Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྒྱ་བོད་ཚིག་མཛོད་ཐོན་རིམ་གཉིས་པ།

Posted on 2017-09-032017-09-07 By ཁ་བརྡ་ 2 Comments on རྒྱ་བོད་ཚིག་མཛོད་ཐོན་རིམ་གཉིས་པ།

-ཐེ་བོ་སངས་རྒྱས།

 
གནའ་བོའི་རྒྱ་ནག་གི་གཏམ་དཔེ་དང་། དཔེ་ཆོས། གདམས་ངག སྙན་ཚིག་གྲགས་ཅན། ཡུལ་སྐད། རྒྱུན་སྤྱོད་ཐ་སྙད་སོགས་ཀྱིས་ཕྱུག་པའི་རྒྱ་བོད་ཤན་སྦྱར་ཚིག་མཛོད་གཞིར་བཟུང་སྟེ། རྒྱ་བོད་ཚིག་མཛོད་ཅེས་པའི་མཉེན་ཆས་ཤིག་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་དང་། ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པ་གཉིས་མཉམ་འབྲེལ་གྱིས་ན་ནིང་འགྲེམ་སྤེལ་བྱས། དེའི་ནང་ཡི་གེ་མང་པོ་གཏགས་ནོར་ཤོར་བའི་ཐད་སྤྱི་ཚོགས་ཁྲོད་ལབ་གླེང་དང་། ཐ་ན་སྐྱོན་བརྗོད་རྩོམ་ཡིག་སྤེལ་མཁན་ཡང་བྱུང་ཡོད། བདེན་པ་བདེན་ཐུབ་ཀྱིས་ཉེས་པ་ཐེར་འདོན་ནི་བྱ་གཞག་གང་གི་རིགས་ལའང་དགེ་ཕན་ཆེ་ཞིང་། ལྷག་པར་དུ་ཚིག་མཛོད་ཅིག་ལ་ཆ་བཞག་ན་མིང་ཚིག་སོགས་མ་ཤེས་པའམ་ཐེ་ཚོམ་ཟ་དུས་བལྟ་ས་ཉན་དགོས་ཕྱིར་དེ་བས་ཀྱང་ངོ་། སྐྱོན་བརྗོད་ཁག་ཅིག་ནི་མགོ་མ་ཚོས་པ་ཡང་འདུག དཔེར་ན། བོད་ཡིག་གིས་རྒྱ་ཡིག་འཚོལ་ཐུབ་ཀྱི་མི་འདུག་ཟེར་བ་ལྟ་བུ་རེད།

སྤྱིར་བྱ་བ་གང་ཡིན་ཡང་སྒྲུབ་དཀའ་བ་ནང་བཞིན་ཟུར་ནས་སྐྱོན་མཐོང་དཀའ་བ་མིན་པ་ཀུན་གྱིས་ཤེས་དགོས། ཁ་སང་ཁེ་ཉིན་རྒྱ་བོད་ཚིག་མཛོད་ཐོན་རིམ་གཉིས་པ་གསར་སྣོན་Update བྱ་རྒྱུ་དྲ་ཐོག་ཏུ་བཏང་ཟིན་པས་མཁོ་མཁན་ཚོས་གཟིགས་ཐུབ། སྔ་ལོའི་ཕྱི་ཟླ་དགུ་པ་ནས་བློ་བཟང་སྦྱིན་པ་ལགས་དང་། ངེད་གཉིས་ཀྱིས་ཡི་གེ་རེ་རེ་བཞིན་འབྲུ་འདེད་ཀྱིས་ཞུ་དག་བཏང་བའི་ཁུལ་ཡིན།
ད་དུང་འདིར་ངེད་ཅག་གིས་མ་ཤེས་པ་དང་། ཤེས་བཞིན་མིག་འོག་ནས་ཤོར་བའི་སྐྱོན་ཆ་ཅི་རིགས་ཡོད་ངེས་པས་མཁྱེན་ལྡན་དག་ཡོ་བསྲང་མཛུབ་སྟོན་གནང་བར་ནན་གྱིས་ཞུ། ཕྲན་གྱིས་ཞུ་དག་སྐབས་བརྗེད་ཐོ་དུམ་ཚན་སྔ་ཕྱི་གཉིས་བཏབ་པའི་སྔ་མ་གློག་ཀླད་ནས་ཅི་ཞིག་མནན་ནོར་ཤོར་བས་བརླགས། དུམ་ཚན་ཕྱི་མ་ལས་ཇི་ལྟར་བཅོས་སྣོན་བྱས་པའི་དཔེ་མཚོན་འགའ་ཀློག་པ་པོ་རྣམས་ལ་སྤྱན་འབུལ་ཞུ།

 
1༽ བར་ཆད་གཅོད་པ། -བར་ཆད་ཟློག་པ་ལ་བཅོས་ཡོད།
གད་མོ་ཚལ་ཚལ། -གད་མོ་འཚེར་འཚེར་ལ་བཅོས།
མཐོང་མཆན། -ཐོང་མཆན་ལ་བཅོས།
དངུལ་ཐུམ་དམར་པོ།-ཤོག་ཆག་དམར་པོ་ལ་བཅོས།
གནམ་འཐིབས་ས་མུན།-གནམ་འཐིབས་ས་རུབ་ལ་བཅོས།
རྫུན་དང་ཨ་བྲའི་ཨ་མཆོག་ཐུང་།-རྫུན་དང་ཨ་བྲའི་རྔ་མ་ཐུང་ལ་བཅོས།
ཤེས་རྒྱ་མང་བ།-ཤེས་རྒྱ་ཡངས་པ་ལ་བཅོས།
དགའ་ནས་བློས་མི་ཆོག་པ།-དགའ་ནས་བློས་མི་ཐོང་བ་ལ་བཅོས།
ཤི་གསོན་ཅི་ཡོང་ཆ་མི་རྟོགས་པ།-ཤི་གསོན་ཅི་ཡོང་ཆ་མི་འཚལ་བ་ལ་བཅོས།
མངོན་སུམ་གསོན་རྗེན།- མངོན་སུམ་གསལ་རྗེན་ལ་བཅོས།
ཤིང་ཕྲུག་འཛུགས་པ།- སྡོང་ཕྲུག་འཛུགས་པ་ལ་བཅོས།
དགོད་གནས།- དགོད་བྲོ་བའི་ཡུལ་ལ་བཅོས།

 
2༽ ཚད་ཡོད་ཀུང་སི།-ཚད་ཡོད་སྤྱི་གཉེེར་ཁང་ལ་བརྗེས།
ཀྲུང་དབྱང་ལས་ཁུངས།-དབུས་གཞུང་ལས་ཁུངས་ལ་བརྗེས།
དམངས་གཙོའི་ཏང་ཤོག- དམངས་གཙོའི་ཤོག་ཁག་ལ་བརྗེས།

 
3༽ ཕྱི་ལོ།- སྤྱི་ལོ་དང་ནོར་ཉེན་ཆེ་བས་དེའི་ཚབ་ཏུ་ལོ་རྗེས་མ་བཞག
བཟའ་བ་བྱེད་པ།- བཟའ་ཟླ་སྒྲིག་པ་བརྗེས་པའི་ཐོག ཁྲུང་ས་བསྐྱོན་པ་བསྣན་ཡོད།
གོང་ཁོད་མ་ཟིན་འདི་བཞིན་རྒྱ་བོད་ཚིག་མཛོད་ཀྱི་ཡིན་སྟབས་ཀ་མད་གོ་རིམ་ལྟར་ཆགས་མེད་ལ། ཚིག་དོན་གཉིས་ཀ་རྦད་དེ་ནོར་བའི་རིགས་འདིར་ཚུད་མེད།
འདི་རུ་ཕྱོགས་ཙམ་ལས་ཞིབ་ཕྲ་ཚིག་མཛོད་རང་ལ་གསལ།

ཕབ་ལེན་དྲ་ཐག http://www.monlamit.com/node/253/

ཕྱི་ལོ་2017ཟླ་9ཚེས་3ཉིན།

ངོ་སྤྲོད།

Post navigation

Previous Post: མང་གཙོའི་དུས་ཆེན་ཐོག་གནང་བའི་གསུང་བཤད།
Next Post: སྤྲོ་ཐུང་བ་ལ་ཀུ་རེ་མ་བྱེད། 

Comments (2) on “རྒྱ་བོད་ཚིག་མཛོད་ཐོན་རིམ་གཉིས་པ།”

