ཨེ་མ་ཧོ།
ཀྱེ་མ་ཀྱེ་ཧུད།
དད་ལྡན་སྦྱིན་པའི་བདག་པོའི་དངུལ་ཆུ་དག །
འདོད་ལྡན་རྒྱ་བླ་རྒད་པོས་ཧུབ་འཐུང་གིས།།
སྐལ་བཟང་གྲྭ་བའི་ཁ་རུ་ཆུ་ཐིགས་ལས།།
ཁྲེལ་མེད་རྒྱ་བླ་རྒད་པོས་འཐུང་འདི་སྐྱོན།།
རྒྱ་ཡི་ཡུལ་ནས་ཉ་འབུ་སྲོག་བླུ་ཙམ།།
བོད་ཀྱི་ཡུལ་ནས་གྲོག་ཚང་སྟོང་ཕྲག་བརླགས།།
རྒྱ་ཡུལ་སྲོག་བླུ་བོད་ཡུལ་སྲོག་གཅོད་དག །
བསམ་ཚེ་ཆོས་མཛད་རྒྱ་བླ་ཉིན་སྐར་ཙམ།།
ཉམ་ཆུང་སྤྲང་ཕྲུག་རིག་ན་ཁྱད་གསོད་དང་།།
གསེར་ཏོག་གསེར་སྐུ་རིགས་ལ་ཞེན་ཆགས་ཅན།།
བསྟན་འགྲོའི་ཕན་བདེ་བཤད་སྒྲུབ་རི་བོང་རྭ།།
ཁོར་ཡུག་གཏོར་བརླག་མཁན་ལ་ཞེན་པ་ལོག །
ད་ནས་བཟུང་དེ་ངོ་གཉིས་ཁྲམ་པའི་རིགས།།
རྐུ་རྫུན་ཇག་པའི་གཡུལ་ནས་རབ་བྲོས་ནས།།
ཞི་བདེ་དབེན་པའི་རྒྱལ་ས་ལེགས་བརྟེན་ནས།།
བཅོམ་ལྡན་རྒྱལ་བ་དགྱེས་པའི་རྟུལ་ཞུགས་ལས།།
ནམ་ཡང་ཉམས་པ་མེད་པའི་དམ་བཅའ་བྱ།།
རྒྱ་བླ་དབྱིན་བླའི་སྤྱོད་པ་གཅིག་ཡིན་པས།།གཅིག་གིས་གཅིག་ལ་ཕྲག་དོག་མ་མཛད་རོགས།།
ཕྱི་རྒྱལ་དབྱིན་མོ་རྣམས་ལ་ཆོས་ལོག་བསྟན། །ཆགས་སྤྱོད་དམར་ཁྲིད་པ་ལ་རྟག་ཏུ་འདུད། །
མགོ་སེར་བུ་མོ་ལྷ་མོར་གཟིགས་ནས་སྣང་བ་འཁྲུལ།།
རྨི་ལམ་འཁྲུལ་སྣང་ལུང་བསྟན་ཟེར་ནས་བསླུ་འཁྲིད་བྱེད།
མི་ཆོས་རྫུན་གྱི་འཁོར་ལོ་བསྐོར་བའི་རྒྱ་དང་དབྱིན།
མཁན་སྤྲུལ་གང་དུ་ཡོད་ཀྱང་དབྱེར་མེད་རོ་གཅིག་ཡིན།
བོད་པའི་ཁ་ལས་རླུང་རྟ་མར་ནས་མར་དུ་འགྲོ།
མི་བྱེད་དགུ་བྱེད་བླ་ངན་སྤྲུལ་ངན་འདི་ཚོ་ཡིས།
གསེར་ལས་ལྷག་པའི་ནང་ཆོས་ལོག་པར་སྤྱོད་བཞིན་དུ།
མཛེས་མར་འཐམས་ཤིང་འཁྲིག་སྤྱོད་ནང་དུ་འཐིམས།
ཀྱེ་མ་ཀྱེ་ཧུད་་་་་་བོད་པའི་སྤྲུལ་ངན་ཚོ་་་་་་་་
