ཅོ་རི་ཉི་མ།
རྒྱ་ནག་ལྕགས་རིའི་རིང་ཚད་ལ་ཤར་ཧྲན་ཧའེ་འགག་སྒོ་ནས་ནུབ་ཅ་ཡུས་ཀོན་འགག་སྒོའི་བར་རིང་ཚད་སྤྱི་ལེ་དྲུག་སྟོང་བདུན་བརྒྱ་ཙམ་ཡོད་པ་དང་། རྒྱ་ནག་གོང་བུ་གཅིག་གྱུར་གྱི་དུས་ལ་བབས་པའི་གོ་སྐབས་དེ་ལེན་མཁན་གོང་མ་དང་པོ་ཆིན་ཧྲི་ཧུང་སྐབས་སུ་ལྕགས་རིའི་འཛུགས་སྐྲུན་བྱས་པ་ཡིན་སྐད་འདུག དེང་སང་གི་འཛམ་གླིང་ལ་ངོ་མཚར་ཆེ་བའི་རྒྱ་ནག་ལྕགས་རི་འཛུགས་སྐྲུན་བྱེད་དུས་ཀྱང་ཕྱིའི་རྒྱལ་ཁབ་ཁག་གི་བཙན་འཛུལ་མི་ཡོང་བའི་ཆེད་དུ་ལྕགས་རི་བརྒྱབ་པ་ཡིན་འདུག
ཨ་རིའི་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་ཕོ་རྒོད་ཁྲོམ་ཕུ་ལགས་ཀྱིས་མེ་སི་ཁོ་དང་ཨ་རི་གཉིས་ཀྱི་ས་མཚམས་སུ་ལྕགས་རི་རིང་པོ་ཞིག་རྒྱག་རྩིས་ཡིན་པ་རེད། ཨ་རིའི་ལྕགས་རི་དེ་ཡང་ཕྱིའི་རྒྱལ་ཁབ་མེ་སི་ཁོ་གཙོ་བོར་གྱུར་པའི་ལྷོ་ཨ་མེ་རི་ཀའི་རྒྱལ་ཁབ་ཁག་ནས་ཉལ་ཐ་དང་ཁྲིམས་འགལ་གྱི་མི་མང་པོ་འཛུལ་ཡོང་བ་གཉིས་འགོག་ཆེད་དུ་ཡིན་པ་རེད།
དང་པོར། ཉལ་ཐ་འགོག་ཆེད་དུ་ཡིན་ཟེར་བ་ཡང་ཁེ་ཕན་ཆེན་པོ་ཞིག་གི་ཆེད་དུ་རེད། ཨ་རིའི་མངའ་སྡེ་ཁོ་ལི་ར་རྡོ་དང་མངའ་སྡེ་རེ་གཉིས་ཀྱི་ནང་དུ་ཉལ་ཐའི་རིགས་སོ་མ་ར་ཙ་ཁྲིམས་མཐུན་བཟོས་ཡོད་པ་རེད། ལྷོ་ཨ་མེ་རི་ཀའི་རྒྱལ་ཁབ་མེ་སི་ཁོ་དང་ཀོ་ལོ་སྦིས་ཡ་སོགས་ཀྱིས་ལོ་མང་པོའི་རིང་དུ་ཨ་རིའི་རྒྱལ་ནང་དུ་ཉལ་ཐ་ཚོང་འདྲེན་བྱས་པ་རེད། ཉལ་ཐ་འཐེན་མཁན་ཨ་རིའི་མི་དམངས་རེད། ཉལ་ཐའི་ཁྲོམ་ར་ཆེ་ཤོས་ཤིག་རེད། མེ་སི་ཁོ་དང་ཀོ་ལོ་སྦིས་ཡ་སོགས་ཀྱི་ཉལ་ཐའི་ཁྲོམ་ར་ཆ་ཚང་ལ་ལྕགས་རི་བརྒྱབ་ནའང་བཀག་འགོག་བྱེད་ཐུབ་ཀྱི་མ་རེད་སྙམ།
