ཤར་ཕྱོགས་ཁུག་རྟ།
མཐོན་པོའི་གྲལ་དང་བདག་མེད་འཁྱམ་པོའི་ཁྲོད།།
ངེས་གཏན་གནས་ཡུལ་ཐབ་ཀ་མ་ཟིན་པའི།།
བར་མ་དོ་ན་འཁོར་བའི་ཁ་རྒྱགས་འགའི།།
རང་བཙན་སྒྲོགས་པ་གཏད་སོ་ཅི་ཞིག་མཆིས།།
ཆེན་པོའི་བཀའ་དང་གཉན་པོའི་ཐབས་ཀྱིས་ནི།།
དབུ་མའི་དར་ཆ་གནམ་ལ་འཕྱར་སོང་ཞེས།།
མངོན་སུམ་བདེན་པར་མཆིལ་ཞགས་འཕེན་མཁན་ཚོའི།།
གྲིབ་མ་ལུས་ལ་ཕོགས་ན་རྒུད་པའི་རྒྱུ།།
འདས་གསོན་ཡོངས་ཀྱི་རེ་བ་ཉག་ཅིག་ཅེས།།
རྫུན་མ་ཧམ་ཆེན་གནམ་ལ་འཕྱར་ཞོར་དུ།།
”རང་བཙན་གཙང་མ་”སྨྲ་བའི་ཞེ་སྡང་ཙམ།།
གངས་སེང་དཀར་མོའི་སྙིང་སྟོབས་ག་ནས་ཡིན།།
རང་ཡུལ་རི་ནས་དྲན་པའི་སྐྱབས་བཅོལ་པ།།
གཉའ་གནོན་ཐོད་ལ་བབས་པའི་གཞིས་སྲུང་པ།།
ཤི་གསོན་ཐོབ་ཤོར་ཆར་བཞིན་འབབ་ནའང།།
ཁྱད་ནོར་སྲུང་པའི་དབུ་མ་སྙིང་དུ་ཆོངས།།
རང་བཙན་གླེང་ན་སྡུག་མཁན་རྩ་ནས་མེད།།
གླེང་སྟངས་གླེང་ལུགས་ནོར་ན་བྱབ་ཆུང་ཡིན།།
ཤི་གསོན་སེམས་ཐག་སེམས་ནས་མ་བཅད་པར།།
ཚིག་ཙམ་གླེང་དེས་དམངས་སེམས་འགུགས་ཐབས་བྲལ།།
གཉིས་སྨན་དར་ཆ་དབྱིངས་སུ་སྒྲེང་བ་དང།།
ཁྲིམས་སྒྲིག་གཞིར་བཟུང་དབུ་མ་རྩོད་ཐུབ་ན།།
རྒྱུགས་པ་ལེབ་རྡུང་མིན་པའི་དངོས་དོན་ལ།།
ཆབ་སྲིད་བཙོན་པ་རྣམས་ཀྱི་བདེན་དཔང་ཡོད།།
རང་བཙན་ཐོབ་ཐང་སྲིད་པའི་གངས་རྒན་ཡིན།།
རང་བཙན་རྩོད་སྟངས་འ་ཆད་འུ་ཐུག་ཡིན།།
གྲོད་ཁོག་རྒྱགས་མཚམས་རྒྱགས་གཏམ་བསྒྲགས་པ་དེས།།
རང་བཙན་ངྷ་རམ་ས་ལར་ཟགས་ཚོད་མེད།།
རིག་གནས་ཡོད་ན་བོད་པ་དབུགས་ལྡན་ཡིན།།
རིག་གནས་ཉམས་ན་གསོན་ཀྱང་དོན་སྟོང་ཡིན།།
ཐབས་ནུས་རྣམ་གཞག་རྩ་བྲལ་རང་བཙན་ལས།།
དབུ་མ་ལྕགས་རིས་རིག་གནས་སྲུང་འདི་རྨད།།
རྣམ་དཔྱོད་འཚེ་མེད་ཟུང་དུ་འཇུག་པའི་ལམ།།
གཉིས་སྨན་དབུ་མ་ཆེན་པོའི་ལམ་བཟང་ལ།།
རེ་ནུས་རྩ་བྲལ་ཐབས་མེད་རང་བཙན་གྱིས།།
བསྡུར་ཐབས་བྲལ་འདི་ལོང་པ་ངས་ཀྱང་བཞེད།།
བློ་གྲོས་དཔྱད་བརྡར་ལས་གྲུབ་དབུ་མའི་ལམ།།
ཟླ་མེད་རིགས་པས་བསྐྲུན་པ་དབུ་མའི་ལམ།།
དམངས་སེམས་རབ་ཏུ་འཕྲོག་པ་དབུ་མའི་ལམ།།
རྒྱ་ནག་དངངས་སྐྲག་ལངས་པ་དབུ་མའི་ལམ།།
རང་བཙན་ཟེར་བའི་རེ་སྟོང་འབར་བྱེད་དང།།
ཚིག་སྟོང་བཤད་ནས་མི་ཚེ་རྫོགས་བྱེད་གཉིས།།
ཟུར་འབུད་རྣམས་ལ་ཕོ་རོག་ཆགས་བྱེད་གསུམ།།
ཉེར་གཅིག་དུས་ཀྱི་རང་བཙན་དཔུང་ཁག་རེད།།
རང་མགོ་ས་ཡིས་འགྱོགས་ན་ཚར་ཚོད་ལ།།
རང་ཡུལ་སྟོབས་ཀྱིས་སྐྱོང་ན་ཡལ་ཚོད་ཅིག།
དབུ་མའི་མེ་རོ་རང་གི་རིག་གནས་འདིས།།
བཟུང་དང་འཛིན་རྒྱུའི་མཐུ་ནུས་རྨད་དུ་བྱུང།།
སྐྱེ་བ་ཀུན་ཏུ་རང་གི་ཁྱད་ནོར་དང།།
དེང་རབས་ཟུང་དུ་འབྲེལ་བའི་ཤེས་ཡོན་གྱིས།།
གཉིས་སྨན་ཞི་བདེའི་བོད་ཡུལ་འཛུགས་པ་ལ།།
རང་གཞན་མི་རིགས་ཚང་མའི་མཐུན་འགྱུར་བརྟན།།
རྒྱ་མིན་བོད་མིན་བུ་ཡི་ཚིགས་བཅད་ལ།།
ལྗགས་ལན་འདི་འདྲ་འཛའ་ཚོད་མེད་ནའང།།
རང་སྡེའི་རིགས་ལ་དགའ་བའི་ཤར་ཕྱོགས་པས།།
རང་གི་རིགས་མཐུན་རྣམས་ལ་ཕན་ཕྱིར་སྨྲས།།
༢༠༡༣། ༦། ༡༦། སྤོབས་པ་མཐའ་ཡས་ཀྱི་ཚིགས་བཅད་ཅིག་བཀླགས་པས་དེ་མ་ཐག་སྦྱར།།
