འདྲེན་ཁུངས། བོད་ཀྱི་དུས་བབ་དྲ་ཚིགས།
ཁ་སང་པེ་ཅིན་གྱི་ཉིན་གུང་ཆུ་ཚོད་༡༢ དང་སྐར་མ་༤༠ ཙམ་ལ། རྒྱ་ནག་ཀྲེ་ཅང་ཞིང་ཆེན་ཧྲེ་ལིན་གྱི་རྫོང་ཁག་༡༣ ནང་གློ་བུར་རྒྱ་མཚོའི་རྦ་རླབས་ཀྱི་མཐོ་ཚད་སྨི་༣༠ ལྷག་ཡར་འཕྱུར་ཏེ། མི་༣༠ ལྷག་ལ་རྨས་སྐྱོན་དང་། མི་འབུམ་༦ ཙམ་ལ་གནོད་སྐྱོན། དེ་བཞིན། རྒྱ་སྒོར་དུང་ཕྱུར་༤ ལྷག་གི་དཔལ་འབྱོར་གྱོང་གུད་ཐེབས་ཡོད་པ་སོགས་རང་བྱུང་གི་གནོད་འཚེ་ཆེན་པོ་ཐེབས་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག་ཀྱང། ད་སྔ་མི་འདས་གྲོངས་སོང་བའི་གནས་ཚུལ་གསལ་བོ་མི་འདུག གནས་ཚུལ་རྒྱས་པ་འདིར་གཟིགས་ http://www.tibettimes.net/news.php?showfooter=1&id=8028
བོད་ཀྱི་མཁས་པའི་དབང་པོ་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ལགས་ལྟ་བུ་སྐུ་གཤེགས་པའི་གསར་གནས་དྲ་རྒྱ་འདིར་མི་ཚུད་པར་རྒྱ་ནག་ལ་མཚོ་འཕྱུང་བྱུང་བའི་གནས་ཚུལ་གལ་ཆེར་དགོངས་ནས་དྲ་རྒྱ་གཞན་ནས་འདྲེན་བཀོད་བྱས་པ་ནི་ཨ་ལ་ལ་ལ།
གནས་ཚུལ་ཟད་སོང་བ་ཡིན་རྒྱུ་མ་རེད།
རྒྱ་མཚོ་འཁྱོམས་པ་མ་རེད་གཙང་བོ་འཁྱོམས་པ་རེད། རྒྱ་ནག་གི་ས་རྒྱུས་ལ་ཆ་རྒྱུས་མེད་པའི་བོད་ཀྱི་དུས་བབ་དྲ་ཚིགས་ཀྱིས་གསར་འགྱུར་འདི་རིགས་སྤེལ་དུས་ཞུ་དག་གཙང་མ་གནང་རོགས། ཆུ་སྐྱོན་བྱུང་ས་རྒྱ་ནག་གི་མངའ་སྡེ་ཀྲེ་ཅང་གི་གྲོང་ཁྱེར་ཧེ་ཉིན་ཟེར་བ་དེ་རེད། གྲོང་ཁྱེར་དེ་གཙང་བོ་ཁྱེན་ཐང་གི་འགྲམ་ན་ཆགས་ཡོད་པས་ཕྱི་རྒྱ་མཚོ་ནས་ཐོན་པའི་རླུང་རྒྱ་གྲུམ་དང་ཟླ་བའི་ཟིལ་ཤུགས་ཀྱིས་གོད་ཆགས་འདིབསླངས་བ་ཡིན། འདི་ནི་གཙང་བོ་འཕྱར་བ་ཙམ་ལས་རྒྱ་མཚོ་འཁྱོམས་པ་༼tsunami༽་མ་ཡིན་ནོ། གཙང་བོའི་འཁྱོམས་པའི་རྒྱུ་མཚན་གསལ་བོ་ཤེས་འདོད་ན་འདི་ལ་གཟིགས།
http://www.baike.com/wiki/钱塘江大潮
ད་ལྟོས་འ། གཏི་མུག་ཅན་ཁག་ཅིག་གིས་འདི་ནི་ལས་རྒྱུ་འབྲས་འཁོར་བ་རེད་ཟེར་རམ། ལྷ་ཆོས་སྲུང་གི་བཀའ་ཆད་རེད་ཟེར་གི་རེད།
tsunamiནི་རི་པིན་ཇར་པེན་གྱི་སྐད་ཡིན་པ་དང་། དེ་ཡང་ཆུ་རི་ཞེས་པའི་དོན་རེད་ཟེར་བ་ཅིག་གོ་བྱུང་།