  1. བྱང་ཆུབ་ལོ་མ། says:
    2017-09-03 at 11:19 pm

    ལགས་སོ།། ཡི་གེ་རེ་རེ་བཞིན་འབྲུ་འདེད་ཀྱིས་ཞུ་དག་བཏང་ཡོད་ན། སྔོན་མའི་ཡིག་ནོར་ཧ་ཅང་མང་པོ་ཅན་དེ་ལས་ལེགས་པ་ཡོད་ངེས། ཐུགས་རྗེ་ཆེ་ཞུ། དག་ཡིག་དང་ཚིག་མཛོད་ཀྱི་རིགས་ནི་ཡིག་ནོར་མེད་པ་ཞིག་དགོས་པ་རེད། དེ་འདྲ་ཞིག་ཡིན་པར་སྙིང་ནས་སྨོན་པ་ཡིན།

  2. གཞུང་པ་ཚེ་དབང་བསོད་ནམས་ says:
    2017-09-04 at 12:01 am

    ད་མགོ་ཚོས་མ་སོང་བོད་པའི་སྤྱི་ཚོགས་འདི་ག་འདྲ་ཡིན་ནམ་?
    བལ་ཚོང་སྒྲིག་འཛུགས་ནས་ལུ་ཐི་ཨ་ན་དང་ལྡི་ལི་ནས་རྒྱ་མིའི་ཅ་དངོས་ཉོ་ཚོང་མི་ཆོག་ཟེར་བ་དང་བོད་པའི་སྤྱི་ཚོགས་ནང་
    རྒྱ་མིའི་བཟོས་པའི་ལག་ཁྱེར་སྐད་འཕྲིན་དང་ཁྱིམ་ཚང་སོ་སོའི་ནང་རྒྱ་མིའི་ཇ་དམ་དང་ཇ་དཀར་སོགས་བེད་སྤྱོད་བྱེད་བཞིན་པ་དང་མཐོ་རིམ་མི་སྣ་དང་མཁས་དབང་ཚོའི་རྒྱ་ཡིག་རྒྱ་སྐད་བེད་སྤྱོད་བྱེད་བཞིན་པ་དོན་དངོས་ཐོག་མི་མང་ཉམས་ཆུང་བལ་ཚོང་དང་ཞིང་ལས་བ་ཕྱུགས་གསོ་སྐྱོང་བྱེད་མཁན་དཔལ་འབྱོར་གྲལ་རིམ་གྱི་མཐའ་རུ་ཡོད་མཁན་ཚོར་གྱོང་གུན་སྤྲད་པ་མ་རེད་དམ་?

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།
  • རང་མི་རང་ལས། རང་ཁ་རང་གསོ། རང་དོན་རང་གཅེས། རང་འགན་རང་འཁུར་བྱས་ནས་གཞན་བརྟེན་འཚོ་སྐྱེལ་གྱི་བསམ་བློ་དོར་དགོས་པའི་དུས་ལ་བབས་མི་འདུག་གམ།
  • དྷ་ས་ནས་དིང་རིའི་ས་ཡོམ་ལ་ལྟ་བ།
  • སྤྱི་འཐུས་ཀྱི་འོས་བསྡུའི་ལས་རིམ་དང་འབྲེལ་བའི་སྐོར་ལ་རང་གི་བསམ་ཚུལ་གླེང་བ།
  • ཨ་རྒྱ་ར་གསུམ་གྱི་ཆབ་སྲིད་འགལ་འབྲེལ་བདེན་གཏམ་གཅེར་བུ་མ།
  • མང་གཙོ་ཁྲིམས་ཀྱི་དབང་བསྒྱུར་ནས་དམངས་གཙོ་གྲལ་རིམ་གཅིག་བསྡུས་ལ་ཁ་ཕྱོགས་པ་མ་རེད་དམ།

ཉེ་ཆར་གྱི་མཆན་བུ།

  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • འབྲོང་བུ་སོག་ཚ། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • ཚེ་བརྟན་འགྱུར་མེད། on དིང་རིར་ས་འགུལ་རྒྱུག་ནས་དྷ་ས་སེམས་འགུལ་ཐེབས།
  • ཀླུ་སྨྱོན་ཧེ་རུ་ཀ on སྐལ་བཟང་ཟླ་བ་མཐོ་རིས་བོ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།   (58)
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ། (44)
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།   (31)
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ། (25)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme