ང་ལ་གྲོགས་པོ་རྒྱ་མི་ཤེས་ཡོན་ཅན་ཞིག་ཡོད། ཁོང་ཕྱི་ལོག་ན་ཡོད་པ་རེད། ནམ་རྒྱུན་བོད་དོན་སྐོར་ལ་དོ་སྣང་ཆེན་པོ་རེད། ཁོང་གིས་ད་ཐེངས་ཐེ་ཚོམ་གང་ཡང་མེད་པའི་ཐོག་ནས། ཁྱེད་ཚོའི་བོད་མིའི་ཁྲོད་ནས༸རྒྱལ་བ་རིན་པོ་ཆེའི་མཛད་འཕྲིན་ལ་ཟུར་ཟ་དང་མ་འདོད་པ་བྱེད་མཁན་ཁག་ཅིག་གིས་རང་སྲེག་འདི་རྙོག་འཛིང་ཚ་བོ་བཟོ་བཞིན་ཡོད་པ་རེད་ཟེར། ད་དུང་བོད་ནང་དཀྲོགས་གཏམ་ཁྱབ་བཞིན་པ་དག་ཁོང་ཚོར་ཏན་ཏན་འབྲེལ་བ་ཡོད་པ་རེད་ཅེས་བརྗོད་བྱུང། ངས་ཧང་སངས་པའི་རྣམ་འགྱུར་ཙམ་ཡང་མ་བསྟན་པར། ཁྱེད་རྒྱ་རིགས་ཤིག་ཡིན་པའི་ཆ་ནས་ཀྲུང་གུང་ལ་ཞེན་ཁོག་ཡོད་པ་ཅི་ཁག་ཅེས་རྩེད་མོ་ཞུས་སྐབས། ཁོང་གིས་ཡང་བསྐྱར་ནན་ཏན་ཆེན་པོས། ༸ཏཱ་ལའི་བླ་མས་དབུ་མའི་ལམ་གྱི་སྲིད་བྱུས་བཏོན་པ་ནས་བོད་ནང་ཕྱི་ལོག་ནས་དཀྲོགས་གཏམ་གེགས་རྐྱེན་གཏོང་མཁན་རིམ་པར་བྱུང་ཡོད་ཟེར། ཁོང་ཚོས་ད་ལྟའི་གནས་བབ་འདིར་རྒྱ་ནག་གཞུང་དང་༧གོང་ས་མཆོག་གི་བར་དོན་འབྲས་གང་ཡང་མེད་པ་བཟོས་ཏེ། འཐབ་རྩོད་ཀྱི་ལངས་ཕྱོགས་ལ་འགྱུར་བ་གཏོང་རྒྱུ་དེ་དམིགས་ཡུལ་ལ་འཛིན་གྱི་ཡོད་པ་རེད་ཟེར། དེར་ཁྱེད་ཚོས་གཟབ་ནན་གྱིས་ཁ་གཏད་གཅོག་དགོས་པ་དང། ཁོང་ཚོའི་མིག་རྒྱང་ཐུང་བའི་རྐྱེན་ངན་དེ་ལམ་དུ་ལྷོང་པ་ཡིན་ན། མ་འོངས་པར་བོད་ནང་གི་བོད་མི་ཚོའི་གནས་བབ་ད་དུང་ཇེ་སྡུག་ཏུ་འགྲོ་ངེས་པ་དང། རྒྱ་བོད་མི་རིགས་གཉིས་ཀྱི་བར་མཛའ་མཐུན་ཡོང་དཀའ་བས། མཇུག་འབྲས་ཞེད་སྣང་ཚ་བོ་ཡོང་གི་རེད་ཅེས་གསུངས་སོང།།
རྒྱ་ཡིས་ངན་ཇུས་ཕྱོགས་ཀུན་ནས་ཡོང་སྲིད་
ཡུལ་གྱར་བོད་མིའི་ཁྲོད་ཀྱི་སྲིད་དོན་པ་གཞོན་སྐྱེས་ཚོས་བསམ་བློ་གཏོང་དུས། ཐོག་མར་རང་ཉིད་ཀྱི་སེམས་ཁམས་ལ་བསྔོགས་གཤེར་རེ་བྱེད་རྒྱུའི་རེ་བ་ཤིན་ཏུ་ནས་ཆེ། དེ་སྔོན་ཡྰན་ཧོང་ཕེན་འབོད་པས་ཀླུ་མཁར་བྱམས་ཀྱི་སྣང་བརྙན་ཞིག་བྲིས་བའི་ནང་ཚན་ན། བཙན་བྱོལ་བོད་མིའི་ངོ་གདོང་གི་རྨ་ཤུལ་སྟེ། ༧གོང་ས་མཆོག་གི་ཐུགས་དགོངས་ཀྱི་ལམ་དབུ་མ་དང་རང་བཙན་གཉིས་བར་གྱི་འགལ་བ་ཞེས་གླེང་ཡོད། ཕྲན་གྱི་མྱོང་ཚུལ་ལྟར་ན་གླེང་ཕྱོགས་འདི་ཡང་རྨ་ལ་ཚ་བཏབ་པ་བཞིན། བོད་སྤྱི་ཚོགས་ཀྱི་ཞི་འཇགས་ལ་ཟིང་སློང་བ་རེད