རྒྱ་ནག་ལ་ཆུ་ལོག་རྒྱུག་ནས་གོད་ཆག་བྱུང་ན་བོད་པ་ཚོ་སྡུག་དགོས་པ་ཅང་ཨེ་ཡོད་དམ།
ལས་འབྲས་འཁོར་བ་ལོས་ཡིན། སྟོད་ནས་ས་བརྐོ་རྡོ་སློག་དང་ཤིང་ནགས་གཅོད་བསྲེགས་བྱས་པའི་འབྲས་བུ་ལོས་ཡིན།
མེ་ཏོག་དཀར་པོ་ཟེར་བ་དེས་ལས་འབྲས་ཀྱི་དོན་གོ་གི་མེད་པ་འདྲ། ཁག་ཡོད་མ་རེད། ནང་ཆོས་ལ་སློབ་སྦྱོང་མེད་ན་ཚིག་དེ་ཚོ་ལས་སླ་བོ་ཡོད་མ་རེད་ལགས།
་་་་ ད་ལྟོས་འ། གཏི་མུག་ཅན་ཁག་ཅིག་གིས་འདི་ནི་ལས་རྒྱུ་འབྲས་འཁོར་བ་རེད་ཟེར་རམ། ལྷ་ཆོས་སྲུང་གི་བཀའ་ཆད་རེད་ཟེར་གི་རེད། ་་་་་ཟེར་བ་ལ།
ལན་དུ།
་་་་ ལས་འབྲས་འཁོར་བ་ལོས་ཡིན། སྟོད་ནས་ས་བརྐོ་རྡོ་སློག་དང་ཤིང་ནགས་གཅོད་བསྲེགས་བྱས་པའི་འབྲས་བུ་ལོས་ཡིན།
མེ་ཏོག་དཀར་པོ་ཟེར་བ་དེས་ལས་འབྲས་ཀྱི་དོན་གོ་གི་མེད་པ་འདྲ། ་་་་་ཟེར།
ལས་འབྲས་སོགས་རྟེན་འབྲེལ་ལ་མ་ལྟོས་པའི་ཆོས་ཅིག མེ་དཀར་གྱིས་འཇོག་ཐུབ་མ། ལགས། མེ་དཀར་ལགས།
བོད་པ་ཚོ་ཡུལ་གྱར་ནས་སྤང་ལ་སྲན་མ་འཐོར་བ་ལྟར་སོང་བ་འདི་ལས་འབྲས་ཨེ་རེད། ད་དུང་འདས་པོ་བརྒྱ་དང་ཉི་ཤུའི་དོན་རྐྱེན་དེ་ཚོ་ལས་འབྲས་ཨེ་རེད།
༨༽ མེ་ཏོག་དཀར་པོ་ནས།
སྤྱི་ལོ་ ༢༠༡༣ ཟླ་ ༨ ཚེས་ ༢༤ གི་ཆུ་ཚོད་ ༥ སྐར་མ་ ༣༩
བོད་པ་ཚོ་ཡུལ་གྱར་ནས་སྤང་ལ་སྲན་མ་འཐོར་བ་ལྟར་སོང་བ་འདི་ལས་འབྲས་ཨེ་རེད། ད་དུང་འདས་པོ་བརྒྱ་དང་ཉི་ཤུའི་དོན་རྐྱེན་དེ་ཚོ་ལས་འབྲས་ཨེ་རེད།
ཞེས་པའི་ལན་དུ།
འདི་ལས་ཀྱི་འབྲས་བུ་ཡིན་དང་ཡིན། འདས་པོ་བརྒྱ་དང་ཉི་ཤུའི་དོན་རྐྱེན་དེ་ཚོའི་སྔར་གྱི་ལས་ཀྱི་འབྲས་བུ་མྱོང་བ་ལས་ལྷག་པ། བྱེད་དུ་བཅུག་མཁན་རྒྱ་གཞུང་ལས་བྱེད་ཚོས་ཀྱང་། ལས་ངན་ཚབ་ཆེན་གསོག་བཞིན་ཡིན་པ་ཡང་འདོད་དོ། མེ་དཀར་ལགས། ཁྱེད་རང་ཡང་། འདིར་དྲི་བ་དང་། ལན་འདེབས་པ་འདི་ཡང་ལས་བཟང་ངན་ཅི་རིགས་ཅིག་གསོག་བཞིན་ཡོད་རེད་དོ། །དྲ་གྲོགས་ལགས།། །།
རེ་པེ་ལགས། ལགས འོ་ཛི་ད་ཡིན་ནནནནན
ལགས་རེད། འབྲས་ལྗོངས་རྒྱལ་རབས་མིང་མེད་་རྩ་གཏོར་ཏུ་ཕྱིན་པ་ཡང་ལས་རེད་དོ། འབྲས་ལྗོང་པ་མེ་དཀར་ལགས།
ཧཧཧ་་་དེ་རིང་ཀརྡོས་མེ་དཀར་ཏག་ཏག་བཟོས་སོང་།
ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ནི་ཞ་སྒབ་པའི་སྲིད་དོན་རྒྱལ་རབས་ཀྱི་དགག་ལེན། བོད་ཀྱི་རྒྱལ་རབས་ལོ་རྒྱུས་རག་རིམ་གཡུ་ཡི་ཕྲེང་བ་ཡིན་ན་དེའི་རྩོམ་སྒྲིག་པ་རེད། མི་འདི་འདྲ་ལ་རྗེས་དྲན་ཞུ་དགོས་རྒྱུ་ཅི་ཡོད།
ལགས་ཧངངྒ་རིའི་། ལགས་། ལགས། ལགས།
ལགས་ཡིན། ཧང་གྷ་རིའི་བོད་རིགས་ཅིག་ཡིན་ལགས། ལགས་རེད། མེ་དཀར་ལགས། ཁྱེད་རང་ཡང་། རྒྱ་གར་གྱི་བོད་པ་ཅིག་རེད་ལགས། ལགས་སོ། ལགས་ལགས་སོ།། །།ཀུ་རེ་དང་བཅས།།ཕུལ།།
རྒྱ་མཚོ་འཁྱོམ་ན་འཁྱོམ་གི་བཅུག།
རྒྱ་མི་འཁུར་ན་འཁུར་གི་བཅུག།
བོད་མིས་སེམས་ཁྲེལ་བྱེད་དགོས་མེད།།
རྒྱ་བོད་གཉིས་ཀ་དགྲ་ཟླ་ཡིན།།
ཆབ་སྤེལ་བོད་ལ་བཀའ་དྲིན་ཆེ།།
གསུང་རྩོམ་ཡིག་འབྲུ་དུང་ཕྱུར་ཡོད།།
སྔར་མེད་གསར་རྩོམ་དུ་མ་ཡོད།།
མཁས་བླུན་མང་པོར་ཕན་ཐོག་ཆེ།།
སྲིད་རྒམལ་དགག་ན་དགག་གི་བཅུག།
ནོར་འཁྲུལ་ཡོད་ན་བསལ་གི་བཅུག།
ལོ་རྒྱུས་བདེན་པར་བཤད་ཀི་བཅུག།
འཁྲོག་ལ་ཞན་པ་བསྲང་དུ་བཅུག།
ཞ་སྒབ་རྒྱལ་རབས་ཡག་པོ་ཡོད།།
བོད་ཀྱི་རང་བཙན་བསྒྲུབས་ནས་ཡོད།།
རྒྱ་དམར་སྙིང་ཁམས་དཀྲུགས་ནས་ཡོད།།
བོད་རྒྱ་གསལ་བའི་རྡོ་རིང་ཡིན།།
ཆབ་སྤེལ་དགག་པ་ཁ་སྣོན་ཡིན།།
ཞ་སྒབ་རྒྱལ་རབས་ཁ་སྣོན་ཡིན།།
གཉིས་ཀའི་ཅུང་འགལ་བ།།
མཁས་པ་སོ་སོའི་དགོངས་བཞེད་རེད།།
༡༦༽ གཅན བཟོད་རྒྱ་ཡིས།
རྒྱ་མཚོ་༼འཁྱོམ་༽ན་འཁྱོམ་༼གི་༽བཅུག།
རྒྱ་མི་༼འཁུར་༽ན་༼འཁུར་༽༼གི་༽བཅུག།
བོད་མིས་སེམས་༼ཁྲེལ༽་བྱེད་དགོས་མེད།།
རྒྱ་བོད་གཉིས་༼ཀ་༽དགྲ་ཟླ་༼ཡིན༽།།
ཀརྡོས།
རྒྱ་མཚོ་འཁྱོམས་ན་འཁྱོམ་ཏུ་བཅུག །
རྒྱ་མི་འཁྱེར་ན་འཁྱེར་དུ་བཅུག །
བོད་མིས་སེམས་ཕྲལ་བྱེད་དགོས་མེད། །
རྒྱ་བོད་གཉིས་ནི་དགྲ་ཟླ་རེད། །ཅེས་པ་ཞིག་མི་དགོས་སམ། ལགས།
ཀ་རྡོ་ལགས་ཀྱིས་ཞུས་དག་གནང་བར་དགའ།
༼རྒྱ་མཚོ་འཁྱོམ་ཏུ་བཅུག༽ ཅེས་པའི་ཏུ་ཡིག་དེ་ཁྱོད་ལ་ཕྱིར་རྔན་པ་སྤྲད་པ་ཡིན། གཉིས་ཀ་དེ་གཅིག་མཚུངས་ཡིན་པས་ང་ལ་མི་དགོས།
ཆུས་འཁྱེར་དང་འཁུར་ཟེར་བ་གཉིས་ཀ་གཅིག་པ་རེད། ང་ཚོས་ཆུས་འཁུར་ཟེར་བ་ལས་ཆུས་འཁྱེར་ཟེར་བའི་སྲོལ་མེད། དེ་བས་དེ་ལྟར་དུ་བྲིས་པ་ཡིན།
ཡ་ཡ། ད་ཁྱད་ཆེར་མི་འདུག ང་མི་ཁོམ་གི