛུགས་སྐོར་གླེང་མགོ་ཚུགས་སོང་། རྒྱ་ཡིག་དྲ་ངོས་དེ་ཚོ་ན་ས་ཁུལ་མང་པོའི་གནས་ཚུལ་ཇེ་གསལ་ནས་ཇེ་གསལ་དུ་འགྲོ་གི་འདུག མི་རིང་བའི་བདུན་ཕྲག་ཁ་ཤས་ནང་རྒྱ་ནག་རྒྱལ་ཡོངས་ཀྱི་གྲོང་ཁྱེར་ཆེ་ཁག་ནས་སྲིད་གཞུང་ལ་ངོ་རྒོལ་ལས་འགུལ་གྱི་ཆུ་ལོག་བརྡོལ་རྒྱུ་ཡིན་པ་དང་། དེའི་རྐྱེན་རྩ་གཅིག་དེ་དེ་རིང་ཁ་སང་མི་མང་འདུ་འཛོམས་ལ་དམ་དྲག་དང་། འཛིན་བཟུང་སོགས་ཀྱི་རྣམ་པ་ཤུགས་ཆེ་རུ་འགྲོ་བཞིན་པ་འདི་ཆུ་ལོག་གི་སྣེ་མོ་མང་པོ་མཉམ་དུ་ལུད་རྒྱུའི་སྔོན་བརྡ་དང་རྒྱུ་རྐྱེན་གལ་ཆེ་ཤོས་ཆགས་རྒྱུ་ཡིན་པར་གླེང་གིན་འདུག དཔེར་ན། གསན་ཚུལ་སྤེལ་མཁན་ཚོའི་ནང་གི་གཅིག་གིས། མི་རིང་བར་ཏང་ཀྲུང་དབྱང་གིས་མི་དམངས་བཅིངས་འགྲོལ་དམག་ལ་མི་དམངས་ནང་མེ་མདའ་བསྐོར་དགོས་པའི་བཀའ་ཁྱབ་གཏོང་དགོས་པ་ཡོང་གི་རེད། དེ་ནི་དམངས་གཙོའི་གོམ་བགྲོད་ཀྱི་ནང་རྒྱ་ནག་མི་དམངས་ཡོངས་རྫོགས་འབོད་པའི་དུང་བརྡ་ཆགས་ཀྱི་རེད་ཅེས་བཀོད་འདུག
ཁ་བརྡ་ཚང་གིས་གནས་ཚུལ་ཚ་བོ་འདི་དུས་ཐོག་དྲ་སྟེང་ལ་བཞག་པར་ཐུགས་རྗེ་ཆེ། ད་ང་ཚོའི་མིག་རྡོག་རིག་རིག་གིས་རྒྱ་ནག་ལ་བལྟ། ཁ་ཆེ་ཚོའི་ཅུང་ཙམ་ངལ་གསོ་རྒྱོབས་དང་ད་རྒྱ་ནག་ཚང་ཡིན་ད།
འདི་སྐོར་ཐེ་ཝན་དང་ཧོང་ཀོང་གི་གཞུང་འབྲེལ་གསར་འགྱུར་ཁག་ཏུ་བཀག་སྡོམ་ཀྱིས་མཐཽང་རྒྱུ་ཆེར་མི་འདུག འོན་ཀྱང དམངས་གཙོ་ཚོགས་པ་ཁག་གི་དྲ་ལམ་དུ་གོང་དུ་གང་ཡོད་པའི་པར་རྣམས་བརྒྱུད་འགོད་བྱེད་ཀྱིན་འདུག
འཁྲུག་ཆ་དོད་པོ་ཞིག་ཡོང་ཚོད་མ་རེད་ལོ། །
