མདོ་སྨད་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀོང་ཧོ་རྫོང་གིས་གཙོ་སྒྲུབ་འོག་༼ རྒྱ་བཟའ་བོད་དུ་བྱོན་པའི་གཏམ་རྒྱུད་ཞལ་ཐང་རིང་མོ་༽ཟེར་བ་ཞིག་འབྲི་འགོ་བརྩམས་འདུག་ལ། བདུན་ཕྲག་འདིའི་ནང་ཞལ་ཐང་རིང་མོ་དེའི་ནང་དོན་འབྲི་བཞེངས་ཐད་མཁས་པའི་ལྷན་ཚོགས་ཤིག་གནང་འདུག་ཅིང་། ལྷན་ཚོགས་སར་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་སངས་རྒྱས་ལགས་དང་། ཆབ་འགག་རྟ་མགྲིན། རྩོམ་པ་པོ་གྲགས་ཅན་རྒྱ་ཡེ་བཀྲ་བྷོ་སོགས་སྐྱ་སེར་མཁས་པ་མང་པོ་ཚོགས་འཛོམས་གནང་འདུག
ཚོགས་ཐོག་ཏུ་ཞལ་ཐང་དེའི་ལྷ་དཔོན་ལྷ་རིས་པ་དོན་གྲུབ་ཚེ་བརྟན་ལགས་ཀྱིས་ཞལ་ཐང་འབྲི་བཞེངས་ཀྱི་ནང་དོན་གཞི་བཅོལ་ཡུལ་སྙན་སྒྲོན་གནང་བ་དང་། སྐབས་དེར་ཁོང་གིས”་བོད་ཀྱི་གནའ་མིའི་རྒྱ་བཟའ་དང་འབྲེལ་བའི་རྒྱ་བོད་མི་རིགས་གཉིས་བར་གྱི་མཐུན་འབྲེལ་ལ་ལྟ་སྟངས་གཙོ་བོར་བཟུང་བ་དང་དེའི་ཁར་ལོ་རྒྱུས་དེབ་ཐེར་གཞིར་བཟུང་བ་ལས་རྟོག་བཟོ་གཅིག་ཀྱང་མེད་’’ཅེས་གསུངས།
དེ་བཞིན་ཚོགས་མི་རྣམས་ཀྱིས་ཞལ་ཐང་དེའི་མཚན་དང་ནང་དོན་གཞི་བཅོལ་ཡུལ་ཚང་མར་ལྟ་ཚུལ་བཏོན་པ་དང་། ཚོགས་ཐོག་ཏུ་དགེ་རྒན་ཆེན་མོ་སངས་རྒྱས་ལགས་ཀྱིས་ “རྒྱ་བཟའ་བོད་དུ་བྱོན་པའི་གཏམ་རྒྱུད་ཞལ་ཐང་རིང་མོ་ཟེར་ན་བོད་སྐད་ཐོག་འགྲིག་གི་འདུག གལ་སྲིད་རྒྱ་ཡིག་གི་མིང་ཞིག་འབྲི་དགོས་དབང་དུ་བཏང་ན། གཏམ་རྒྱུད་དེ་ལོ་རྒྱུས་ཀྱི་གཏམ་རྒྱུད་ཅིག་ཡིན་པ་རེད། ལོ་རྒྱུས་དངོས་བཤད་ཀྱི་ཡོད་པ་རེད། ཡིན་ནའང་བྱུང་རིམ་ཁ་ཤས་རྟོག་བཟོ་ཡིན་པའི་གཏམ་རྒྱུད་དེ་འདྲ་ཡོད་པ་རེད། དཔེར་ན་བློན་པོ་འགར་གྱིས་རིག་པ་འགྲན་པའི་ནང་གི་ཤིང་སྡོང་གི་མགོ་རྔར་ལྟ་བ་སོགས་ནི་རྟོག་བཟོ་རེད། དེ་དག་ཕྱིས་ཀྱི་མཁས་པས་བསྣན་པ་ཞིག་རེད། དེ་དག་ཚང་མ་མདོ་མཛངས་བླུན་ནང་འདུག བྱས་ཙང་རྒྱ་གར་གྱི་གཏམ་རྒྱུད་ཅིག་རེད་’’གསུངས་བ་དང་། དེ་བཞིན་དགེ་རྒན་ཆེན་མོ་ཆབ་འགག་རྟ་མགྲིན་ལགས་ཀྱིས་ཀྱང་ “ ལོ་རྒྱུས་རིང་པོ་བྲིས། དཔྱད་གཏམ་རིང་མོ་ཞིག་སྤེལ་ན་མི་ཚང་མར་འདྲིས་རྒྱུ་ཁག་པའི་ཆ་ནས་ཐང་གའི་སྒྱུ་རྩལ་གྱི་ཐབས་ལམ་བདམས་པ་དེ་ཡག་པོ་ཡིན་པ་དང་། གཉིས་ནས་ལོ་རྒྱུས་ཀྱི་དོན་དངོས་གསལ་བཤད་དང་གསུམ་ནས་བོད་ཀྱི་ཐང་ཀའི་རིག་གནས་དར་སྤེལ་བཏང་བ་རེད་’’སོགས་གསུངས་འདུག དེ་མཚུངས་རྒྱ་ཡེ་བཀྲ་བྷོ་ལགས་ཀྱིས་ཞལ་ཐང་གི་མིང་ཚུན་ཆད་ལ་བོད་ཀྱི་ཁྱད་ཆོས་འཛོམས་དགོས་པ་ཉམས་མྱོང་ལ་སྦྱར་ཏེ་སྨྲས་བ་སོགས་མཁས་པའི་སར་ལེགས་ཆ་བསྡུས་རྗེས། འབྲེལ་ཡོད་འགན་ཁུར་བས་ཐུགས་རྗེ་ཆེ་ཞུས་གནང་སྟེ་ཚོགས་འདུ་གྲོལ། ལྷ་དཔོན་གྱིས་གསུངས་བར་ལོ་རྗེས་མའི་ཟླ ༡༠ བར་ཞལ་ཐང་འདི་ལེགས་འགྲུབ་འབྱུང་རྩིས་འདུག
མདོ་སྨད་ཡུལ་དུ་བོད་ཀྱི་རིག་གནས་རྒྱུད་འཛིན་དར་སྤེལ་གྱི་ཚ་རླབས་དྲག་ཏུ་འཕྱུར་བཞིན་པའི་ནང་། ༼ རྒྱ་བཟའ་བོད་དུ་བྱོན་པའི་གཏམ་རྒྱུད་ཞལ་ཐང་རིང་མོ་༽འདི་ནི་བོད་ཀྱི་ལོ་རྒྱུས་རིག་གནས་རི་མོའི་ལམ་ནས་འབྲི་བཞེངས་བྱས་པའི་ཞལ་ཐང་གསུམ་པ་དེ་ཆགས་ཡོད་ལ། ༼ བོད་ཀྱི་རིག་གནས་ཀུན་འདུས་ཞལ་ཐང་ཆེན་མོ་༽དང་༼ རྗེ་ཙོང་ཁ་པའི་མཛད་རྣམ་ཞལ་ཐང་རིང་མོ་༽གཉིས་ནི་རེབ་གོང་རིག་པ་འབྱུང་བའི་གྲོང་ཁྱེར་དུ་བཞེངས་ཤིང་། ཀུན་འདུས་ཞལ་ཐང་ཆེན་མོའི་ནང་རྒྱལ་དབང་སྐུ་ཕྲེང་རིམ་བྱོན་སོགས་ཀྱི་སྐབས་གཙོས་བར་མཚམས་མང་པོར་ཐང་ཀ་ལྟེབས་བརྩེགས་རྒྱབ་སྟེ་མི་མང་ལ་སྟོན་མི་ཆོག་པའི་གནས་ཚུལ་མང་དུ་བྱུང་ཡོད་ལ། དེ་ནི་གཙོ་བོ་འབྲི་བཞེངས་བྱེད་པོ་དང་འགན་ཁུར་བ་སོགས་ལ་རྒྱ་ནག་གཞུང་ངོས་ནས་སྟངས་འཛིན་དང་འཁྱོག་བརྗོད་བྱ་དགོས་པའི་འཇིགས་སྐུལ་བྱ་མིན་ལ་ཐུག་ཡོད།
གནས་ཚུལ་འདི་མཚོ་སྔོན་བརྙན་འཕྲིན་ཁང་ནས་མཐོང་ཐོས་གྱུར་མ་ཐག ལྷག་བསམ་དང་བ་ཆེན་པོས་དགའ་བསུ་ཞུ་བཞིན་ཡོད་ལ། རྒྱ་བཟའ་བོད་དུ་བྱོན་རིམ་ལ་ཕྱི་བཞུགས་མཁས་པ་རྣམ་པས་ཀྱང་བསམ་ཚུལ་གང་མང་འདོན་རོགས་ཞུ།
༼ མཚོ་སྔོན་བརྙན་འཕྲིན་ཁང་གི་གསར་འགྱུར་རྒྱས་བཤད་ལས་སྙན་སྒྲོན་པ་མགྱོགས་དྲག་ནས་སྙིང་དོན་མ་གཏོགས་ཇི་བཞིན་ལེན་མ་ཐུབ། ཤར་ཕྱོགས་ཁུག་རྟས། ༽
