ན་ནིང་ཞིག་ནས་བཟུང་རྒྱ་ནག་ལ་དགྱ་ནག་འབྲི་མཁན་འགའ་ཤས་ཤིག་བྱུང་། དེ་ཚོ་ལ་སྣང་མེད་བྱས་ནསད་བར་ཁ་བཙུམ་བསྡད་པ་ཡིན། ད་ལོ་ནས་དེ་ལྟར་འབྲི་མཁན་མང་ནས་མང་དུ་འཕེལ་བཞིན་འདུག ད་གཅིག་བྱས་ན་ཁོ་ཚོར་ཁུངས་ཤིག་ཡོད་པ་མིན་ནམ་སྙམ་ནས་ཡིག་རྙིང་དེ་ཚོ་ཀློག་པ་ཡིན། དེ་འདྲ་ཅང་མཐོང་རྒྱུ་མི་འདུག ཏུན་ཧོང་གཏེར་ཡིག་ནང་ཡང་དེ་འདྲ་མཐོང་རྒྱུ་མི་འདུག ཨ་མདོའི་ཁ་སྐད་དུ་བྲིས་པའི་གླུ་དང་ལ་གཞས། སྟོན་བཤད། གཉེན་བཤད། ཆང་བཤད། ཇ་བཤད། མདའ་བཤད། གནས་བསྟོད། རོགས་མཐུན་། བསང་ཡིག་ཚུན་ཆད་ལ་བལྟས་པ་ཡིན། རྒྱ་ནག་ལ་དགྱ་བྲིས་པ་ཤིག་མཐོང་རྒྱུ་མི་འདུག
ད་རྨོངས་འདང་ཞིག་རྒྱབ་ན་ཕལ་ཆེར་སྔོན་མ་པད་མ་འབུམ་གྱིས་རྒྱ་ནག་གི་མིང་ཚིག་ལ་དཔྱད་བརྗོད་ཐུང་ཐུང་ཞིག་བྲིས་པ་དེའི་ནང་། ཨ་མདོའི་སྐད་དུ་རྒྱ་ཡ་ཟེར་ན་དགྲ་ཡའི་དོན་ཡིན་པ་ནས་འཕྲོས་ཏེ་རྒྱ་དེ་དགྲ་ཡི་དོན་ཡིན་དགོས་པའི་སྐོར་ཞིག་བྲིས་ཡོད་པ་རེད། དེ་འདྲ་སེ་ཞིག་ཡོད་པ་རེད། ཨ་མདོ་ནས་རང་མི་འགྲིག་སའི་རྩོད་ཡ། རྒྱ་མའི་རྒྱ་ཡ་ལྟ་བུ་དེ་ལ་རྒྱ་ཡ་ཟེར་གི་རེད། ཡིན་ནཡང་། རྒྱ་ནག་ལ་རྒྱ་ནག་དང་དགྲ་ལ་དགྲ་ཟེར་གི་རེད། ད་དེ་ག་རེ་ཡིན་མིན་དེ་གཙོ་བོ་མ་རེད། ད་ལྟ་ཡིན་ནའང་པད་མ་འབུམ་རང་ཉིད་ཀྱིས་མུ་མཐུད་རྒྱ་ནག་འབྲི་གི་འདུག
མ་བརྟག་གཡམ་རྒྱུགས་ལ་དགའ་ཞིང་རླུང་གང་ནས་གཡུགས་ན་དེ་ཕྱོགས་འཁྱེར་ཆོག་ཆོག་ཡང་མོ་རྩྭ་འདྲ་བ། ཕྱེ་མ་ལེབ་ཙེ་འདྲ་བ་དེ་འདྲ་སྐོར་ཞིག་ནས་དགྲ་ཡི་དོན་ཡིན་མདོག་མདོག་གིས་དགྱ་ཞེས་ཨ་མདོའི་སྐད་དུ་བྲིས་པ་འདྲ། ཨ་མདོའི་སྐད་དུ་གྲི གྲུ་མོ སྒྲོ གྲོ འགྲས འགྲོ སྒྲུང ་སོགས་མིང་གཞི་ག་ཡིག་ལ་ར་བཏགས་ཡོད་པ་མང་པོ་ཞིག་ཁ་སྐད་དུ། གྱི། གྲུ་མོ། སྒྱོ། གྱོ། འགྱས། འགྱོ། སྒྲུང་ཟེར་ནས་ཀློག་གི་རེད། ཡིནའང་ཚང་མ་དེ་འདྲ་མ་རེད། གྲུ་གཟིངས། དགྲ་བོ། སྒྲིལ། སྒྲིམ། སྒྲིག འགྲིགས་སོགས་ཡ་བཏགས་ལྟར་མི་ཀློག་པ་ཡང་མང་པོ་ཞི་ཡོད་པ་རེད།
ཁོ་ཚོ་གཡམ་རྒྱུག་བྱས་པ་དང་ནོར་བ་གཅིག་པོ་མིན་པར་སེམས་ནང་ལ་དགྲ་ཡི་འགོང་པོ་གཅིག་ནས་གཅིག་ལ་མཆེད་འགྲོ་བ་ཞིག་འཛུལ་འདུག་པ་གསལ་བས། དེ་སེལ་བའི་སླད་དུ་རིམ་གྲོའི་སྔགས་འདི་དག་ལྷ་སའི་སྐད་ལྟར་ཉིན་རེར་སྟོང་རེ་སྟོང་རེ་ཐོན། རྒྱ་ནག china རྒྱ་ནག china རྒྱ་ནག china རྒྱ་ནག china
མཐའ་མཇུག་ཁྱེད་རང་གི་ངག་ཏུ་བོད་ཚིག་དབྱིན་ཚིག་གཉིས་ཀྱི་སྒྲ་གདངས་ངོ་བོ་དབྱེར་མེད་དུ་འདྲེས་ཚར་དུས་ཁྱེད་ཀྱི་སེམས་ནང་གི་འགོང་བོ་དེའང་བྲོས་ཚར་ཡོད་པའི་རེ་བ་ཡོད། དགྲར་འཛིན་གྱི་བསམ་བློ་དེ་ཡལ་ཚར་དུས་རང་སེམས་ཀྱང་སྐྱིད་པོ་ཡོང་གི་རེད། ལས་དག་པ་ཚོས་ཚིག་རེ་ཟུང་སྐྱོར་ན་གྲོལ་ཐུབ། ལས་མ་དག་པ་ཚོས་ཟླ་བ་ཁ་ཤས། ཐ་ན་ལོ་མང་པོར་ངག་ལ་སྐྱོར་དགོས་ཆགས་གི་རེད།
ཚིག་གཅིག་ཙམ་ལ་ཡང་འདི་བཞིན་དོ་སྣང་བྱེད་ཀྱི་དེ་གལ་ཆེན་པོ་རེད། མ་དག་རྒྱུན་འབྱམས་སུ་སོང་ན་ཡག་པོ་མི་འདུག་པས་འཕྲལ་དང་འཕྲལ་ལ་བཟོ་བཅོས་བྱེད་ཐུབ་ན་ཡག་པོ་རེད།
མདའ་ཚན་པའི་དགོངས་ཚུལ་ལ་མོས་མཐུན་ཞུ་བ་དང་ཆབས་གཅིག དྲན་གསོ་ཙམ་ཞུ་རྒྱུ་ལ། རྒྱ་དང་དགྲ་ཞེས་ཨམ་སྐད་ཀྱི་སྒྲ་གདངས་ཐོག་ནས་བལྟ་མཁན་གྱི་གྲས་སུ་དགེ་འདུན་ཆོས་འཕེལ་ཡང་ཡོད། ཁོང་གི་དེབ་དཀར་ན་དེ་ལྟར་བྲིས་འདུག་དྲན།
ཁ་སྐད་དུ། གྱུ་མོ་དང་སྒྱུང་ཟེར་བ་རེད། ངས་འབྲི་ཉེས་བྱས་འདུག