ཨ་རིའི་རྒྱལ་ནང་དུ་མེད་པའི་ཉལ་ཐའི་རིགས་མང་པོ་ཞིག་ལྷོ་ཨ་མེ་རི་ཀའི་རྒྱལ་ཁབ་ཁག་ནས་ཐོན་གྱི་ཡོད་པ་དང་། དེ་བེད་སྤྱོད་བྱེད་མཁན་ཨ་རིའི་མི་དམངས་ཆགས་ཡོད་དུས་བཀག་འགོག་བྱ་ཐུབ་མདོག་ཁ་པོ་མ་རེད། ཡིན་ནའང་དེང་སང་སོ་མ་ར་ཙ་བཏབ་དང་འདེབས་བཞིན་པའི་ཨ་རིའི་མངའ་སྡེ་ཁོ་ལི་ར་རྡོ་ལྟ་བུ་ཡིན་ན་སོ་མ་ར་ཙ་བཙོང་སའི་ཁྲོམ་ར་རྒྱ་ཆེ་རུ་འགྲོ་སྲིད་པའི་ཁེ་ཕན་འཐོབ་ངེས་ཡིན་དུས་ཕོ་རྒོད་ཁྲོམ་ཕུ་ལགས་སུ་འོས་ཀྱིས་རྒྱབ་སྐྱོར་བྱེད་མདོག་ཁ་པོ་རེད།
གཉིས་པར། ལྷོ་ཨ་མེ་རི་ཀའི་རྒྱལ་ཁབ་དཔལ་འབྱོར་སྐྱོ་བའི་རིགས་ཀྱི་མི་མང་པོ་ཨ་རིའི་ནང་དུ་དངུལ་གྱི་ཆེད་དུ་འཛུལ་ཡོང་གི་ཡོད་པ་དག་འགོག་གི་ཡིན་ཟེར་བ་ནི་གནད་དོན་ཆེན་པོ་ཞིག་རེད། དཀའ་ངལ་འདི་འདྲ་ཡུ་རོབ་དང་ཨོ་སི་ཁྲེ་ལེ་ཡ་གཉིས་ལ་ཡང་ཡོད། ཆབ་སྲིད་ཀྱི་ཐོག་ནས་རང་མགོ་མ་ཐོན་མཁན་གྱི་རྒྱལ་ཁབ་ཁག་གི་མི་སེར་དང་དཔལ་འབྱོར་སྐྱོ་བའི་རྒྱལ་ཁབ་ཁག་གི་མི་སེར་མང་པོ་ནུབ་ཕྱོགས་སུ་སྐྱབས་བཅོལ་ལ་ཡོང་བཞིན་པ་རེད། མང་དྲགས་ནས་ནུབ་ཕྱོགས་པའི་འབྱོར་ལྡན་རྒྱལ་ཁབ་ཁག་ལ་དཀའ་ངལ་འཕྲད་བཞིན་ཡོད།
སྐྱབས་བཅོལ་བའི་ནང་དུ་སྐྱབས་བཅོལ་ཡུལ་གྱི་རྒྱལ་ཁབ་ཁག་གི་ནང་དུ་དྲག་སྤྱོད་སྤེལ་མཁན་ཡང་མཉམ་དུ་བསླེབས་ཡོང་བ་དང་། ལས་ཀ་ཡིས་མི་འདང་བ། སྡོད་ཁང་གི་དཀའ་ངལ་སོགས་དཀའ་ངལ་སྣ་མང་ཞིག་ཡོང་གི་ཡོད་པ་མཐོང་དུས། འབྱོར་ལྡན་རྒྱལ་ཁབ་ཁག་གི་མི་སེར་ཚོའི་ངོས་ནས་ཀྱང་རང་གི་སྲོག་དང་ཕོར་པར་བདག་པོ་མི་རྒྱབ་ཀ་མེད་ཆགས་བཞིན་པ་རེད།
གནས་སྟངས་འདིའི་འོག་ནས་སྟོབས་ཆེན་ཨ་རིའི་རྒྱལ་ཁབ་ཀྱི་སྲིད་འཛིན་ཕོ་རྒོད་ཁྲོམ་ཕུ་ལགས་ཆགས་སོང་བ་ཡིན་ན། ཨ་རིའི་ཤུགས་རྐྱེན་གྱིས་ནུབ་ཕྱོགས་འབྱོར་ལྡན་རྒྱལ་ཁབ་མང་པོས་ལྕགས་རི་འཛུགས་སྐྲུན་བྱ་ངེས་པ་ལྟ་བུ་རེད། ཡུ་རོབ་ཡིན་ནའང་ཤར་ཕྱོགས་ནས་ར་ཤི་ཡས་བཙན་འཛུལ་མི་ཡོང་ཆེད་ལྕགས་རི་རྒྱག་མདོག་ཁ་པོ་རེད། ཕོ་རྒོད་ཁྲོམ་པི་ལགས་ཀྱིས་ཡུ་རོབ་རྒྱལ་སྲུང་གི་ཆེད་དུ་ཨ་རིས་འགྲོ་སོང་མང་པོ་གཏོང་ཐུབ་ས་མ་རེད་ཅེས་བརྡ་བཏང་ཡོད། མ་ཟད་ར་ཤི་ཡ་གྲོགས་སུ་བསྟེན་ནས་དཀྱིལ་ཤར་ཨེ་ཤེ་ཡའི་ཁ་ཆེའི་མཉམ་འབྲེལ་རྒྱལ་ཁབ་ཟེར་བ་དེ་རྩ་མེད་གཏོང་གི་ཡིན་ཞེས་གསུངས་ཡོད་པ་རེད།
གསུམ་པར། ངས་ངོས་ནས་བྱས་ན་ཧེ་ལེ་རི་སྲིད་འཛིན་ཆགས་པ་ལས་ཕོ་རྒོད་ཁྲོམ་པི་ཨ་རིའི་སྲིད་འཛིན་ཆགས་ན་བོད་ལ་ཁེ་ཕན་ཆེ་བ་དང་། འཛམ་གླིང་ལ་འགྱུར་ལྡོག་ཆེ་བར་འགྲོ་ས་རེད་བསམས་ཀྱི་འདུག ཕོ་རྒོད་ཁྲོམ་པི་ལགས་ཀྱིས་ཨ་རི་དང་ར་ཤི་ཡ་མཐུན་གྲོགས་ཡག་པོ་ཞིག་བྱེད་འདོད་ཡོད་པ་འདི་ནི་རླབས་ཆེན་གྱི་བྱ་བཞག་ཞིག་རེད་བསམས་ཀྱི་འདུག
འཛམ་གླིང་གི་དམངས་གཙོའི་གསར་བརྗེ་ཆེན་མོ་སི་རིའི་ཡའི་ནང་དུ་འགག་ནས་ལྷག་བསྡད་ཡོད་རེད། སྲིད་དབང་སྒེར་གཅོད་པ་བྷ་ཤག་ཨ་ལ་ལགས་ཀྱི་རྒྱབ་སྐྱོར་ར་ཤི་ཡས་བྱས་འོང་དུས། བྷ་ཤག་ཨ་ལའི་སྲིད་དབང་སྒེར་གཅོད་མགོ་མཇུག་བསློགས་ནས་སི་རིའི་ཡའི་མི་དམངས་ལ་རང་དབང་དམངས་གཙོའི་ཉི་མ་ཤར་ཐུབ་ཀྱི་མེད་པ་དང་། ཆབ་སྲིད་ཀྱི་ཆ་ནས་བལྟས་ན་ར་ཤི་ཡ་དམངས་གཙོའི་རྒྱལ་ཁབ་ཅིག་ཡིན་དུས་ནུབ་ཕྱོགས་དམངས་གཙོའི་རྒྱལ་ཁབ་ཁག་དང་ཆབ་སྲིད་ལྟ་གྲུབ་མཐུན་གྱི་ཡོད་པ་རེད།
ཡིན་ཡང་དཔལ་འབྱོར་གྱི་ཕྱོགས་ནས་བལྟས་ན་དཀྱིལ་ཤར་ཨེ་ཤེ་ཡ་རྒྱལ་ཁབ་ཁག་ནི་ར་ཤི་ཡའི་ཁྲོམ་ར་ཡིན་པ་རེད། དཀྱིལ་ཤར་ཨེ་ཤེ་ཡའི་ནང་གི་མེ་མདའ་AK 47 དེ་ཚོ་བཟོ་མཁན་དང་བཙོང་མཁན་ར་ཤི་ཡ་ཡིན་ངེས་རེད། དེ་རིང་གི་གོ་མཚོན་ལག་ཆ་བཙོང་སའི་ཁྲོམ་ར་ཆེ་ཤོས་ཤིག་ནི་དཀྱིལ་ཤར་ཨེ་ཤེ་ཡ་ཆགས་ཡོད་པ་དང་། གལ་སྲིད་དམག་འཁྲུག་མེད་ན་གོ་མཚོན་ལག་ཆའི་ཚོང་མི་རྒྱུག་པ་གསལ་པོ་རེད།