དངོས་གནས་གསར་འགྱུར་ལེགས་པོ་ཞིག་འདུག ཨད་ཅིའི་མི་མང་གི་ཞི་བའི་ལས་འགུལ་གྱི་མེ་ལྕེ་རིམ་བཞིན་མཆེད་ནས་རྒྱ་ནག་ཏུ་ནང་གི་གྲོང་ཁྱེར་ཁག་ཏུ་འབར་མགོ་བརྩམས་འདུག རྒྱ་གུང་ཁྲན་གྱི་དྲང་བདེན་མིན་པའི་བཅའ་ཁྲིམས་འོག་མི་དམངས་ལ་རང་དབང་བྲལ་བའི་སེམས་ཀྱི་སྐད་ཆ་དག་ཕྱི་རུ་ཐོན་རེམ་ཐལ།་གོ་སྐབས་འདིར་བརྒྱུད་ནས་མི་མཐུད་དུ་འཇུག་སྐྱོང་ཐུབ་ན་ཅི་མ་རུང་། སྒེར་གཅོད་པའི་སྲིད་དབང་མགོ་རྟིང་དུ་སློག་པའི་དུས་ལ་བབ་འདུག རྒྱ་ནག་མི་མང་ནི་བོད་མིའི་ལས་འགུལ་ནི་བོད་མི་གཡོ་འགུལ་བྱེད་ཐུབ།གསར་ལམ་ཁག་གི་པར་རིས་དག་མཐོང་ཚེ་མི་མང་གི་སེམས་ན་ད་དུང་གྲ་སྒྲིག་ཨང་གསར་མཚོན་འདུག་རྒྱ་ནག་མི་མང་གི་རེ་འདོད་འཛམ་གླིང་དུ་ཁྱབ་ནས་བདེན་པའི་སེམས་འདུན་མྱུར་དུ་འགྲུབ་པར་ཤོག
བོད་མི་རྣ་བར་སྙན་པའི་གསར་འགྱུར་ད་དུང་མུ་འགོད་བྱེད་ཐུབ་ན་ལེགས་པོ་འདུག སྙིང་ཉེ་བའི་དྲ་གྲོགས་ཚོ་མེ་ཏོག་གསར་བརྗེ་འདིའི་ཐོག་ལ་མཆན་མང་པོ་ཞོག་དང་ངེད་ཅག་སྨྱུ་ཁ་ངོ་མ་བསྐོར་ས་དང་དཔྱད་བརྗོད་དང་རང་ཉིད་ཀྱི་བསམ་ཚུལ་བརྗོད་སའི་ཁ་སྐོང་འདི་ན་ལྷག་འདུག་དཔྱོད་ལྡན་པ་དག་གི་རྒྱ་ནག་གི ནང་དུ་ཉིན་རེར་འགྱུར་ལྡོག་ཅི་ཞིག་ཐེབས་ཀྱིན་འདུག་ དེའི་སྐོར་ལ་དཔྱད་བརྗོད་དང་གསར་འགྱུར་མཁོ་སྤྲོད་བྱེད་ཐུབ་ན་ལེགས་པོ་འདུག འདི་ལྟ་བུའི་གསར་འགྱུར་ལ་སྐྱོན་བརྗོད་དང་རྩོམ་ཡིག་བྲིས་ན་དགོས་མཚན་ཆེན་པོ་མི་འདུག་གམ། ང་ཚོའི་ལས་དབང་ཡང་དམར་བོའི་གདུག་རྩུབ་ཀྱིས་འོག་གི་ལས་དབང་ཡིན་པས། སྡོད་རྒྱུདུས་ཚོད་མ་རེད། མདུན་བསྐྱོད་ཀྱི་གོམ་པ་དང། བདེན་པའི་ལ་རྒྱ་ཕྲག་ཏུ་བླངས་ནས་མཆན་མང་པོ་འདེབས་ཐུབ་ན་ལེགས་པོ་མཐོང་སོང།
འགྱུར་བ་ཆེན་པོ་འདི་ལ་སེམས་པ་གཏིང་ནས་དགའ། ཚེ་སྲོག་ལ་བར་ཆད་མ་བྱུང་བརཤོག ནམ་རྒྱུན་གྱི་རེ་བ་དང་ཡིད་ཆེས་དེ་དག་ད་སླེབ་ནས་ཡོང་གི་འདུག
གང་ལྟར་རྒྱ་ནག་མི་མང་གི་སྙིང་སྟོབས་ལ་ཐུག་འདུག