ཡ་མཚར་རེད། དེང་གི་དུས་འདིར་བོད་ནང་གི་བླ་མ་མཁས་དབང་དུ་མས་སྣེ་ཁྲིད་ནས་རྒྱ་ནག་གི་འདུལ་ཞིང་ན་བོད་རྒྱུད་ནང་བསྟན་སྤེལ་བཞིན་དད་ལྡན་གྱི་འབུལ་བ་བསྡུས་ནས་ཆེ་ས་ནས་བོད་ཡུལ་ལ་སློབ་གྲ། སྨན་ཁང་དང་དགོན་པ། ཆུང་ས་ནས་རང་གི་ཡུལ་ཚོ། ནང་མི་སྤུན་ཟླ་སོགས་ལ་ཕན་གང་ཡོང་བ་བྱེད་པའི་དུས་འདིར་བདག་ཅག་གི་སྨྱུག་འཛིན་པ་དག་ནས་རྒྱ་བླ་ཟེར་བའི་མིང་ཚིག་གསར་བ་ཞིག་ཐོན་བྱུང་། སྤྱིར་ལྷ་ཡོད་ས་ལ་འདྲེ་ཡོད་པའི་དཔེ་ལྟར་རྒྱ་ནང་ལ་བོད་ཆོས་སྤེལ་བཞིན་པར་བླ་མ་དང་མཁས་དབང་རྐྱང་མིན་པར་སྐབས་ཚོལ་བ་ཡང་ཡོད་ངེས་རེད།
ཞིབ་ཏུ་བསམ་བློ་ཞིག་བཏང་ན་དེང་སྐབས་ཀྱི་བླ་མ་གྲ་བ་མཁས་པ་དང་སྐབས་ཚོལ་བ་གང་གིས་རྒྱ་ནག་མ་འགྲིམ་སྔོན་ནས་བོད་ཀྱི་ལོ་རྒྱུས་ནང་ས་སྐྱ་སྐུ་འཕྲེང་སྔོན་མ་སོགས་ཙི་ན་ལ་ཕེབས་པ་རེད་ལ་ཆོས་ཡང་སྤེལ་བ་རེད། དུས་འགྱུར་རྗེས་ཐོག་མར་ཆོས་རྒྱུད་ཁག་ནས་གཙོར་བྱས་མཐར་རི་བོ་དགེ་ལྡན་པ་རྣམས་ཡང་ནུབ་གླིང་ལ་ཕེབས་བས་བོད་ཆོས་སྤེལ་ཞོར་འབུལ་བ་བསྡུ་ལེན་བྱས་རེད་ལ་བྱེད་བཞིན་པ་ཡང་རེད། འདི་དག་ལ་རྒྱ་བླ་ཡང་ན་དབྱིན་བླ་ཞེས་མི་འབོད་པ་དང་དེང་གི་རྒྱ་ཡུལ་ལ་ཕེབས་འདུག་གནང་བཞིན་པ་དག་ལ་དམིགས་སུ་བཀལ་ནས་རྒྱ་བླ་ཞེས་ཟུར་ཟའི་མིང་འདི་བརྗོད་པ་ཕྱོགས་ལྷུང་ལ་མ་བཏང་ན་དྲང་མོ་ཞིག་མཐོང་མ་སོང་།།
དབྱིན་སྒོར་སྔོན་པོ་རགས་ན་ཡག་རྒྱུ་ཞིག རྒྱ་སྒོར་དམར་པོ་རགས་ན་སྡུག་རྒྱུ་ཞིག དབྱིན་མོ་དགའ་རོགས་རྟེན་ན་ཡག་རྒྱུ་ཞིག རྒྱ་མོ་དགའ་རོགས་རྟེན་ན་སྡུག་རྒྱུ་ཞིག
མཁན་པོ་ལགས། ཁྱེད་རང་ཕྱི་བླ་ཞིག་གིས་རྒྱ་བླ་ལ་སྨོད་པ་ནི། ཁ་ཏ་ཞིག་གིས་ཕོ་རོག་ཅིག་ལ་ཁྱོད་རང་ག་འདྲའི་ནག་པོ་འདུག་ཟེར་བ་ལྟ་བུ་མ་རེད་དམ།
རྒྱ་བླ་ཟེར་དུས་རྒྱ་དཀར་ནག་གི་བོད་བླ་རྫུན་མ་ཡོངས་ལ་གོ་ས་རེད་དྲན། ཁྱད་པར་རྒྱ་ནག་གི་སངས་རྒྱས་གསོན་པོའི་ལག་ཁྱེར་ཡོད་པ་ཚང་མ་ལ་གོ་ས་རེད་དྲན། དེ་ཙམ་ཡིན།