འཛམ་གླིང་གི་གོ་མཚོན་ལག་ཆའི་ཚོང་གི་བརྒྱ་ཆ་༦༠་ཨ་རིས་བརྒྱབ་ཀྱི་ཡོད་པ་རེད། ཨ་རི་དང་ར་ཤི་ཡ་གཉིས་ཀྱིས་གོ་མཚོན་ལག་ཆ་ཕྱོགས་གཅིག་ཁོ་ན་ལ་བཙོང་ནས་འཛམ་གླིང་ལ་རང་དབང་དམངས་གཙོའི་ཉི་མ་ཤར་བཅུག་ན་ནི་སྲིད་དབང་སྒེར་གཅོད་འོག་གི་མི་དམངས་ཀྱི་བདེ་སྐྱིད་རེད། ད་ལྟའི་བར་དུ་ཨ་རི་དང་ར་ཤི་ཡ་གཉིས་མཐུན་པོ་མ་བྱུང་བའི་རྐྱེན་གྱིས་སྲིད་དབང་སྒེར་གཅོད་པ་མང་པོ་འཛམ་གླིང་ཐོག་ཏུ་གནས་ཐུབ་ཡོད་པ་རེད།
ར་ཤི་ཡས་རྒྱ་ནག་གུང་ཁྲན་ཏང་ལ་རྒྱབ་སྐྱོར་མུ་མཐུད་བྱས་པ་ཡིན་ན་མི་དམངས་དུང་ཕྱུར་བཅུ་གསུམ་གྱི་རང་དབང་དང་དམངས་གཙོ། འགྲོ་བ་མིའི་ཐོབ་ཐང་བཅས་ཇེ་ལེགས་སུ་འགྲོ་དཀའ་བ་དང་། གལ་སྲིད་ར་ཤི་ཡ་དང་ཨ་རི་གཉིས་མཐུན་གྲོགས་རྒྱལ་ཁབ་ཡག་པོ་ཞིག་ཆགས་ནས་ཡུ་རོབ་དང་ཨ་རི་ལྟ་བུར་ཁ་གཅིག་གྲགས་ཀྱི་ཐོག་ནས་སྲིད་དབང་སྒེར་གཅོད་པ་དག་གི་འོག་ཏུ་ཡོད་པའི་མི་དམངས་ལ་རྒྱབ་སྐྱོར་བྱས་ན་ངེད་བོད་པ་ཚང་ལ་ཡང་ཁེ་ཕན་ཞིག་འཐོབ་ངེས་རེད་འདོད་དོ།
ཁོ་རེ། ཕོ་རྒོད་པ་ལས་གཉིད་སྐྱིད་པ་བཟང་།
དགྲོལ་ན་ཁྲི་རོམ་ཕུ་ཟེར་བ། ཕོ་རྒོད་ཞིག་ནི་ཡིན་མདོག་མེད།
ཅོ་རི་ཉི་མ་ཟེར་བ། སྲིད་དོན་སྔོན་དཔག་པ་ཞིག་ནི་ཡིན་མདོག་མེད།
འདི་གཉིས་ལ་མི་འདྲ་ས་ཞིག་ཡོད་པ་ནི།
གཅིག་ཕྱུག་པོ་རེད།
གཞན་སྤྲང་བོ་རེད། ཧ་ཧ་ཧ།
ཉི་མ་ནུབ་ནས་འབུད་རྒྱུ་མིན་ན། བོད་ལ་ཕན་པའི་སྲིད་འཛུན་ཕྱི་གླིང་བ་ཞིག་གང་ན་ཡོད། གང་ནས་རྙེད།
རེ་བ་དེ་འདྲ་ཡོད་ན། ཅོ་རིས་མི་ཤེས་ཤེས་མདོག་གི་གཏམ་འཆལ་བཤད་མཚམས་བཞག་ན་དགའ་བ་ལ། ཧ་ཧ་ཧ།
གནམ་སྟོང་་་་འཛམ་གླིང་འདི་གཅིག་ལ་གཅིག་བརྟེན་གྱི་རྟེན་འབྲེལ་གྱི་འབྲེལ་བ་ཡོད་པར་མ་ཤེས་གོང་དུ་གནམ་སྟོང་ནང་ནས་ཕྱིའི་རྒྱལ་ཁབ་ཀྱི་སྲིད་འཛིན་གྱིས་བོད་ལ་ཕན་ཐོགས་མིན་གྱི་འབྲུག་སྟོང་གྲགས་མ་སྡོད། རྟེན་འབྲེལ་ལྟོས་གྲུབ་ཀྱི་འབྲེལ་བ་ལ་སློབ་སྦྱོང་ཏོག་ཙམ་བྱོས། དེ་ནས་ཅོ་རི་ལ་ཅིག་བཤད་མཁན་ཤོག་ཨ