རྒྱ་བཟའ་ཡི་སྐོར་ཟེར་དུས་ང་ལ་དོགས་པ་ཡོད། མཁས་པ་ཁ་ཅིག་གི་གཏམ་གོང་དུ་ལུང་འདྲེན་བྱེད་པ་ལྟར་ན་བོད་ཀྱི་མཁས་པ་རྣམས་ཀྱིས་རྟོག་བཟོ་བྱས་པ་རྣམས་ཕུད་དགོས་པ་གསུངས་པ་ལ་ཡིད་རང་ཡོད། འོན་ཀྱང་རྒྱ་བཟའ་ཡི་མཚན་བེད་སྤྱོད་ནས་རྒྱ་ནག་གིས་ལོ་རྒྱུས་ལ་རྟོག་བཟོ་དང་རྫུན་བཟོ་མང་པོ་ཞིག་བྱས་ཡོད་པ་རེད། འོ་ན་དེ་དག་ཕུད་ཐུབ་ཀྱི་རེད་དང་མ་རེད་གལ་སྲིད་ཕུད་མ་ཐུབ་ན་ཐང་ག་དེ་འདྲ་ཡོད་པ་ལས་མེད་པ་དགའ་ཡི་རེད། དཔེར་ན་རྒྱས་འཁྲབ་པའི་གློག་བརྙན་འོན་ཤིན་ཀོང་ཇོ་ཟེར་བ་ལྟར་རྒྱའི་ཆབ་སྲིད་ཀྱི་དགོས་མཁོར་འགྲོ་ཉེན་ཆེན་པོ་རེད།
རྒྱ་ནག་གིས་འདི་འདྲ་བཤད་ཀྱིན་འདུག
༼ རྒྱ་བཟའ་བལ་བཟའ།
དུས་རབས་བདུན་པའི་ནང་བོད་རྒྱལ་སོ་གསུམ་པ་ཆོས་རྒྱལ་སྲོང་བཙན་སྒམ་པོས་བལ་ཡུལ་དུ་བློན་པོ་སོགས་བཏང་ནས་བལ་པོ་རྒྱལ་པོའི་སྲས་མོ་སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་པ་དང་། ཞལ་ནས་ཙན་དན་གྱི་དྲི་བྲོ་བའི་ཁྲི་བཙུན་ཞེས་པ་དེ་རྒྱལ་པོའི་བཙུན་མོར་སློང་ཡང་བལ་པོའི་རྒྱལ་པོས་འདྲི་བ་དཀའ་གནད་ཆེ་བ་གསུམ་བཏོན་ནས་དེ་དག་ལ་ལན་འདེབས་ཐུབ་ན་སྲས་མོ་སྟེར་ཞེས་གསུངས། བོད་ཀྱི་བློན་པོས་འདྲི་བ་གསུམ་པོར་ལན་ཡང་དག་པ་བཏབ་པས་བལ་བཟའ་ཁྲི་བཙུན་མི་སྟེར་ཀ་མེད་བྱུང་། ཡབ་རྒྱལ་པོས་བལ་བཟའ་ཁྲི་བཙུན་གྱི་སྐུ་སྐལ་དུ་ཤྰཀྱ་ཐུབ་པ་དགུང་ལོ་བརྒྱད་ཀྱི་སྐུ་ཚད་ཡིན་པའི་ཇོ་བོ་རྗེ་མི་བསྐྱོད་རྡོ་རྗེ་དང་ཙན་དན་གྱི་སྒྲོལ་མ། བྱམས་པ་ཆོས་འཁོར་སོགས་བརྫངས་ནས་རྟ་པ་བརྒྱ་ཕྲག་མང་པོས་སྐྱེལ་མ་བྱས་ཏེ་བོད་ཀྱི་ས་མཚམས་སྐྱིད་གྲོང་བར་བསྐྱལ་བ་དང་། བོད་ཀྱི་བསུ་མ་སྐྱིད་གྲོང་དུ་འབྱོར་ནས་བལ་བཟའ་ཁྲི་བཙུན་ལྷ་སར་གདན་དྲངས་ཏེ་ཆོས་རྒྱལ་སྲོང་བཙན་སྒམ་པོ་དང་མཇལ། ཆོས་རྒྱལ་སྲོང་བཙན་སྒམ་པོས་དགའ་སྟོན་རྟེན་འབྲེལ་མཛད་སྒོ་གཟབ་རྒྱས་བཤམས་ཐོག་ཚང་མ་དགའ་སྤྲོའི་དཔལ་ལ་རོལ། ཡང་ཆོས་རྒྱལ་སྲོང་བཙན་སྒམ་པོས་བློན་པོ་རིག་པ་ཅན་མགར་བ་སྟོང་བཙན་སོགས་རྟ་པ་བརྒྱ་ཕྲག་རྒྱ་ནག་ཐང་རྒྱལ་རབས་ཀྱི་རྒྱལ་ས་ཁྲང་ཨན་ལ་རྒྱལ་པོའི་བཀའ་ཤོག་སྒྲོམ་བུ་དང་རིན་ཆེན་པདྨ་ར་གའི་ཁྲ་རྒྱན་གྱི་ཁྲབ། གསེར་གྱི་དོང་ཙེ། གསེར་ཕྱེ་མ་སོགས་འབུལ་རྟེན་གྱ་ནོམ་པ་བསྐུར་ནས་སྲས་མོ་ལྷ་གཅིག་འུན་ཤིང་ཀོང་ཇོ་རྒྱལ་པོའི་བཙུན་མོར་སློང་བར་བཏང་ཞིང་། བོད་ཀྱི་བློན་པོ་མགར་བ་སྟོང་བཙན་སོགས་རྒྱལ་ས་ཁྲང་ཨན་ལ་འབྱོར་སྐབས་རྒྱ་གར་རྒྱལ་པོའི་བློན་པོ་དང་། སྟག་གཟིག་ནོར་གྱི་རྒྱལ་པོའི་བློན་པོ། བྷ་ཏ་ཧོར་གྱི་རྒྱལ་པོའི་བློན་པོ། གེ་སར་དམག་གི་རྒྱལ་པོའི་བློན་པོ་བཅས་རྒྱལ་ཁབ་ཆེན་པོ་བཞིའི་ཕོ་ཉ་ཡང་ཐང་རྒྱལ་རབས་ཀྱི་རྒྱལ་ས་ཁྲང་ཨན་ལ་སྲས་མོ་འུན་ཤིང་ཀོང་ཇོ་སློང་བར་སླེབས་ཟིན་ཡོད། སྲས་མོ་འུན་ཤིང་ཀོང་ཇོ་རྒྱལ་ཁབ་ལྔ་པོ་སུ་ལ་སྟེར་ན་ལེགས་མིན་ཐེ་ཚོམ་སོམ་ཉིའི་སྐབས་སུ། གོང་མ་དང་། བཙུན་མོ། རྒྱལ་སྲས། སྲས་མོ་ཀོང་ཇོ་བཅས་གྲོས་མོལ་བྱས་པའི་མཐར་རང་རང་སོ་སོའི་བློ་འདོད་མི་འདྲ་བ་རེ་བྱུང་། གོང་མའི་ཐུགས་ལ་ཀོང་ཇོ་རྒྱ་གར་རྒྱལ་པོར་སྟེར་འདོད་ཆེ། གང་ལགས་ཤེ་ན། རྒྱ་གར་ཆོས་ཀྱི་འབྱུང་ཁུངས་ཡིན་པས་བཀའ་དྲིན་ཆེ་བར་སེམས། བཙུན་མོའི་ཐུགས་ལ་སྟག་གཟིག་ནོར་གྱི་རྒྱལ་པོར་སྟེར་འདོད་ཆེ། གང་ལགས་ཤེ་ན། སྟག་གཟིག་ནོར་གྱི་རྒྱལ་པོ་ནི་སྟོབས་འབྱོར་མངའ་ཐང་ཆེ་བས་སོ། རྒྱལ་སྲས་ཀྱི་ཐུཌ་ལ་བྷ་ཏ་ཧོར་གྱི་རྒྱལ་པོར་སྟེར་བར་འདོད། གང་ལགས་ཤེ་ན། བྷ་ཏ་ཧོར་གྱི་རྒྱལ་པོ་ནི་ལུས་ཀྱི་རྩལ་བཟང་པོ་ཁྱད་དུ་འཕགས་པས་སོ། ཀོང་ཇོ་རང་ཉིད་ཀྱི་ཐུགས་ལ་གེ་སར་དམག་གི་རྒྱལ་པོའི་བཙུན་མོ་བྱེད་པར་འདོད། གང་ལགས་ཤེ་ན། གེ་སར་དམག་གི་རྒྱལ་པོ་ནི་གཟུཌ་བཟང་ཞིང་སྐྱེ་མཚར་བས་གང་གི་གཏན་གྲོགས་བྱེད་པའི་མཐུན་རྐྱེན་ཚང་བར་སེམས། བོད་ལ་སྟེར་འདོད་མཁན་གཅིག་ཀྱང་མ་བྱུང་། ཐང་གི་གོང་མ་ཆེན་པོ་ཅི་བྱ་གཏོལ་བྲལ་དུ་འགྱུར་བའི་སྐབས་དེར། གོང་མས་རྒྱལ་ཁབ་ལྔ་ནས་ཕེབས་པའི་བློན་པོ་རྣམས་རིག་པ་སུ་རྣོའི་འགྲན་བསྡུར་གྱིས་ཤིག རིག་པའི་འགྲན་བསྡུར་སུ་རྒྱལ་བ་དེར་ཀོང་ཇོ་སྟེར་གསུངས། རིག་པའི་འགྲན་བསྡུར་ཁག་བརྒྱད་བྱས་པ་སྟེ། ༡.གཡུ་མིག་ཀྱག་ཀྱོག་ནང་དར་སྐུད་རྒྱུ་བ། ༢.ཉིན་གཅིག་ནང་ལུག་བརྒྱ་བསད་ཟིན་པ་དང་། བཤས་ཟིན་པ། པགས་པ་མཉེས་ཟིན་པ་སོགས་བྱ་རྒྱུ། ༣.