རྒྱ་མགོ་བོད་ལ་སྦྱོར་མཁན་དབུ་ལམ་པ།།
རྒྱ་མགོ་བོད་ལུས་ཅན་གྱི་དབུ་ལམ་པ།།
རྒྱ་མགོ་དགུང་དུ་འཕྱར་མཁན་དབུ་ལམ་པ།།
རྒྱ་མགོ་གཤེད་མ་ནང་འདྲེན་དབུ་ལམ་པ།།
རྒྱ་མགོའི་འོག་གི་བདེ་སྡུག་ཤེས་བཞིན་དུ།།
རྒྱ་མགོའི་རིན་ཐང་གསེར་དུ་ནན་ཕབ་ངང་།།
རྒྱ་མགོ་གནམ་བསྐོས་གོང་མར་སླཪ་གསོལ་ཏེ།།
རྒྱ་མགོ་བོད་ཀྱི་ལྷ་སྐལ་ཉིད་དུ་ཟུངས།།
ཤར་ཁུག་དབུ་མ་གླེང་ནས་དབུ་ལམ་ཆེན་པོ་དག་ལ་ངན་སྨྲས་གནམ་སར་ཁྱབ།
ཤར་ཁུག་དབུ་མ་གླེང་ནས་དབུ་རང་འགལ་ཟླ་རྩོད་པས་བོད་མིའི་ཆིལ་སྒྲིལ་གཏོར།
ཤར་ཁུག་དབུ་མ་གླེང་ནས་རང་བཙན་པ་ལ་ངན་སྨྲས་རྒྱ་དམར་འདོད་དོན་སྤེལ།
ཤར་ཁུག་དབུ་མ་གླེང་ནས་བོད་ཀྱི་ལོ་རྒྱུད་དག་མ་རྒྱ་བའི་འོག་ཏུ་སྒྱུར།
ཤར་ཁུག་རྒྱ་བོད་གཉིས་ཀྱི་མངའ་བདག་མ་རེད།། དྲ་འབུ་ཚོས་སེམས་ཁྲལ་མ་བྱེད།།
འདི་ཤར་ཁུག་གིས་གདུལ་བྱ་སྒོས་ཚན་གྱི་དབང་དུ་བྱས་ནས་རྩོམ་པ་པོ་སྤོབས་པ་མཐའ་ཡས་ལགས་ལ་ཆེད་དུ་བྲིས་པ་འདྲ།། འབྲི་མི་ཤེས་ཀྱང། ཀློག་པ་པོ་ཚད་ལྡན་རེ་ཨེ་འཁྱོངས་ལྟོས།།
ཡ་ཡ་་་་་་་་བལྟ་ས་ཞིག་ཡོད་་་་་་་ཉན་ནས་བསྡད་ཡོད་་་་་་དབུ་རང་གཉིས་ཀའི་གང་བདེན་་་་་་
རང་བཙན་བཙན་པོས་གནང་བའི་ཐོབ་ཐང་རེད།།
དབུ་མ་དོན་ཚན་བཅུ་བདུན་གཉིས་པ་རེད།།
དབུ་མའི་མ་རྩ་དགའ་ལྡན་ཕོ་བྲང་རེད།།
རང་བཙན་མ་རྩ་ཆོས་སྲིད་ཟུང་འབྲེལ་རེད།།
གང་ཞིག་དགོས་མིན་སྔར་གྱི་ཉམས་མྱོང་གཟིགས།།
ཅི་ཞིག་འདོར་མིན་ཐོབ་ཐང་ཡོད་མེད་ལྟོས།།
ཐོབ་རྒྱུ་ཡོད་ན་གཉིས་ཀ་ཐོབ་མཉམ་དང་།།
ཐོབ་རྒྱུ་མེད་ན་གཉིས་ཀ་གཅིག་མཚུངས་རེད།།
རང་བཙན་རིང་ཞིང་དབུ་མ་ཉེ་མིན་ལ།།
དབུ་མ་འགོར་ཞིང་རང་བཙན་ཉེ་མིན་ན།།
རྩ་བའི་ཐོབ་ཐང་ཅི་ཆེ་རྒྱང་གཟིགས་ནས།།
རྩ་བ་བོར་ནས་ཡལ་གར་ཆགས་དོན་ཅི།།
བོད་པ་ཟེར་ན་རྒྱ་ཁུངས་འགྲོ་འདོད་ཤིག
རྒྱ་མི་ཟེར་ན་བོད་དོན་བཤད་མཁན་ཞིག
རྒྱ་མིན་བོད་མིན་ཅན་གྱི་དབུ་མ་པ།
འགྲོ་བ་མི་ཡི་རིགས་ཀྱི་གད་སྙིགས་རེད།
ཆབ་སྲིད་ཟེར་ན་ཆོས་ཀྱི་མིང་ཞིག་བཏགས།
ཆོས་ལུགས་ཟེར་ན་ཆབ་སྲིད་འགྲེལ་ཞིག་བརྒྱབ།
ཆོས་མིན་སྲིད་མིན་ཅན་གྱི་དབུ་མ་འདི།
ཆབ་སྲིད་རིག་པའི་དཀྱུས་ཀྱི་གད་རྙིགས་རེད།
ཕོ་ཡིན་ཟེར་ན་དགྲ་ལ་མགོ་བཏགས་བྱེད།
མོ་ཡིན་ཟེར་ན་ཁ་ལ་ཁ་སྤུ་ཡོད།
ཕོ་མིན་མོ་མིན་ཅན་གྱི་དབུ་མ་པ།
འགྲོ་བ་མི་ཡི་རིགས་ཀྱིས་གཉེན་སྒྲིག་མེད།།
རང་བཙན་བཙན་པོའི་མངའ་ཐང་ཡང་སྲིད་དང་།།
དབུ་མ་༼དོན་ཚན་བཅུ་བདུན་༽ཡང་སྲིད་ཉིད།།
དབུ་མས་སྐབས་འཚོལ་པ་ལ་མཁོ་སྲིད་ཀྱང་།།
ཕུགས་ནས་༼ང་དགུའི་༽དྲན་གསོ་སློང་བར་ངེས།།
དབུ་རང་ཟུང་ལ་མངོན་འགྱུར་ཐབས་མེད་ན།།།
དབུ་མར་བསྔགས་ནས་རང་བཙན་སྨོད་དོན་ཅི།།
རང་བཙན་སྐྲག་ནས་དབུ་མར་ཞེན་དོན་ཅི།།
དབུ་རང་གཉིས་ཀྱིས་དགྲ་གཉེན་འཛོལ་ད
སྔོན་ཆད་དབུ་མས་མང་གཙོ་གཙིགས་སུ་བཟུང་།།
ད་ཆ་དབུ་མས་དམར་འོག་སྡོད་འདོད་གླེང་།།
ལོ་རེའི་མཚམས་སུ་ཆ་རྐྱེན་ཇེ་དམའ་རེད།།
