ཨེ་མ་ཧོ།
ན་མོ་གུ་རུ་ཏཱ་ལའི་ར་ཛ་ཡེ།
ཁྲི་གདུགས་ཉི་མའི་འོད་བཞིན་ཀུན་ལ་གསལ་བའི།།
བོད་རྒྱལ་སྲིད་འཛིན་སེངྒེའི་བོད་འབངས་ཡོངས་དང།།
ཀུན་མུད་གཉེན་བཞིན་རུལ་གསེང་ཚ་བརླབ་སེལ་བའི།།
རྒྱ་ནག་རྒྱལ་པོ་ཞི་ཆེན་ཕན་གྱི་སྡེ་འབངས།།
ལམ་མཆོག་དབུ་མའི་གཉིས་ཕན་ཞི་བདེའི་ཉི་མ།།
རྒྱ་བོད་མཛའ་མཐུན་ཟབ་པའི་བརྩེ་དུང་ཟླ་བ།།
འཛམ་གླིང་ཆིག་སྒྲིལ་ནུས་པའི་ཕྲིན་ལས་སྐར་ཚོགས།།
རབ་རྒྱན་ཤིང་ལུག་ལོ་གསར་མཉམ་དུ་ཚེས་ཤོག།
ཞིང་འབྲོག་དགོན་སྡེའི་ཆོས་སྒོ་ཉི་མ་ཤར་ཤར།།
གྲོང་དང་གྲོང་བརྡལ་ཚོང་ལས་ལྷོ་སྤྲིན་ཚུབ་ཚུབ།།
བྱང་ཕྱོགས་ཁ་བའི་མེ་ཏོག་འདབ་བརྒྱ་གྲོལ་ནས།།
གང་བསམ་ལྷུན་གྱིས་འགྲུབ་པའི་བཀྲ་ཤིས་བདེ་ལེགས།།
ཞེས་པ་རབ་རྒྱན་ཤིང་ལུག་མཆུ་ཟླའི་དབང་ཚེས་གཟའ་སྐར་དགེ་བར་ལོ་གསར་རྒྱ་བོད་གཅིག་ཏུ་ཁེལ་འདུག་ཅེས་བོད་མོ་སྒྲོལ་ལ་ཆོས་འཚོ་དང་རྒྱ་མོ་ཡེ་ཤེས་ལྷ་མོས་སྐུལ་ངོར་གང་ཤར་དུ་དབྱིན་ཡུལ་ཀུན་བཟང་ཆོས་གླིང་གི་རི་ཁྲོད་སྐུ་གསུམ་ཕོ་བྲང་ནས་རིག་འཛིན་ཨེ་མ་ཧོས་གུས་པས་ཕུལ་བས་དོན་དང་ལྡན་པར་གྱུར་ཅིག་གུ།། །།
བོད་མང་གཙོའི་སྲིད་འཛིན་བློ་སེངྒེ་འོག་གི་གཞིས་བྱེས་གཉིས་།
རྒྱ་ནག་དམངས་གཙོའི་སྲིད་འཛིན་འོག་གི་མི་མང་ཡོངས་།།
ཧོར་ཟླ་ཡིན་ནའང་ཡིན་དུ་ཆུགས། །
རྒྱ་ལོ་ཡིན་ནསང་ཡིན་དུ་ཆུགས། །
བོད་ལོ་མིན་ནའང་མིན་དུ་ཆུགས། །
རྒྱ་བོད་ཧོར་གསུམ་ལོ་གསར་གཅིག །
རྒྱ་བོད་གསུམ་མི་རིགས་གཅིག །
རྒྱ་བོད་ཧོར་གསུམ་ས་ཁྱོན་གཅིག །
རྒྱ་བོད་ཧོར་གསུམ་ཆོས་དད་གཅིག །
རྒྱ་བོད་ཧོར་གསུམ་ལོ་གསར་གཅིག །