ཆང་བན་ཆེན་པོ་བརྒྱ་ཉིན་གཅིག་ནང་བཏུང་ཟིན་པ། མ་བོ་བ། མ་བཟི་བ་སོགས་བྱ་རྒྱུ། ༤.རྟ་མ་བརྒྱ་དང་རྟེའུ་བརྒྱ་ཁ་ཕྲལ་ནས་རྟ་མ་སུའི་རྟེའུ་ཡིན་མ་བུ་སྦྱོར་ཐུབ་པ་བྱ་རྒྱུ། ༥.བྱ་མོ་དང་བྱ་ཕྲུག་ཁ་ཕྲལ་ནས་བྱ་མོ་སོ་སོའི་བྱ་ཕྲུག་སུ་ཡིན་ངོ་ཤེས་ཐུབ་པ་བྱ་རྒྱུ། ༦.གསོམ་ཤིང་མགོ་མཇུག་སྦོམ་ཕྲ་མཚུངས་པ་བརྒྱའི་མགོ་མཇུག་ངོ་ཤེས་ཐུབ་པ་བྱ་རྒྱུ། ༧.སྟོན་མོའི་ཐོག་ཆང་གིས་ཡོངས་སུ་བཟི་རྗེས་མཚན་མོ་མུན་ནག་ནང་རང་རང་སོ་སོའི་གནས་ཚང་དུ་ལོག་ཐུབ་པ་བྱ་རྒྱུ། ༨.བུ་མོ་སྐྱེ་འབྲས་མཚར་ལུགས་གཅིག་མཚུངས་ཡིན་པ་སུམ་བརྒྱའི་ནང་ནས་ཀོང་ཇོ་ངོ་ཤེས་ཐུབ་པ་བྱ་རྒྱུ་བཅས་རིག་པ་ཅན་མགར་བ་སྟོང་བཙན་ལ་རྒྱལ་ཁ་ཐོབ་པས་ཐང་རྒྱལ་རབས་ཀྱི་གོང་བློན་འཁོར་བཅས་དང་། རྒྱལ་ཁབ་ཆེན་པོ་བཞིའི་བློན་པོ་རྣམས་བོད་ཀྱི་བློན་པོའི་རིག་པ་ལ་ངོ་མཚར་ཡིད་སྨོན་གྱིས་བསྟོད་བསྔགས་ཆེན་པོ་བྱས། དེ་ནས་ཐང་གི་གོང་མས་ལྷ་གཅིག་འུན་ཤིང་ཀོང་ཇོ་བོད་ཀྱི་རྒྱལ་པོའི་བཙུན་མོར་མི་སྟེར་ཀ་མེད་བྱུང་བ་དང་གོང་མ་ཆེན་པོས་ལྷ་གཅིག་འུན་ཤི ང་ཀོང་ཇོའི་སྐུ་སྐལ་དུ་སྟོན་པ་ཤྰཀྱ་ཐུབ་པ་དང་། དགུང་ལོ་བཅུ་གཉིས་ཀྱི་སྐུ་ཚད་ཡིན་པའི་ཇོ་བོ་ཤྰཀྱ་མུ་ནེ། ལས་ཀྱི་མེ་ལོང་། གབ་ཙེ་གཙུག་ལག་སུམ་བརྒྱ། བཟོ་ཡི་རིག་བྱེད་དྲུག་ཅུ། བརྟག་ཐབས་བརྒྱ་དང་དཔྱད་ལྔ་སྤྱད་དྲུག སྦྱོར་སྡེ་བཞི་ལ་སོགས་པ་གནང་། ལྷ་གཅིག་འུན་ཤིང་ཀོང་ཇོ་འཁོར་བཅས་དང་བོད་ཀྱི་བློན་པོ་འཁོར་བཅས་ཐང་རྒྱལ་རབས་ཀྱི་རྒྱལ་ས་ཁྲང་ཨན་ནས་རྡོག་ཐོན་གྱིས་བོད་ཀྱི་ཕྱོགས་སུ་ཕེབས། འུན་ཤིང་ཀོང་ཇོ་འཁོར་བཅས་ལྷ་སར་ཕེབས་འབྱོར་ཟིན་སྐབས། ལྷ་སའི་བར་སྣང་དར་ཚོགས་ཀྱིས་ཁེངས་པ། གླུ་དང་གར། རོལ་མོ་ལ་སོགས་པ་སྙན་པའི་དབྱངས་ཀྱིས་ནམ་མཁའ་གང་བ་སོགས་བསུ་བ་ཞུ་བའི་དགའ་སྤྲོའི་རྣམ་པས་ས་ཕྱོགས་ཀུན་ཁྱབ་ཅིང་། ཆོས་རྒྱལ་སྲོང་བཙན་སྒམ་པོས་དགའ་སྟོན་རྟེན་འབྲེལ་གྱི་མཛད་སྒོ་གཟབ་རྒྱས་བཤམས་ནས་ཐམས་ཅད་དགའ་བདེའི་དཔལ་ལ་རོལ། །༽
ཞལ་ཐང་ནང་གི་བཙན་པོའི་གདོང་ད་ལྟའི་ཆབ་ཆའི་རྫོང་དཔོན་ལོས་ཡིན་སྙམ་པ་ཞིག་བཞེངས་ཤག
དེ་ནས་མ་ཡིག་མ་སྐད་ལབ་དགའ་རྣམས་ལ་རྗེ་རིན་པོ་ཆེས་ལམ་རིམ་ནང་ཕ་བོད་ལ་བུ་བོད་སྐྱེས་པ་ཁྱབ་པའི་གསུང་དེ་དྲན་སྐུལ་ཙམ་བྱ།
༡ རྒྱ་བཟའ་བོད་བར་ལམ་སྐབས་ག་ཚོད་འགོར་བ་དང་།
༢ འགར་སྟོང་བཙན་དང་འབྲེལ་བ་བྱུང་ཡོད་མེད།
༣ རྒྱ་བཟའ་རྒྱ་ནག་གོང་མའི་བཙུན་མོ་ཡིན་མིན་སོགས་ལ་ག་ལེར་བསམ་ཚུལ་ཕུལ་ངེས་ཡིན།
རི་བོ་ཉི་ཟླར་འབོད་པ་ནི། མཚོ་སྔོན་ཞིང་ཆེན་གྱི་མཚོ་སྔོན་པོའི་ཤར་ཕྱོགས་ཀྱི་སྤྱི་ལེ་བཞི་བཅུའི་མཚམས་ན་ཡོད་ཅིང་། ད་ལྟ་སྣང་བའི་ཉི་ཟླའི་ལྷ་ཁང་གཉིས་ནི་ལོ་རབས་བརྒྱད་ཅུ་པའི་དུས་མགོར་བཞེངས་པ་ཡིན།
བོད་མིའི་ངག་རྒྱུན་དུ། རྒྱ་ནག་ནས་སྲོང་བཙན་ལ་བཙུན་མོ་བསུ་དུས། མགར་སྟོང་བཙན་གྱིས་ཀོང་ཇོས་ཡུལ་དང་ཡབ་ཡུམ་མི་དྲན་པའི་ཐབས་སུ་རྫོང་སྐལ་རྡོ་ལ་གསེར་ཚོས་བྱུགས་པའི་ཉི་ཟླ་རྫུན་མ་ཞིག་ཁྱེར་ནས་གནས་འདིའི་ཉག་ཁར་ཐོན་འཕྲལ་སྤྱན་གཟིགས་ཞུས། དེར་བརྟེན་ནས་ཀོང་ཇོ་ཡབ་ཡུམ་ལ་ཡིད་ཆད་དེ་བློ་རྩེ་གཅིག་གིས་བོད་དུ་ཕེབས་པའི་སྐོར་མང་དུ་བཤད་རྒྱུ་ཡོད། འཆད་ཚུལ་འདི་བོད་རིགས་དམངས་ཁྲོད་ཀྱི་ངག་རྒྱུན་དང་སྒོ་བསྟུན་ནས་བཀོད་པ་ལས། ངེས་པར་བདེན་དགོས་པ་མ་ཡིན་ཏེ། རྒྱ་ནག་གི་ཡིག་ཚང་སྔ་ཤོས་སུ་གྲགས་པ་《རི་ཆུའི་བསྟན་བཅོས་》ལས་རི་བོ་ཉི་ཟླ་ཞེས་པའི་མཚན་འདི་གསལ་བར་འབྱུང་བས། དེ་ཞ་དབྱི་ཞེས་པའི་སྐྱེས་བུ་དེས་བརྩམས་པའི་དབང་དུ་བཏང་ན་མི་ལོ་སྟོང་ཕྲག་ཁ་ཤས་ཀྱི་སྔོན་ནས་རི་འདི་ལ་མིང་དེ་ལྟར་ཐོགས་པར་གསལ། གཞན་ཡང་ཡུལ་འདི་གནའ་དེང་གང་གི་སྐབས་སུའང་རྒྱ་བོད་ཀྱི་ཚོང་འགྲུལ་རྒྱུ་ལམ་དུ་གྱུར་པའི་ཕྱིར་ཉི་ཟླ་དཔང་དུ་བཞག་སྟེ་རྒྱ་བོད་ཞི་མཐུན་གྱི་རྡོ་རིང་བཞེངས་མྱོང་བའི་སྔོན་བྱུང་གི་ལོ་རྒྱུས་ཤིག་ལས་མིང་དེ་ལྟར་ཐོགས་པ་ཡིན་པར་ཡང་སྲིད་དོ། །