ཡུན་རིང་འགོར་ཚེ་ཆ་རྐྱེན་རྫོགས་ངེས་རེད།།
སྣྲོན་ངག་ཁྲ་ཞུ་བ་ཁོང་གིས་འདྲ་ཆགས་པོ་ཙམ་མིན་པར། གནས་ལུགས་གཤའ་མ་ཞིག་བཤད་གནང་འདུག དེར་ངས་དགའ་བསུ་ཞུས་པ་ཡིན། ཐུགས་རྗེ་ཆེ།
༼
སྔོན་ཆད་དབུ་མས་མང་གཙོ་གཙིགས་སུ་བཟུང་།།
ད་ཆ་དབུ་མས་དམར་འོག་སྡོད་འདོད་གླེང་།།
ལོ་རེའི་མཚམས་སུ་ཆ་རྐྱེན་ཇེ་དམའ་རེད།།
ཡུན་རིང་འགོར་ཚེ་ཆ་རྐྱེན་རྫོགས་ངེས་རེད།།༽ ཡག་པོ་འདུག
རང་བཙན་བརྩོད་མཁན་རྒྱ་མིན་བོད་མིན་མིན།
རང་བཙན་བརྩོད་མཁན་བོད་རིགས་གཙང་མ་རེད།
བོད་པ་ཡིན་བཞིན་རྒྱ་དར་ཁྱེར་ནས་ནི།
མགོ་བོ་སྒུར་བ་རྒྱ་མིན་བོད་མིན་རེད།
རང་བཙན་པ་ལ་རང་གི་ལང་ཕྱོགས་ཡོད།
དབུ་མ་པ་ལ་གནས་ལུགས་རྒྱུ་མཚན་ཡོད།
དེ་གཉིས་གང་གི་ཕྱོགས་སུ་གཏོགས་གྱུར་ཀྱང་།
མི་རིགས་འདི་ལ་དུང་བའི་སྤུན་ཟླ་རེད།
དབུ་ལམ་རེད་ཅེས་གནམ་ལ་འཕྱར་དོན་མེད།
རང་བཙན་རེད་ཅེས་སྡང་ཟུག་བྱེད་དགོས་མེད།
རང་གིས་འཇོན་པའི་ལས་ལ་བརྩོན་པ་ན།
བོད་པའི་འདོད་འདུན་རིམ་བཞིན་འགྲུབ་ངེས་རེད།
དབུ་མའི་ལམ་གྱིས་བཙན་པོའི་ལོ་རྒྱུན་ནག་སྲུབ་བཏང་སོང་།
དབུ་མའི་ལམ་གྱིས་འབུམ་ཁྲག་དྲུག་གི་རང་སྲོག་གཅོད་སོང་།
དབུ་མའི་ལམ་གྱིས་དོན་ཚན་བཅུ་བདུན་རྩ་ནས་གཏོར་སོང་།
དབུ་མའི་ལམ་གྱིས་རང་དབང་སྒེར་ལང་དོན་མེད་བཟོས་སོང་།
དབུ་མའི་ལམ་གྱིས་རྒྱའི་དངུལ་ཐོབ་ཆེད་རང་ལུགས་དོར་སོང་།
དབུ་མའི་ལམ་གྱིས་རྒྱ་ལ་ངོ་སྟོད་རང་མི་དོར་སོང་།
དབུ་མའི་ལམ་གྱིས་རྒྱ་ལ་རེ་སྟོང་ཚིག་སྙན་སྒྲོགས་སོང་།
དབུ་མའི་ལམ་གྱིས་བོད་ཀྱི་ཡོད་ཚོད་རྒྱ་ལ་སྤྲོད་སོང་།
མཆན་བཅུ་གཉིས་པ་༼ རོང་བཙན་ནས ༽ ཟེར་བ་འདི་དབྱངས་བཞིའི་ནང་ནས་ ན་རོ་ ལ་དགའ་བོ་ཡོད་པ་འདྲ
གང་ལྟར་དབུ་མའི་ལམ་ལ་འཁོན་སེམས་ཞིག་ཡོད་པ་ཤེས་ཐུབ།
བོད་ཀྱི་རང་བཙན་བོད་པས་ཤོར་བ་རེད།།
བོད་ཀྱི་སྐྱིད་སྡུག་བོད་པས་བཟོ་པ་རེད།།
བོད་ཀྱི་ལ་རྒྱ་བོད་ཀྱི་གཡོ་གཏམ་རེད།།
བོད་ཀྱི་མི་རིགས་བོད་ཀྱི་ཤེད་མ་རེད།།
དབུ་རང་གཉིས་ཀྱི་ལམ་ལུགས་བཙོག་པོར་འདོད།།
དེའི་ཆེད་ཉམ་ཆུང་ཚེ་སྲོག་གྲངས་མེད་ཞིག།
གཏོང་ཕྱིས་ཤི་གསོན་ཞི་བདེ་དེ་ག་ནས།།
བརླག་པའི་མཚན་མ་དབུ་ཚུགས་མ་ཡིན་ནམ།།
རྣམ་རྟོག་ཁོ་ནས་ལོག་པའི་ལས་སྤྱོད་ནི།།
འཚེ་མེད་ཞི་བདེར་གཤེད་ཀྱི་འདྲེ་རྒོད་དེ།།
ནང་པའི་ལྟ་གྲུབ་ཞི་བའི་ཐབས་ལམ་གྱིས།།
འདུལ་སྦྱང་ལས་ཀྱི་ནུས་སྟོབས་འཕེལ་བར་སྨོན།།
དབུ་མ་ཚང་ཞ་བོ་ཐང་གང་ལ།།རྒང་མགྱོག་གཅིག་ཡོད་པ་ཁུགས་རྟ་ཙམ།།དབུ་མ་ཚང་ལྐུག་པ་ཁྱུ་གཅིག་ལ།།ཁ་བདེ་ཞིག་ཡོད་པ་ཁུགས་རྟ་ཙམ།།དབུ་མ་ཚང་ལོང་བ་ཁྱུ་གཅིག་ལ།།མིག་ལྡན་ཞིག་ཡོད་པ་ཁུགས་རྟ་ཙམ།།དབུ་མ་ཚང་གཡོ་ཅན་ཐང་གང་ལ།།དྲང་པོ་ཞིག་ཡོད་པ་ཁུགས་རྟ་ཙམ།།དབུ་མ་ཚང་ཁ་བཤད་རྐྱང་རྐྱང་ལ།།ལག་ལེན་ལ་བསྟར་མཁན་ཁུགས་རྟ་ཙམ།།སྤྱིར་བོད་པ་ཚང་འདི་ལམ་འགྲོ་ཆུང་།།སྒོས་ཤེས་ཡོན་ཅན་ལ་ལས་བསོད་ཆུང་།།དེ་ཨེ་བདེན་ཁུགས་རྟའི་ལས་ལ་ལྟོས།།རྒྱ་དམར་པོའི་རྫུན་ལ་ལན་འདེབས་མཁན།།བུ་ཁུགས་རྟ་ཁྱོད་ལས་མ་བྱུང་ཡང་།།ཁུགས་རྟ་འདི་དབུ་མའི་གཟེབ་ལ་ཚུད།།རྒྱ་དམར་གྱི་དར་ཆ་ལག་ལ་བཞག །རྒྱ་ཁྲིམས་ཀྱི་ཨ་ལོང་རྐེ་ལ་བསྐོན།།རྒྱ་བསྟོད་ཀྱི་གཟུངས་སྔགས་བཟླ་རུ་བཅུག བུ་ཁུགས་རྟ་མ་ཉལ་ཁུགས་རྟ་ལོངས།།དབུ་མའི་གཟེབ་ནས་ཕྱི་ལ་ཐོན།།རྒྱ་དར་གྱི་ཡོལ་བ་གཤགས་ལ་ཤོག།རྒྱ་བསྟོད་ཀྱི་བཟླས་བརྗོད་བོར་ལ་ཤོག།ཁ་རྒྱགས་བཤད་ན་འདི་འདྲ་བཤད།།