བོད་ལ་ཕན་པའི་སྲིད་ཇུས་ཅིག་ནུབ་གླིང་ནང་རྙེད་རྒྱུ་མེད་ན་༼གནམ༽ཁྱོད་རང་ལྐོག་ལབ་བྱས་མ་སྡོད་མངོན་སུམ་དུ་ཐོན་ནས་བཙན་བྱོལ་བོད་མང་ལ་ལམ་སྟོན་ཅིག་གནང་དང་ཨ། ལྷག་པར་དུ་བོད་རྒྱ་དཀའ་རྙོག་ཐད་དེང་སང་ཐང་ལ་ཟག་རྒྱུ་མེད་ན་མ་གཏོགས་ཟག་ཚར་ཡོད་པས་གླིང་གཞན་ནས་ཐབས་ཤེས་འདྲ་ཁྱོད་ལ་ཡོད་ན་འདོན་རན་འདུག་གདའ།
ཨ་རི་སྲིད་འཛིན་འོས་ལངས་ཏྲོ་རོམ་པལ་ལས། ཀི་ལི་ཊོན། ཧེ་རི་ལེགས། ལེགས་ཤོས་ངས་རྒྱབ་སྐྱོར་བྱ་ས་དེ་ནི། ཕྱིར་འཐེན་བྱེད་བཞིན་ཡོད་འདུག་པས། ང་ལ་བློ་ཕམ་བྱུང་སོང་། ཅོ་རི་ང་གཉིས་བསམ་ཚུལ་མི་མཐུན་ཐག་གཅོད་རེད་འདུག ཧཧཧ།། །།
ཏྲེ་ཧོར་བྱམས་པ། ཅོ་རི་ཉི་མ།
རང་ལ་དགོས་བའི་ཁང་བ་དེ་རང་གིས་དཀའ་ལས་བརྒྱབས་ནས་རག་དགོས་བ་རེད། སྐབས་འདིར་བཙན་གྱིས་འཕྲོག་པའི་རང་ཡུལ་ཡིན་ན་ཡང་གཅིག་པ་རེད།
ཁང་བ་དེ་ཐོབ་སྤྱད་ལ་ཁྲག་དང་སྲོག་གི་འགྲོ་སོང་དགོས་བ་རེད། ཡིན་ན་ཡང་དེ་ནི་སྤྲད་དཀའ་བའི་རིན་པ་རེད། དེ་ན་ལམ་གཞན་གང་ཞིག་ནས་ཁང་བ་དེ་ཐོབ་ཐབས་བཙལ་དགོས་བ་རེད། ལམ་མ་ཡོད་པ་ཞིག་ཡང་གང་ལ་ཡིན།
ཁྲིམས་དང་མཚན་རིགས། རྒྱུ་དང་ནོར་གང་ཞིག་གི་དོན་དངོས་རྙེད་ཐུབ་པ་བྱ་ཐུབ་ན། དེ་མི་རེག་གང་ཡང་མ་རེད།
ཉི་མ་དེ་ཁྱོ་གཉིས་ཀྱི་མི་ཐོག་ལ་བྱུང་མི་སྲིད་པ་རེད། གཅིག་ནི་གྲྭ་རྒྱགས་ཁ་ལྟོ་སློང་མོ་ལ་བརྟན་པ་ཞིག་རེད། གཞན་ནི་གྲྭ་ལོག་མི་ཚེ་འདང་ཙམ་ཐོབ་པའི་ཕྱི་གླིང་བའི་ལས་གཡག་པ་ཞིག་རེད། ད་ཁྱེད་གཉིས་ལ་རེ་བ་ཞིག་འདུག་གམ།