་འདོད་ཀྱིན་ཡོད། དེ་ག་ནང་བཞིན་སྐབས་ཀྱི་རྒྱ་མི་འདིའི་བསམ་ཚུལ་ཡང་དེ་ག་རང་ལས་མ་འདས། ནུས་བ་ངོ་མ་དེ་ཤར་ཕྱོགས་ཁུག་རྟའི་ཀླད་ཞོ་ཡི་དྲོ་བ་མྱང་རྗེས། འགལ་རྫས་འདི་འོས་ཤིང་འཚམས་པའི་སྒོ་ནས་བོད་སྤྱི་ཚོགས་ཀྱི་ཁྲོད་ལ་གཡུག་ཐབས་ཀྱི་གོ་སྐབས་ལག་སོན་བྱུང་བ་རེད། དོན་དངོས་ཐོག་བཙན་བྱོལ་བོད་ཀྱི་གཞོན་སྐྱེས་སྲིད་དོན་པ་འདི་རིགས་ལ་ཆ་མཚོན་ན། རྒྱའི་བསམ་བློས་ཤུགས་རྐྱེན་འདི་འདྲ་རེ་ཅིའི་ཕྱིར་དུ་ཐེབས་པ་ཡིན་ནམ་སྙམ་ནས་ཡིད་ཐང་ཞིག་ཆད་འགྲོ་ཡི་འདུག ང་ཚོ་གཞོན་སྐྱེས་བ་སུ་ཡིན་རུང་རྒྱ་ནག་གི་གནའ་རབས་རྩོམ་ལུགས་དང་བསམ་བློའི་རྨང་གཞི་ལ་ག་དུས་ཡིན་ཀྱང་གཟབ་ལྟ་བྱེད་དགོས་བ་རེད། ཚང་མས་མཁྱེན་གསལ་ལྟར་རྒྱ་ནག་གི་བྱུང་རབས་གང་ལ་ལྟོས་ནས་ཉན་རུང་། ཕུང་དཀྲུགས་ཀྱི་ལས་ཁོ་ནས་ཁྱོད་ཤི་ང་གསོན་གྱི་འཐབ་འཛིངས་རྐྱང་བྱས་ནས་ཡོང་བ་མ་རེད་དམ། མི་སྐྱིད་ས། མི་བདེ་ས། མི་འདོད་ས་ཡོད་ན་གླེང་མོལ་ག་ལེར་བྱས་ན་འགྲིག་གི་རེད།
རྒྱ་མི་ནི་རྒྱ་མི་རང་རིད་ སྐད་ཆ་དེ་ཡང་རྒྱ་ནག་གཞུང་གི་བཤད་པ་དང་གཅིག་མཚུངས་རེད་ དེ་ལ་བསམ་བློ་ཉིན་གསུམ་གཏོང་དགོས་དོན་མིན་འདུག བསམ་བློ་ཉིན་གསུམ་གཏོང་མཁན་མིང་མེད་ཁྱེད་རང་ཡང་བོད་པ་ཡིན་ན་ཁ་བརྡའི་ནང་བོད་ཡིག་བྲིས་ནས་རྒྱ་མིའི་ལས་ཀ་མ་བྱས་ན་དགའ།
གྲོགས་པོ་ཚོ།
མིག་རྒྱང་ཐུང་བའི་རྐྱེན་ངན་དེ་གང་ཡིན་ནམ། བོད་པ་སྡེབ་གསོད་གཏོང་ཡས་དེ་ཡིན་ནམ། དེ་མིན་གཞན་གང་ཡིན་ནམ། གུང་བྲན་གྱི་གྲི་མེ་མདའ་གོ་ཚོན་གྱིས་ང་ཚོའི་ནང་གི་སྙིང་སྟོབས་དང་སེམས་ཁམས་གཏོར་བཅོམ་ནམ་ཡང་བྱེད་མི་ཐུབ། སྟོང་གསུམ་དགྲར་ལངས་ཀྱང་སེམས་ཀ་དག་ལ་གཡོ་འགུལ་ནང་སེམས་ཀྱི་ཞེ་སྡང་ཁོང་ཁྲོ་ལ་ཡང་ནུས་པ་དེ་མེད་ན། རང་གཞན་གཉིས་ཕུང་གི་སྙིང་རྗེའི་ཡུལ་སེམས་འཚོ་མ་ཟིན་པས་གོ་ཚོན་འཕྱར་རྒྱ་དམར་གུན་བྲན་གཞི་རྩ་མེད་པ་གསལ་པོརེད།
རྒྱ་དམར་གྱི་འདོད་དོན་དང་བོད་མི་དུམ་བུ་བཟོ་ཆེད་གྱི་སྐད་ཆ་ལ་ཉིན་གསུམ་བཏང་ནས་དེར་རྒྱབ་སྐྱོར་བྱས་འདུག། ད་དུང་ཡང་བོད་དུམ་བུར་གཏོང་རྒྱུར་འབོད་དགོས་ཨ།
རྒྱ་མི་ཤེས་ཡོན་པ་ཞིག་གིས་འདི་འདྲ་ཞིག་མ་གཏོགས་བཤད་ཤེས་ན་ད་ཚར་འདུག།