ཡར་བོད་ལ་འཁོར་ནས་བོད་དར་ཕྱར།།
བོད་སྡེ་བའི་ངོ་སོ་འེ་ལོན་བལྟས།།
མར་རྒྱ་ལ་འཁོར་ནས་རྒྱ་དར་ཕྱར།།
རྒྱ་ཀྲུང་གོའི་ངོ་སོ་འེ་ལོན་བལྟས།།
ཡར་དགོན་ལ་སོང་ནས་དགེ་བ་བྱས།།
ཆོས་དགེ་བ་བསགས་ན་འེ་དྲག་བལྟས།།
མར་གྲོང་ལ་སོང་ནས་གྲོང་འདབ་ཉུལ།།
སྨན་བུ་མོའི་འཛུམ་མདངས་འེ་ཁུག་བལྟས།།
སྤྲེའུ་རི་ལས་བབས་པའི་གཏམ་རྒྱུད་ཅིག།
ཤར་ཁུག་རྟའི་རྒྱབ་ལ་འཁུར་ནས་རྒྱུགས།།
ལམ་དབུ་མ་ཚང་གི་ལམ་ཁ་ན།།
ཁ་བདེ་མོའི་ཁུག་རྟ་མང་ཐ་པ།།
ལམ་དབུ་མ་ཚང་གི་ལས་ཁུངས་ན།།
མགོ་བདེ་བོ་རྩང་པ་མང་ཐ་པ།།
ཁ་རྒྱ་ལ་འཁོར་ན་བལ་ལས་འཇམ།།
རྡ་ས་ཡི་བོད་ཚོགས་དགྲ་རུ་འཛིན།།
འདི་འདྲ་བའི་དཔའ་བོ་གྲངས་མེད་པ།།
ལམ་དབུ་མའི་ནང་ན་མང་རེ་བལྟས།།
ཤར་ཕྱོགས་ཁུག་རྟ་ལགས་ཀྱིས།
བློ་གྲོས་དཔྱད་བརྡར་ལས་གྲུབ་དབུ་མའི་ལམ།།
ཟླ་མེད་རིགས་པས་བསྐྲུན་པ་དབུ་མའི་ལམ།།
དམངས་སེམས་རབ་ཏུ་འཕྲོག་པ་དབུ་མའི་ལམ།།
རྒྱ་ནག་དངངས་སྐྲག་ལངས་པ་དབུ་མའི་ལམ།། ་་་་ཟེར།
གཅིགདགུ་་སོ་བཞིའི་ལོ་ལ། །བོད་སོག་ལས་ཁུང་བཙུག་ནས། །མི་སེར་རྒྱལ་ཁབ་བསྔགས་ནས༎རྒྱ་ནག་ཁུངས་སུ་སྨྲས་སོང་། །༡༩༨༠་ལོ་ནས། །བོད་སོག་ལས་ཁུངས་འགྲིམས་མཁན། །རྒྱལ་བཙོང་ངོ་རྒོལ་མཁན་ཞེས། །་ཉིས་སྟོང་བར་ཏུ་བསྒྲགས་ཏེ། །མི་འགའ་ཕྱིར་ཕུད་བཏང་སོང་། །༡༩༥༡་ལོ་ལ། །།དོན་ཚན་བཅུ་བདུན་བསྒྲགས་ནས། །རང་བཙན་མ་རྩོད་སྨྲས་ཏེ། །རང་དབང་རླུང་ལ་བསྐུར་སོང་། །༡༩༥༩་ལོ་ནས་གྲོས་མཐུན་མགོ་སྐོར་ཡིན་ཞེས། །ཕྱི་ནང་གཉིས་ལ་བསྒྲགས་ན། །ཕྱི་ནང་སྐྱ་སེར་ཀུན་གྱིས། །གྲོས་ལ་ཞེན་པ་ལོག་སོང་། །༢༠༠༠་སྟོང་ལོ་ངོ་ཤར་ནས། །གྲོས་མཏུན་གླེང་རིན་ཡོད་འདུག །རྒྱ་ཁྲིམས་བཟང་པོ་རེད་འདུག །རྒྱལ་ཁམས་ཁྲིམས་གཅིག་འོག་ནས། །མཉམ་གནས་བཟང་ཚུལ་གླེང་སོང་། །དབུ་མའི་ལམ་བཟང་ཤར་ནས། །རང་བཙན་རྩོད་མི་ཐམས་ཅད། །རྒྱལ་བའི་ངོ་རྒོལ་མཁན་ཞེས། །ཁ་རྡུང་མང་པོ་བཏང་སོང་། །དམུ་མ་འདོད་མཁན་བོད་རེད། །གཉིས་ཕན་ངོ་སོ་བསྟོད་དོ། །རང་བཙན་རྩོད་མཁན་བོད་རེད། །རང་དབང་རྒྱལ་སྒོ་མ་འགོག །གཉིས་གར་བཟང་ཆ་མང་གི། །རང་ལྟར་ཞེན་པ་མ་ཆེ། །ཕན་ཚུན་དགྲ་རུ་བཟུང་ན། །བོད་རིགས་སིལ་བུར་འཐོར་འགྲོ། །བོད་མི་ཤ་རུང་ཅན་ཚོ། །རྩོད་རྒྱུ་གཞན་ཞིག་མེད་དམ། །མདུང་རྩེ་ལནང་ལ་སྐོར་བ། །མཁས་པའི་བྱ་བ་མ་རེད། །རྒྱ་ལ་སྡང་དགོས་མེད་ཀྱང་། །བོད་ལ་ཤ་ཞེན་ལོས་ཡོད། །བླ་མར་དད་པ་ཡོད་དགོས། །འབངས་ལ་བྱམས་པ་ཡོད་དགོས། །རྗེ་འབངས་འདོད་པ་མཐུན་ན། །རྒྱལ་ཁམས་བཀྲ་ཤིས་ལོ་ལེགས། །སྤུན་ཟླར་བརྩི་སྲུང་ཡོད་ན། །ཁྱིམ་ལ་བདེ་སྐྱིད་དར་རྒྱས། །
དབུ་མའི་ལམ།
ཉམས་མྱོང་སྲབ་མཐུག་འཕེར་བ་དབུ་མའི་ལམ། །
གྲངས་མེད་རྒྱབ་སྐྱོར་མང་བ་དབུ་མའི་ལམ། །
བོད་རྒྱའི་དམངས་སེམས་བགུག་པ་དབུ་མའི་ལམ། །
རྒྱལ་སྤྱིར་དངངས་སྐྲག་སློངས་པ་དབུ་མའི་ལམ། །
ཤར་ཕྱོགས་ཁྭ་ཏ་ཁ་ནས་དབུ་མ་བཤད།།
དབུ་མ་དེ་ཡང་དོན་གྱི་སྒེར་ནད་ཅིག།
རང་བཙན་དོན་གནད་མ་ཤེས་ཅོལ་ཆུང་དེས།།
སྒེར་བཙན་གཏམ་གྱིས་སེང་གེར་འགྲན་ཞིག་བཙུགས།།
བཙན་པོའི་སྙིང་སྟོབས་སྨྲ་བའི་རང་བཙན་པས།།
བདེན་བདེན་འདྲ་བའི་བརྗོད་པ་བགྲང་ལས་འདས།།
ལ་རྒྱ་ཤ་ཞེན་སྒམ་པ་ཆེ་ལུགས་ཀྱིས།།
ཚོད་མེད་གཞན་ལ་དམོད་པའི་གོམས་པ་འདི།།
དོན་དུ་རང་བཙན་རྩོད་ལ་གནས་འགྱུར་ན།།
དགའ་སྤྲོའི་ཐལ་མོ་རྡེབ་པ་ལོས་ཀྱང་ཆོག །
འོན་ཀྱང་ཁ་བཤད་ཙམ་གྱིས་བརྗོད་པ་ནི།།
འབྲས་མེད་སྤྱི་ཚོགས་དཀྲུག་པའི་གཞི་ཙམ་ལས།།
མི་རིགས་གནད་དོན་སེལ་བའི་གྲོགས་ཅི་ཞིག །
ཀ་བ་མེད་པའི་ཁང་བཟང་སྐྲུན་མཁན་དབུ་མའི་ལམ།
ཁ་ཁོག་མེད་པའི་རྒྱའི་ཁྲིམས་གླེང་མཁན་དབུ་མའི་ལམ།
ག་བྱས་མེད་པའི་འབྲས་བཟང་བཤད་མཁན་དབུ་མའི་ལམ།
ང་ཚོར་མེད་པས་མེད་རབས་གླེང་མཁན་དབུ་མའི་ལམ།
ཅ་གེ་ཅོག་གེར་དབུ་མའི་ལམ་གྱི་བྱུང་རིམ་འདི།
ཆ་གེ་ཆོ་གེར་བྱས་ནས་རྒྱ་ཡི་རང་སྐྱོང་སླེབས།
ཇ་གེ་ཇོ་གེར་དབུ་མའི་ལམ་གྱི་འགོ་དཔོན་འགས།
ཉ་གེ་རྙོག་གེར་བཤད་ནས་རང་དབང་ཡོད་ཚད་བོར།
མུར་འགོད་མཛད།་་་་་་་་་་་་་
ཧཧཧཧཧཧ
སྤོབས་པ་མཐའ་ཡས་ཀྱིས་ཕར་འཁྲིད། ཤར་ཕྱོགས་ཁུག་རྟས་ཚུར་འཁྲིད། ང་དང་ང་འདྲ་བའི་དྲ་འབུ་ཚོ་སྙིང་རྗེ།
གཏན་ཚིགས་རྡོ་རྗེ་གཤིས་ལ་གྲུབ་པའི་ངག།
དབུ་མ་རྣམ་པར་རྒྱལ་བའི་འོད་ཟེར་སྟེ།།
སྡེ་བཞི་ཟིལ་གྱིས་གནོན་པའི་བཅད་མ་རུ།།
ལེགས་པར་འཁྲུངས་པ་འདི་གོ་ཡིད་ལ་འཐད།།
ད་ལྟའི་གཞུང་ལ་དབུ་མའི་མགོ་བོ་མེད།།
སྔོན་མའི་གཞུང་ལ་དབུ་མའི་སྐུ་ལུས་མེད་།།
འབད་པ་བརྒྱ་ཡིས་སྒྲུབ་པའི་འབྲས་རྟགས་སུ།།
མི་མང་དབུ་མའི་ལམ་ལ་ཕྱོགས་པའི་དུས།།
ལས་ངན་ལས་བཙོག་དབུ་མའི་མགོ་བོ་ཆད།།
དབུ་མའི་མགོ་བོ་རྫུན་མ་སྲིད་སྐྱོང་མཆོག།
ནང་གི་དོན་ལས་གཏམ་ལ་དགྱེས་ནའང།།
དབུ་མའི་ལམ་ལ་སྟོང་པ་སྟོང་རྐྱང་རེད།།
དམངས་ཁྲོད་དབུ་མའི་རྦ་རླབས་འཕྱུར་དུས་སུ།།
བོད་ནང་རང་སྲེག་གཉིས་བརྒྱར་ཤོར་བའི་དུས།།
དབུ་མའི་གཞུང་གི་དབུ་མགོ་རྫུན་པ་སྟེ།།
སྲིད་སྐྱོང་མཆོག་ཉིད་རྦད་དེ་བརླགས་པ་འདྲ།།
སྲིད་སྐྱོང་དོན་ལྡན་དབུ་མགོ་ཡོད་པ་ན།།
བར་གྱི་དམག་དཔོན་ཁུག་རྟ་འདྲ་བ་དང།།
ཞོལ་གྱི་དབུ་མའི་མི་མང་སྡེབས་ལངས་ཏེ།།
བོད་རྒྱ་འབྲེལ་མོལ་ཡོང་ངེས་ཡིན་ནའང།།
དབུ་མ་མགོ་ནས་རུལ་དུས་ཨ་ཙ་མ།།
གཏམ་འདི་བཤད་ས་མེད་དོ་གངས་ཅན་པ།།
དབུ་མའི་ཡབ་གཅིག་༸རྒྱལ་བ་གོང་ནས་གཡུགས།།
དབུ་མའི་དཔའ་བོ་ཁྲི་ཟུར་གཡོན་ནས་གཡུགས།།
དབུ་མའི་འགྲོ་བ་ཆེན་པོ་མདུན་ནས་བཞག།
སྲིད་སྐྱོང་དབུ་མ་རྫུན་མ་གང་ན་འདུག།
དབུ་མ་མེད་ན་དེ་རིང་སྲིད་སྐྱོང་མེད།།
དབུ་མ་མེད་ན་དེ་རིང་འོས་ཐོབ་མེད།།
དབུ་མ་མེད་ན་སེང་གེ་བདག་མེད་ཡིན།།
དབུ་མ་མེད་ན་སེང་གེར་སྐུ་སྲུང་མེད།།
དབུ་མ་མེད་ན་སེང་གེར་ཕྱོགས་ཁག་མེད།།
དབུ་མ་མེད་ན་སེང་གེར་བཀའ་ཤག་མེད།།
ཡིན་ཡང་དེང་སང་སེང་གེ་ཁྲེལ་མེད་དེས།།
དབུ་མ་ལག་ནས་མ་འཁྱོངས་འདར་སིག་སིག།
དབུ་མ་ངག་ནས་མ་ཐོན་ངུ་ཤུམ་ཤུམ།།
དབུ་མའི་འབྲེལ་མོལ་མ་ཐུབ་ངོ་ཚ་ཚ།།
དབུ་མ་མགོ་ནས་རུལ་སོངས་ཨ་ཁ་ཁ།།
ཕྱག་ན་ཕྲེང་བ་ཅན་གྱི་སྲིད་སྐྱོང་དེ།།
དེང་སང་གང་ན་འདུག་གམ་བོད་མི་ཚོ།།
མིག་ལ་ཤེལ་ནག་ཅན་གྱི་ཕོ་གསར་དེ།།
དེང་སང་གང་ན་འགྱིང་འདུག་བོད་མི་ཚོ།།
ཁ་ན་གཏམ་ལྗིད་མེད་པའི་ཁམས་ཕྲུག་དེ།།
དེང་སང་གང་ན་ཡོད་དམ་བོད་མི་ཚོ།།
ནག་ཁུངས་སྦུག་ན་ཤེས་ཡོན་སྲིད་བྱུས་ཀྱི།།
ཐུབ་ཚོད་གཏོང་བཞིན་བཞུགས་པ་བདེན་ལེགས་སམ།།
ཁྱིམ་མཚེས་ནང་ན་གཟུགས་པོའི་འཕྲོད་བསྟེན་ལ།།
བརྩོན་བཞིན་བཞུགས་འདུག་ཟེར་བ་བདེན་ལེགས་སམ།།
ངས་ནི་སྲིད་སྐྱོང་མ་ཐོས་ཡུན་རིང་འགོར།།
སྲིད་སྐྱོང་དམྱལ་བར་མ་འཕེན་སྤྱན་རས་གཟིགས།།
སྲིད་སྐྱོང་ངོ་ཚར་མ་གཏོད་གནས་ཆུང་མཁྱེན།།
སྲིད་སྐྱོང་རྫིག་པོ་སྐྱོབ་རོགས་ཨབ་ཕྲུག་ཚོ།།
མེད་ན་ཡོད་ཅེས་ཧར་བསྟོད་མ་གནང་དུས།།
ད་ནི་དབུ་མའི་མགོ་བོ་གང་ལ་གཏོད།།
བོད་རྒྱ་ལ་རྩིས་སྤྲད་མཁན་དེ་ཕུན་དབང་རེད།
རྒྱ་བོད་ལ་འཁྲིད་ཡོང་མཁན་དེ་ཡང་ཕུན་དབང་རེད།
དོན་ཚན་བཅུ་བདུན་འཇོག་གི་འཇུག་མཁན་དེ་ཡང་ཕུན་དབང་རེད།
ད་དུང་ཕུན་དབང་ཡག་རབས་གླེང་ཡོང་གིན་འདུག
བོད་རང་བཙན་རེག་ན་ཡང་ཁམས་པ་དང་ཨ་མདོ་ང་ཚོ་ལ་དགོས་ཡ་མེད།
མི་དགོས།
ཧ་གོ་སོང་པས།། ་་་་་་་ཟེར།
གཞི་ལུས།
གཞི་ལུས་བོད་མི་རྣམ་པ།།
རྒྱ་ཡིས་བཙན་སྣོན་མ་བཟོད།།
བྲོསརྒྱུའི་བསམ་པ་ལྡན་ཡང་།།
མཐའ་བཞི་དམག་གི་བསྐོར་ནས།།
ཐར་པའི་ལམ་ཞིག་མ་རྙེད།།
རང་སྲོག་མེ་ལྕེར་ཕུལ་ནས།།
ཕྱི་མའི་ལམ་ལ་ཆས་སོང་།།
བཙན་བྱོལ།
བཙན་བྱོལ་བོད་མི་རྣམ་པ།།
ཕ་ཡུལ་དྲན་རང་དྲགས་ནས།།
རྒྱ་ཡི་འོག་ཏུ་བསྡོད་རྒྱུའི།།
མཁས་ལེན་གཙང་མ་བྱས་ཀྱང་།།
བསྟན་དགྲ་རྒྱ་མི་དམར་པོས།།
ད་དུང་ཡ་ལན་མེད་པས།།
ཨོ་ལོའི་སེམས་པ་སྐྱོ་བྱུང་།
དབུ་མ་རྒྱལ་ཀྱང་བོད་པ་རྒྱལ་བ་རེད། །རང་བཙན་རྒྱལ་ཡང་བོད་པ་རྒྱལ་བ་རེད། །བན་དེས་འཇོན་ཡང་བོད་པ་རྒྱལ་བ་རེད། །བོན་པོས་འཇོན་ཀྱང་བོད་པ་རྒྱལ་བ་རེད། །སུ་ཡིས་མཁྲེགས་འཛིན་བྱས་ཀྱང་སྒེར་གཅོད་རེད། །སུ་ཡིས་དབང་ཆ་འཔྲོག་ཀྱང་བཙན་གནོན་རེད། །རྒྱལ་བའི་དགོངས་པ་ཆོས་དང་མཐུན་པ་རེད། །གཞོན་ནུའི་འདོད་པ་འཇིག་རྟེན་སྲིད་པའི་ལུགས། །འཇིག་རྟེན་ལུགས་ལ་དགྲ་གཉེན་བཟང་ངན་་ཡོད། །འཇིག་རྟེན་ལུགས་ལ་དགྲ་ལན་དྲིན་ལན་ཡོད། །ཆོས་ཀྱི་ལུགས་ལ་འགྲོ་ཀུན་མཉམ་པ་ཡིན། །ཆོས་ཀྱི་ལུགས་ལ་དགྲ་གཉེན་ཕྱོགས་རིས་སྤོང་། །གང་ཕན་གྲོས་བསྡུར་ལམ་ནས་ཐག་གཅོད་དགོས། །འཁོན་འཛིན་ང་ཆེ་མ་གསུང་བོད་པ་རྣམས། །
རང་བཙན་མཁན་པོའི་ཁ་ཤུགས་ལས།།
དབུ་མའི་ལུང་རིགས་གནད་ལ་འཁེལ།།
རང་བཙན་རུ་ཡི་འགོ་དཔོན་ཚོའི།།
གཟི་བརྗིད་ཁོག་སྟོང་མཐོང་བའི་ཚེ།།
མ་ཎི་བརྗེད་ནས་དེའི་ཚབ་ཏུ།།
རང་བཙན་འདོན་ནས་སྒུག་བསྡད་ཀྱང་།།
གངས་རིའི་རྭ་བ་འགྱེལ་མཉམ་དུ།།
ང་ཚོའི་གཏམ་བརྒྱུད་རྫོགས་ཉེན་འདུག།
དབུ་མས་རྒྱ་ཡི་མང་གཙོར་སྒུག་པ་དང་།།
རང་བཙན་བདག་དབང་སླར་གསོར་སྒུག་པ་གཉིས།།
རྩ་བ་དམག་དཔུང་མེད་འདིས་ལན་མཉམ་པས།།
དབུ་མར་རྒྱབ་སྐྱོར་ཡོད་རབ་སྨྲས་ཀྱང་ཅི།།
རྒྱབ་སྐྱོར་མཁན་རྣམས་དབུ་མར་མགུ་ནས་མིན།།
རང་བཙན་ས་མཚམས་ངོ་མ་བཀབ་འདིས་ཡིན།།
དོན་དངོས་རང་བཙན་བརྗོད་ན་རྒྱབ་སྐྱོར་མང་།།
ཉ་ཉུང་མཉམ་བསྲེས་བྱས་ན་ཅི་ལྟར་བྱེད།།
འུ་ཐུག་ཐབས་ཟད་ལམ་བཟང་དབུ་མའི་ལམ།།
བཏང་བཏང་བྱུག་བྱུག་འབེལ་བ་དབུ་མའི་ལམ།།།
རོགས་སྐྱོར་ཀུན་གྱི་བྱེད་པོ་དབུ་མའི་ལམ།།
དམངས་ལ་ལྟོགས་ལ་སློང་མཁས་དབུ་མའི་ལམ།།
རིག་གཞུང་འཛིན་སྐྱོང་མངའ་བདག་དབུ་མའི་ལམ།།
བཟང་དགུའི་འཇིག་རྟེན་བྱེད་པོ་དབུ་མའི་ལམ།།
ངན་དགུའི་ཐ་སྙད་སྤོང་མཁས་དབུ་མའི་ལམ།།
རྟག་ཆད་མཐའ་གཉིས་མཆོང་མཁས་དབུ་མའི་ལམ།།
ཞེས་ཤར་ཁུག་གི་རབ་བཏགས་རྣམས་ལ་བསྟོད་པའི་ཟོལ་གྱིས་སྨད་པའི་ཆ་ཙམ་མོ།
ལྷ་དང་ཆོས་སྐྱོང་འདྲེན་ས་དབུ་མའི་ལམ།།
རང་བཙན་གནས་དབྱུང་གཏོང་བྱེད་དབུ་མའི་ལམ།།
གུང་བྲན་འཕེབས་བསུ་་ཞུ་ས་དབུ་མའི་ལམ།།
སྤུན་ཟླར་སྡང་མིག་བསྒྲད་ཡུལ་དབུ་མའི་ལམ།།
ཕྱི་གླིང་རིག་གཞུང་ཡོང་ས་དབུ་མའི་ལམ།།
རང་གཞུང་ཕྱིར་ཚོང་ལྟེ་གནས་དབུ་མའི་ལམ།།
ལོ་རྒྱུས་ནག་ནོག་གྱུར་ས་དབུ་མའི་ལམ།།
རང་བཙན་ས་མཚམས་བརླག་ས་དབུ་མའི་ལམ།།
བྱིས་པ་དང་དྲ་འབུ། རྒྱ་ནག་གི་ཆེད་གླས་གླ་བ་བཅས་ཚང་མའི་ཞལ་དུ།།
༡༨༽ རྩེ་བློ་བཟང་བཀྲ་ཤིས་ནས།
སྤྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༢༨ གི་ཆུ་ཚོད་ ༨ སྐར་མ་ ༢༨
དུས་དེ་རིང་བོད་ཀྱི་རང་བཙན་ནི།།
གནམ་ཐཱན་པས་སྐམ་པའི་ཆུ་རྙོག་ལྟར།།
སུ་གང་གི་འཚོ་གནས་མི་ཉན་པ།།
མ་འགྲོ་བ་སེམས་ཅན་ཐམས་ཅད་ཀྱིས།།
གཅིག་གཟིགས་ན་མཁྱེན་པའི་དོན་དངོས་ཡིན།།
སྔོན་བཙན་པོ་རིམ་པར་བྱོན་པ་ཡི།།
སྐུ་འཕྲིན་ལས་དབང་ཐང་རྒྱས་པའི་ཚུལ།།
དུས་དེ་རིང་ངག་སྒྲོས་ཙམ་ཞིག་ལས།།
བོད་སྐྱོབ་པའི་རོགས་ལ་ཕན་པ་མེད།།
བར་སིལ་བུར་འཐོར་བའི་དུས་སྐབས་ནང།།
གཙང་ས་ཕག་དགའ་ལྡན་ཕོ་བྲང་བཅས།།
སྐབས་སོ་སོར་སྲིད་དབང་བསྐྱངས་ནའང།།
ནང་ཕྱི་ཡི་སྡེ་གཟར་མང་དྲགས་ནས།།
བོད་བྱུང་བ་རྩབ་ཧྲལ་ལྭ་བ་བཞིན།།
དུས་དེ་རིང་གྱོན་རྒྱུ་གང་ན་འདུག།
དགྲ་དམར་ནག་འཐབ་པའི་བར་གསེང་ནས།།
བོད་ཆོས་ལྡན་ཁྲག་མཚོའི་ཐང་དུ་བསྒྱུར།།
མགོན་བླ་གཞུང་རྒྱ་གར་ཡུལ་དུ་སྤྱུགས།།
གནམ་སྔོན་པོ་མནན་པའི་པོ་ཏཱ་ལ།།
དམག་དམར་པོའི་རྐང་པའི་འོག་ལ་མནན།།
བོད་གངས་ཅན་མངའ་འབངས་དབང་མེད་དུ།།
ལོ་ལྔ་བཅུར་རྒྱ་ནག་བྲན་ལ་བཀོལ།།
ལོ་རྒན་རབས་རིམ་གྱིས་རྫོགས་ནས་ཚར།།
ལོ་གཞོན་རབས་རིམ་གྱི་འགྱུར་ནས་ཚར།།
འདི་མི་རྟག་འགྱུར་བའི་འཕྲུལ་འཁོར་ནང།།