རྒྱ་བཟའ་དང་བལ་བཟའ་གཉིས་ཐོག་མར་སྲོང་བཙུན་དང་མཇལ་སྐབས་སྐད་བརྡ་མི་འཕྲོད་ཤས་ཆེ་བས། མགར་སོགས་ཀྱིས་གསུངས་བསྒྱུར་བྱེད་བཞིན་པའི་རྣམ་པ་ཞིག་ཀྱང་པར་ནང་འབྲི་དགོས་ཀྱི་མེད་འགྲོ། མ་ཟད་བཙུན་པོ་དེ་དག་གིས་ལོ་ག་ཚོད་ནང་བོད་སྐད་དག་པོ་བཤད་ནུས་པར་གྱུར་ཡོད་འགྲོ། མ་ཟད་སྲོང་བཙན་གྱིས་ཐོག་མར་བཙུན་མོ་དེ་དག་ལ་འཛེག་སྐབས་ཏན་ཏན་ཕན་ཚུན་སྐད་བརྡ་འཕྲོད་ཀྱི་མེད་ཤས་ཆེ་བས། གྱོན་པ་ཕུད་སྟངས་ལག་བརྡ་སྤྲད་པ་ཡིན་ཤག། དེའི་ཕྱིར་ཐོག་མར་རྒྱལ་བོ་དང་བཙུན་མོས་སྐད་མ་གོ་བའི་དཀའ་ངལ་འཕྲད་མྱོང་བ་པར་ནང་མངོན་ཐུབ་དགོས་པ་འདྲ། རྒྱལ་བཟའ་དང་བལ་བཟའ་བར་ལའང་ཐད་ཀར་བརྡ་འཕྲོད་ཐབས་མེད་པར་མཐོང་བས། རྒྱལ་ཁང་ནང་ལག་བརྡ་སྤྲད་ནས་ལོ་ཟླ་ག་ཚོད་ཅིག་བསྐྱལ་ཡོད་འགྲོ།
གཅིག་བྱས་ན་ལམ་ནས་སྐད་ཆགས་རྒྱུ་ཞིག་ཤེས་ཟིན་ཡོད་འགྲོ
བལ་བཟའ་ཆེན་མ་རེད། རྒྱ་བཟའ་ཆུན་མ་རེད། བལ་བཟས་ཐོག་མའི་ཕོ་བྲང་པོ་ཏ་ལ་རྩེ་མོའི་རྒྱལ་པོའི་སྐུ་མཁར་བརྩིས་པས་ཁང་མིག་སྟོང་དང་ལྡན་པ་བཞེངས་པའི་ལོ་རྒྱུས་ཡོད་པ་རེད། ར་ས་འཕྲུལ་སྣང་གཙུག་ལག་ཁང་བཞེངས་པ་རེད། རྒྱ་བཟས་རྒྱ་སྟག་ར་མོ་ཆེ་བཞེངས་པ་རེད།
རྒྱ་བཟའི་བྱས་རྗེས་དེ་བལ་བཟའ་ལས་ཆུང་བ་ཡོད་པ་ལྟ་བུ་ཞིག་ཡིན་ནའང་། ད་ལྟ་གུང་ཁྲན་ཚང་གི་ལོ་རྒྱུས་སྨྲ་བ་འགའ་རེས་རྒྱལ་བཟའི་ལོ་རྒྱུས་ཆེ་ནས་ཆེ་རུ་བཏང་། རྒྱ་བཟའ་བོད་ལ་མ་སླེབས་སྔོན་བོད་ལ་ཅི་གང་མེད་པ་འདྲ་ཞིག་བཤད་ཀྱི་འདུག འགའ་རེས་ད་རུང་རྒྱ་བཟའ་བོད་ལ་ཕྱིན་པ་ནས་བོད་འདི་རྒྱ་ཁོངས་ཡིན་པའི་ཧམ་བཤད་བྱས་ཡོད་པའང་མཐོང་། རྒྱ་བཟའི་ཞལ་ཐང་རིང་མོ་འདིའང་རྒྱ་བཟའི་ལོ་རྒྱུས་རྒྱ་སྐྱེད་ཀྱི་ཆ་ཤས་ཤིག་མིན་ནམ།
བལ་བཟའ་བོད་དུ་ཕེབས་སྐབས་ག་གོར་ནར་འགྱངས་དང་བར་ཆད་དང་བཤད་གཏམ་མེད་པར་བདེ་བླག་ཁ་དྲོའི་ངང་བོད་དུ་སླེབས་ཐུབ་པ་རེད།
རྒྱ་བཟའ་བོད་དུ་ཡོང་བར་ལོ་མང་འགོར་འགྱངས་བྱུང་བ་མ་ཟད་མགར་དང་ལུས་འབྲེལ་བྱུང་བའི་བཤད་གཏམ་མང་པོ་ཞིག་ཀྱང་སླེབས་འདུག ལྷ་སར་སླེབས་ནས་ཀྱང་རྒྱལ་པོས་ལམ་སང་ཞལ་མཇལ་མ་གནང་བའི་ལོ་རྒྱུས་འདི་ཚོར་ཡང་ད་རུང་ཞིབ་དགོས་པ་མང་པོ་འདུག
ཏུན་ཧོང་གཏེར་ཡིག་ནང་བལ་བཟའི་སྐོར་ཟུར་ཙམ་ཡང་གསལ་མེད་པ་དང་རྒྱལ་བཟའི་འདས་ལོ་བཀོད་ཡོད་པ་དེ་ཡང་དཔྱད་ཞིབ་བྱེད་དགོས་པའི་དོན་དག་གཞན་ཞིག་རེད་འདོད།
གོང་མས་རྒྱལ་ཁབ་ལྔ་ནས་ཕེབས་པའི་བློན་པོ་རྣམས་རིག་པ་སུ་རྣོའི་འགྲན་བསྡུར་གྱིས་ཤིག རིག་པའི་འགྲན་བསྡུར་སུ་རྒྱལ་བ་དེར་ཀོང་ཇོ་སྟེར་གསུངས། རིག་པའི་འགྲན་བསྡུར་ཁག་བརྒྱད་བྱས་པ་སྟེ། ༡.གཡུ་མིག་ཀྱག་ཀྱོག་ནང་དར་སྐུད་རྒྱུ་བ། ༢.ཉིན་གཅིག་ནང་ལུག་བརྒྱ་བསད་ཟིན་པ་དང་། བཤས་ཟིན་པ། པགས་པ་མཉེས་ཟིན་པ་སོགས་བྱ་རྒྱུ། ༣.ཆང་བན་ཆེན་པོ་བརྒྱ་ཉིན་གཅིག་ནང་བཏུང་ཟིན་པ། མ་བོ་བ། མ་བཟི་བ་སོགས་བྱ་རྒྱུ། ༤.རྟ་མ་བརྒྱ་དང་རྟེའུ་བརྒྱ་ཁ་ཕྲལ་ནས་རྟ་མ་སུའི་རྟེའུ་ཡིན་མ་བུ་སྦྱོར་ཐུབ་པ་བྱ་རྒྱུ། ༥.བྱ་མོ་དང་བྱ་ཕྲུག་ཁ་ཕྲལ་ནས་བྱ་མོ་སོ་སོའི་བྱ་ཕྲུག་སུ་ཡིན་ངོ་ཤེས་ཐུབ་པ་བྱ་རྒྱུ། ༦.གསོམ་ཤིང་མགོ་མཇུག་སྦོམ་ཕྲ་མཚུངས་པ་བརྒྱའི་མགོ་མཇུག་ངོ་ཤེས་ཐུབ་པ་བྱ་རྒྱུ། ༧.སྟོན་མོའི་ཐོག་ཆང་གིས་ཡོངས་སུ་བཟི་རྗེས་མཚན་མོ་མུན་ནག་ནང་རང་རང་སོ་སོའི་གནས་ཚང་དུ་ལོག་ཐུབ་པ་བྱ་རྒྱུ། ༨.བུ་མོ་སྐྱེ་འབྲས་མཚར་ལུགས་གཅིག་མཚུངས་ཡིན་པ་སུམ་བརྒྱའི་ནང་ནས་ཀོང་ཇོ་ངོ་ཤེས་ཐུབ་པ་བྱ་རྒྱུ་བཅས་རིག་པ་ཅན་མགར་བ་སྟོང་བཙན་ལ་རྒྱལ་ཁ་ཐོབ་པས་་་་་་་་་
བྱིས་པ་མགོ་སྐོར་བའི་སྒྲུང་འདི་ནི། རྒྱ་ཡི་རྩོམ་པ་པོས། སྲོང་བཙན་གྱིས་ལོ་དྲུག་རིང་དམག་བརྒྱབ་དེ་གབ་སྲུང་ཆེད་དུ་བྱས་པ་རེད།
ཡང་ཀོང་ཇོ་ལམ་ཁར་ལོ་ལྔ་ཙམ་འགོར་དགོས་དོན་ལ་ཡང་དཔྱད་དགོས་པ་མང་དུ་སྣང་ལགས། རྒྱ་བོད་འདྲ་མཉམ་མཉམ་གནས་ཡོང་བར་སྨོན།
ཞལ་ཐང་འདིའི་མིང་འདོགས་སྟངས་ལ་བལྟས་ན་རྒྱ་ནག་གིས་ཆབ་སྲིད་དགོས་མཁོར་དམིགས་པ་ཞིག་མིན་དྲོ་སྙམ་དོགས་པ་རང་བཞིན་གྱི་སྐྱེས་གཞི་ཞིག་རེད། གང་ལགས་ཞེ་ན་སྲོང་བཙན་སྒམ་པོ་རྩ་སྨྱོ་དེས་རྒྱ་བཟའ་བཙུན་མོར་བླངས་ནས་བོད་ཀྱི་ལོ་རྒྱུས་ཐོགས་སུབ་ཏུ་མེད་པའི་ནག་ཐིགས་ཤིག་བཞག་འདུག་ལ། ད་དུང་བོད་ཀྱི་མཐོ་རིམ་གྱི་བླ་ཆེན་འགས་དཀོར་རྫས་དང་མིང་དང་གོ་ས་ལ་རྔམས་ཏེས་བོད་ཀྱི་ལོ་རྒྱུས་ཐོགས་འགྱོད་པ་རྟས་མི་ཟིན་པའི་ནག་ཐིགས་ཤིག་བཞག་པ་འདིས་ད་ཆ་ལོ་རྒྱུས་སྨྲ་བ་ཚོ་ཡང་ཀྱོག་ཀྱོག་ཆགས་དགོས་པའི་རྒྱུ་མཚན་འདི་ལ་འཐུག་ཡོད་པ་མ་ཟད་གུང་ཁྲན་གྱིས་ཁ་གཡར་ས་ཡང་འདི་ལ་འཐུག་ཡོད་པ་རེད། འོན་ཀྱང་བོད་ཚོ་ནི་ལྷ་དད་དང་འདྲེ་དད་ལངས་དྲག་ནས་ད་དུང་སྲོང་བཙན་གྱི་དབུའི་ལྭ་ཐོད་དེ་འོད་དཔག་མེད་ཡིན་རབས་དང་། གླང་དར་གྱི་དབུ་ལ་རྭ་ཅོ་ཡོད་རབས་མི་ཆོས་ལས་འདས་པའི་སྒྲོ་འདོགས་འདིས་དངོས་སུམ་ཚད་མ་དང་ཕྱིན་ཅི་ལོག་པའམ་དངོས་ཐོག་བདེན་འཚོལ་དང་རྒྱབ་འགལ་ལ་སོང་བ་ཤ་སྟག་རེད། མ་ཟད་ད་དུང་འུན་ཤིང་ཀོང་ཇོ་ཡང་རྗེ་བཙུན་སྒྲོལ་མའི་རྣམ་སྤྲུལ་ཡིན་རབས་བཤད་པ་རེད། གལ་སྟེ་སྲོང་བཙན་འོད་དཔག་མེད་ཀྱི་རྣམ་སྤྲུལ་ཡིན་ན་རྒྱ་མོ་འུན་ཤིང་བཙུན་མོར་བཞེས་འདོགས་ཁ་པོ་མ་རེད་ལ། འུན་ཤིང་ཡང་རྗེ་བཙུན་སྒྲོལ་མའི་རྣམ་སྤྲུལ་དངོས་ཡིན་ན་སྲོང་བཙན་གྱི་བཙུན་མོར་ཕེབས་མི་སྲིད་ལ་ད་ལྟའི་བོད་ཀྱི་ཆབ་སྲིད་གནས་སྟངས་ཀྱི་ཁ་གཡར་སའི་འབྱུང་རྩ་དེ་བཟོ་མི་སྲིད་པ་ཞིག་རེད། རྒྱུ་མཚན་འོད་དཔག་མེད་དང་རྗེ་བཙུན་སྒྲོ་མ་ནི་མངོན་ཤེས་དང་རྫུ་འཕྲུལ་ལ་མངའ་བརྙེས་པས་ཕྱིར། བྱས་ཙང་ཞལ་ཐང་འདི་ཚོའི་རིགས་དེ་ཡག་རྟགས་ཤིག་ཁྱོན་ནས་མ་རེད། ད་དུང་འུན་ཤིང་ཀོང་ཇོ་མ་སླེབས་སྔོན་ལ་བོད་ལ་སྤྱང་ཀི་འདྲ་བ་ཤ་རྐྱང་རྐྱང་ཟ་བ་མ་གཏོགས་འབྲུ་རིགས་དང་སྔོ་ཚལ་རིགས་དང་ཁང་ཁྱིམ་སོགས་རྩ་བ་ནས་མེད་རབས་ཚང་མ་འུན་ཤིང་ཀོང་ཇོས་གསར་གཏོད་མཛད་རབས་འབྲི་མདོགས་ཁ་པོ་རེད། ད་ནི་ནང་དོན་ཅི་ཞིག་བྲིས་འདུག་བལྟ་རྒྱུ་རེད་པ།
དེང་སྐབས་གུང་ཧོ་ཟེར་གི་མེད་པར་གསེར་ཆེན་རྫོང་ཟེར་གི་འདུག
རྒྱ་བཟའ་ཀོང་ཇོ་དེ་བོད་རྒྱལ་སྲོང་བཙན་སྒམ་པོས་དྲག་ཤུགས་ཀྱི་འཕྲོགས་པཞིག་ཡིན་པ་ནི་ཟུར་སྟས་ལེབ་ཐོང་ཞིག་འདུག་པ་མ་རྒྱ་བཟའ་དེ་རྒྱ་ནག་གོང་མའི་སྲས་མོ་ཡིན་སྤྱད་དགོས་པ་ཞིག་རེད་
ལོ་རྒྱུད་ཁག་ལས་གསལ་བ་ལྟར་།རྒྱ་བཟའ་ཀོང་ཇོ་དང་།བལ་བཟའ་འཁྲི་བཙུན་།མོང་བཟའ་འཁྲི་ལྕམས་།མིང་དེ་
དག་ལས་གོ་གནས་ཀྱི་དབྱེ་བ་འབྱེད་ཐུབ་ཀྱི་འདུག་མཉམས་།
འོན་ཀྱང་རྒྱ་བཟའ་དེ་ཁ་འབྲས་མཚར་པོ་ཨེ་ཡིན་།
ང་ནི། བོད་རྒྱལ་སྲོང་བཙན་སྒམ་པོ་དེ། སྤྱན་རས་གཟིགས་ཀྱི་སྤྲུལ་པ་ཡིན་མིན་དང་། བལ་བཟའ་འཁྲི་བཙུན་་དེ། ལྷ་མོ་ཁྲོ་གཉེར་མའི་སྤྲུལ་པ་ཡིན་མིན་དང་། །རྒྱ་བཟའ་ཀོང་ཇོ་དེ། རྗེ་བཙུན་སྒྲོལ་མའི་སྤྲུལ་པ་ཡིན་མིན་ལ་ཐེ་ཚོམ་མི་ཟ་ཡང་།
ང་ཚོས་བོད་ཀྱི་རྟེན་འབྲེལ་འཕྱུགས་པ་གཅིག་ནི། །དང་པོ་བོད་མི་རང་རིགས་མོང་བཟའ་ཁྲི་བཙུན་དང་། གཉིས་པ་བལ་བཟའ་འཁྲི་བཙུན་། གསུམ་པ་རྒྱ་བཟའ་ཀོང་ཇོ་ཡིན་པ་དགོས་པ་ལ་དེ་ནག་བསུབ་ལྟར་བཏང་ནས་རྒྱ་ནག་པོའི་རླུང་རྟ་དར་ས་དེ་ལས་བྱུང་བ་ཡིན་ནམ།
ཡང་ལོ་རྒྱུས་འགའ་རེའི་ནང་ལ་རྒྱ་བཟའ་བལ་བཟའ་ལ་སྲས་མེད་པ་དང་། མོང་བཟའ་ལ་སྲོང་བཙུན་ལ་སྲས་འཁྲུངས་ཡོད་ད་ན་ཡང་བཙུན་མོའི་ནང་ལ་རྩིས་མེད་དང་། ཆེ་བསྟོད་བྱས་མ་ཐུབ་དེ། བོད་པའི་རང་གཤིས་ལ་གཡམ་རྒྱུགས་གཅིག་ཡོད་པའི་རྟགས་རེད་སྙམ་ནས་སེམས་པས་མ་བཟོད་ནས་ཤོད་ཐལ་ཤོར་སོང་བས་ནོར་འཁྲུལ་ཡོད་ན་དགོངས་དག་ཞུ་རྒྱུ་དང་། དོན་ལ་དགག་པ་གནང་ན་དགའ་བསུ་ཡོད་ལགས།
ཆོས་རྒྱལ་སྲོང་བཙན་སྒམ་པོས་འཐོར་ཉེའི་བོད་ཁམས་ཡོངས་རྫོགས་གཅིག་གྱུར་བྱས་ཏེ་མཐའ་ཁུལ་གྱི་ཡུལ་ཕྲན་མང་པོ་བོད་འོག་ཏུ་བཅུག་ནས།ཧ་ལམ་དུས་སྐབས་དེའི་འཛམ་གླིང་གི་བཙན་རྒྱལ་ཆེ་ཤོས་སུ་གྱུར་ཡོད་པ་ལོ་རྒྱུས་སྨྲ་བ་ཚོར་ཡོངས་གྲགས་འདྲ་བོ་ཡིན་རུང་།སྐབས་དེར་དམག་དང་ཤེས་རིག་དཔལ་འབྱོར་གང་ཅིའི་ཆར་འཛམ་གླིང་གི་ཡང་རྩེ་ཤར་རྒྱ་ནག་རྒྱལ་ཁབ་དང་མཐུན་སྒྲིལ་ཡོང་ཐབས་དང་བོད་ཀྱི་མཐའ་ཁུལ་བདེ་འཇགས་ཡོང་བ།
ལྷག་པར་རྒྱ་ནག་གི་ཁྱད་འཕགས་ཤེས་རིག་མང་པོ་ཅིག་བོད་ལ་ནང་འདྲེན་བཅས་ཡོང་ཐབས་སུ་རྒྱ་མོ་བཟའ་དེ་བཙུན་མོར་བསུས་པ་ཅིག་ལས།ཁོང་ལ་བོད་ནང་འཛག་མུག་ཡོང་ནས་རྒྱ་མོ་ཅིག་ཁྲིད་ཡོང་བ་དེ་འདྲ་གང་ཡང་མ་རེད།
ལར་སྲོང་བཙན་གྱི་ལོ་རྒྱུས་དེ་རྒྱ་ནག་རང་གི་འདོད་ཚུལ་ལྟར་བྲིས་པ་ཡིན་ན་དེར་ང་ཚོར་སྐྲག་སྣང་སྐྱེ་གཞི་ཅི་གང་མི་འདུག་སྟེ།ཐང་ཡིག་གསར་རྙིང་སོགས་རྒྱ་ནག་གནའ་རབས་ལོ་རྒྱུས་གྲགས་ཅན་ཁག་ནང་སྲོང་བཙན་ནི་རྒྱ་ནག་གིས་གླག་མི་ཁེལ་སའི་ཐུ་བྷོད་ཅེས་པའི་རྒྱལ་ཁབ་སྟོབས་ལྡན་ཅིག་གི་རྒྱལ་པོ་ཡིན་པ་སོགས་བཤད་འདུག་པ་ལས།བོད་དེ་རྒྱ་ཁོངས་ཡིན་པ་དེ་འདྲ་ཅི་གང་བྲིས་མེད་པ་རྒྱ་ནག་གི་ལོ་རྒྱུས་སྨྲ་བ་ཚོར་ཡོངས་གྲགས་རེད།
འོན་ཀྱང་།གུང་བྲན་གཞུང་གིས་ལོ་རྒྱུས་རྫུན་བཟོ་བྱེད་རྒྱུར་སྐྲག་ནས་སྲོང་བཙན་ལ་བཀའ་བཀྱོན་གཏོང་བ་ནི་རྒྱུ་མཚན་ལྡན་པ་ཅིག་མ་རེད།
ཁ་གཡར་ས་ཡོད་མེད་གང་ལྟར་གུང་བྲན་གྱིས་ལོ་རྒྱུས་རྫུན་བཟོ་བྱེད་པ་འཛམ་གླིང་ཡོངས་གྲགས་རེད།གུང་བྲན་གྱིས་ཧོར་ཇིང་གུར་རྒྱལ་པོ་རྒྱ་ནག་པ་ཅིག་ལ་བརྩིས་འདུག་ག།དེར་སུ་ཡིད་ཆེས་རྒྱུ་རེད།རྒྱ་གུང་བྲན་ནང་ཁུལ་དབང་ཆ་འཐབ་རྩོད་དང་སྐྱུག་བྲོའི་གནས་ཚུལ་ལོ་རྒྱུས་མང་པོ་ཅིག་ཕྱི་རྒྱལ་དུ་དཔར་འགྲེམས་བྱས་པ་ཁག་མཐོང་སྐབས་ཧང་སངས་ཡག་ཅིག་འདུག་ག།དེ་ཚོ་རྒྱ་ནང་དུ་ཚིག་གཅིག་བྲིས་མི་ཆོག་པར་ཡག་ག་རྐྱང་རྫུན་བཟོ་བྱེད་བཞིན་པ་ཡོངས་གྲགས་རེད།
བྲག་ཞོལ་སྤེན་པ་ལགས་ནས་གསུང་པ་དེ་ལ་རྒྱབ་སྐྱོར་བརྒྱ་ཆ་བརྒྱ་ཡོད།
ཡིན་ན་ཡང་ང་ཚོས་ཤེས་དགོས་རྒྱུ་དེ་རྒྱ་བཟའ་ཀོང་ཇོ་རྒྱ་ནག་གོང་མས་དགའ་ཞིན་སྤྲོ་ཞིན་དུ་བཙུན་མོར་འཕུལ་བ་མ་ཡིན་པར་དྲགས་ཤུགས་ཀྱི་བཙུན་མོར་ཞེད་ཞིག་ཡིན་པ་ཤེས་དགོས་ཀྱི་འདུག་ལགས།
རྒྱ་བཟའ་ཀོང་ཇོར་མོ་སྒོ་དང་ཡོན་ཏན་ཕུ་སུམ་ཚོགས་པ་གཞན་མེད་པ་མིན་མོད། གཙོ་བོ་དེ། གོང་མ་ཚང་དང་གུང་ཁྲན་ཏང་ཚང་གིས་བོད་ཀྱི་བདག་དབང་བཙན་འཕྲོག་བྱེད་སྤྱད་ཀྱི་རྒྱུ་རྐྱེན་གཙོ་གནད་དེ་རེད།
ཡིན་ནའང་། སྔོན་གྱི་གོང་མ་ཚང་དང་ད་ལྟའི་གུང་ཁྲན་ཏང་གིས་བོད་མི་ཚོར་ཧམ་པ་འདི་འདྲ་ཤོད་པ་དེ་ཀོང་ཇོ་ཉིད་ཀྱི་ནོར་བ་མིན། ནོར་བ་གཙོ་བོ་དེ་ཀོང་ཇོ་མ་ཡིན་པར་མག་པ་དང་ཨ་ཞང་གཉིས་ཡིན།
དེབ་དཀར་ནང་ལ། ་་་་དེ་དུས་སྲོང་བཙན་གྱིས། བློན་ཆེན་རུ་སྟོང་བཙན་ལ་གསེར་ཕྱེ་བཻ་ལྔ་སྟོང་དང་། རིན་པོ་ཆེའི་རྒྱན་སྔ་ཚོགས་སྐཡེས་སུ་བསཀུར་བས་གོང་མ་མཉེས་ཏེ། སྟོང་བཙན་ལ་ཡང་། ་་་་་་ཞེས་སོགས་དང།
མཁས་དབང་རཀ་རའི་དེབ་དཀར་ཁ་སྐོང་ཞལ་ཆེམས་ལས། ་་་་་།ཀོང་ཇོ་དང་ལོ་གསུམ་མཉམ་དུ་བཞུགས། ཞེས་པ་རྒྱ་བཟའ་བོད་དུ་ཕེབས་ནས་ལམ་ལོ་གསུམ་འགོར་ཞིང་བཙན་པོ་དང་ལྷན་དུ་ལོ་གསུམ་བཞུགས་ཟེར་བའི་དོན་དུ་འདུག ཅེས་གསུངས་འདུག་པས་དཔྱད་དགོས་པ་མང་ངོ་། །
འདིར་ངོས་རང་ནས་ཞུ་འདོད་པ་ཞིག་ནི། བོད་རྒྱལ་སྲོང་བཙན་སྒམ་པོས་་བལ་ཟ་དང་་རྒྱ་ཟ་་་་བོད་རིགས་མོང་ཟ་་་བཅས་བླངས་རབས་མ་གཏོགས། ཞང་ཞུང་ཟ་་་བླངས་རབས་རྩ་བ་ཉིད་ནས་ཤོད་ཀྱི་མི་འདུག་པས་ངོས་རང་ནས་གསལ་བཤད་ཚིག་ཁ་ཤས་ཤིག་སྤྲོ་བར་བྱ། བོད་རྒྱལ་སྲོང་བཙན་སྒམ་པོས་བལ་ཡུལ་དང་རྒྱ་ཡུལ་ནས་བཙུན་མོ་བླངས་པའི་ལོ་རྒྱུས་ཡོད་པ་འདི་ཚོའི་ནང་ནས། ཞང་ཞུང་ཡུལ་ནས་བཙུན་མོ་བླངས་པ་དེ་་་ཆེས་དམིགས་བསལ་བ་་་ཞིག་བྱས་ན་བླངས་ཡོད། དེ་ཡིན་པའི་རྒྱུ་མཚན་ནི་བོད་རྒྱལ་སྲོང་བཙན་སྒམ་པོ་ཉིད་ཀྱི་སྲས་མོ་་་སད་མ་ཀར་་་ཞུ་བ་ཞིག་ཞང་ཞུང་རྒྱལ་པོ་་་ལིག་མི་རྐྱ་་་ལ་ཕར་ཕུལ་ནས་ཞང་ཞུང་རྒྱལ་པོ་ལིག་མི་རྐྱ་ཡི་སྲས་མོ་་་་ལིག་ཏིག་སྨན་་་་ཞུ་བ་ཞིག་བོད་རྒྱལ་སྲོང་བཙན་སྒམ་པོའི་བཙུན་མོར་ཚུར་བསུས་པའི་ལོ་རྒྱུས་ཡོད། བལ་རྒྱལ་དང་རྒྱ་རྒྱལ་གཉིས་ལ་སྲོང་བཙན་སྒམ་པོ་ཉིད་ཀྱི་སྲས་མོ་ཕར་མ་སྤྲད་ནས་ཞང་ཞུང་རྒྱལ་པོ་ལ་དམིགས་བསལ་གྱིས་ཁོང་གི་སྲས་མོ་ཕར་སྤྲད་པ་དེ། ཞང་བོད་གཉིས་ཀྱི་ལོ་རྒྱུས་ཀྱི་བདེན་དཔང་ཆེན་པོ་ཞིག་ཡིན་པར་དྲན་གྱི་ཡོད། ད་དུང་བོད་རྒྱལ་སྲོང་བཙན་སྒམ་པོས་བལ་ཟ་དང་རྒྱ་ཟ་གཉིས་ལ་ལྷ་ཁང་རེ་རེ་བཞེངས་པའི་ལོ་རྒྱུས་ཡོད་པ་བཞིན་དུ། ཞང་ཞུང་ཟ་ལིག་ཏིག་སྨན་གྱི་ཆེད་དུ་་་ཐེམ་ཆེན་ལྷ་ཁང་་་ངམ་ཡང་ན་་་ཐེམ་བུ་ཀོག་གི་ལྷ་ཁང་་་ཟེར་བ་ཞིག་བཞེངས་པའི་ལོ་རྒྱུས་འདུག། ཐེམ་ཆེན་ལྷ་ཁང་དེང་སང་ལྷ་སའི་གླིང་དུ་ནི་མཐོང་ཡུལ་གྱུར་མི་འདུག། ག་དུས་ཙམ་ཞིག་ལ་མེད་པར་གྱུར་བ་སོང་བ་ཡིན་པ་ནི་ཤོད་དཀའ། ཐེམ་ཆེན་ལྷ་ཁང་ནི་ངེས་པ་ར་དུ་ཞང་ཞུང་གི་བོན་པོའི་ལྷ་ཁང་ཞིག་ཡིན་དགོས་ཀྱི་ཡོད་པ་རེད། བལ་ཟ་དང་རྒྱ་ཟ་གཉིས་ཀྱི་ལྷ་ཁང་གནས་ཆོག་ས་ལ། ཞང་ཞུང་ཟའི་ལྷ་ཁང་དེ་གནས་མི་ཆོག་དགོས་པའི་རྒྱུ་མཚན་མི་འདུག་བ། མཆན་ཆུང་འདི་ལ་བརྟེན་ནས་བོད་རྒན་ཁྱེད་རྣམས་ཀྱིས་་་ཞང་ཞུང་ཟ་ལིག་ཏིག་སྨན་་་ཡང་མ་བརྗེད་པ་གནང་རོགས་ཞུ་རྒྱུ་ཡིན། དུས་ཚོད་ཀྱིས་དེ་ཙམ་མོ།
དྲ་གྲོགས་བོན་པོ་ལགས་ཀྱིས།
ཆོས་རྒྱལ་སྲོང་ང་བཙན་སྒམ་པོའི་བཙུན་མོ་ཞང་ཞུང་ཟ་ལིག་ཏིག་སྨན་་གྱིས་བོན་པོའི་ལྷ་ཁང་ཐེམ་བུ་ཀོག་གི་ལྷ་ཁང་བཞེངས་ནས་ག་དུས་ནུབ་པ་ཡིན་མིན་ཆ་མ་འཚལ་ཟེར།
ད་བོད་མོ་གཉིས་དང་། ཕྱི་རྒྱལ་བ་གཉིས་བཅས་བུད་མེད་བཞི་དང་འཁྲུངས་ས་བསྐྱོནད་ཀྱང་སྲས་སྲས་མོ་གཅིག་ཀྱང་མ་འཁྲུངས་པ་འདི་ཡང་སྨན་པ་དང་འགྲོགས་ནས་སྐད་ཆ་རིང་མོ་ཤོད་རྒྱུ་འདུགལ། ཡང་ན། གསང་སྔགས་ཀྱི་ཉམས་ལེན་དང་སྦྱར་རྒྱུ་མེད་དམ། ཧ་ཧ། བཙུན་མོ་བཞི་དང་བཅས། ཧུ་ཧུ། སྲས་སྲོས་གཅིག་ཀྱང་བསྐྲུན་མ་ཐུབ་པ་འདི་ཅིས་ལེན་ནམ། ཀུ་རེ་དང་བཅས།
རྒྱ་བཟའ་བོད་ལ་བསུ་སྟངས་ལ་ཞིབ་ཏུ་བསམ་ན། སྲོང་བཙན་གྱིས་རྒྱ་བཟའ་བཙུན་མོར་ལེན་དགོས་པ་ཡང་བོད་ལ་བོད་མེད་མཛེས་མ་མེད་པ་དང་བཙན་པོ་ཆགས་པ་ཆེ་ནས་མ་ཡིན་པར་སྟོབས་ཆེ་བའི་ཁྱིམ་མཚེས་རྒྱལ་ཁབ་རྒྱ་ནག་ལ་འབྲེལ་ལམ་གྱི་ཆེད་ཡིན་པ་རེད་ལ། རྒྱ་ནག་པོས་ཀོང་ཇོ་བོད་ལ་མནའ་མར་བཏང་བ་ཡང་དཔུང་དམག་ངར་ལ་སྟོབས་ཤུགས་ཆེ་བའི་སྤུར་རྒྱལ་བོད་ལ་འབྲེལ་ལམ་བཟང་དུ་བཏང་ནས་ས་མཚམས་བརྟན་པོ་ཡོང་བའི་ཆེད་དུ་ཡིན་པ་བཅས་ནི་རྒྱུ་མཚན་མང་པོ་མི་དགོས་པར་བསམ་བློ་ལེགས་པོ་ཐེངས་གཅིག་གཏོང་ན་ཤེས་ཐུབ་པའི་གནས་ཚུལ་ཞིག་རེད། ཡང་བློན་པོ་མགར་གྱིས་རིགས་པ་འགྲན་པའི་ལོ་རྒྱུས་ནི་ཁ་ཅིག་གིས་མཐའ་གཅིག་ཏུ་རྟོག་བཟོ་རེད་ཟེར་ཡང་ཁོ་བོས་བསམ་ན་རིགས་པ་འགྲན་ནས་ཀོང་ཇོ་བསུས་པ་དེ་རྟོག་བཟོ་ཡིན་ཤས་ཆེ་ཡང་དགའ་སྟོན་གྱི་ཆེད་བློན་པོ་རྣམས་རིགས་པ་འགྲན་པ་དང་། རྕལ་ཆེན་རྣམས་རྕལ་འགྲན་པ། གླུ་པ་རྣམས་ཀྱིས་གླུ་བཏང་བ། བྲོ་པ་རྣམས་ཀྱིས་བྲོ་འཁྲབ་པ། གཞན་ཡང་རྟ་རྒྱུག་པ་སོགས་མི་ཆོག་པ་ག་ལ་ཡོད། དེས་ན་སྔོན་གྱི་ལོ་རྒྱུས་སྨྲ་བ་རྣམས་ཀྱི་གསུངས་ཚད་གཞི་མེད་ཀྱི་རྟོག་བཟོ་ག་ལ་ཡིན།
༄༅།། བོད་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོས་རྒྱ་ས་ཀོང་ཇོ་བོད་དུ་བཙུན་མོར་བསུས་པའི་ལོ་རྒྱུད་ཞལ་ཐང་རིང་མོ།།
ཡང་ན། རྒྱ་ས་ཀོང་ཇོ་བོད་དུ་བཙུན་མོར་བསུས་པའི་ལོ་རྒྱུས་ཞལ་ཐང་ཆེན་མོ།།
རྒྱ་ས་བོད་དུ་བྱོན་པའི་གཏམ་རྒྱུད་ཞལ་ཐང་རིང་མོ། ཟེར་བའི་མིང་དེ་རྒྱ་མིས་ཁྲབས་ཟིན་པ་རེད།
བོན་པོ་ཕལ་ཆེར་ཞང་ཞུང་ལ་ཞེན་པ་ཆེ་བ་ལེགས་མོད། མི་རིགས་ཀྱི་ཆ་ནས་བསམ་ན་ཞང་ཞུང་ཟེར་བ་དེ་བོད་ལས་ལོགས་སུ་གྱུར་བ་ཞིག་མིན་ཏེ། བོད་ཀྱི་རྒྱལ་ཕྲན་སིལ་མ་བཅུ་གཉིས་ཀྱི་ཡ་གྱལ་ཞིག་གོ། ལྡེའི་ཆོས་འབྱུང་དུ། ཡུལ་ཞང་ཞུང ན། རྒྱལ་པོ་ཞང་ཟུང་དར་གྱི་རྗེ་ལི་ག་ཤུར་བཞུགས། བློན་པོ་སྨར་སངས་རྗེ། ཞེས་དང་། ཞང་ཞུང་སྦྲ་ཡི་རིགས་སྟེ། མིའུ་་གདུང་དྲུག་གི་ཡ་གྱལ་གལ་ཆེན་ཞིག་ཡིན་པ་ཐུགས་ལ་བཏགས་པར་འཚལ་ཞེས་ཞུ་བ་དང་། བོན་གྱི་ལྷ་ཁང་ལ་ཞིབ་འཇུག་བྱེད་ཞོར་ཏུ། ཞང་ཞུང་སྲས་མོ་་ལྷ་གཅིག་མིག་སྨན་གྱིས་ཐུགས་དམ་བཞེངས་ཚེ་ཤིག་ཕུག་རོན་ཙམ་བྱུང་བའི་རོ་ཡང་ཨེ་རྙེད་ལྟ་རོགས།ཧ་ཧ་རྩེད་མོ་ཞུ། དེ་བཞིན་རྒྱ་ཟ་ལྷ་མོ་དང་འདྲེ་མོ་གང་ཞིག་ཡིན། ལོ་རྒྱུས་ལ་བཤད་པ་སྣ་ཚོགས་བཞུགས། ། རྙིང་མའི་ཁམས་ཕྱོགས་ཀྱི་ཀཿཐོག་དང་དཔལ་ཡུལ་གཉིས་ཀྱི་རྒྱ་ཟ་དང་འབྲེལ་བའི་རྟེན་དང་། དགོན་པ་མང་པོ་ཡོད་པ་ནན་གྱིས་བཤད་གྱིན་འདུག་པས་དེ་ལ་ཡང་དཔྱད་པ་དགོས། རྒྱ་ནག་ལོ་རྒྱུས་ལྟར་ན་ཁམས་སྡེ་དགེ། རྫ་ཆུ་ཁ། གསེར་རྟ། རྔ་བ་སོགས་སུ་རྒྱ་ཟ་ཝིན་ཁྲིན་གུང་ཅོ་ཕེབས་མྱོང་མེད་མོད། རྒྱ་མོ་མང་པོ་བོད་ལ་འགྲོ་མྱོང་བས་གཞན་ཞིག་ཡིན་མིན་མ་འཚལ་ལོ། །ད་ལྟ་རྒྱ་ནག་ལ་རྒྱ་ཟ་དང་འབྲེལ་བའི་ཅ་ལག་སོགས་ལོ་རྒྱུས་ཀྱི་སྣེ་རེ་བསྟན་ན་རོགས་སྐྱོར་མི་ཉུང་བ་ཐོབ་པ་ནི་དངོས་ཡོད་རེད། ན་ཉིན་ལོ་ཞིག་ལ་རྒྱ་ཟའི་ཟློས་གར་གསར་བ་ཞིག་དང་རྒྱ་ཟའི་་གསུང་དང་ཅ་ལག་ལ་ལོ་རྒྱུས་དང་འབྲེལ་བའི་བཤད་པ་ཞིག་བྱུང་ན་གཞུང་ནས་རོགས་རམ་གནང་རྒྱུ་ཡིན་སྐོར། སྤྱི་ཚོགས་ཚན་རིག་ཁང་གི་གྲོགས་པོ་ཞིག་གིས་བཤད་བྱུང་། རོགས་དངུལ་ལེན་འདོད་མཁན་ཡོད་ན་ལས་ཁུངས་དེར་ཕེབས་ན་རྒྱུས་ཡོད་ཚོད་འདུག འོན་ཀྱང་ལོ་རྒྱུས་བོད་རང་གིས་བཞེད་པ་ལྟར་བཤད་ཨེ་ཆོག་ནི་མི་ཤེས། ད་བར་ལས་ཀ་དེ་རྩོམ་མཁན་མ་བྱུང་བས་དཀའ་ངལ་ཞིག་ཡོད་ཚོད་རེད། གོང་གི་ལོ་རྒྱུས་ལ་ལྟ་ཞོར་འདོད་ཚུལ་ཕྲན་བུ་ཞིག་བཤད་ཤོར་སོང་། །
བོན་པོ་ཚོ་སྲོང་བཙན་ལ་སྡང་སྲོལ་ཅིག་དང་གླང་དར་མར་དགའ་སྲོལ་ཅིག་ཡོད་པ་འདི། སྡོམ་རྒྱབ་ནས་ཞུས་ན་བྱུང་རབས་ཀྱི་ཆེད་དུ་མ་རེད་ལ། བོད་མི་རིགས་ཀྱི་ཆེད་དུའང་མ་རེད། དེ་ནི་ཆོས་ལུགས་པས་དབང་བསྒྱུར་མང་དྲག་ནས་རེད། དེ་མིན་བོན་ཆོས་དེ་དང་སང་ནང་པའི་གཞུང་དང་ཆ་བསྲེས་ཡ་བསྲེས་བྱས་ནས་ཕལ་ཆེར་གཅིག་པ་རེད།
ཞང་ཞུང་ཟ་ལིག་ཏིག་སྨན་དེ་ཁབ་དུ་བླང་མིན་རྩོད་གླེང་གནང་དང་གྲུབ་མཐའི་གནོད་ཤུག་སོང་མིན་མཁྱེན་ངེས་རེད་ཧཧཧཧཧཧཧཧཧཧཧ
གཟུར་གནས་ཀྱིས་བཤད་པ་བདེན། བཙན་པོ་སྲོང་བཙན་ནི་བོད་ཀྱི་རྒྱལ་རབས་རྣམས་ཀྱི་ནང་ནས་ཏོག་ལྟ་བུ་ཡིན་པ་ནི་སྲིད་ཕྱོགས་ཁོ་ནའི་ལོ་རྒྱུས་ལས་ཤེས་ཐུབ། གཞན་ཡང་ཀོང་ཇོ་ནི་ལྷ་འདྲེ་གང་ཡིན་མི་ཤེས་ཡང་། བོད་ཀྱི་མེས་པོའི་མནའ་མ་དང་། བཙུན་མོ་ཡིན་པས་མ་ཚད། སེམས་པ་བཟང་ཞིང་བོད་ལ་བློ་དཀར་བ། དེ་བཞིན་བོད་ལ་ཡང་ཕན་གང་ཙམ་བཏགས་མྱོང་བའི་མཛངས་པ་ཞིག་ཡིན་ངེས་པ་ལོ་རྒྱུས་ལས་ཤེས་ཐུབ། དེས་ན་བཙན་པོས་ཀོང་ཇོ་བསུས་པ་ནོར་མེད་ལ། ཐང་གིས་ཀོང་ཇོ་སྟེར་བ་ཡང་ནོར་མེད། དེ་བས་ཀྱང་ཀོང་ཇོ་བོད་ལ་ཕེབས་པ་ནོར་མེད། ནོར་ངེས་པ་ནི་རྒྱ་ནག་པོས་ལོ་རྒྱུས་འཁྱོག་བཤད་བྱས་པ་དེ་རེད།
ཡ་དེ་རིང་ཡང་བོན་པོས་དྲི་མེད་ལྷག་བསམ་ལགས་གསུངས་སྐད་ཤོར་དགོས་པ་ཞིག་བཟོས་འདུག། དགོངས་དག་སྐུ་རྩེད་ཞུས་པ་ཡིན། ཡུན་རིང་མ་མཇལ་པས་སྐུ་ཁམས་བདེ་བར་གནས་ཡོད་ཤག་ལགས། ཁ་སྔོན་སྐུ་ཉིད་ནས་གསུངས་པའི་བོན་དཔེ་གསེར་བྲིས་མ་དེའི་མཚན་བྱང་རགས་ཡོད་ན་གཅིག་གསུངས་རོགས་གནང། བཀའ་དྲིན་ཆེ། ད་ཡང་འདི་ནས་མར་་་་ཞང་ཞང་བོན་གྱི་རྒྱལ་ཁམས་་་ཀྱི་སྐོར་ལ་ཏོག་ཙམ་གླེང་བར་སྤྲོ། རྩ་བའི་ཆ་ནས་ཞང་ཞུང་དང་བོད་གཉིས་པོ་སྐད་ཡིག་དང་རིག་གཞུང་དད་མོས་བཅས་ཀྱི་ངོས་ནས་བདེན་པ་གཉིས་ཀྱི་རྣམ་བཞག་བཤད་པ་ལྟར། བུམ་པ་སྣམ་བུ་ལྟ་བུ་ངོ་བོ་ཐ་དད་པ་ཡང་མ་ཡིན། བྱས་མི་རྟག་ལྟ་བུ་ངོ་བོ་གཅིག་པ་ཡང་མ་ཡིན་པའི་གནས་ཚུལ་འདྲ་པོ་ཞིག་མཐོང་གི་འདུག། འོན་ཀྱང་བདེན་དོན་ངོ་མ་དེ་ནི་སྔ་རབས་ཀྱི་ཞང་ཞུང་ནི་རླབས་ཆེན་གྱི་རྒྱལ་ཁབ་ཅིག་ཡིན་པ་གཟུ་བོར་གནས་པའི་མཁས་པ་ཡོངས་ཀྱི་མགྲིན་དབྱངས་གཅིག་གྱུར་དུ་གླེང་བཞིན་པ་རེད། དཔེར་ན་བོད་རྒྱལ་སྲོང་བཙན་སྒམ་པོས་ཀྱང་ཞང་ཞུང་དབང་དུ་འདུས་ཐུབ་ཡོད་མ་རེད། ངོས་རང་གི་བསམ་ཚུལ་ལྟར་བྱས་ན་བོད་རྒྱལ་སྲོང་བཙན་སྒམ་པོ་ལ་ཞང་ཞུང་མེད་པ་བཟོ་རྒྱུའི་དགོངས་གཞི་་ཡོད་པའི་བཟོ་ཞིག་མཐོང་གི་མི་འདུག། དེ་གང་ལགས་ཞུས་ན་བཙུན་པོ་སད་མ་ཀར་གྱིས་བོད་རྒྱལ་སྲོང་བཙན་སྒམ་པོར་ཞང་ཞུང་རྒྱལ་པོ་ལ་ཡིད་མ་རངས་པའི་གནས་ཚུལ་རྣམས་ཞུས་པའི་སྐབས་སུ། བོད་རྒྱལ་སྲོང་བཙན་སྒམ་པོས་དེ་ཡི་ལན་དུ་བཙུན་མོ་སད་མ་ཀར་ལ་ཞང་ཞུང་རྒྱལ་པོའི་སྲིད་འཛིན་དགོས་པ་དང་ཚུལ་བཞིན་དུ་གནས་དགོས་པའི་བཀའ་ཕེབས་པའི་ལོ་རྒྱུས་འདུག། ཡིན་ནའང་སད་མ་ཀར་གྱིས་དེ་ལ་ཉན་འཇོག་མ་གནང་བའི་བཟོ་ལྟ་ཞིག་གིས་མཐར་སྲོང་བཙན་གྱིས་དེ་དུས་་་ཁྱུང་ལུང་དངུལ་མཁར་་་དུ་བཞུགས་པའི་ཞང་ཞུང་རྒྱལ་པོ་ལིག་མི་རྐྱ་ལ་དམག་དྲངས་ཡོད་པ་འདྲ། ཡིན་ནའང་དེའི་སྐབས་སུ་ཞང་ཞུང་དབང་དུ་འདུས་ཡོད་མ་རེད། དེ་ལྟར་ཡིན་དགོས་པའི་རྒྱུ་མཚན་ནི་སྲོང་བཙན་ནས་མར་བརྒྱུད་པའི་མི་རབས་བདུན་པ་ཁྲི་སྲོང་གི་སྐབས་སུ་གཡོ་སྒྱུའི་ཐབས་འཇུས་ཀྱིས་དེ་དུས་་་དང་ར་ཁྱུང་རྫོང་་་དུ་བཞུགས་པའི་ཞང་ཞུང་རྒྱལ་པོ་ལིག་མི་རྐྱ་་གཟིགས་བསྐོར་གྱི་ཕེབས་ལམ་དུ་བཀྲོངས་པའི་ལོ་རྒྱུས་ཡོད་པ་རེད། དེ་ནས་མར་ཕལ་ཆེར་ཞང་ཞུང་གི་སྲིད་དབང་ཐོར་ཞིག་ཏུ་སོང་པའི་བཟོ་ལྟ་ཞིག་འདུག། བཙུན་མོ་སད་མ་ཀར་ཞུ་བ་དེ་སྲོང་བཙན་གྱི་སྲིང་མོ་ཡིན་པ་ཡོད་དགོངས་དག་ད་གསལ་པོ་ཞིག་དྲན་གྱི་མི་འདུག། དེ་རིང་དེ་ཙམ་མོ།
་་་་་མཐར་སྲོང་བཙན་གྱིས་དེ་དུས་་་ཁྱུང་ལུང་དངུལ་མཁར་་་དུ་བཞུགས་པའི་ཞང་ཞུང་རྒྱལ་པོ་ལིག་མི་རྐྱ་ལ་དམག་དྲངས་ཡོད་པ་འདྲ། ཡིན་ནའང་དེའི་སྐབས་སུ་ཞང་ཞུང་དབང་དུ་འདུས་ཡོད་མ་རེད། དེ་ལྟར་ཡིན་དགོས་པའི་རྒྱུ་མཚན་ནི་སྲོང་བཙན་ནས་མར་བརྒྱུད་པའི་མི་རབས་བདུན་པ་ཁྲི་སྲོང་གི་སྐབས་སུ་གཡོ་སྒྱུའི་ཐབས་འཇུས་ཀྱིས་དེ་དུས་་་དང་ར་ཁྱུང་རྫོང་་་དུ་བཞུགས་པའི་ཞང་ཞུང་རྒྱལ་པོ་ལིག་མི་རྐྱ་་གཟིགས་བསྐོར་གྱི་ཕེབས་ལམ་དུ་བཀྲོངས་པའི་ལོ་རྒྱུས་ཡོད་པ་རེད། ་་་་་ཟེར་བ་
འདིའི་ཁུངས་གང་དུ་ཡོད་དམ་བོན་གྲོགས་ལགས།