བོད་སྒྱུར་ ཚེ་རིང་དོན་གྲུབ
China Digital Times [April 07, 2008]
གཤམ་གྱི་རྩོམ་ཡིག་འདི་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་སློབ་མ་ཞིག་ནས་བྲིས་ཞེས་མཚན་རྟགས་བཀོད་འདུག CDT ནས་བསྒྱུར་།
བོད་ཀྱི་ས་ཁུལ་དུ་ཡར་རྒྱས་ཆེན་པོ་འགྲོ་བའི་སྐབས་འདིར་ངས་རྩོམ་ཡིག་ཅིག་འབྲི་འདོད་བྱུང་། ཡིན་ནའང་། རྒྱལ་ཁབ་ཕྱི་ནང་གཉིས་སུ་གསར་འགྱུར་བརྒྱུད་ལམ་དུ་གནས་ཚུལ་གཏོང་སྤེལ་གནང་བ་དེ་མཐོང་རྗེས། ངས་གང་ཞིག་ལ་ཡིད་ཆེས་བྱེད་དཀའ་བ་བྱུང་། ངས་རྣམ་དཔྱོད་ཀྱང་བོར་སོང་། རྩོམ་ཡིག་འབྲི་བའི་འགོ་འཛུགས་ཐབས་ཤེས་བྱས་ཡང་། ངས་མུ་མཐུད་ནས་འབྲི་མ་ཐུབ། རྒྱུ་མཚན་ནི་ངའི་ཚོར་ཤེས་དེ་ཧ་ཅང་རྙོག་དྲ་ཞིག་གི་ནང་དུ་འཚུད་། དེ་རིང་ཕྱི་དྲོ་། ངས་ལས་གྲོགས་ཞིག་ལ་གནད་དོན་དེའི་སྐོར་ཡང་བསྐྱར་གླེང་མོལ་བྱས་བ་དང་ཁ་བརྡ་དེ་འཁྲུག་རྩོད་ནང་ཛ་དྲག་ཏུ་གྱུར་། མཐར་མར་ལས་གྲོགས་ཀྱིས་ “རྒྱ་ནག་དམར་ཕྱོགས་པའི་”་རྣམ་པ་སྤྱད་ནས་སྨྱོ་བ་ལྟ་བའི་གདོང་བསྟན་ཏེ་་“ཁོང་ཁྲོས་ཚིག་ངན་དུ་ནག་འཕྱུར་འཕྱུར”ངང་ནས་ང་ལ་མཚམས་བཞག དེ་ནི་དོན་མེད་ཅིག་ཏུ་བསམ་ནས་ངས་རང་ཉིད་ཀྱི་ཁ་བཙུམ་པ་ཡིན། ངས་མི་སྣ་མང་པོ་མཉམ་དུ་ལས་ཀ་བྱས་ཡོད་། ཡིན་ནའང་། མི་མང་པོ་ཞིག་འདི་ལྟར་ཀླད་པ་སྒྱུར་བཀོད་བྱས་ཡོད་པ་ངས་ཡིད་ལ་འཆར་མ་སོང་།
གཙོ་བོ་ནི་རྒྱ་རིགས་མང་པོ་ཞིག་དང་བོད་རིགས་ཁ་ཤས་ཀྱིས་ཁེ་ཕན་གྱི་བསམ་འདུན་ལྷན་གནམ་སྔོན་པོ་དང་། སྤྲིན་པ་དཀར་པོ། སྔོ་ལྗང་ལྗང་གི་རི་བོ་དང་གཙང་བོ་ལ་མིག་ལོང་བར་གྱུར་ཡོད་། ཁོང་ཚོའི་ཀླད་པའི་ནང་འཁོར་བ་གཅིག་པུ་ནིོ་དོན་སྙིང་ལྡན་པའི་བོད་ཀྱི་རིག་གཞུང་དང་ལོ་རྒྱུས་རིང་བོ་དེ་དག་ཚོང་སྒྱུར་བྱེད་རྒྱུ་དེ་རེད་། ཁོང་ཚོས་བོད་ཀྱི་མི་ཚེའི་སྲོལ་རྒྱུན་ཐད་མང་པོ་ཞིག་ཤེས་རྟོགས་མེད་། ཆོས་དང་རིག་གཞུང་། གོམས་སྲོལ་གྱི་རིན་ཐང་སོགས་ཉམས་དམས་སུ་བཏང་ཡོད་། དེ་མིན་ཁོང་ཚོས་ཤེས་བཞིན་དུ་བོད་མིའི་ཁྱད་འཕགས་འདུ་ཤེས་རྩ་གཏོར་གཏོང་བ་དང་། བོད་མི་རྣམས་དཀའ་སྡུག་གི་གནས་སུ་སྐྱེལ།
བོད་ལ་ལྟོས་ན། ང་རང་མཚམས་རེ་རྒྱ་མི་ཞིག་ཡིན་པར་ངོ་ཚ་ཁ་སྐྱེངས་བྱུང་། ༢༠༠༦ ནང་བོད་དུ་ཐེངས་དང་པོ་ཡོང་ནས་བཟུང་། གནད་དོན་འདིའི་སྐོར་ལ་བསམ་གཞིགས་རྒྱུན་དུ་བྱས་བ་ཡིན། སའི་གོ་ལ་འདིའི་ཐོག་བོད་མི་ལ་ག་རེ་དགོས་བ་རེད་། དེ་ལ་ཡར་རྒྱས་ཅི་ལྟར་གཏོང་དགོས་སམ། སུས་ཡར་རྒྱས་དེ་ལ་འགོ་འདྲེན་བྱེད་དགོས་སམ། ང་ཚོའི་མེས་རྒྱལ་གྱིས་ག་ལེར་ཡར་རྒྱས་སུ་བཏང་བ་དང་། ང་ཚོའི་དམར་ཕྱོགས་ཚོགས་པ་མང་གཙོ་ལ་ཅུང་འཕེལ་ཁ་ཕྱོགས་རྗེས། མི་རིགས་སློབ་གྲྭ་ཆེིན་མོའི་སློབ་ཐོན་པ་ཞིག་ཡིན་པ་དེ་བཞིན། གནད་དོན་དེ་དག་ནི་ཉིན་ལྟར་ངའི་ལས་ཀའི་མི་ཚེ་ཁྲོད་དུ་ང་ལ་སྐོར་ཡོད་།
དུས་རབས་ཉེར་གཅིག་གི་དཔལ་ཡོན་དར་བའི་འཛམ་གླིང་ནང་། ས་ཁུལ་ངེས་ཅན་ཞིག་གི་ནང་བསམ་ཡུལ་ལས་འདས་པའི་གནས་ཚུལ་བྱུང་དུས། ང་ཚོའི་ཉེ་འཁོར་གྱི་མི་མང་པོ་ཞིག་གིས་ (བ