མདའ་ཚན་ལགས། དེ་ཁྱོད་ཀྱིས་འབྲི་ཉེས་བྱས་པ་གསལ་བཤད་བྱས་བ་ཡག་པོ་རེད། ཁྱོད་ཅིག་མེད་ན་པད་མ་འབུམ་གྱི་རྒྱ་ཡ་ཟེར་བ་དེ་ཡང་དགྱ་ཡ་མ་ཡིན་ནམ། ཨ་མདོའི་སྐད་ཀྱི་ནང་ཚིག་མང་པོ་ཞིག་ལ་ཡ་བཏགས་ཀྱི་སྒྲ་ཐོན་ནས་ཀློག་བཞིན་པ་དེ་ནོར་བ་རྒྱུན་འབྱམས་ཅི་ཡང་མ་རེད། དེ་ཚང་མ་བརྡ་རྙིང་ཡིན་པ་བོད་ཀྱི་ཤར་ལྷོ་ནུབ་བྱང་གི་མཐའ་མཚམས་ཀུན་ལ་ཉུལ་དང་། སྒྲ་གདངས་གཅིག་མཚུངས་རེད། སྟོད་ལ་དྭགས་དང་འབྲུག་ཡུལ་གྱི་སྐད་ལ་ཉོན་དང་། རྒན་པོ་ལ་རྒད་པོ་ཟེར་ཞིང་། མིག་ཤེལ་ལ་མྱིག་ར་ཟེར་གྱི་འདུག མྱིག་ཡང་མིག་གི་བརྡ་རྙིང་མ་ཡིན་ནམ། འོན་ཀྱང་རྒྱ་ནག་ལ་དགྱ་ནག་ཞེས་བྲིས་བ་དེར་དམིགས་བསལ་གྱི་རྒྱབ་སྐྱོར་ཅི་ཡང་མེད། རྒྱུ་མཚན་ཁོ་ཚོས་དགྲ་ཞེས་པའི་བརྡ་རྙིང་སྤྱད་ནས་འབྲི་བཞིན་ཡོད་ཟེར། ཁྲིམས་ལུགས་ཀྱི་སྟེང་ནས་བཤད་ན་ཁྲིམས་འགལ་ཡིན་སྲིད། ཡོ་རུབ་པས་འདི་ལ་asociality འབོད་པ་དེ་རེད།
ངས་ཡང་བསྐྱར་ལག་ཆུང་འདི་འགུལ་ཙམ་བྱེད་དགོས་བྱུང་། སྐད་ཡིག་རིག་པའི་ངོས་ནས་ཨ་མདོའི་སྒྲ་གདངས་དེ་ཚོ་ལ་ཞིབ་འཇུག་ཅིག་བྱེད་རྒྱུ་ཡོད་མེད་ལ་ཐེ་ཚོམ་མི་འདུག ངས་ཀྱང་སྔོན་མ་བསྟན་འཛིན་མགོན་པོ་དམངས་གཙོའི་རྩོམ་སྒྲིག་པ་ཡིན་སྐབས་སུ་འདིའི་སྐོར་ལ་རྩོམ་འཆལ་ཞིག་བྲིས་མྱོང་། མིང་གཞིའི་ཡི་གེ་ ཀ་ཁ་ག་ གསུམ་ཆའི་ར་བཏགས་ཀྱི་ཡི་གེ་མང་ཆེ་བ་ཞིག་ཨ་མདོའི་སྐད་དུ་ཡ་བཏགས་སུ་ཀློག སྐྲག་ལ་སྐྱག་ ཁྲག་ལ་ཁྱག་ གྲོག་མ་ལ་གྱོག་མ་སོགས་ཀྱིས་མཚོན། དེ་ནས་ ས་ར་བཏགས་ཀྱི་སྒྲ་འདི་མདོ་དབུས་ཁམས་གསུམ་ལ་གཅིག་གྱུར་ཅིག་མེད། ལྷ་ས་བས་ཀྱང་སྲབ་སྲབ་ལ་ཀྲབ་ཀྲབ་ཟེར་བ་ལྟ་བུ་དང་། ཨ་མདོ་རྔ་བའི་ཕྱོགས་ནས་ སྲས་ལ་ཀྲས་འདྲ་ཞིག་མི་ཟེར་རམ། ས་པ་བཏགས་སྤ་དང་དེ་ལ་འདོགས་ཅན་གྱི་རིགས་ལ་ཡང་ཀློག་སྟངས་འདྲ་མིན་གདའ། སྤེན་མཁར་ལ་སེན་མཁར་ཟེར། སྤྲང་བོ་ལ་སྤང་བོ་ཟེར། འབྲུག་པས་ཀྱང་གྲི་ལ་གྱི་ཟེར་གི་འདུག་དྲན། ལ་དྭགས་པས་ཀྱང་ཅི་ཟེར། ཕ་ལ་ཡ་བཏགས་བྱས་པ་ལ་ཡང་ ཕིཡིན་པ་ལྟ་བུ་ཞིག་ ཕྱི་གླིང་པ་ལ་ཕི་ཡི་གླིང་པ་ལྟ་བུ་ཞིག་ གང་ལྟར་འདིའི་གྲས་ལ་འགྲོ་ལུགས་བརྟན་པོ་ཞིག་འདུག་དྲན།
གང་གང་ལ་ཡ་བཏགས་ཡོད་པ་དང་གང་གང་ལ་མེད་པ་དེའི་དབྱེ་བ་ཕྱེ་ཤེས་ན་ཡག་པོ་འདུག ཡིག་སྐད་ཀྱི་ར་བཏགས་ཅན་ཚང་མ་ཁ་སྐད་ནང་ཡ་བཏགས་ཡོད་པ་དེ་འདྲ་མ་རེད། རྒྱན་འཇོག རྒྱན་ཆ། རྒྱ་ཆེ། དྲ་རྒྱ། རྒྱག་རེས་རྒྱབ། རྒྱུད་པ། དགྱེ་སྒུར། རྒྱ་མ། རྒྱ་ཡ། རྒྱ་ནག རྒྱ་སྲང་། དྲ་རྒྱ། ཉ་རྒྱ། རྒྱ་ཚོས། ཁྱི་རྒྱ་རྒྱ། རྒྱ་མཚོ། རྒྱང་ཐག རྒྱུ་མ། རྒྱུག རྒྱོང་། རྒྱུན་བུ། ལོ་རྒྱུས། ཆ་རྒྱུས། རྒྱལ་པོ་སོགས་ཁ་སྐད་ཡིག་སྐད་གཉིས་ཀ་གཅིག་པ་ཡིན་པ་མང་པོ་ཡོད་པ་རེད།
དེ་ནས་ངས་སྔོན་མ་ཞིག་ལ་རྒྱ་ནག་གི་སྒྲ་བཤད་བྲིས་ཡོད་པ་ལྟར། རྒྱལ་ཁབ་ཀྱི་མིང་དེ་ཚོ་ཕལ་ཆེ་བ་གཅིག་ནས་གཅིག་ལ་ཟུར་ཆག་ཏེ་སྒྲ་འགྱུར་ཕྱིན་པ་དེ་འདྲ་ཡིན་པ་ལྟར་རྒྱ་ནག་གི་མིང་འདིའང་སྒྲ་ལ་ཡག་པོ་བརྟག་ན་དེ་ལྟར་ཡིན་པ་ཁྱེད་རང་ཚོར་ངོ་འཕྲོད་གི་རེད། ད་བར་བོད་ཀྱི་མཁས་པ་ཞིག་གི་ནང་ནས་གོང་ལོ་ཆེན་མགོན་པོ་སྐྱབས་མ་གཏོགས་རྒྱ་ནག་འདི་ཟུར་ཆག་ཅིག་ཡིན་པ་དོགས་སློང་ཞིག་བྱས་པ་ཡང་བྱུང་མི་འདུག ཁོང་ནས་འདི་ཟུར་ཆག་ཐལ་ཆེ་བའམ་དེ་འདྲ་ཞིག་གསུངས་ཡོད་བསམས་སོང་།
འདིའི་སྒྲའི་འགྱུར་རིམ་གསལ་བོ་བྱས་མཐོང་གི་རེད། འདི་ཚོ་ཡང་ཡང་ཀློག་དང་། ཆིན ཆ་ན། ཅ་ན གྱ་ན། རྒྱ་ན། རྒྱ་ནག རྒྱ་དཀར། རྒྱ་སེར། མྱ་དཀར་པོ། མྱ་ནག་པོ། དེ་ནས་ཁྱུང་པོ་དཀར་ནག་སེར་གསུམ། གུར་དཀར། གུར་ནག གུར་སེར་ཐ་སྙད་འདི་དག་གི་ཐོག་ན་ཁྱེད་རང་ལ་བློ་སྒོ་འབྱེད་བྱེད་མང་པོ་ཞིག་མི་མངོན་པའི་ཚུལ་དུ་ཉལ་བསྡད་ཡོད་པ་རེད། མངོན་གྱུར་མཛུབ་མོས་བསྟན་ན་ད་རུང་ཡིད་མི་ཆེས་ན་ཁ་ནང་ལ་མཛུ་གུ་ཆུག་ལ་ཁ་རོག་སྡོད།
སྐ་ཅོག་ཞང་གསུམ་གྱིས་གསར་དུ་བཅོས་པའི་ཡི་གེའང་དེ་ཚོའི་གྲས་རེད་ལ།
བོད་མཐའ་མཚམས་ཀྱི་བོད་མིའི་ངག་ནས་འགྱུར་མ་ཐུབ་པའི་སྐད་ཡང་དེ་ཚོ་རེད།
གོང་དུ་གསུང་པའི་མདའ་ཚན་པ་དང་དགེ་རབ་གཉིས་ནས་བཤད་པ་བཞིན་རེད།
བོད་བཙན་པོའི་བཀའ་བཞིན་ལོ་ཙ་བ་རྣམ་གསུམ་གྱིས་སྐད་ལ་ཞིབ་མོར་བརྟག་རྗེས་ངག་ལ་མི་བདེ་བའི་འདོགས་ཅན་ཕལ་ཆེར་དོར་ཞིང་། ཡ་བཏགས་ཕལ་ཆེར་ར་བཏགས་སུ་བཅོས་པ་ནི་ཡིད་གཉིས་མི་དགོས་པ་ཞིག་རེད།
མགོན་ཕྱག་འདིས་བསམ་ཚུལ་ཞིག་བཤད་ན། དྲ་གྲོགས་ཚོར་གཤེ་གཤེ་ཞིག་གཏོང་དགོས་ནོ་འདི་ཅི་རེད
བསམ་ཚུལ་ཞིག་སྤེལ་ན་ཡང་། ཡང་མིན་ན་ར་བཟི་ནས་འབྲི་གི་འདུག ཡང་མིན་ན་ཁོང་ཁྲོ་འདྲ་བོ་ཞིག་ཟོས་ཡོད་པའི་སྒོ་ནས་འབྲི་གི་འདུག
འབྲོག་རྒན་ཁྱོས། གཤེ་གཤེ་རྐྱང་རྐྱང་བཏང་བསྡད་ན། དྲ་གྲོགས་རྒན་པ་མང་པོ་ཞིག་གིས་ཅིག་བཤད་བསམ་ན་ཡང་། འཚེར་སྣང་ངམ་སྐྲག་སྣང་ཞིག་གིས་ཁ་ནས་བཤད་བསམ་པ་དེ་བསྐུམས་འགྲོ་གི་ཡོད་པའི་སྣང་ཚུལ་ཞིག་མཐོང་རྒྱུ་ཡོད་གི། འོན་ཀྱང་། རྒན་པོ་ཁྱོའི་ཁ་རུ་ཁ་ཐུག་གི་གཤིས་ཀ་དེ་ལ་གསར་བུ་ལོ་ཆུང་ང་ལྟ་བུ་ཚོ་ཧ་ཅང་དགའ།
ར་བཏགས་ཅན་ཕལ་ཆེ་བ་ཡིན་མིན་མི་ཤེས། གྲངས་ཀ་ཞིག་རྒྱབ། ཉམས་ཞིབ་ཅིག་བྱས་ན་ཤེས་ཡོང་། གྲབ། གྲབས། གྲས། གྲོལ། གྲེ་བ། གྲོགས་པོ། གྲུ་གཟིངས། དགྲ་ཡ། གྲུབ། འགྲེམས། གྲོང་། གྲོངས། འགྲོས། འགྲེང་། འགྲིགས། འགྲེམས། འགྲིབ། འགྲུལ་བ། འགྲེལ་བ། འགྲོགས། མགྲོན། སྒྲ། སྒྲིག སྒྲིབ། སྒྲེང། སྒྲོམ། སྒྲོལ། སྒྲོས།
ཡིག་སྐད་དུ་ར་བཏགས་ཡིན་པ་དང་ཨ་མདོའི་ཁ་སྐད་དུ་ཡ་བཏགས་ཡིན་པ་དེ་ཚོ་ད་རུང་མཚམས་མ་འདྲེས་མ་ནོག་པར་བསྡད་བསྡད་ཡོད་པ་རེད། དབྱེ་བ་གསལ་བོ་ཞེ་དྲག་རེད། དེ་ཡིན་ན་ཡི་གེ་གཞན་པ་ཚོ་དང་འདྲ་བར་ཨ་མདོའི་ཁ་སྐད་དུ་རྒྱ་ནག་ཟེར་བ་ལ་ལུང་ཚན་གཞན་དང་ཡིག་སྐད་དུ་དགྲ་ནག་ཟེར་དགོས་རྒྱུ་ལ་དེ་ལྟར་མི་ཟེར་བའི་རྒྱུ་མཚན་གང་ལ་ཐུག་པ་རེད། ཡི་གེ་མང་པོ་ཞིག་ཡོད་པ་དེ་ཚོ་ཚང་མའི་ནང་ནས་རྒྱ་ནག་ཟེར་བའི་ཚིག་འབྲི་འདི་གཅིག་པོར་ལུང་ཚན་གཞན་པ་ཚོ་དང་ཡིག་སྐད་དུ་དགྲ་ནག་ཟེར་རྒྱུ་ཞེད་པ་རེད་དམ། ཏུན་ཧོང་ཡིག་རྙིང་ལ་ལྟོས་དང་། རྒྱ་རྒྱ་རེད། དགྲ་དགྲ་རེད། སོ་སོ་རེད། ཨམ་སྐད་ནང་ཡང་སོ་སོ་རེད།
མཆན་༩ བའི་ར་བཏགས་ཅན་འདི་ཚོ་ཁ་སྐད་ཡིག་སྐད་གཉིས་ཀྱི་ནང་ར་བཏགས་ཡིན་པའི་གྲས་རེད། གོང་དུ་ངས་གསལ་བཤད་བྱེད་རྒྱུ་བརྗེད་འདུག ཆོལ་ཁ་གཞན་པའི་དྲ་གྲོགས་ཚོ་གཅིག་བྱས་ན་འཐོམས་སྲིད།
ཨོ་རིག་འབྱུང་། གྲྭ་བ་ཚོས་རང་ལུས་ལྷར་བསྐྱེད་ནས་ང་རྒྱལ་ལངས་ཟེར་བ་ཞིག་འདུག་ག ངས་རང་ལུས་རང་དང་མ་འདྲ་བ་ཞིག་ལ་བསྐྱེན་ནས་ང་རྒྱལ་ལངས་ཏེ་འབྲི་གི་ཡོད་པ་རེད། ཁྱེད་རང་གིས་ཀྱང་རྗེས་མ་ནས་དེ་ལྟར་ཉམས་ལེན་བྱོས་དང་། སྐད་ཆའི་ཤུགས་ཁོ་རང་འདྲ་གི་མ་རེད། དེ་མིན་སྐད་ཆ་ཞིག་ཤོད་ཀྱི་ཡོད་པའི་བཟོ་འདྲ་བོ། མེད་པའི་བཟོ་འདྲ་བོ་བྱས་བསྡད་ན་གཉིད་ཁུང་གི་གཏམ་འདྲ་བོ་རེད།
རེད་མ་རེད། འགའ་རེས་རང་ལུས་ལྷར་བསྐྱེད་ནས་ང་རྒྱལ་ལངས་ཆོག་ས་ནས་ངས་རང་ལུས་རང་མ་འདྲ་བ་ཞིག་ལ་བསྐྱེད་ནས་ང་རྒྱལ་ལངས་མ་ཆོག་པ་ཡོད་རྒྱུ་མ་རེད། རང་ལུས་ལྷར་སྐྱེད་མཁན་དེ་ཚོས་རང་ལུས་ལ་དམའ་འབེབས་ཞེ་དྲག་བྱས་པ་རེད། ངས་རང་ལུས་ལ་བརྩི་འཇོག་དང་ཆེ་མཐོང་ཞུས་པ་རེད། སངས་རྒྱས་ཀྱིས་ཀྱང་རང་ཉིད་རང་གི་མགོན་ཡིན་གསུངས་འདུག་ག
རྒྱ་ནག་ནི་འགྲམ་སྟེང་གི་སྤུ་ནག་པོའི་མིང་ཡིན་པ་ལས་དགྲ་ནག་པོ་ལ་ཟེར་བ་ཕལ་ཆེར་ནོར་བ་འདྲ།
རྒྱ་ནག་ལ་དེ་ལྟར་ཟེར་དོན་ཡང་སྔོན་མའི་རྒྱའི་རྒྱལ་པོ་ཕལ་ཆེར་ཨག་ཚོམ་རིང་པོ་ཡོད་སྟབས་དེ་ལྟར་རྒྱལ་མིང་ཡུལ་ལ་ཐོགས་པ་འདྲ་སྙམ།
ང་ལོ་འདིའི་ ༢༠༠༩ སྤྱི་ཟླ་ ༥ པའི་ནང་ལ་དྭགས་སུ་མཚན་ཉིད་སློབ་གྲྭ་ཆེན་མོ་དབུ་བརྙེས་ལོ་ལྔ་བཅུའི་དུས་སྟོན་གསེར་འོད་འཕྲོ་བའི་ཞབས་རྗེས་ཞེས་པའི་དུས་དྲན་ལ་སོང་བ་ཡིན། དགེ་རྒན་ཞིག་ངེད་ཁ་བརྡ་བྱས་པས་ཁོང་གིས་ལྷ་ས་པའི་སྐད་ལ་འགྲེང་བུ་མེད་ས་མང་པོ་ཞིག་ལ་འགྲེང་བུ་ཡོད་པ་ནང་བཞིན་ཀློག་གིན་འདུག་ང་ཚོ་ལ་དྭགས་པས་ཐད་གར་ཀློག་གི་རེད་ཟེར། དེ་ནི་དཔེར་ན། ལྷ་ས་ལ་་་ལྷེ་ས། ར་སྒྲེང་ལ་་་་་རེ་སྒྲེང་གི་མཚོན་འགྲེང་བུ་མེད་ཀྱང་འགྲེང་བུ་ཡོད་པ་དང་གཅིག་མཚུངས་ཀློག་གི་འདུག་ཟེར། དེ་ཕལ་ཆེར་བདེན་པ་འདྲ་བོ་འདུག
རེད། ལྷ་ས་བ་ཚོས་བསྟན་འཛིན་ལ་བསྟེན་འཛིན་དང་སྐལ་བཟང་ལ་སྐེལ་བཟང་ཞེས་རྗོད་པ་དང་ཀློག་པར་བྱེད། དེའི་རྗེས་སུ་འབྲངས་ནས་ལ་ཁྲིན་ཡི་གེས་བསྟན་འཛིན་ཞེས་པ་འབྲི་དུས་ཀྱང་Tanzin ཞེས་མི་འབྲི་བར་Tenzinཞེས་འབྲི་དགོས་བྱུང་བ་རེད། མགོ་སེར་འགའ་རེར་ཨ་མདོ་དང་ཁམས་པའི་ཀློག་སྟངས་རྗོད་སྟངས་ལྟར་Tanzinཞེས་བྲིས་ན་ལམ་སེང་མ་རེད་ནོར་འདུག་Tenzin ཞེས་འབྲི་དགོས་པ་རེད་ཟེར་རྐྱང་རེད།
ང་ཡང་དེ་དུས་ཨུ་ཐུག་ནས་བོད་ཡིག་གི་འགྲེང་བུ་མེད་སར་དབྱིན་ཡིག་གི་eའདི་སྐྱག་པ་ཟ་གི་ཡོང་གི་ཡོད་པས་ཟེར་དགོས་བྱུང་།
གསེར་འོད་འཕྲོ་བའི་ཞབས་རྗེས་་་་་་་གསེར་འོད་འཕྲོ་བའི་དུས་དྲན་ལ་ནོར་བཅོ།
ཡ་བཏགས་ཕལ་ཆེར་ར་བཏགས་སུ་བཅོས་ཡོད་མེད་རོབ་ཙམ་ཞིག་བལྟས་ཆོག་པ་ཞུ།
བཀྲབ་ནས་འདེམས་ལ་་་་་་་བཀྱབ་ནས་འདེམས།
ཅ་ལག་བཀྲམ་ལ་་་་་་་་་་་་་་་་་ཅ་ལག་བཀྱམ།
ཁ་ལག་བཀྲུ་ལ་་་་་་་་་་་་་་་་་་་ཁ་ལག་བཀྱུ།
ཁ་དཀྲི་ལ་་་་་་་་་་་་་་་་་་་་་་་་་་ཁ་དཀྱི།
སྐེ་དཀྲི་ལ་་་་་་་་་་་་་་་་་་་་་་་་་་སྐེ་དཀྱི།
མགོ་དཀྲི་ལ་་་་་་་་་་་་་་་་་་་་་་་མགོ་དཀྱི།
མགོའི་སྐར་ལ་་་་་་་་་་་་་་་་་་་་མགོའི་སྐྱ།
སྟག་ལ་སྐྲག་་་་་་་་་་་་་་་་་་་་་་སྟག་ལ་སྐྱག
རྨ་སྐྲངས་ལ་ས་ལ་་་་་་་་་་་་་་་་རྨ་སྐྱངས།
བྱིའུ་ཁྲ་ལ་་་་་་་་་་་་་་་་་་་་་་་་་་བྱིའུ་ཁྱ།
རས་ཁྲ་ཁྲ་ལ་་་་་་་་་་་་་་་་་་་་་རས་ཁྱ་ཁྱ།
ལུས་ཀྱི་ཁྲག་ལ་་་་་་་་་་་་་་་་་་ལུས་ཀྱི་ཁྱག
གཞུང་ལ་ཁྲལ་འཇལ་ལ་་་་་་་་་་་་་་་་གཞུང་ལ་ཁྱལ་འཇལ།
ཁྲོ་སླང་ལ་་་་་་་་་་་་་་་་་་་་་་་་ཁྱོ་སླང་
ཁྲོག་སྒྲ་གྲག་ལ་་་་་་་་་་་་་་་་་ཁྱོག་སྒྱ་གྱག
ཁྲོལ་མ་ལ་་་་་་་་་་་་་་་་་་་་་་་་ཁྱོལ་མ།
འཁྲབ་མ་ལ་་་་་་་་་་་་་་་་་་་་་་འཁྱབ།
ལག་པ་གྲང་ལ་་་་་་་་་་་་་་་་་ལག་པ་གྱང་།
ཁ་གྲངས་ལ་་་་་་་་་་་་་་་་་་་་་་་ཁ་གྱངས།
གྲལ་སྒྲིག་ལ་་་་་་་་་་་་་་་་་་་་་་་གྱལ་སྒྲིག
སྐྲ་གྲི་ལ་་་་་་་་་་་་་་་་་་་་་་་་་་་་་་སྐྱ་གྱི།
རིག་པ་གྲིན་པོ་ལ་་་་་་་་་་་་་་་་རིག་པ་གྱིན་པོ།
ལུས་ཀྱི་གྲིབ་མ་ལ་་་་་་་་་་་་་་་་་ལུས་ཀྱི་གྱིབ་མ།
ཐག་པ་གྲིམ་ལ་་་་་་་་་་་་་་་་་་་་་་ཐག་པ་གྱིམ།
ཁང་བའི་གྲུ་ག་ལ་་་་་་་་་་་་་་་་་་ཁང་བའི་གྱུ་ག
ལག་པའི་གྲུ་མོ་ལ་་་་་་་་་་་་་་་་་་ལག་པའི་གྱུ་མོ།
གྲོད་པུ་ལ་་་་་་་་་་་་་་་་་་་་་་་་་་་་་གྱོད་པུ།
