མདོ་འདུམ་ཚང་།
“བོད་ཚོ་མེད་ན། ཁྱེད་ཚོའི་འཛིན་གྲྭའི་རྒྱ་ཡིག་དགེ་རྒན་སུག་ཐུང་དེར་ཡོང་ཡུས་ (ཞོག་ཁོག)ཟ་རྒྱུ་ཡོད་ནི་མ་རེད།” འདི་དགེ་རྒན་རབ་བརྟན་གྱི་སྐད་ཆ་རེད།
ཁོང་ང་ཚོའི་སློབ་གྲའི་རྩལ་སྦྱོང་དགེ་རྒན་ཡིན། ང་ཚོའི་སློབ་གྲ་དབྱི་ཧྥུ་མི་རིགས་སློབ་འབྲིང་ཡིན། ང་དམའ་འབྲིང་དང་པོའི་འཛིན་གྲ་བཞི་བ་ཡིན།
བདུན་རེ་ལ་རྩལ་སྦྱོང་འཛིན་གྲ་གཅིག་རེ་མ་གཏོགས་མེད། རྩལ་སྦྱོང་འཛིན་གྲ་རེ་སླེབས་ན། ང་ཚོས་དགེ་རྒན་རབ་བརྟན་གྱི་རྩ་ནས་རྒྱ་ལ་མི་དགའ་བའི་རྣམ་འགྱུར་རེ་མཐོང་།
དེ་དུས། རྣམ་འགྱུར་དེ་འཇིག་ཡེར་བ་ཞིག་ཡིན། དེང་སང་རྒན་དེའི་རྣམ་འགྱུར་དེ་བསྐྱར་དུ་མཐོང་འདོད་ཅིག་འདུག ང་ཚོའི་འཛིན་གྲའི་རྒྱ་ཡིག་དགེ་རྒན་དེ་རྒྱ་མོ་ཞིག་ཡིན།
རྒྱ་མོ་དེ་སུག་ཐུང་ཞིག་ཀྱང་ཡིན། དེ་བདེན་པ་ཡིན། རྒྱ་མོ་དེ་སློབ་གྲའི་དགེ་རྒན་ཚོའི་ཁྲོད་ཀྱི་གཟུགས་ཐུང་ཤོས་དེ་ཡིན། སྐབས་དེ་དུས། དམའ་འབྲིང་དང་པོར་འཛིན་གྲ་བཞི་ཡོད།
དམའ་འབྲིང་དང་པོའི་དང་པོ་དང་དང་པོའི་གཉིས་པ། དང་པོའི་གསུམ་པ་བཅས་ལ་ལོ་རྒྱུས་དང་རྩིས་རིག སྐྱེ་དངོས། དངོས་ལུགས། ས་ཁམས་བཅས་ཚང་མ་བོད་ཡིག་ཏུ་འཁྲིད་བཞིན་ཡོད།
དམའ་འབྲིང་དང་པོའི་བཞི་བ་གཅིག་པོ་དམིགས་བསལ་ཡིན། ང་ཚོའི་འཛིན་གྲར་བོད་ཀྱི་སྐད་ཡིག་དེ་མ་གཏོགས། སློབ་ཚན་གཞན་པ་ཚང་མ་རྒྱ་ཡིག་ཏུ་འཁྲིད་བཞིན་ཡོད།
ང་ཚོའི་འཛིན་གྲའི་མིང་ལ་ཡང་རྒྱ་ཡིག་འཛིན་གྲ་ཟེར། འོན་ཀྱང་། ང་ཚོའི་འཛིན་གྲའི་སློབ་ཕྲུག་ཚོའི་རྒྱ་སྐད་རྒྱ་ཡིག་དེ། འཛིན་གྲ་གཞན་པ་ཚོའི་རྒྱ་སྐད་རྒྱ་ཡིག་ལས་དམིགས་བསལ་གྱིས་ཡག་པ་མེད།
ང་ཚོའི་འཛིན་གྲའི་ནང་དུ། རྒྱ་ཡིག་ལ་མི་དགའ་མཁན་མང་། ང་ཡང་དེའི་ཁྲོད་ཀྱི་གཅིག་ཡིན། རྒྱ་ཡིག་ལ་མི་དགའ་བ་དེས་ང་ཚོ་རྒྱ་ལ་ཡང་མི་དགའ་བ་ཆགས མཚམས་རེར།
ང་དང་ངའི་གྲོགས་པོ་ཚོ། ང་ཚོའི་སློབ་གྲའི་འགྲམ་གྱི་རྒྱ་ཡིག་སློབ་འབྲིང་དེའི་ནང་དུ། ལག་རྩེད་སྤོ་ལོ་རྩེ་བར་འགྲོ་གི་ཡོད། འགྲོ་ཐེངས་རེ་ལ་རྒྱ་ཕྲུག་ཚོ་དང་འཁྲུག་འཛིང་དང་ཁ་རྩོད་རེ་ཤོར་བཞིན་ཡོད།