(བོད་མི་ཚོའི་གནས་བབ་ད་དུང་ཇེ་སྡུག་ཏུ་འགྲོ་ངེས་པ) འདིའི་དོན་ང་ཚོའི་བོད་མི་མང་པོ་གསོད་རྒྱུ་ཟེར་བའི་འཇིགས་སྐུལ་གཏོང་ཀི་ཡོད་པའི་དོན་རེད། (རྒྱ་བོད་མི་རིགས་གཉིས་ཀྱི་བར་མཛའ་མཐུན་ཡོང་དཀའ་བས) འདི་དོན་ནི་བོད་ལ་བོད་ཀྱི་ཞེ་འདོད་མི་སྟེར་ཟེར་པའི་འཇིགས་སྐུལ་གཏོང་ཀི་ཡོད་པའི་དོན་རེད། (མཇུག་འབྲས་ཞེད་སྣང་ཚ་བོ་ཡོང་གི་རེད་) འདིའི་དོན་ནི་ང་ཚོའི་བོད་མི་ཉམས་ཆུང་ལ་དྲག་པོའི་དམགས་ཀྱིསའཇིགས་སྐུལ་གཏོང་ཀི་ཡིན་ཡོད་པའི་དོན་རེད།
འཇིགས་སྐུལ་བའི་སྐད་ཆ་ལ་ཉིན་གསུམ་ལ་སྐྲག་སྣང་ཤར་བ་དེ་སྙིང་མ་རྗེ། རྗེས་མར་དེ་ལྟར་གནང་དགོས་པ་མ་རེད། བདེན་པའི་སྟོབས་ཡོད་ས་ན། ཐར་བའི་ལས་ཡོད་ནི་རེད།
རྒྱ་རྐུན་འཇིགས་སྐུལ་རང་ལུགས་པ་དང་བོད་བདེན་པ་ཉིད་ཀྱི་རང་ལུགས་པ་གཉིས་སུ་རྒྱལ་ལྟ་བའི་གོ་སྐབས་ཤར་བ་རེད། རུ་ཡོང་ཚོ་རྒྱ་ཡུལ་དུ་མཐའ་སྤྲོད་གཏོང་ཐག་ཆོད་ཡིན།
གོ་བ་མེད་པའི་རྒྱ་རྒན་ལ། རྒྱལ་བའི་གསུང་ལས་གཞོན་ནུ་སྟོབས།
རྒྱ་འདིའི་བཤད་སྟངས་ལ་བསམ་ན།་་་་་་་་་་་་་་་་་་་བོད་ནང་གི་བོད་པ་ཚོ་ལྐུགས་པར་རྩིས་འདུག་གཱ་་་་་་་་་་་་་་་་་དེ་འདྲ་ཡིད་ཆེས་ཆོག་ཆོག་ཨ་ཡོད་ན་་་་་་་་་་་་་་ངན་བྱུས????????????????????????
རྒྱ་མི་དེས་དངོས་གནས་སྐྲགས་བསྐུལ་འདུག བཤད་སྟངས་ལ་ལྟོས་དང་། “དེར་ཁྱེད་ཚོས་གཟབ་ནན་གྱིས་ཁ་གཏད་གཅོག་དགོས་པ་དང། ཁོང་ཚོའི་མིག་རྒྱང་ཐུང་བའི་རྐྱེན་ངན་དེ་ལམ་དུ་ལྷོང་པ་ཡིན་ན།” འདིས་ང་ལ་ནང་མཁོན་བྱོས། གཏོར་རླག་བྱོས་ཞེས་བཀོད་མངགས་བྱས་པ་མ་རེད་དམ། ” མ་འོངས་པར་བོད་ནང་གི་བོད་མི་ཚོའི་གནས་བབ་ད་དུང་ཇེ་སྡུག་ཏུ་འགྲོ་ངེས་པ་དང། རྒྱ་བོད་མི་རིགས་གཉིས་ཀྱི་བར་མཛའ་མཐུན་ཡོང་དཀའ་བས། མཇུག་འབྲས་ཞེད་སྣང་ཚ་བོ་ཡོང་གི་རེད་ཅེས་གསུངས་སོང།།”སྐད་ཆ་འདི་དག་གི་ང་ཚོ་བོད་མི་ཚོར་འཇིགས་བསྐུལ་བ་མ་རེད་དམ ། རྒྱ་བོད་མི་རིགས་གཉིས་ཀྱི་བར་མཛའ་མཐུན་ཡོང་དཀའ་ཟེར། དངོས་གནས་བོད་རྒྱ་མི་རིགས་གཉིས་ཀྱི་བར་མཛའ་མཐུན་ཟིག་ཡོང་རྒྱུ་་ཡོད་དམ།
རྒྱ་མིའི་ཁྲོད་དུ་བོད་ཀྱི་བླ་སྤྲུལ་དག་ལ་ཁ་ཅིག་གིས་སངས་རྒྱས་དང་། ཁ་ཅིག་གིས་ནོར་ལྷ། ཁ་ཅིག་་གིས་ཡེ་ཤུའི་སྟོན་པ་བཞིན་སེམས་ངལ་སེལ་བའི་སྐྱབས་སུ་བསྟེན་མཁན་ཡོད། དེ་དག་ཁྲོད་དུ་འབྱོར་པ་ཅན་མང་པོ་ཡོད་ལ་བོད་ཀྱི་བླ་སྤྲུལ་མཁན་པོ་ཕྱི་ལ་ཕེབས་མཁན་མང་པོ་ཞིག་གི་མཛད་པ་འཕྲིན་ལས་ཀྱི་སྦྱིན་བདག་རེད དེ་དག་ཕལ་ཆེ་བའི་ངོས་ནས་བཤད་ན་བོད་ལ་རང་བཙན་བྱུང་མ་བྱུང་ལ་དེ་ལྟའི་སེམས་ཁྲལ་མི་བྱེད་པ་མངོན་གསལ་རེད། རྒྱ་མི་དེ་ཚོ་སྙིང་རྗེ། ཚེ་འདིར་ཅུང་ཟད་དགེ་བའི་བག་ཆགས་སད་པའི་རིགས་རེད། ཡང་ རྒྱ་མི་ཞིང་པ་ལྟོ་ཕོར་པ་གང་གི་ཆེད་དུ་ཞོགས་སྔ་ལངས་དགོང་ཕྱི་ཉལ་བྱེད་བཞིན་པ་མང་པོ་ཞིག་གི་ངོས་ནས་བཤད་ན་བོད་ཟེར་བར་རྒྱུས་མངའ་མེད་པ་དང་། ཐ་ན་གང་དུ་ཡོད་མེད་མི་ཤེས་པ་དང་། ལོ་རྒྱུས་སོགས་ནི་ཚལ་ཟ་བྱེད་ཀྱི་ཤིང་ཐུར་གཉིས་དང་འབྲེལ་བ་མེད་པས་ཁོང་ཚོས་ཀྱང་བོད་རང་བཙན་བྱུང་དང་མ་བྱུང་ལ་དེ་ལྟའི་མཐོང་ཆེན་བྱེད་པ་མ་རེད། རྒྱུ་མཚན་འདི་དག་དབང་གིས་རྒྱུན་དུ་ཤེས་ཡོན་ཅན་གྱི་སྡེ་ལ་མི་རིགས་ཤིག་གི་སྒོ་ངའི་ནང་གི་གསེར་རིལ་ནམ་འོ་མའི་ནང་གི་སྤྲི་ཞེས་འབོད་ཚུལ་ཡོད། རྒྱ་མི་ཤེས་ཡོན་ཅན་རྣམས་ཀྱི་ཁྲོད་དུ་ཕལ་ཆེ་བར་རྒྱ་མི་རིགས་ཆེན་པོའི་འདུ་ཤེས་ཟབ་པོ་ཡོད་པ་དང་རང་ལྟ་མཆོག་འཛིན་གྱི་ངན་ཤན་ཧ་ཅང་ཟབ་པ་དང་། ཁོང་ཚོའི་རིག་གནས་ཀྱི་སྤྱི་ཁོག་ནི་ང་ཚོ་དང་མི་འདྲ་བར་ཚེ་འདི་ཁོ་ན་གཙིགས་སུ་འཛིན་པ་ཡིན་པས་ཚེ་འདིའི་ཐོབ་ཤོར་ལ་ཤིན་ཏུ་རྣག་པ་རེད། རྒྱུ་མཚན་དེའི་དབང་གིས་ཁོང་ཚོ་བོད་ལ་དགའ་ཟེར་བ་ཡང་བོད་ཀྱི་རི་ཆུ་རྩ་ཐང་དང་། ནགས་ཀླུང་གཏེར་རི་ཡིན་པ་ལས་བོད་པ་མ་ཡིན་པ་དང་། བོད་པ་ཟེར་བ་ཡང་ཁོང་ཚོའི་མིག་ནང་དུ་ཁོང་ཚོ་ལས་ཞེ་དྲག་རྗེས་ལུས་ཀྱི་མི་རིགས་ལ་བལྟ་བ་རེད། རྒྱུ་མཚན་དེ་དག་གི་དབང་གིས་ད་ལྟ་བོད་ལ་གཞི་རྒྱ་ཆེ་བའི་རང་སྲེག་དེ་དག་བྱུང་ཀྱང་རྒྱ་མི་ཤེས་ཡོན་ཅན་ཕལ་ཆེ་བ་ཁ་བཙུམ་ནས་བསྡད་པ་དང་། རྩོམ་ཡིག་རེ་གཉིས་བྲི་མཁན་ཡོད་པ་དེ་དག་གིས་ཀྱང་ཉེ་ས་ནས་བོད་ལ་ཕན་པ་ལྟ་བུ་དང་རིང་ས་ནས་རྒྱ་ལ་ཕན་ཐབས་རང་ལ་འབད་པ་རེད། གང་ལགས་ཟེར་ན་ཁོང་ཚོ་བོད་ཤོར་ཡོང་སྙམ་པའི་སེམས་ཁྲལ་ཡོད་པ་གསལ་པོ་རེད་ལ། ལོ་རྒྱུས་ཀྱི་ཕུ་དེད་ཀྱང་རུང་། ད་ལྟའི་རྒྱལ་སྤྱིའི་ཐོག་མི་རིགས་རང་ཐག་རང་གཅོད་ཀྱི་དམངས་གཙོའི་འགྲོ་ཕྱོགས་སམ། མི་རིགས་མང་པོ་རང་བཙན་ཐོབ་དང་ཐོབ་བཞིན་པའི་དུས་འགྱུར་འདི་དག་ལ་ཁོང་ཚོ་སྐྲག་ཡོད། མདོར་སྒྲིལ་ན། རྒྱ་མི་ཤེས་ཡོན་ཅན་རྣམས་ལ་ད་ལྟ་ཆུ་ཚ་པོ་བླུགས་པའི་རྫ་བུམ་ལག་ཏུ་བཟུང་བ་ལྟ་བུའི་ཚོར་བ་དེ་ཡོད་པ་རེད། ཁོང་ཚོའི་སེམས་ན། གལ་སྲིད་མང་གཙོའི་ལམ་དུ་ཕྱིན་ན་བོད་དང་ཡུ་གུར་སོགས་རང་བཙན་རྒྱལ་ཁབ་ཆགས་ཡོང་སྙམ་པ་དང་། མང་གཙོའི་ལམ་དུ་མ་ཕྱིན་ན་ཉི་མ་རེ་རེ་བཞིན་རྒྱ་ནག་གི་ད་ལྟའི་རུལ་སྲུང་ལམ་ལུགས་དེ་རང་དབང་ཁྲོམ་རའི་རྒྱལ་སྤྱིའི་སྤྱི་ཚོགས་ནང་དུ་ལམ་བུ་དོག་ཏུ་འགྲོ་བཞིན་པ་དང་། ནང་ཁུལ་གཞུང་འབངས་དབར་ས་ཆ་དང་དཔལ་འབྱོར་ཐོག་ནས་འགལ་བ་ཉིན་བཞིན་ཆེ་རུ་འགྲོ་བཞིན་པ་དེ་རེད། མ་འོངས་པའི་ལམ་བུ་ནི་བོད་པ་རྣམས་ཀྱི་ལག་ཏུ་ཡོད་པ་རེད། བུ་རབས་ཚ་རྒྱུད་རྣམས་ཀྱིས་ཀྱང་ང་ཚོའི་རིག་གནས་ཀྱི་རྒྱུན་བཟུང་ནས་བྱམས་སྙིང་རྗེ་ཅན་གྱི་མི་རིགས་ཤིག་བྱེད་དམ། ཡང་ན་རྒྱ་མི་རིགས་བཞིན་ཚེ་འདིའི་བདེ་བ་ཁོ་ན་གཙིགས་སུ་བཟུང་ནས་སེམས་ཅན་དབུགས་ཡོད་པ་ཐམས་ཅད་ཁ་ལ་འདེབས་པའི་མི་རིགས་ཐ་ཤལ་ཤིག་གི་ནང་དུ་རང་གི་ཁྲག་རྒྱུད་ཐིམས་འགྲོ་བར་བྱེད། དེ་ནི་བོད་པ་རྣམས་ཀྱི་མདུན་དུ་ཡོད་པའི་ལམ་བུ་གཉིས་རེད། ཉིན་གསུམ་ཙམ་བསམ་མནོ་འདི་ཐད་ལ་གཏོང་རོགས་གནང་ཞུ།།
འདི་ནི་བསམ་ཡུལ་ལས་འདས་པའི་གནད་དོན་ཞིག་ཡིན། གོང་ས་མཆོག་གིས་ལོ་མང་རིང་གི་བྱས་རྗེས་ནག་སུབ་གཏོང་མཁན་ནི་ཀླུ་སོགས་མིན་ལ་་དེ་ནི་དམིག་བསལ་སྐུ་ཚབ་རྒ་རི་ཡིན་ལ་་་་ཁ་ཤེས་ཅོལ་འགྲོག་བྱས་ཡོད། ལ་དགས་ཀྱི་བཀའ་སློ་ཀྐི་ཀྱི་དམིགས་ཡུལ་ཡ
འདིའི་ལན་ཞིག་དུས་བབས་ནང་སྐུ་ཚབ་བསྐོ་བཞག་དང་འབྲེལ་མོལ་སྐྱར་གསོ་ཞེས་པའི་རྩོམ་ཡིག་གི་རྗེས་འདེད་ཀྱི་ཚུལ་དུ་བཏང་ཡོད་དེར་གཟིགས་རོགས།
ཤར་ཁུག་ལ། སྐད་ཆ་འདི་ཁྱེད་རང་གིས་གཡོ་འཕྲུལ་དང་རྫུན་བཟོ་བྱས་པ་མིན་ན། སྐད་ཆ་འདི་བཤད་མཁན་གྱི་རྒྱ་མི་དེའི་མིང་དང་ལོ་ཚད། ལས་རིགས། བསྡོད་གནས་བཅས་ངོ་སྤྲོད་བྱེད་རྒྱུ་ཡོད་དགོས་པ་རེད། ཆ་རྐྱེན་འདི་དག་ཚང་སོང་ན་གཞི་ནས་སྐད་ཆ་འདི་ལ་གོ་རྒྱུ་ག་རེ་ཡོད་མེད་བསམ་བློ་བཏང་ནས་བགྲོ་གླེང་བྱེད་རིན་ཡོད་སྲིད། དེ་མིན་ཁྱེད་རང་རྒྱ་མིར་རྫུས་ནས་དཀྲུགས་ཤིང་བཟོ་གི་ཡོད་སྲིད། དེ་འདྲ་ཡིན་ན་རྒྱ་མི་རྫུན་མ་ཁྱེད་ཀྱི་སྐད་ཆ་ལ་རྒྱུན་རིང་པོ་བསམ་བློ་བཏང་ནས་བགྲོ་གླེང་བྱེད་པ་ནི་གླེན་རྟགས་རེད། ཁྱེད་རང་གིས་རྒྱ་མི་དེའི་མགྲིན་ཚབ་བྱས་ནས་བཤད་ཕོད་པ་ལ། རྒྱ་མི་ཁོ་རང་གི་མིང་དངོས་སུ་བཤད་ནས་གླེང་མི་ཕོད་པ་ཅི་ཡོད། ཁྱེད་ཀྱིས་ཀྱང་རྒྱ་མི་ཞིག་གི་ཞེས་ཁོའི་མིང་སོགས་ངོ་རྟགས་རྣམས་ཤི་སྦེད་རོ་སྦེད་བྱེད་དོན་གསལ་བཤད་བྱོས། ཁྱེད་མི་དེའི་མིང་བཤད་རྒྱུར་སྐྲགས་དོན་ཅི་ཡིན་ནམ། གཅིག་བྱས་ན་རྒྱ་མི་དེ་ཟམ་གདོང་བླ་མ་མ་རེད་དམ། སྐད་ཆ་འདི་ནང་ཁུལ་ལ་རྩུབ་མོ་ཡིན་ལུགས་ལ་དཔྱད་ན་གཏམ་བདག་ཟམ་གདོང་ཡིན་འོས་པ་མཐོང་། སྐད་ཆ་འདི་ཁྱོད་མི་གཅིག་ལ་དམིགས་ནས་བཤད་པ་ཞིག་མ་རེད། བོད་མི་ཚང་མར་བསྐུལ་སློང་བྱེད་ཐབས་ཤིག་རེད། ཡང་སྙིང་མི་ངོ་མ་ངོ་སྤྲོད་བྱེད་རྒྱུ་མེད་ན་དཀྲུགས་ཤིང་གི་སྐད་ཆ་འདི་གླེང་རིན་མེད་པའི་གཏམ་བདག་མེད་ཅིག་ཏུ་ངོས་འཛིན་བྱེད་རྒྱུ་ཡིན། མ་ཟད་ཁྱེད་མི་དོགས་གཞི་ཅན་ཞིག་ཆགས་ཀི་རེད། ཁྱེད་ཀྱི་ཕ་ཡུལ་གྱི་ནང་མི་སྤུན་མཆེད་ཚོའི་དཔལ་འབྱོར་ཡོང་ཁུངས་དང། ཁྱེད་རང་གི་ནང་རེ་རེའི་ལས་ཀ་ག་རེ་བྱེད་ཀྱི་ཡོད་མེད། རྒྱ་གཞུང་དང་ཁོ་ཚོའི་བར་འབྲེལ་བ་ཅི་ཡོད་སོགས་ཀྱང་བརྩད་གཅོད་བྱེད་དགོས་བྱུང་གི་རེད།
གལ་སྲིད་མི་ངོ་མ་ངོ་སྤྲོད་བྱེད་རྒྱུ་ཡོད་ན་ང་ཚོས་བགྲོ་གླེང་བྱེད་ཆོག མ་ཟད་རྒྱ་མི་ཁོ་རང་ལ་ང་ཚོས་ཀྱང་་ངོས་སུ་ཡང་བསྐྱར་ཁ་བརྡ་དང་དྲི་བ་དྲི་ལན་བྱེད་ཆོག་གི་རེད།
ཡང་སྙིང་ཁྱེད་ཀྱིས་རྒྱ་མི་འདི་འདྲ་བཤད་མཁན་དེ་ངོ་སྤྲོད་གསལ་བོ་མ་བྱས་བར་དུ་སྐད་ཆ་འདིའི་སྐོར་བགྲོ་གླེང་བྱེད་ཀི་མིན།
སྐད་ཆ་འདིའི་ཡོང་ཁུངས་གཙང་མ་བཟོ་རོགས། སྐད་ཆའི་ཡོངས་གཙང་བ་ཆགས་སོང་ན་གཞི་ནས་ནང་དོན་གླེང་ཆོག་གི་རེད། ཡོངས་ཁུངས་གཙང་མ་མ་བཟོས་བར་དུ་ཡོངས་ཁུངས་བཙལ་དགོས་པ་ལས། ནང་དོན་གླེང་བའི་དུས་ལ་སླེབས་ཡོད་པ་མ་རེད།
ངས་བལྟས་ན། ཁྱི་དད་ན་ཁྱི་ལུད་མིན་འགྲོ། དེང་སང་གི་བོད་པ་འགས། བོད་མི་ཞིག་གིས་གནས་ཚུལ་ག་རེ་བཤད་ན་ཡང་། བཤད་པ་བོ་དེའི་མིང་། ཡུལ་སྡེ། ཕ་མའི་མིང་། ཐ་ན་སྐྱེས་ཚེ་ཚུན་ཆད་འབྲི་ཨེ་ཐུབ་བལྟས་ནས། ཡོད་ཚད་རྒྱ་ལག་ལ་སྤྲད་པ་མང་མེད་ན་ཉུང་ཡོད་པ་མ་རེད། འདི་དག་གིས་བོད་ནང་གི་བོད་མིའི་གསར་འགྱུར་གཏོང་ལམ་ལ་ནུས་བ་གཅོག་ཨེ་ཐུབ་ལྟ་བ་དང་། རྒྱ་ནག་གི་སྲིད་ཇུས་ངན་པའི་འཇིགས་སྐུལ་ནི་ས་བསྒྲགས་གནམ་བསྒྲགས་བྱེད་པ་རེད། མིང་སྐོང་དང་མིང་བརྫུན་གྱི་འོག་ནས་བོད་ལ་ཐུབ་ཚོད་གཏོང་མཁན་མང་པོ་འདུག། རེ་རེ་གཉིས་རེ་བྱས་ནས་ཤེས་ཐབས་འཐེན་དེ་ཕྱི་སྒྲག་གནང་ན་ཡག་ཚོད་རེད།
ཤར་ཕྱོགས་ཕོ་ཉ་ཁུག་རྟ་ལགས།
རྒྱ་དེའི་སྐད་ཆ་འདི་གུན་ཁྲན་ཏང་གི་ཡིན་ནའང་འདྲ། རྒྱ་སྒེར་ཞིག་གི་ཡིན་ནའང་འདྲ། དབུ་མའི་ལམ་ལས་འགུལ་ཁང་ཡིན་ནའང་འདྲ། མདོ་བསྡུས་ན་འཇིགས་སྐུལ་རེད། བོད་ཀྱི་བདག་པོ་བོད་མི་ཡིན་ཟེར་ན་གསོད་ཀྱི་ཡིན་ཞེས་པའི་དོན་དག་རེད། བོད་རང་བཙན་དགོས་ཟེར་ནའང་བཏུབ་ཀྱི་ཡིན་པའི་འཇིགས་སྐུལ་བྱེད་ཀྱི་ཡོད་རེད།
རེད་་་ཁུག་རྟ་ལགས་་རྒྱ་དེ་ལ་ལན་ཞིག་སྐྱེལ་རོགས་བྱོས། ཇར་པན་རྒྱལ་ཁབ་ཀྱི་སྲིད་བློན་ཟུར་པ་སྐུ་ཞབས་ཤེན་ཛོ་ལགས་ཀྱི་སྙིང་སྟོབས་ཀྱི་དཔང་པ་གནམ་འཕྱར་བར་མཐོང་བྱུང་ངམ། ཇར་ཕན་རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་ཐོག་གྱི་ནས་བཟོས་པའི་གོ་ལག་ཆ་ཡི་ནུས་ཤུགས་ཤེས་ཀྱི་ཡོད་དམ། ཇར་པན་རྒྱལ་ཁབ་ཀྱི་དམག་གི་ཉམས་མོང་ཤེས་ཀྱི་ཡོད་དམ།
ཇར་པན་རྒྱལ་ཁབ་ཀྱི་སྲིད་འཛིན་མཆོག་གིས་ཇར་པན་རྒྱལ་ཁབ་འདིར་རྒྱ་ནག་གིས་བོད་ལ་བཟོས་པའི་གནས་སྟངས་ལྟར་ཆགས་བཅུག་གི་མིན་གསུངས་པར་ཐོས་སོང་ངམ།
སན་ཀཱ་ཀུ་གླིང་ཕྲན་གྱི་བདག་དབང་འདི་བོད་རྒྱལ་ཁབ་ཀྱི་བདག་དབང་གུན་ཁྲན་ཏང་གིས་བཙན་འཕྲོག་བྱས་པ་ལྟར་འཕྲོག་ཐུབ་ཀྱི་ཡོད་དམ། བོད་མི་ཉམ་ཆུང་ཚོའི་ཐོག་ཏུ་འཇིགས་སྐུལ་བྱེད་ཀྱི་བཞག་རོགས་བྱོས། གུན་ཁྲན་ཏང་ལ་དཔའ་དང་ལག་རྩལ་ཡོད་ན་ཁ་གཏོད་དུ་ལངས་ཡོད་པའི་སྟོབས་ཆེན་རྒྱལ་ཁབ་ཚོ་ལ་འཇིགས་སྐུལ་བྱོས། དེར་མི་ནུས་པྭ། བོད་སོག་མི་རིགས་གཉིས་ཀྱི་གཏེར་ཁའི་ཐོན་ཁུངས་སྟོབས་རྒྱལ་ཁབ་ཁག་ལ་ཕམ་ཚོང་རྒྱབ་ནས་བསྡད་ཡོད་པ། རྒྱ་ནག་གི་ཅ་དངོས་རྣམས་འཛམ་གླིང་ཐོག་ཏུ་གོང་ཚོད་དམའ་ཕྱོགས་ཡིན་པ་འདི་གུན་ཁྲན་ཏང་གིས་དཔོན་ངན་ཚོས་འཇོན་དྲག་ནས་ཨེ་རེད་དམ། ཕམ་ཚོང་རྒྱབ་མཁན་ཁྱི་རྒན་ཚོ།