མདུད་པ་གྲོལ་ལ་་་་་་་་་་་་་་་་་་་མདུད་པ་གྱོལ།
གྲོས་བྱས་ལ་་་་་་་་་་་་་་་་་་་་་་་་་་གྱོས་བྱས།
གོང་གསལ་འདི་ཚོ་ནི་རོབ་བལྟས་ཙམ་ཞིག་ལས་ཞིབ་ཚགས་པར་ནི་འདིར་འགོད་པའི་དུས་ཚོད་ཀྱི་ལོང་མི་ནུས་སོ། འདི་ལྟ་བའི་ར་བཏགས་ཅན་ཕལ་ཆེར་ཡ་བཏགས་སུ་ཀློག་བཞིན་པ་ནི་སྤྱི་ལོ་དུས་རབས་བརྒྱད་པའི་གོང་གི་བརྡ་རྙིང་ཞེས་འབོད་པ་དང་། ད་ལྟའི་ཨ་མདོའི་ཡུལ་ན་རྒྱུན་ལྡན་བཀོལ་སྤྱོད་བྱེད་བཞིན་པའི་སྐད་ཆའི་ཆ་ཤས་ཙམ་རེད།
ངས་ཀྱང་དེང་སང་དགྱ་ནག་ཅེས་འབྲི་མཁན་མང་པོ་མཐོང་སོང་། ངས་ཀྱང་ག་རེ་ཡིན་ན་བསམ་ནས་སྔོན་གྱི་མཁས་པ་མང་པོས་བསྒྲིགས་པའི་ཚིག་མཛོད་སོགས་ལ་བསྔོག་བཤེར་གྱིས་བལྟས་པ་ཡིན། འོན་ཀྱང་རྒྱ་ནག་ལ་དགྱ་ནག་ཅེས་བྲིས་ཡོད་པ་གཅིག་ཀྱང་མཐོང་མ་བྱུང་། རྗེས་སུ་ཨ་མདོའི་སྐད་ལ་དགྲ་ལ་དགྱ་ཞེས་འབོད་སྲོལ་ཡོད་པ་དེ་བཞིར་བཞག་གིས་རྒྱ་ནག་དེ་ཉིད་སོ་སོའི་དགྲ་ནག་པོ་ལ་བརྩིས་ནས་དགྱ་ནག་ཅེས་བྲིས་པ་ཕལ་ཆེར་ཡིན་འདུག་སྙམ། ཤིང་བཟའ་རིན་པོ་ཆེས་བྲིས་པའི་སྙན་ངག་ཕྱོགས་བསྒྲིགས་དེའི་ནང་དུའང་དགྱ་ནག་ཅེས་པ་མང་པོ་བྲིས་འདུག ངས་བལྟས་ན་རྒྱ་ནག་དེ་ཉིད་ང་ཚོའི་དགྲ་ཡིན་མིན་གནས་ཚུལ་ཁག་ཁག་རེད། འོན་ཀྱང་རྒྱ་ནག་ལ་དགྱ་ནག་ཅེས་འབྲི་དགོས་དོན་མི་འདུག མིང་ཚིག་ལ་འགྱུར་བ་གཏོང་དགོས་པའི་རྒྱུ་མཚན་གང་ཡང་མི་འདུག་པས། དགྱ་ནག་ཅེས་པའི་འབྲི་སྲོལ་དེ་ལ་ང་རྩ་བ་ནས་འཐད་པ་མེད། མ་ཟད། དེང་སང་ཡུལ་སྐད་མཉམ་བསྲེ་བྱས་ནས་རྩོམ་ཡིག་འཁྱར་འཁྱོར་འབྲི་མཁན་དེ་དག་ལ་གསལ་བཤད་ཞུ་རྒྱུ་ཞིག་ལ། ང་ཚོ་གནའ་སྔ་མོ་ནས་སྟོད་ལ་དྭགས་ནས་སྨད་ཨ་མདོའི་བར་དུ་གཅིག་གྱུར་གྱིས་གོ་བའི་ཡི་གེའི་འབྲི་སྟངས་ཤིག་ཡོད་པ་དེ་རང་རྒྱུན་འཛིན་བྱས་ན་ལེགས་པ་ལས། རང་རང་སོ་སོའི་ཡུལ་སྐད་རེ་ཁྱེར་ཡོང་ནས་ཡིན་མདོག་མདོག་གིས་དེབ་དང་ཚགས་ཤོག་ཏུ་འབྲི་ཡོང་བ་དེས་བོད་སྐད་ཡིག་ལ་བརྡབ་གསིག་བཏང་བ་ཞིག་ལས། གོང་འཕེལ་གཏོང་བ་ཞིག་ཡིན་པའི་ངོས་འཛིན་རྩ་བ་ནས་མེད་ཅེས་ཞུ་རྒྱུ་ཡིན།
ཨ་མདོ་ལ་ཆོལ་ཁ་གཞན་པའི་ཁ་ནས་གོ་མ་མྱོང་བའི་སྒྲ་གསར་བ་མ་འདྲ་བ་གཉིས་ཡོད་པ་རེད། དེ་ནི་ཤ་དང་ཝ་གཉིས་རེད། ཨ་མདོའི་ས་ཆ་ཕལ་ཆེ་བ་མིན་འགྲོ ཏག་ཏག་བཤད་རྒྱུ་མེད། ཤ་སྒྲ་འདི་བོད་གངས་ཅན་ཕར་ཞོག རྒྱལ་ཁབ་སུ་ལའང་མི་འདུག དབྱིན་སྐད། རྒྱ་སྐད། ཧྥ་སྐད། ཝིནཐི་ནམ། ཨ་རབ་བཅས་ཀྱི་མི་མང་པོ་ཞིག་ལ་ཀློག་བཅུག་ན་སུ་གང་གི་ངག་ལའང་ཡོང་གི་མི་འདུག རྒྱལ་སྤྱིའི་སྒྲ་རྟགས་ནང་ནའང་སྒྲ་འདི་མི་འདུག
སོག་པོ་ལ་སྒྲ་འདི་ཡོད་མེད་ཚོད་ལྟ་བྱེད་ས་རག་མ་སོང་།
ཝ་སྒྲ་ནི་ཧྥ་སྐད་ནང་ཨ་རབ་སྐད་ནང་འདུག
རེད། མདོ་ལྷ་ཁམས་པས་བྲིས་པ་ལྟར་རེད། ཨ་མདོའི་ཁ་སྐད་ཡིག་སྐད་གཉིས་ཀར་ར་བཏགས་ཡིན་པ་དང་། ཁ་སྐད་ལ་ཡ་བཏགས་ཡིན་ཡང་ཡིག་སྐད་ལ་ར་བཏགས་ཡིན་པ་དེ་གཉིས་ལོ་ངོ་སྟོང་ཕྲག་མང་པོ་བརྒྱུད་ནས་ད་རུང་དབྱེ་བ་མ་འདྲེས་པར་བསྡད་ཡོད་པ་རེད། དངོས་གནས་བྱས་ན་ཨ་མདོའི་སྐད་དེ་ཏུན་ཧོང་ལས་ཀྱང་རྙིང་པ་རྙིང་པ་རེད།
ཀླུ་སྨྱོན། ལྷ་སའི་སྐལ་བཟང་གི་སྒྲ་སྐེལ་བཟང་ལྟུ་ཞིག་ཡོང་ན་འགྲིགས་འདུག བར་ཐག་རིང་པོ་ཞེ་དྲག་མ་རེད། དེ་འདྲ་ཞིག་ཀྱང་ཡོང་གི་མ་རེད། ཀེ་སང་ལྟ་བུ་ཞིག་མ་གཏོགས། བཟང་གི་སྒྲ་ཡང་ཇི་བཞིན་ཐོན་མི་ཐུབ།
ད་་་་་ ཅང་མི་ཤེས་ཀི བོད་སྐད་ཡིག་ཟེར་བ་འདི་ངོ་མ་སྐྱུགས་བྲོ་བོ་ཞིག་འདུག དེ་བས་ཀྱང་སྐྱུག་བྲོ་བ་ཞིག་ནི། དབང་ཤུགས་དང་གོ་ཐོབ་ཅན་ཚོས་གང་འདོད་དུ་འདི་ལ་དག་དང་མ་དག་གི་ས་མཚམས་ཕྱེས་རྐྱང་བྱེད་ཀྱིན་པ་འདི་རེད། ད་བོད་སྐད་བོད་ཡིག་སྦྱང་ན་སོ་སོའི་སྡུག་གྱོང་ལས་གཞན་མ་རེད། གལ་སྲིད་ལ་བུ་ཕྲུག་རེ་བྱུང་ན་བོད་ཡིག་སྦྱོང་གི་མི་འཇུག་ཁོ་ཐག་ཡིན།
མི་ཡིད་ཆེས་བརླག་སླ་བ་འདྲེ་རིག་ལྡན་རེད།
མི་སེམས་ཐག་ཆོད་པོའང་འདྲེ་རིག་ལྡན་རེད།
མདའ་ཚན་ལགས། རེད་ཡ། ཨམ་སྐད་ཀྱི་བཟང་ལྟ་བུའི་སྒྲ་དྲག་པོ་ཞིག་ལྷ་ས་བ་ཚོའི་ཁ་ནས་མི་ཐོན་པ་དངོས་ཡོད་རེད། ཨ་མདོ་བས་བཟང་ལ་སངས་ལྟ་བུར་མགོ་མཇུག་གཉིས་ཀར་ཁ་ཚེགས་ཚེགས་བྱས་ནས་མི་ཀློག་པར་དང་པོར་མཆུ་ཙོག་ཙོག་དང་དེ་ནས་ཁ་ཚེགས་ཚེགས་ཀྱིས་བུ་བཟང་ལྟ་བུར་ཀློག་པ་རེད་འདུག
ཀླུ་སྨྱོན། ལྷ་ཁང་རྙིང་པ་ལ་གནས་བཤད་གསར་པ་མ་བརྒྱབ་རོགས། སྐེ་བཟང་དང་བསྐལ་བཟང་ལྟ་བུ་སྒྲ་ཕྲན་བུའི་ཉེ་པོ་ཡོད་པ་ལས། གཅིག་པ་གཅིག་ཀྱང་མི་འདུག སྐད་ཆའི་སྒྲ་གདངས་ཞེས་པ་དེ་ཁྱད་མཚར་པོ་ཞིག་རེད། སྐབས་རེ་ཨ་མདོ་བ་གཉིས་ཀྱིས་བཤད་པའི་ཚིག་ཁ་བཤད་ཀྱི་སྒྲ་གདངས་དེ། བཤད་མཁན་དང་ཉན་མཁན་གཉིས་ཀས་ཁྱད་པར་ཡོད་པ་ཤེས་ཐུབ་པ་དང་ཚོར་ཐུབ་ཀྱང་། ཆོལ་ཁ་གཞན་གཉིས་ཀྱི་མིས་ལོ་དང་ཟླ་བ་མང་པོ་ཕྱིན་ཀྱང་། གཟབ་ནན་དང་། དོ་སྣང་ཅེན་པོ་ཞིག་གིས་ཉམས་ཞིབ་མ་བྱས་ན་ཁྱད་པར་དེ་ཚོར་མི་ཐུབ། ཡང་ལྷ་ས་བའི་སྐད་ལ་ཡོད་པའི་སྐེ་བཟང་དང་། བསྐལ་བཟང་ལྟ་བུ་བཤད་མཁན་དང་ཉན་མཁན་གཉིས་ཀ་ལྷ་ས་བ་ཞིག་ལ་ཁྱད་པར་ཡོད་ཀྱང་། ཀླུ་སྨྱོན་དང་མདའ་ཚན་པ་གཉིས་ལ་ད་དུང་ཡང་ཁྱད་པར་མ་ཚོར་བ་ཡིན།
ཨ་རོ། མགོན་པོ་ལག་རིང་མ། ཁ་ཁར་སྡོད་ན་ཨེ་དགའ། ཧ་མི་གོ་མཁན་གྱིས་གོམདོག་བྱེད་པ་འདི་ལས་ཅ་ཟིངས་པ་ཞིག ཕོ་ཤི་རེ། ཁྱོད་དམངས་གཙོ་ཚགས་པར་འགོད་སྟངས་མ་ཤེས་ནས་ཨ་མྱེས་རྨ་ཆེན་ཚང་གིས་ཕུད་འོང་པ་དེ་ཚོ་བརྗེད་ཚར་ལེ་ཨེ་རེད། ཁ་ལ་སྤོབས་པའི་སོ་དེ་བདག་པོ་རྒྱོབ། དགོས་མི་དགོས་ཐམས་ཅད་ལ་ལག་པ་མ་འཆང༌། གོ་ཨེ་ཐལ། མ་གཞི་གཅིག་ལྟོས་དང༌། ཁྱོད་ཀྱི་འཆལ་གཏམ་འདི་ལ་གོ་རྒྱུ་ཞིག་ཨེ་འདུག ད་དུང་ཟམ་གདོང་དང་བེ་རི་ལ་འགྲིག་མི་འདུག་མདོག་མདོག་དང༌། གསེར་རྟ་ཚུལ་ཁྲིམས་གཉི་སཀྱི་བར་དུ་དཀྲུགས་ཤིང་འདྲ་གང་ཐུབ་བྱེད། མི་འདི་ལ་འདྲེ་འདྲ་ཞུགས་པ་ཡིན་རྒྱུ་ཨེ་རེད། སྟག་སྨྱོན་འདི་གཉིས་དངོས་གནས་འདྲ་སེ་འདུག་བདའ། མུ་མཐུད་ནས་ཞིབ་འཇུག་བཟོ་ཆོག གོ་ཨེ་ཐལ།
ཀླུ་སྨྱོན། རྗེས་འཇུག་ཀློག་སྟངས་བཤད་ན། ཨམ་སྐད་ནང་རྗེས་འཇུག་ང་ཀློག་ན། eng གི་སྒྲ་དང་ཉེ་བ་ཞིག་ཀློག་གི་མ་རེད་དམ། དཔེ་བཞག་ན། ནང་། ཡང་། རང་བཅས་ལ་ neng, yeng, reng ལྟ་བུར་ཀློག་པ་ལས་ nang, yang, rang ཟེར་ནས་ཀློག་གི་མ་རེད། དེ་ཡུལ་དབུས་ཀྱི་ཀློག་སྟངས་དེ་དག་པར་མཐོང་།
བློ་བཟང་རྒྱ་མཚོས་བཤད་པ་དེར་གནས་ལུགས་མེད་པ་མ་རེད། ངས་སྤྱི་ཡོངས་ཀྱི་ཆ་ནས་བཤད་ཀྱི་ཡོད། དངོས་གནས་བྱས་ན་རྒྱ་གར་དུ་མི་རྒན་པ་དང་གཞོན་པ་གཉིས་ཀྱི་བར་ལའང་ཁྱད་པར་འདུག རྒན་པ་ཚོས་སྐད་ཆ་བཤད་ན་ཅུང་ཁ་གསལ་བོ་དང་སྒྲ་གདངས་ལ་དབྱེ་བ་ཅུང་ཡོད་པའི་བཟོ་འདྲ་ཞིག་རེད། ལོ་གཞོན་གཞོན་དེ་ཚོས་མཆུའི་རྩེ་མོ་ཞིག་ནས་མགྱོགས་པོར་བཤད་ཕྱིན་སྐབས་སྒྲ་གདངས་མང་པོ་ཞིག་གཅིག་པ་འདྲ་བོར་མཐོང་།
དྲ་གྲོགས་ཁ་རུ་ཁ་ཐུག་ལགས། ཁྱེད་རང་གིས་དགོངས་ཚུལ་གསུངས་པར་ཐུགས་རྗེ་ཆེ།
ཁྱེད་རང་གིས་ ་་ཨ་མདོའི་སྐད་ལ་དགྲ་ལ་དགྱ་ཞེས་འབོད་སྲོལ་ཡོད་པ་དེ་བཞིར་བཞག་གིས་་ ཟེར་ནས་བྲིས་འདུག་པས་དེ་ལ་གསལ་བཤད་བྱེད་རྒྱུར། ཨ་མདོའི་སྐད་ནང་དགྲ་ལ་རྒྱ་ཟེར་གི་མ་རེད། དགྲ་ལ་དགྲ་ཟེར་གི་རེད།