འདི་ཕྱིར་དྲན་ཙམ་ཡིན། འདི་ནི་ཕྱི་ལོ་༡༩༩༩ལོའི་ཕྱིར་དྲན་ཙམ་ཡིན། ཕྱིར་དྲན་འདི་ངའི་སེམས་ན་མ་ཤི་བར་གསོན་པོར་འདུག
ད་ལོར། ངེད་ཀྱི་ངོ་ཤེས་བོད་རིགས་མཁས་བ་རྒན་པ་ཞིག་བོད་དུ་ཕྱིན་ནས་ཚུར་ལོག ང་ཚོས་ཟ་ཁང་ཆུང་ཆུང་ཞིག་ཏུ་བོད་དང་འབྲེལ་བའི་གླེང་མོལ་བྱས།
ཁོང་གིས་འདི་འདྲ་གསུངས།
“ཕྱི་ལོ་༢༠༠༨ལོའི་ཚུན་ཆད་ཀྱི། བོད་ནང་གི་བོད་མི་ཚོས་རྒྱ་ལ་བཟུང་བའི་རྣམ་འགྱུར་དང་དེའི་སྔོན་གཉིས་ཀྱི་རྣམ་འགྱུར་གཉིས་རྦད་དེ་ལོགས་ཀ་རེད་། ༢༠༠༧ལོར་ང་བོད་དུ་འགྲོ་དུས། བོད་རིགས་ལས་བྱེད་མང་པོ་གཞུང་གི་གླ་ཕོགས་དེས་འདོད་པ་འདྲ་ཞིག་ཚུམས་ནས་བསྡད་འདུག རྒྱ་མི་རིགས་དང་རྒྱ་གཞུང་ལ་མི་དགའ་བའི་སྐད་ཆ་བཤད་མཁན་མི་འདུག ད་ལོར་ང་བོད་དུ་འགྲོ་དུས།
སྔོན་ཆད་ཀྱི་མི་དེ་ཚོའི་ཁྲོད་ན། རྒྱ་ལ་མི་དགའ་བའི་རྣམ་འགྱུར་སྟོན་མཁན་ཇེ་མང་དུ་ཕྱིན་འདུག ད་དུང་། དུས་ཚོད་སྔ་ཕྱི་ཞིག་མ་གཏོགས། ཉིན་མ་གཅིག་ཡང་བསྐྱར་ལངས་གི་རེད་ཟེར་མཁན་འདུག ཐ་ན་གྲོང་གསེབ་གྱི་བྱིས་བ་སྣབས་ལུག་ཞིག་ཡིན་ན་ཡང་། རྒྱ་ལབ་ན་དགྲ་ལྟ་བུ་ཞིག་ལ་བརྩི་གི་འདུག ” ང་དང་ངའི་གྲོགས་མོས། མདུན་གྱི་ཕོར་བ་ལ་ཡང་མ་བལྟས་པར།
ཁོང་གི་གདོང་ལ་ཅེར་ནས་བསྡད་ནས། ཁོང་གི་སྐད་ཆར་ཉན་ནས་བསྡད།
སྔོན་ཆད། རྒྱ་རྒྱ་ཡུལ་ན་སྐྱིད། བོད་བོད་ཡུལ་ན་སྐྱིད་ཟེར་བའི་སྐད་ཆ་ཞིག་ཡོད། སྐད་ཆ་དེ་ལོ་རྒྱུས་ཀྱི་སྐད་ཆ་ཞིག་ཡིན། སྐད་ཆ་དེ་རྡོ་རིང་གི་ངོས་ཀྱི་ཡིག་འབྲུ་འགའ་ཡིན།
དེང་སང་། རྒྱ་བོད་ལ་མི་དགའ། བོད་རྒྱ་ལ་མི་དགའ། མི་དགའ་བ་འདི་དངོས་ཡོད་ཡིན། དེས་ན། མི་དགའ་བ་འདི་གཉིས་ཀྱི་བར་ན། དབུ་མའི་ལམ་ཞིག་ཡོད་དམ།
འདི་མཐོང་དུས་ངས་ཀྱང་དགེ་རྒན་ཞིག་དྲན་བྱུང་ཞིང་། སློབ་གྲྭའི་མ་བྱན་རྒྱ་རྒན་དེས་བོད་རིགས་སློབ་མ་ཚོར་ཟ་མ་ཡག་པོ་མ་བཟོས་པའི་རྐྱེན་གྱིས་་ཉེས་རྡུང་བཏང་བ་དང་། “ཁྱོད་ཀྱིས་རྒྱ་ཁོག་ནས་ཁ་མ་སོས་ནས་བོད་ལ་ཡོང་བ་རེད། བོད་ནས་ཁྱོད་ལ་ལས་ཀ་རྙེད་གྲོད་ཁོག་བརྒྱག་དུས་ད་ཁྱོད་ཀྱིས་ང་ཚོར་ཚུར་བརྙས་བཅོས་བྱེད་ཀྱིན་འདུག ང་ཚོ་རྒྱ་མི་རིགས་ཀྱི་གཡོག་པོ་མ་རེད། ཁོར་ཡུག་འདིའི་ནང་དུ་ཁྱོད་ང་ཚོའི་གཡོག་པོ་རེད། ད་ཁྱོད་ཀྱིས་ལས་ཀ་ངན་པ་གཅིག་ལས་ན་ངས་ཁྱོད་ཡན་པོར་མི་འཇོག་ཐག་ཆོད་ཡིན།”ཅེས་བཤད་པའི་ཚིག་དང་རྣམ་འགྱུར་དེ་ངའི་རྣ་ལམ་དང་མིག་ལམ་དུ་གསལ་པོར་འཁོར་ཡོང་གི་འདུག
གོ་ཐོས་ལ་དགེ་རྒན་ཁོང་ད་ལྟ་ལས་འཁྱུར་ངལ་གསོ་བྱས་ཏེ་ཚོང་ལས་ཙག་ཙིག་བྱེད་ཀྱིན་འདུག་ཟེར། ང་ཚོའི་སློབ་གྲྭའི་ནང་དུ་སློབ་ཕྲུག་ཉིས་སྟོང་ལྷག་ཡོད་ཅིང་དགེ་རྒན་བརྒྱ་ལྷག་ཡོད། དགེ་རྒན་ཚོའི་ནང་དུ་བོད་ཡིག་གི་དགེ་རྒན་གསུམ་ལས་མེད། བོད་ཡིག་འཛིན་གྲྭའང་ང་ཚོའི་འཛིན་གྲྭ་གཅིག་པོ་རེད། དགེ་རྒན་ཚོའི་ནང་ནས་དགེ་རྒན་ཁོང་རྒྱ་ཡིག་དང་རྒྱ་སྐད་ཡག་ཤོས་དེ་རེད། འོན་ཀྱང་ཁོང་གིས་ང་ཚོར་བོད་ཡིག་སློབ་པ་ལས་རྒྱ་ཡིག་སློབ་ཀྱིན་མེད།
སྔོན་ཆད། རྒྱ་རྒྱ་ཡུལ་ན་སྐྱིད། བོད་བོད་ཡུལ་ན་སྐྱིད་ཟེར་བའི་སྐད་ཆ་ཞིག་ཡོད། སྐད་ཆ་དེ་ལོ་རྒྱུས་ཀྱི་སྐད་ཆ་ཞིག་ཡིན། སྐད་ཆ་དེ་རྡོ་རིང་གི་ངོས་ཀྱི་ཡིག་འབྲུ་འགའ་ཡིན།
དེང་སང་སྔོན་གྱི་སྐད་ཆ་དེ་འགྱུར་བ་ཕྱིན་ནས་རྒྱ་བོད་ཡུལ་ན་སྐྱིད། བོད་ལ་ས་ཁྱོན་ནི་ཆེ། མཁའ་དབུགས་ནི་གཙང་། གཏེར་ཁ་ནི་མང་། ཐོན་ཁུངས་བཟང་། རྒྱུ་མཚན་དེ་དག་གི་བོད་ཡུལ་རྒྱ་ཡུལ་དུ་བསྒྱུར་རྒྱུའི་ཆ་ཤས་སྣ་ཚོགས་ཤིག་འཐེན་བཞིན་ཡོད་པས་དེ་ཚོ་ཤེས་པའི་ཐོག་ནས་ང་ཚོས་ཡང་ཐབས་ལམ་ཞིག་བཙལ་དགོས་པ་དེ་དབུ་མའི་ལམ་ལས་ལྷག་པ་ཞིག་མ་རྙེད་པ་རེད།
the teacher is so good
རྒྱ་བོད་ལ་མི་དགའ་བ་མ་རེད། བོད་རྒྱ་ལ་མི་དགའ་བ་དེ་བས་ཀྱང་མ་རེད། བོད་རྒྱ་གཞུང་གི་སྲིད་བྱུས་ངན་པ་དང་། དེའི་རྗེས་འབྲས་ངན་པ་བོད་ལ་ནང་ལ་རྒྱ་མིའི་སྐྱག་གཅིན་དང་དུག་རྫས་མང་བ་ལ་མི་དགའ་བ་རེད། རྒྱ་མིས་བོད་ལ་མི་དགའ་ཚུལ་ངས་མི་ཤེས། གལ་སྲིད་ཡོད་ན་ནི། ཏང་མི་ཚོས། བོད་མི་ཚོ་རང་གི་བོད་ཡུལ་དུ་མི་རིགས་རིམ་པ་གཉིས་པ་བྱས་ནས་སྡོ་འདོད་མེད་པ་ལ་མི་དགའ་བ་ཡིན་སྲིད། དེ་ནི་བདེན་པའི་མཐའ་སེལ་ཐུབ་ངེས་ཅིག་རེད་སྙམ།