མི་སེར་ས་ཡ་མང་པོའི་བདག་དབང་ཡིན་པའི་གཏེར་ཁའི་ཐོན་ཁུངས་རྩ་མེད་བཟོ་མཁན་གུན་ཁྲན་ཏང་གི་དཔོན་ངན་ཚོས་མ་འོངས་མི་སེར་ས་ཡ་མང་པོའི་ལྟོ་གོས་ཐོན་ཁུངས་རྩ་མེད་བཟོ་བཞིན་པ་འདིས་མི་དམངས་ཡ་ས་མང་པོ་ལ་མ་འོངས་དཀའ་ངལ་འཕྲད་ཀྱི་ཡིན་པར་མི་ཤེས་སམ།
ཉམ་ཆུང་བོད་མི་ཚོས་ཡང་བལྟས་ནས་བསྡད་ཡོད་། གུན་ཁྲན་ཏང་གྲངས་ཉུང་མི་རིགས་ཐོག་ཏུ་བཙན་བཙན་སྟོབས་ཆེན་ཨ་རི་དང་ཇར་པན་སོགས་ཀྱི་ཐོག་ཏུ་བཙན་པོ་ཡོད་མེད་བལྟ་ཆོག་གི་རེད། ཁྱི་རྒན་གུན་ཁྲན་ཏང་ལ་གྲངས་ཉུང་མི་རིགས་དམར་གསོད་གཏོང་བའི་འཇོན་ཙམ་ལས་ག་རེ་ཡོད་དམ།
དྲ་གྲོགས་ཤར་ཕྱོགས་ཁུག་རྟ་ལགས།
ད་ངོ་མ་ཁྱེད་ཀྱིས་ཐུགས་བསམ་རྣལ་དུ་ཕབ་ནས་དགོངས་པ་ཡག་པོ་ཞིག་བཞེས་རོགས་གྱིས། གཞན་གྱིས་བཀོལ་སྤྱོད་བྱས་པ་ཚད་མེད་ཡ། ད་ངོ་མ་ཁྱེད་ཀྱིས་འདི་ངོས་ཟིན་པར་གྱིས། ད་ངོ་མ་ཁྱེད་སད་རན་སོང་། དེ་མ་བྱུང་རུང་དབུ་མའི་ལམ་པ་བ་གཞན་ཚོས་ལས་དོན་ཇི་ལྟར་སྒྲུབ་ཀྱི་འདུག རྔ་སྐད་ལ་བལྟས་ནས་བྲོ་འཁྲབ་དེ་ཡང་བྱེད་མི་ཤེས་སམ། ད་ཁྱོད་རང་ཉིད་མྱིག་ག་སྟོན་གི་མ་འདུག
ཐན་བྱས་ཡང་སྐྱག་རྫུན་བཤད་འདུག
དྲ་འབུ་ཚོས་སེམས་ཁྲལ་རྩ་ནས་གནང་མི་དགོས། ངས་རྒྱ་མི་འདིའི་སྐད་ཆར་བསམ་བློ་བཏང་བས་མ་ཟད། ང་ལ་སྔ་མོ་ནས་དོགས་པ་ཡོད་པ་ནང་བཞིན་དེང་སང་དེ་བས་གསལ་རུ་འགྲོ་ཡི་ཡོད་སྟབས། དྲང་བདེན་དང། འཚེ་མེད་ཞི་བ། རང་གཞན་གཉིས་ཕན་གྱི་ལམ་བུར་ཡིད་ཆེས་རྩེ་གཅིག་གིས་འགྲོ་མཁན་ཚོར་ལས་སླ་བོར་མགོ་བསྐོར་གཏོང་ཐུབ་ཀི་མ་རེད་ལ། བར་ཆད་ཀྱང་རྩོམ་ཐུབ་ཀྱི་མ་རེད་བསམས། ངས་གོང་གི་སྐད་ཆ་འདི་ཉེན་བརྡ་ཙམ་ཡིན། འདི་ལས་གསལ་ཙམ་ཞུས་ན་ཡག་པོ་ཡོད་པ་མ་རེད་བསམས། དེ་མིན་ང་ཤར་ཕྱོགས་པ་ཐེ་ཚོམ་ནེམ་ནུར་གང་ཡང་མེད།། དེས་ན་འདི་འདྲའི་བྱེད་པོ་ལས་ཐབས་ཆག་ལ་འཇུག་མཁན་རྒན་གཞོན་ཚང་མས་གཟབ་གཟབ་གནང་རོགས།།
ཟོམ་སྡང་ལྐལ་ལྡན་བློ་ལོག་འཇམ་གཅིན་དང་། ཤ་ཁུག་རྒྱ་མོ་ལ་སོགས་བོད་སྲིན་རྣམས།
བསམ་སྦྱོར་ངན་པའི་རྒྱ་འདྲེར་མི་སྐྱེ་པར། ཆོས་ལྡན་བོད་ཀྱི་ཞབས་འོག་ཚུད་པར་ཤོག