གཞན་ཁྱེད་རང་གིས་ཡུལ་སྐད་སྐོར་གྱི་དགོངས་ཚུལ་དེར་ང་ལ་མོས་མཐུན་རྩ་ནས་མེད། སྔོན་མ་ཡིན་ན་བོད་ཀྱི་ཡི་གེ་དེ་གཙོ་ཆེ་བ་ཆོས་ཀྱི་ཆབ་ཁོངས་སུ་བེད་སྤྱོད་བཏང་བསྡད་པས་དམིགས་བསལ་གྱི་དཀའ་ངལ་མ་འཕྲད་པ་རེད། གུང་ཁྲན་ཡོང་ནས་ཚུན་བོད་ཡིག་དེ་སྤྱི་ཚོགས་ནང་རྒྱ་ཁྱབ་ཏུ་བེད་སྤྱོད་གཏོང་མགོ་བཙུགས་པ་རེད། དེ་བས་ཆོལ་ཁོངས་གང་ས་ནས་རྩ་བའི་ཆོལ་གསུམ་གཅིག་གྱུར་གྱི་ཡི་གེ་གཞིར་བཞག་ནས་རང་རང་སོ་སོའི་ཁ་སྐད་ཡང་གང་མཚམས་ཤིག་བེད་སྤྱོད་གཏོང་དགོས་ཆགས་པ་རེད། དེ་གཏོར་བརླག་དེ་འདྲ་གང་ཡང་མ་རེད། དེས་བོད་ཡིག་འདི་ཕུན་སུམ་ཇེ་ཚོགས་དང་སྐད་ཀྱང་གཅིག་གྱུར་ལ་མངོན་དུ་ཕྱོགས་པའི་མགོ་འཛུགས་རེད།
ངས་དཔེ་ཞིག་འཇོག ཁྱེད་རང་གིས་གོང་དུ་བྲིས་པའི་ག་རེ་ཟེར་བ་དེ་ལྷ་སའི་སྐད་རེད། གཞན་བྱས་ཙང་། སོང་ཙང་། ག་དུས། ག་པ། གཅིག་པ ཞབས་ལྕག སོགས་ཚང་མ་ལྷ་སའི་སྐད་རེད། དེ་འདྲ་མང་པོ་ཡོད་པ་རེད། དེ་ཚོ་ཡང་ཡང་བེད་སྤྱོད་བཏང་བ་ལ་བརྟེན་ནས་ད་ཡིག་སྐད་དམ་སྤྱི་སྐད་ཆགས་ཚར་ཡོད་པ་རེད་ཅེས་བཤད་ན་ཕལ་ཆེར་མ་འགྲིགས་པ་མི་འདུག ཡུལ་སྐད་ཟེར་ནས་ཁ་སང་ལ་ཁ་ས། དེ་འདྲ་ལ་དེ་འདྲས། ཡོད་རེད་ལ་ཡོག་རེད་ལྟ་བུ ཨ་མདོར་མཚོན་ན། ཕར་ཕྱིན་ལ་ཧར་ཕྱིན། ཕུར་བ་ལ་ཧུར་བ་ཟེར་བ་ལྟ་བུ་བྲིས་ན་དེ་དངོས་གནས་གཅིག་གྱུར་གྱི་སྐད་ལ་གཏོར་བརླག་རེད། ཡིན་ནའང་དེ་སྐད་ངོ་སྤྲོད་དང་གཞན་ལ་གོམས་པ་དང་ཤེས་འཇུག་པའི་ཆེད་བེད་སྤྱོད་བཏང་ན་དེ་ལོགས་ཀ་རེད།
ཁ་རུ་ཁ་ཐུག་ཟེར་བ་དེ་ཕོ་མཚན་གྱི་མངོན་བརྗོད་ནང་བཞག་པ་ཡིན་ན་ལན་པོ་འདུག ཁ་ལ་ཐུག་ཙམ་ལས་གཏིང་ལ་འཛུལ་མ་ཐུབ་ན་མིང་ལན་པོ་བཏགས་ཀྱང་དོན་གྱིས་སྟོང་།
ཇི་སྲིད་བོད་ཡིག་གི་སྦྱོར་ཀློག་གཅིག་གྱུར་མ་ཡོང་བའི་བར་དེ་སྲིད་དུ་གོ་བརྡ་འཕྲོད་པ་ཙམ་ཞིག་མ་གཏོགས་མདོ་ལྷ་གཉིས་ཀྱི་ཐུན་མོང་གི་སྐད་གདངས་གཅིག་མཚུངས་སུ་བཤད་ཉན་ཐུབ་རྒྱུ་ཁག་པོ་རེད། ལས་སླ་བའི་གཤམ་གྱི་ཚིག་འདི་དག་གི་ཐོག་ནས་གསལ་བོ་མཚོན་ཡོད།
༡ ལགས་སོ་ལ་་་་་་་་་་་་་་་་ལ་སོ།
༢ ཞེ་དྲག་ལ་་་་་་་་་་་་་་་་་་ཞེ་དྲ།
༣ ཡག་པོ་ལ་་་་་་་་་་་་་་་་་་ཡ་པོ།
༤ ཁ་ལག་ལ་་་་་་་་་་་་་་་་་ཁ་ལ།
༥ སྐད་གྲགས་ལ་་་་་་་་་་་སྐད་གྲ།
གོང་གི་ཚིག་འདི་ཚོ་ཨ་མདོ་བས་ཉན་མ་དག་པ་ཡིན་ནམ་ལྷ་ས་བས་ཀློག་མ་དག་པ་ཡིན། དཔྱོད་ལྡན་གྱི་དྲ་གྲོགས་ཚོས་ཞིབ་མོར་དཔྱད་ན་ཤེས་ཡོང་།
ད་དུང་སྐྱིད་པོ་ལ་་་་་་་་་་་་་་་་་གཅིད་པོ་དང་སྒྲ་གཅིག་པར་ཨ་མདོ་བས་མི་ཀློག་གམ།
ཡིན་ན་ཡང་ལྷ་ས་བས་་་་་་་་་་སྐིས་པོ་ལྟ་བུ་ཞིག་ལས་ཡ་བཏགས་ཀྱི་སྒྲ་མངོན་གསལ་མི་ཐོན།
དྲ་གྲོགས་མདའ་ཚན་པ་ལགས། ངས་ཨ་མདོ་བས་དགྲ་ལ་དགྱ་ཞེས་འབྲོད་སྲོལ་ཡོད་པ་ཟེར་བ་དེ། གོང་དུ་ཁྱོད་ཚོས་མང་པོ་གླེང་བའི་ཨ་མདོ་བས་ར་བཏགས་ཡོད་ས་འགའ་ཞིག་ལ་ཡ་བཏགས་ཀྱི་སྒྲ་གདངས་ཐོན་གྱི་ཡོད་པ་དེ་ལ་ཟེར། གཞན་ཨོ་མདོ་བས་དགྲ་དང་རྒྱ་གཉིས་ཀྱི་དོན་དག་གཅིག་པ་རེད་ཅེས་ལབ་ཀྱི་མེད། དེ་ཁྱོད་རང་དོགས་པ་མི་དགོས།
ཡུལ་སྐད་ཀྱི་ཐད་ལ་ང་རང་གཉིས་རྩ་བའི་འདོད་ཚུལ་གཅིག་པ་ཡིན་པ་འདྲ། འོན་ཀྱང་ཁྱོད་རང་གིས་ག་རེ་ཞེས་པ་དེ་ལྷ་སའི་སྐད་རེད་ཅེས་བརྗོད་འདུག དེ་ཚོ་ལ་རྒྱུ་མཚན་ཆེན་པོ་མི་འདུག ཁམས་པས་ཀྱང་ག་རེ་ལབ་ཀྱི་རེད་ལ་དེའི་ཚབ་ཏུ་ཅི་སོགས་ཀྱང་བེད་སྤྱོད་བྱེད་ཀྱི་རེད། ངས་ཡུལ་སྐད་བྱེ་བྲག་པ་བེད་སྤྱོད་བྱས་ན་མི་ལེགས་པའི་ཚུལ་དེའང་ཁྱེད་རང་གིས་བཤད་པ་བཞིན་ཕུར་པ་ལ་ཧུར་པ་ཞེས་འབྲི་བ་སོགས་དང་གཅིག་མཚུངས་ཡིན། ད་ཧ་གོ་སོང་ངམ།