ཆེས་ཡིད་དུ་འོང་བའི་རྨི་ལམ་དེ་གཏོང་བ་སྔ་དྲགས་བྱ།
གསར་འགོད་པའི་གཞོན་སྐྱེས་ཞིག་ལ་མོ་ལིས་ཧ་གསར་བརྗེ་ལ་ལྟ་ཚུལ་ཅི་ཡོད་དམ་དྲི་བར་གཞོན་སྐྱེས་དེས་ཨེ་ཇེབ་མི་མང་ལ་སློབ་སྦྱོང་བྱེད་ནས་མང་གཙོ་དང་རང་དབང་དགོས། དམར་ཤོག་སྒེར་འཛིན་སྲིད་དབང་མཇུག་སྒྲིལ་དགོས་བ་རེད་ཅེས་བརྗོད། འདི་ན་འདུ་ཚོགས་ཡོད་པ་ཅི་ལྟར་ཤེས་སམ། དྲ་རྒྱའི་སྟེང་ནས་ཤེས་སོང་། འདིར་ཡོང་དོན་ཅི་ཡིན། སྨྲ་བརྗོད་རང་དབང་དང་མང་གཙོའི་ཆེད་ཡིན། གསར་འགོད་པའི་ལན་བཏབ་མ་ཐག་གཞོན་སྐྱེས་དེ་ཉེན་རྟོག་པའི་ཁྲིད་འགྲོ་སོང་། པོ་ཞོན་དྲ་བ་ལས་དྲངས།
ང་དགའ་པོ་ཞེ་དྲག་བྱུང་། དངོས་གནས་ཡིན། ང་དགའ་ནས་གཅིག་པོར་མིག་ཆུ་ཤོར་བྱུང་། ད་ཡིན་ན་༸གོང་ས་མཆོག་གིས་སྐུ་ལས་སྐྱོན་པ་དང་། ཐུགས་རེ་གནང་ཞིང་སྔོན་དཔག་གནང་བའི་དགོངས་ཚུལ་ལ་ཡིད་ཆེས་རྙེད་ཐབས་ཀྱི་མངོན་རྟགས་ཤིག་མངོན་དུ་གྱུར་པ་རེད། འོན་ཀྱང་རྒྱ་ནག་གི་མི་སེར་མང་པོ་ཞིག་འཐབ་རོལ་དུ་འགྲོ་རྒྱུ་ཡིན་པ་སེམས་ལ་འཁོར་ཡོང་དུས་འཇིགས་སྣང་དང་། སྙིང་རྗེ་གཅིག་འགྲན་དུ་ཡོང་གི་འདུག ད་ལས་འབྲས་ཀྱི་འཁོར་རེས་ཤིག་ཁ་ཕྱོགསའགྱུར་འགོ་ཚུགས་པ་མིན་ནམ་སྙམ།
ང་རང་ལས་བྲེལ་ཧ་ཅང་ཆེ། འོན་ཀྱང་ངས་དཀའ་ངལ་ལ་མ་ལྟོས་པར་འདི་སྐོར་གནས་ཚུལ་ཕབ་སྒྱུར་གྱིས་དུས་ཐོག་གཟིགས་ཐུབ་པ་ཞུ་འདོད་ཡོད། འོན་ཀྱང་དུས་ཚོད་རག་མིན་མི་ཤེས། ད་ང་ལས་ཀར་ཐོན་རན་སོང་།
ཕྱི་ཟླ་༢་ཚེས་༢༠ཉིན་རྒྱ་ནག་གི་རྒྱལ་ས་པེ་ཅིན་གྱིས་གཙོས་པའི་གྲོང་ཁྱྱེར་ནང་མོ༌ལི༌མེ་ཏོག་ཅེས་པའི་འདུ་འཛོམས་ཤིག་བྱས་ཏེ་ད་ལྟའི་རྒྱ་ནག་དབང་འཛིན་པར་མི་འདོད་པའི་ཞི་བའི་ལས་འགུལ་ཞིག་སྤེལ་བ་དེར་ལམ་སློང་གྲུབ་འབྲས་མི་དམན་ཙམ་བྱུང་བ་དེ་ནི་དགའ་འོས་པ་ཞིག་རེད།འོན་ཏེ་རྒྱ་ནག་ལ་མོ་ལི་མེ་ཏོག་གི་གསར་བརྗེ་ཡོང་བའི་ཆ་རྐྱེན་ད་ལྟ་ཡང་ཚང་མེད།གང་ཡིན་ཞེ་ན།རྒྱ་ནག་ནང་ད་ལྟའི་ཆ་ལ་ཨ་རི་དང་ཡོ་རོབ་རྒྱལ་ཁབ་ཁ་ཤས་དང་བསྡུར་ན་ལས་ཤོར་གྲངས་ཚད་ཧ་ཅང་ཚབས་ཆེ་མ་རེད།རྒྱ་ནག་ལ་ད་དུང་ཡང་བོད་དང་ཤིན་ཅང་།ནང་སོག་སོགས་གདོད་མའི་གཏེར་དངོས་དང་ཐོན་ཁུངས་འབོར་ཆེན་ལྷག་ཡོད་པ་དང།ཨ་ཕེ་རི་ཀའི་རྒྱལ་ཁབ་ཁག་ནས་རྡོ་སྣུམ་ཕོན་ཆེ་མགོ་སྐོར་བཏང་བ་དང་ཨ་རི་དང་ཡོ་རབ་གཙོས་འཛམ་གླིང་ནང་དངོས་ཟོག་རྫུན་མ་གོང་ཀེ་པོའི་ཐོག་བཙོངས་ནས་ཕྱི་དངུལ་མང་པོ་གསོག་ཡོད་སྟབས།རྒྱ་ནག་གནས་སྐབས་རིང་གཏན་རླིང་ངང་གནས་ཐུབ་ཀྱི་རེད།རྒྱུ་མཚན་གཞན་ཞིག་ནི་རྒྱ་ནག་ནང་སྨྲ་བརྗོད་རང་དབང་མེད་པ་དང་དྲ་རྒྱ་ལྟ་ཀློག་བྱེད་མཁན་མི་དུང་ཕྱུར་བཞི་ཡོད་ཟེར་ལབ་ཀྱང་དོན་དུ་རྒྱ་ནག་གཞུང་གིས་བརྒྱུད་སྐུལ་བྱས་པའི་རྒྱ་གཞེན་ཅན་མང་བ་ཡོད་པའི་ཐོག་རྒྱ་གཞུང་ལ་གནོད་པའི་གཏམ་བརྗོད་ཚང་མ་རྒྱ་གཞུང་ནས་བཀག་སྡོམ་ཚ་ནན་བྱེད་ཀྱི་ཡོད་པ་མ་ཟད།དམག་དཔུང་དང་ཉེན་རྟོགས་པ་རྣམས་རྒྱ་གཞུང་གི་རྒྱུགས་ཁྱི་རྩེར་སོན་པ་ཡིན་པར་བརྟེན།རྒྱ་ནག་མི་མང་འ་ཆད་འུ་ཐུག་མ་བྱུང་བར་ཡར་ལངས་མཁན་ཞིག་མིན་དུས།ད་ལྟའི་ཆ་ལ་ཁོང་ཚོར་ཆབ་སྲིད་དང་དཔལ་འབྱོར།གལ་ཆེ་ཤོས་ཉིན་རེའི་འཚོ༌བ་ལོ་རབས་ལྔ་བཅུ་དང་དྲུང་བཅུ།བདུན་བཅུ་སོགས་ལས་ལེགས་པ་མ་གཏོགས་སྐྱོ་བ་མེད་སྟབས།རང་གི་ད་ལྟའི་གནས་བབ་ལ་བལྟས་ཏེ་ཡར་ལངས་ནས་ངོ་རྒོལ་གཞི་རྒྱ་ཆེན་པོ་སྤེལ་ཐུབ་རྒྱུ་ཁག་པོ་རེད།དེར་བརྟེན་རྒྱ་ནག་ནང་མོ་ལི་མེ་ཏོག་གི་གསར་བརྗེ་རེ༌བ་བྱས་པ་ཙམ་ལས་དངོས་སུ་ཡོང་རྒྱུ་ནི་ཧ་ཅང་གི་ཐག་རིང་པོ་རེད་སྙམ།སེམས་ཤུགས་མ་ཆགས།གལ་ཏེ་རྒྱནག་ནང་གསར་འགོད་རང་དབང་དང་སྲིད་དོན་ཚོགས་པ་འཛུགས་ཆོག་པ།ཡང་ན་དམག་དཔུང་དྲང་ཚུགས་ལྡན་པ་བྱུང་བའི་ཉིན་མ་དེ་ཤར་ན་རྒྱ་ནག་ནང་གཞི་ནས་ཚ་ལུ་མའི་གསར་བརྗེ་འམ་མོ་ལི་མེ་ཏོག་གི་གསར་བརྗེའི་ལས་འགུལ་འོང་ལ་ཉེའོ།
རྒྱ་ཡིག་པོ་ཞོན་དང་རོ་ཀྲེར་གསར་ཁང་གིས་བླངས་པའི་པར་རིས་མང་ཙམ་འདི་ཡོད།
http://www.facebook.com/album.php?id=100001786708543&aid=25165
རྒྱ་ནག་ནང་དུ་དེ་འདྲའི་ལས་འགུལ་རབས་དང་རིམ་པར་བྱུང་ན་བཟང་གི ད་རྒྱ་དནར་པོའི་གཞུང་དེ་མཇུག་བསྒྲིལ་རན་རེད། དེ་མིན་ང་ཚོའི་རྒྱ་ཁངས་ངོ་མ་ཞིག་ཆགས་རྒྱུར་སེམས་བདེ་བོ་མི་འདུག
ལྟོས་དང་། ༸གོང་ས་མཆོག་དང་གླེང་མོལ་བྱེད་མཁན་ཁྲིམས་རྩོད་པ་གཉིས་འཇུ་བཟུང་གིས་གར་ཡོད་མི་ཤེས་ཀི་ཟེར། རྒྱ་རྒན་བོང་ལི་ཞོན་ལ་ཅི་ཡང་བྱུང་མི་འདུག་ག འདི་ཡང་གནད་འགག་ཅིག་མ་རེད་དམ།
འགྱུར་བའི་རང་བཞིན་ལས་གྲུབ་པའི་གོ་ལ་ཧྲིལ་བོ་འདི། དུས་ཚོད་སྐར་ཆ་རེ་རེར་འགྱུར་གྱིན་ཡོད་པ་གང་ཞིག་ལ། དམར་པོའོ་སྲིད་གཞུད་དེ་ཡང་རང་སྐྱ་ཐུབ་པའི་ངང་གནས་མི་ཐུམ་པ་གནས་ལུགས་ཟབ་མོའི་རང་བཞིན་རེད
རྒྱ་ནག་ནང་ལོ་གཅིག་གཉིས་ཀྱི་རིང་གསར་བརྗེའི་འགྱུར་བ་འབྱུང་བའི་རེ་བ་དེ་ཙམ་མི་འདུག གཙོ་བོ་རྒྱ་ནག་མང་ཚོགས་ཀྱི་ནང་དུ་གཞུང་ལ་མི་དགའ་བ་དང་འཁོན་སེམས་གཏིང་ཟབ་དེ་འདྲ་མེད་པ་དེ་རེད། དེའི་སྒང་ལ་གཞུང་གིས་བརྒྱུད་ལམ་ཁག་ལ་སྟངས་འཛིན་ཧ་ཅང་ཆེ་བས་ཡིན། འོན་ཀྱང་རིམ་པས་འགྱུར་བ་ཞིག་འགྲོ་བའི་རེ་བ་འདུག ངས་བལྟས་ན། རྒྱ་ནག་གི་གཞུང་ལ་གློ་བུར་དུ་འགྱུར་བ་སོང་བ་དང་རིམ་པས་འགྱུར་བ་སོང་བ་གཉིས་ལས། ཕྱི་མ་དེ་ཡག་གི་རེད་སྙམ། གློ་བུར་དུ་གཞུང་མགོ་རྟིང་ལོག་ན། ས་ཁུལ་ཁག་ཇག་པ་ལྟ་བུས་བཅད་བཟུང་བྱས་ཏེ་ཁྲིམས་དང་རྒྱུ་མཚན་གཉིས་ཀ་འགྲོ་ས་མེད་པ་ཆགས་ཉེན་ཡོད། དེ་འདྲའི་སྐབས་ལ་བོད་དོན་ལ་རེ་བ་ཞེ་དྲག་མེད།