རང་གཉིས་ཀྱིས་མི་ཡོང་ན། མི་རབས་ཆུང་བ། རང་ལ་བུ་ཕྲུག་རེ་ཡོད་ན། དེ་དག་འཛམ་གླིང་གི་མི་སྣ་ཞིག་བྱེད་ཐུབ་པ་ལ་རོགས་སྐྱོར་བྱེད་ཐུབ་པ་དགོས། ཁོ་བོ་ཅག་ལ་ཆོལ་ཁ་དང་ཆོས་ལུགས་ཀྱི་དབྱེ་བ་སྤེལ་མི་ཉན། “མགོ་ནག་བོད་གཅིག་གི་མི་རབས”་གསོ་དགོས། རེད་དེ། ཁྱོད་གཉིས་ལ་དེ་ནི་ཡོང་སར་མི་འགྲོ། ནམ་ཞིག་ཡིན་ན་ཡང་། ཞེན་ཕྱོགས་ཀྱི་གཡའ་ཆུས་བཟི་བསྡད་ཡོད་པས་སོ།
ངས་ཁྱེད་གཉིས་ལ། “རེ་བ་རང་ལ་བྱོས། ཁ་ཤོམ་ལ་བཟུང་”ཟེར་རྒྱུ་ཡིན། དེ་འདྲ་བྱུང་ན། ཉིན་ཞིག་ང་ཚོས་ང་ཚོའི་བོད་རྒྱ་ཆེའི་བདེན་པའི་འཐབ་རྩོད་ཀྱི་ལག་རྡང་ཁྲོད་གཅིག་ངོ་གཅིག་གིས་ཤེས་ཡོང་། ཉིན་དེའི་བར་དུ། ང་སུ་ཡིན་དང་། ངས་ཅི་བྱེད་ནི་རང་གཉིས་ཀྱིས་ཤེས་ན་དགེ་ཞིག་དང་། མ་ཤེས་ན་གྱོང་གང་མི་ཡོང་བས། གནམ་རང་ལས་ང་ལ་མྱིང་གཞན་མེད།
རེ་བ་རང་ལ་བྱོས། ཁ་ཤོམ་ལག་ལ་བཟུང་ཟེར་འདོད་ཡིན།
རྒྱ་ནག་ལྕགས་རི་དང་ཨ་རིའི་ལྕགས་རི་ཞེས་པའི་རྩོམ་ཡིག་འདིའི་ནང་དོན་ངོ་མ་གང་ཡིན་མགོ་ཡག་པོ་འཚོས་མ་སོང་། དགོངས་དག་ཞུ། ཡིན་ནའང་དྲྭ་གྲོགས་ཅོ་རི་ཉི་མ་ལགས་ཀྱི་མཚན་ཐོག་ནས་རྩོམ་ཡིག་འདི་ལྟར་སྤེལ་ཐུབ་པ་དེ་ལ་དགའ་བསུ་དང་ད་དུང་མ་འོངས་པར་རྩོམ་ཡིག་གང་མང་སྤེལ་བའི་རེ་འདུན་ཞུ། །
ཁ་བརྡ་ལ་རྩོམ་ཡིག་སྤུས་ཚད་སྐྱོ་པོ་འདི་འདྲ་འཇོག་པ་ནི། གསེར་གྱི་སྣོད་ནང་ལ་དྲི་ཆེན་གཏོང་བ་ཅིས་མ་ཡིན། ནང་དོན་གོ་རྒྱུ་ཚོར་རྒྱུ་མེད་པ་ཕྱི་རྒྱལ་མི་སྨྱོན་པ་དེ་ཚོས་ནང་ཆོས་ཀྱི་གསང་སྔགས་འགྲེལ་བཤད་བྱེད་པ་ལྟ་བུ། བོད་ཡིག་གི་བརྗོད་པ་དང་བརྡ་སྤྲོད་ཞན་པ། ཕྱི་རྒྱལ་མགོ་སེར་གྱིས་བོད་ཡིག་ལོ་གཅིག་ཙམ་སྦྱངས་པའི་ཁྱིམ་སྦྱོང་རྩོམ་ཡིག་ལྟ་བུར་སྣང་།
ལྷག་པར་དུ་ཨ་རིའི་ཆབ་སྲིད་ཀྱི་ཤེས་ཡོན་མེད་པར། དྲ་རྒྱའི་ནང་ནས་ཨེ་རླུང་ཚང་གི་གསར་འགྱུར་དེ་དག་བཤུས་ནས་རྡོ་བཙན་བསྒྲིགས་བྱས་པ་ལྟ་བུར་སྣང་།
ཅོ་རི་འདི་སྐྱག་པ་སོགས་ཚིག་ངན་ཁོ་ན་བཀོལ་ནས་སྡོད་ན་མཛེས་པར་སྣང་།