ད་དུང་སྔོན་མ་ཆོས་ཀྱི་དཔེ་ཆའི་ཐོག་ནས་ཚང་མས་ཧ་གོ་བ་ཙམ་ལས་མེད་ཚུལ་བཤད་འདུག ཆོས་ཀྱི་དཔེ་ཆ་གཅིག་པུ་ཡིན་གྱི་མ་རེད། དེའི་སྐབས་ཀྱི་སྲིད་གཞུང་ལ་སྙན་ཞུ་འབྲི་སྟངས་དང་དེའི་ནང་གི་ཚིག་བེད་སྤྱོད་བྱེད་ཚུལ་དེ་ཚོ་ཚང་མས་ཧ་གོ་བ་ཞིག་འབྲི་ཡི་རེད་མ་གཏོགས། ཡུལ་སྐད་བྱེ་བྲག་པ་ཞིག་བེད་སྤྱོད་བྱས་བཞག་པ་ངས་མཐོང་མ་སོང་བས་དེ་ལུགས་དགོངས་འཇགས་འཚལ།
དེའི་འོག་ནས་མགོན་པོ་ཕྱག་གཉིས་པ་ཞེས་པ་ཞིག་གིས་མིང་ལན་པོ་བཏགས་ཀྱང་དོན་གྱི་དབེན་ཚུལ་བརྗོད་འདུག འོ་ན་ཁྱོད་རང་མགོན་པོ་ཕྱག་གཉིས་པ་ལྟ་བུའི་མཐུ་སྟོབས་ཡོད་དམ་ཅེས་བརྗོད་འདོད་བྱུང།
ང་ལ་མགོན་པོ་ལས་མཐུ་སྟོབས་བརྒྱ་འགྱུར་གྱིས་ལྷག་པ་ཡོད། ཁྱེད་རང་གིས་མགོན་པོ་བསྟེན་པ་ལས་ང་བསྟེན་ན་ངས་ཁྱེད་ལ་མིག་མཐོང་ལག་ཟིན་གྱི་ཕན་པ་མང་པོ་སྒྲུབ་ཐུབ་གི་རེད། ཨ་དྲིན་ཆེན་ནོ་ང་མི་ཞིག་རེད་མོ ང་ལྷ་ཞིག་ལ་བསྡུར་ནས་མཐོང་ཆུང་མ་བྱེད་རོགས།། མཚམས་རེར་ཡོད་པ་འདྲ་ལ་མཚམས་རེར་མེད་པ་འདྲ་བའི་གཟུགས་མེད་ཅིག་གིས་མདོར་དེད་ན་ཁྱེད་རང་ལ་ཕན་ག་ཚོད་ཅིག་ཐོགས་གི་རེད། དོན་དངོས་སུ་བྱིས་པ་ཆུང་ཆུང་ཞིག་གི་གོ་ཡང་ཆོད་གི་མ་རེད། དེ་ངོ་མ་ཡིན།
མདོ་ལྷ་ཁམས་པ་ལགས། ཚིག་ཁ་ཤས་ཡི་གེ་དང་མཐུན་པར་ལྷ་ས་བས་ཀློག་མ་དག་པ་འདུག ཁ་ཤས་ཨ་མདོ་བས་ཉན་མ་དག་པ་ཡང་འདུག ང་ཚོ་ཕན་ཚུན་གོ་ནོར་ཐེབས་པའི་གནད་འགག་གཅིག་ནི། ཨ་མདོ་བ་དང་། ཁམས་པ། སྟོད་པ་བ་སོགས་ལྷ་ས་དང་ཐག་རིང་བ་རྣམས་ཀྱིས་རྗེས་འཇུག་ཀྱི་སྒྲ་ཧྲིལ་པོའམ་སྒང་ཚང་”བརྒྱ་ཆ་ལ་བརྩིས་ན་བརྒྱ་ཆ་བརྒྱ་དང་མ་མཐར་ཡང་བརྒྱ་ཆ་དགུ་བཅུ་”ཐོན་གྱི་ཡོད། ལྷ་ས་བས་རྗེས་འཇུག་ཡི་གེའི་སྒྲ་ཕྱེད་ཀ་ཡན་འམ་བརྒྱ་ཆ་ལ་བརྩིས་ན་50%ཡན་ཐོན་གྱི་མི་འདུག ཡང་འགའ་ཤས་ནི་དེ་ལས་ཀྱང་ཉུང་བ་སྟེ་་་་་40% 30% 20% 10 % སོགས་ཐོན་ཡོང་བ་དང་། ཕྱི་མ་འདི་ཚོའི་སྐབས་ཁ་ཤས་དབྱངས་ཀྱི་སྒྲ་ལྟ་བུ་ཞིག་ཐོན་ཡོང་གི་འདུག དེར་བརྟེན་
༡༽ཡག་པོ། ཁ་ལག སྐད་གྲགས། ལྟ་བུ་ལ་རྗེས་འཇུག་གི་སྒྲ་ཤུགས་ཐོན་པ། ༤༠%—༥༠%
༢༽ཞེ་དྲག ཐུར། ཕར། ལྟ་བུ་ལ་རྗེས་འཇུག་གི་སྒྲ་ཤུགས་ཐོན་པ། ༣༠%—༤༠%
༣༽ལགས་སོ། ལྟ་བུ་ལ་རྗེས་འཇུག་གི་སྒྲ་ཤུགས་ཐོན་པ། ༠%—?
༡ འདི་སྐབས་རྗེས་འཇུག་ཁ་གསལ་ཙམ་གོ་ཐུབ། ༢ འདི་སྐབས་རྗེས་འཇུག་ཁ་གསལ་དེ་ཙམ་མེད་པར་གདངས་རིང་པོ་ཞིག་ཡོད། ༣ འདི་སྐབས་ཡིག་རྩ་གང་ཙམ་ཡོད་པ་ཚོ་ལ་མ་གཏོགས་རྗེས་འཇུག་གི་སྒྲ་ྒགོ་རྒྱུ་མི་འདུག ད་དུང་ཞིབ་འཇུག་བྱེད་རྒྱུ་ལོད་ཡོད།
ཡང་ལྷ་ས་བའི་སྐད་ཞེས་པ་དེང་སྐབས་བཙན་བྱོལ་ནང་དར་བའི་སྐད་འདི་དང་། བོད་ནང་ལྷ་ས་ཕྱོགས་ཀྱི་སྐད་གཉིས་ལས་དང་པོ་ལ་གོ་ན། ང་ཚོའི་བཤད་པ་རྣམས་འབེན་ངོ་མ་ལ་མི་་ཕོག ལྷག་པར་བཙན་བྱོལ་སྐྱེས་རྣམས་ཀྱིས་སྐད་ཆ་ྐཁྱད་མཚར་དེ་འདྲ་བཤད་གི་འདུག འགྲོ་གི་ཡིན། ཕྱིན་པ་ཡིན་ཞེས་པའི་དྲི་བ་ལ། འགྲོ་ཡིན་ཞེས་པའི་ཚིག་གཅིག་གིས་ཆོག་གི་འདུག ང་ཁ་ལག་ཟ་གི་ཡིན་་་་་་ང་ཁ་ལག་བཟས་པ་ཡིན་་་་་ད་ཁ་ལག་ཟོ་ཞེས་ལྷ་ས་བའི་སྐད་ལ་ཡོད་ཡོད་པའི་བརྗོད་པ་འདི་ཚོར་་་་་་ཁ་ལག་”ཟ”་ཡིན་ཞེས་པའི་ཚིག་གཅིག་གིས་ཆོག་གི་འདུག བརྟག་དཔྱད་བྱེད་རྒྱུ་མང་པོ་འདུག ཨེ་རེད? ད་ཕྱི་པོ་རེད་འདུག གཟིམས་འཇག་གནང་་གོ
གོང་གསལ་གྱི་མདོར་དེད་ན་ཟེར་བ་དེ་མཐར་དེད་ན་ཞེས་བཅོ་རོགས་ཞུ།