དང་ཐོག་ངེད་ཀྱི་བསམ་པར་རྒྱ་གཞུང་གིས་དྲ་རྒྱར་སྟངས་འཛིན་ནན་མོའི་བྱེད་བཞིན་པའི་མེ་ཏོག་མོ་ལིས་ཧ་གསར་བརྗེའི་དྲི་ངད་རྒྱ་ནག་ནང་ཁྱབ་རྒྱུ་དཀའ་བར་འདོད་ལ། གཞན་རྒྱ་ནག་དང་ཨེ་ཇེབ་ཀྱི་རིག་གཞུང་ཐ་དད་ཡིན་ལ། ཕྱོགས་གཉིས་གང་ཅིའི་ཐད་ནས་འབྲེལ་ལམ་ཧ་ཅང་རིང་བའི་རྒྱ་རྒན་ཚོའི་དེ་ཙམ་དོ་སྣང་བྱེད་ཀྱི་ཨེ་ཡོད་སྙམ། ད་ལྟ་བལྟས་ཡོང་ན་མེ་ཏོག་མོ་ལིས་ཧ་གསར་བརྗེ་ས་བོན་རྒྱ་ནག་ནང་བཏབ་ཟིན་པ་མ་ཟད་རིང་མིན་ཟེའུ་འབྲུ་དགོད་པའི་དུས་འཆར་ཡོང་ངེས་གཏན་རེད་འདུག
ད་དམར་པོའི་གཞུང་དེ་འབོ་ལུགས་པ་ཤོག
དུས་རྒྱུན་དུ་དམ་དྲག་བྱེད་རྒྱུ་མང་དྲག་ན་ཉིན་ཞིག་གློ་བུར་པའི་འབར་ཉེ་བའི་རང་དབང་གི་འབོད་སྒྲའི་འཛམ་གླིང་ཁྱབ་ནས་བོད་དོན་ལ་ཡང་རེ་བ་ཞིག་ཡོད ་ནི ཡིན།དམར་པའི་སྲིད་གཞུང་གི་རྩུབ་སྤྱོད་ཀྱི་སྲིད་བྱུས་རིམ་བཞིན་འགྱུར་བ་མི་འགྲོ་ཐབས་མེད་རེད། ལྷག་པར་རྒྱ་ནག་ལ་མཚོན་ནའང་མི་རབས་རྒན་པ་རྫོགས་ལ་ཉེ་བ་རང་དབང་དང། དྲང་བདེན།མང་གཙོར་དོན་གཉེར་བྱེད་མཁན་དང་ཇེ་མང་དུ་འགྲོ་དང་འགྲོ་མུས་ཡིན་པ་དང། ད་དུང་མུ་མཐུད་དུ་ཇེ་མང་དུ་འགྲོ་རྒྱུ་ལས་ཆེས་གདུག་རྩུབ་ཆེ་བའི་ལམ་ལུགས་རྒྱབ་སྐྱོར་བྱེད་མཁན་ཇ་ཉུང་དུ་འགྲོ་རྒྱུ་ཡང་མངོན་གསལ་རེད། སྲིད་དབང་ཇི་འདྲའི་སྤྱོད་རྩུབ་ཡིན་ཡང་མཐའ་མར་ཁ་འཐོར་དགུ་འཐོར་དུ་འགྲོ་རྒྱུ་དེ་ནི་འདས་རྒྱལ་ཁབ་ཁག་གི་བྱུང་རབས་ལས་ཧ་གོ་ཐུབ། ལྷག་པར་དུ་དེང་སང་སྒེར་གཅོད་རིང་ལུགས་ལ་འཛམ་གླིང་མི་དམངས་དང་རང་དབང་ལ་ཕྱོགས་པའི་མི་རྣམས་ཀྱི་ངོ་རྒོལ་ཞིག་རང་བཞིན་ངང་གིས་ཡོང་གི་ཡོད་པ་ནི་མིག་མཐོང་ལག་ཟིན་རེད། དེང་དུས་དམར་བོ་ཟེར་དུས་མི་ཚང་མའི་སེམས་སུ་རང་བཞིན་གྱི་ཞེ་སྣང་དང་མི་དགའ་བའི་རྣམ་འགྱུར་ཡོད་པ་འདི་དག་དམར་བོ་གཞུང་ཇི་འདྲའི་ཡིན་རུང་རྒྱལ་སྤྱའི་གནས་དང་ཕྱོགས་གང་ཅིའི་ཐད་ནས་འབྲེལ་བ་དམ་ཟབ་ཆགས་ཡོད་པའི་རྟག་བརྟན་རང་བཞིན་ཞིག་མེད་མ་མངོན་གསལ་དོད་པོ་རེད། སྤུན་ཟླ་ཚོ་སེམས་ཤུགས་མ་ཆག་དང་ཉིན་ཞིག་གཞིས་བྱུས་ལྷན་འཛོམས་སྨོན་འདུན་གྲངས་མེད་ཞུ
very good
མཁྱེན་ལྡན་ཡིན་ཚུལ་བྱེད་དགོས་པ་ཁ་ཤས་ཀྱིས། ཝང་ལི་ཞོང་འཛིན་བཟུང་མ་བྱས་ན་དོགས་པ་སེལ་གྱི་མེད་ཚོད་འདུག འོ་ན་འཇུས་ནས་བཀག་བཏང་ན། ད་རྒྱ་བོད་གཉིས་ཀ་ཕན་སོང་ནི་ཡིན་རྒྱུ་རེད་པཱ། ཝང་ལི་ཞོང་གིས་གང་ན་འགྲིག་མེད་ན་དེ་རྩད་ནས་བཀོག་སྟེ་དབྱེ་ཞིབ་འདྲ་བྱེད་ཐུབ་ན་ཅིག་གི་བྱེད་སྟངས་ལོས་ཡིན་མོད། འོན་ཀྱང་མི་འདི་དག་ལ་ཚོར་སྣང་ཙམ་ལས་ཤོད་རྒྱུ་མེད་ས་རེད། མ་གཞི་ནས་རྒྱ་ཡིག་མ་ཤེས་ན་དཀའ་ཚོད་གདའ་ལ། སྲིད་དོན་བཤད་མ་ཤེས་ན་དོར་མ་མེད་པའི་རྐུབ་ཕྱི་ལ་བསྟན་ཏེ་ཁྲོམ་ལ་འགྲོ་མཁན་ཚོ་དང་ཅི་ལ་མི་མཚུངས་ངམ།
ཁང་སར་རྡོ་རྗེསབཤད་པ་བདེན་ཤས་ཆེ། འོན་ཀྱང་པྱི་ལོག་ན་ཡོད་པའི་རྒྱ་ནག་གི་སློབ་མ་དང་ཡར་ལང་སོང་པ་མང་པོ་ཞིག་གིས་ཧོང་ཀོང་ནས་བརྒྱུད་སྐམ་ས་ཆེན་པོར་དམངས་གཙོའི་ཡོན་ཏན་དང་རྒྱ་ནག་གི་སྐྱོན་མང་པོ་ཞིག་སྤེལ་བས་མི་གྲངས་དུང་ཕྱུར་ལྷག་ལ་ཤུགས་རྐྱེན་ཐེབས་པ་དང་། ཆོས་འཁོར་རྩ་རླུང་ཚོགས་པས་ཀྱང་མི་དེ་ཙམ་ལ་ཤུགས་རྐྱེན་ཐེབས་པས་ངོ་རྒོལ་མི་མཐུད་དེ་ཡོང་ངེས་ཅན་རེད། མགོ་མཇུག་སྒྱུར་རྒྱུ་ལ་ད་དུང་བར་ཐག་ཤིན་ཏུ་རིང་པོ་འདུག་མོད། ཁ་པར་གློག་དྲ་སོགས་བརྒྱུད་ལམ་ཁག་བཀག་ཟིན་པས་ལོ་བཅུ་གྲངས་རེར་དམར་པོའི་གཞུང་བརྟན་པོར་འདུག་ཐུབ་རྒྱུ་རེད་སྙམ། མོ་ལེ་ཧ་ཚོགས་མི་༢༠༠༠་འདིན་བཟུང་བྱས་པའི་ལོ་རྒྱུས་ཐོན་འདུག
ཀི་ཀི་བསྭོ་བསྭོ་ལྷ་རྒྱལ་ལོ།།
འཛམ་གླིང་གི་ནང་དུ་མི་ལོ་མང་པོ་སྲིད་དབང་སྒེར་གཅོད་ཨེད་ཇིའི་མི་མང་གིས་ཤུགས་རྐྱེན་འོག་ནས་རིམ་བཞིན་ཇེ་ཉུང་དུ་འགྲོ་ཡི་འདུག་ལ། རྒྱ་ནག་དམར་ཤོག་ཉིན་ཞིག་འཛམ་གླིང་གི་རྒྱལ་ཁབ་ནང་ནས་ལོགས་སུ་ཁེར་རྐྱང་ལས་རྒྱུ་རེད། ད་རེས་རྒྱ་ནག་ནང་གི་མི་མང་གི་བུ་སྤྲུའི་གསར་བརྗེའི་ལས་འགུལ་ད་དུང་འཇགས་མེད་ན་ད་དུང་མུ་མཐུད་ལམ་ཁ་དེར་བསྐྱོད་ངེས་ཡིན་པ་རེད།
མི་འགྱངས་པར་རྒྱ་ནག་གི་བུ་སྤུའི་མེ་ཏོག་ལས་འགུལ་ཡང་བསྐྱར་སྤེལ་རྩིས་འདུག་ ད་ཐང་གི་གྲོང་ཁྱེར་ཁག་༡༨ལ་སྤེལ་རྩིས་ཡོད་འདུག དེ ཡང ཟླ་༢བའི་ཚེས་༢༧ཉིན་འགོ་བརྩམས་རྒྱུ་ཡིན་པའི་གནས་ཚུལ་འདུག
中国“茉莉花革命”227集会地点发布,本次行动代为“两会”
中国“茉莉花革命”227集会地点,增至18城市,原定地点成都、广州等地有变动。为便于在国内互联网传播,本次行动代号为“两会”,例如成都网友可以给朋友发消息说“本周‘两会’在春熙路麦当劳门前召开“。
时间:2011年2月27日开始 每周日下午2时
地点:ས་གནས་
北京 王府井麦当劳门前པེ་ཅིང།
上海 人民广场和平影都门前ཧྲང་ཧེ
天津 鼓楼下ཐིན་ཅེན
南京 鼓楼广场秀水街百货门口ནན་ཅེིན
西安 北大街原家乐福门口ཞི་ཨན
郑州 二七路百货大楼前ཀྲིན་ཀྲིག
成都 春熙路麦当劳门前ཁྲིན་ཏུན
济南 银座购物广场前ཅིན་ནན
长沙 五一广场新大新大厦门口ཁྲང་ཧྲ
杭州 湖滨路凯悦酒店前至音乐喷泉一带ཧང་ཀྲུག
福州 五一广场越洋图书城门前ཧྥོ་ཀྲུག
广州 天河体育中心正门ཀོང་ཀྲུག
沈阳 南京北街肯德基门口ཤན་ཡང
长春 文化广场西民主大街快乐购超市门口ཁྲང་ཁྲོན
武汉 解放大道世贸广场麦当劳门口བོ་ཧན
拉萨 八廓街大昭寺广场ལྷ་ས་བར་སྐོར།
哈尔滨 西大直街康宁路路口世纪联华门口ཧ་འར ་པེན
乌鲁木齐 建设路人民电影院门口བོ་ལོ་མི་ཆི་སོགས་ཡིན་པ་རེད།
由。”