བོད་གངས་ཅན་རྦད་དེ་བརླག་ཉེ་ཡང།།
མགོན་༸རྒྱལ་དབང་བཅུ་བཞིའི་སྡེ་ཆེན་པོས།།
བོད་སྒང་པའི་སྲོག་ཤིང་གླིང་ལ་བཙུགས།།
ལུགས་ལམ་བཟང་དབུ་མའི་སྒོ་འཕར་ཕྱེས།།
ཕྱོགས་གཉིས་ཕན་འདྲ་མཉམ་ཀ་ཆེན་བཙུགས།།
ཁྱི་སྤྱང་ཀི་ལག་སྦྲེལ་རྒྱལ་སྤྱིའི་ནང།།
བོད་བཙོང་ནས་བཙོང་པ་མཐའ་མེད་ཀྱང།།
རང་གཞན་ཕན་ལམ་བཟང་དབུ་མ་ཡིས།།
བོད་འདི་ལ་རེ་བ་ཡོད་པར་བྱས།།
བོད་འདི་ལ་ཁྱད་ཆོས་ཡོད་པར་བསྟན།།
བོད་འདི་ལ་རྒྱ་ནག་ཞེད་དུ་བཅུགས།།
བོད་འདི་ཉིད་རྒྱལ་སྤྱིས་མཐོང་དུ་བཅུགས།།
གཞི་ལམ་བཟང་དབུ་མའི་བྱིན་བརླབས་ཀྱིས།།
འདྲེ་བདུད་ཀྱིས་ཡི་རངས་མི་བྱེད་པ།།
གཏམ་ཆགས་སྡང་གཞན་དབང་བྱིངས་པ་ཡི།།
ལས་མངོན་སུམ་སྨིན་པའི་རྟགས་ལེགས་ན།།
མིའི་གཟུགས་ཀྱི་བྱབ་ཆུང་དེ་ཚོ་ཡི།།
གཏམ་གཏམ་ལ་མ་བརྩི་དབུ་མ་པ།།
རང་ལམ་ཁ་ཤར་བསྐྱོད་བྱས་གྱུར་ན།།
བོད་ཆོལ་གསུམ་སྐྱིད་མཉམ་སྡུག་མཉམ་ཞིག།
དུས་གཏན་དུ་ཡོང་ངོ་དགྱེས་དགྱེས་མཛོད།།
དབུ་མའི་ལམ་པས་དམིགས་ས་དང་བབ་ས་འདི་རེད། ༼རྒྱལ་བ་རིན་པོ་ཆེ་ཡིས་རྒྱུན་མཐུད་ནས་གསུང་དོན། “ འདས་པའི་ལོ་རྒྱུས་ནི་འདས་པའི་ལོ་རྒྱུས་རེད། ཧ་ལམ་དུས་རབས་བདུན་པ། བརྒྱད་པ། དགུ་བ་ལ་བོད་རྒྱ་གཉིས་རྒྱལ་ཁབ་ཁག་ཁག་ཡིན་པ་ཧ་ལམ་གསལ་བོ་རེད། རྒྱ་ཡིག་ནང་གསལ་བོ་བཀོད་འདུག་གཱ དེ་ནི་འདས་པའི་ལོ་རྒྱུས་རེད། འཛམ་གླིང་ལ་འགྱུར་བ་འགྲོ་བསྡད་ཡོད་པ་རེད། ཁ་སང་དེ་རིང་རྒྱ་ནག་ལ་ཆ་བཞག་ན། དཔལ་འབྱོར་ཞེ་དྲག་འཕེལ་རྒྱས་བྱུང་ཡོད་པ་རེད། ང་ཚོ་བོད་པ་ལ་དངོས་པོ་ཡར་རྒྱས་ཡོད་པ་མ་རེད། དེ་འདྲ་སོང་ཙང་། བོད་རིགས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁོངས་སུ་བསྡད་པ་ཡིན་ན་དཔལ་འབྱོར་ཐད་ནས་ཁེ་ཕན་ཡོད་པ་རེད། ང་ཚོར་ག་རེ་དགོས་པ་ཟེར་ན། ང་ཚོར་སྐད་ཡིག་ཟུར་དུ་ཡོད་པ་རེད། སྐད་ཡིག་དེའི་ནང་དུ་ནང་བའི་ཆོས་ཕྱུག་པོ་ཞེ་དྲག་ཡོག་རེད། དེ་བས། རྩ་ཁྲིམས་ནང་ཐོབ་ཐང་བཀོད་ཟིན་པ་སྟེ། རང་སྐྱོང་ལྗོངས། རང་སྐྱོང་ཁུལ། རང་སྐྱོང་རྫོང་ཟེར་བ་ཡོད་རེད། མིང་དོན་མཚུངས་པའི་གཏན་འཁེལ་དེ་ཚོ་ཆ་ཚང་བ་ཞིག་ལག་ལེན་འཁེལ་བ་ཡིན་ན། ང་ཚོར་དཀའ་ངལ་མི་འདུག་གཱ ཐུན་མོང་གི་ཁེ་ཕན་རེད་པཱ”
“ ཕྱི་ལོ་ ༡༩༥༤ ལོའི་ཟླ་ ༩ ནང་། ང་རང་པེ་ཅིན་དུ་ཕྱིན་པ་རེད། མའོ་ཙེ་ཏུང་ལ་ཐེངས་མང་པོར་མཇལ་ཡོད། ཧ་ལམ་མཇལ་ཐེངས་དང་པོའམ་གཉིས་པ་དེ་འདྲ་ཞིག་ཡིན་ས་ཡོད། མའོ་ཙེ་ཏུང་གིས་གསུངས་དོན། གྲོས་མཐུན་དོན་ཚན་བཅུ་བདུན་ནང་དུ་དམག་སྲིད་ཨུ་ཡོན་ལྷན་ཁང་འཛུགས་རྒྱུ་ཞིག་འཁོད་ཡོད་པ་དེ་འཛུགས་མ་དགོས་པར་རང་སྐྱོང་ལྗོངས་ཤིག་བཙུགས་པ་ཡིན་ན་ག་འདྲ་འདུག་ཅེས་འདྲི་ཀི་འདུག དེ་ནས་ངས་འབྲེལ་ཡོད་ཚོར་གོ་བསྡུར་བྱས་པ་ཡིན་ལ། དམག་སྲིད་ཨུ་ཡོན་ལྷན་ཁང་འཛུགས་མ་དགོས་པར་རང་སྐྱོང་ལྗོངས་བཙུགས་ན་ཡག་པོ་རེད་ཅེས་ཚང་མ་ཞེ་དྲག་དགའ་སོང་། དེ་ནས་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་གཏན་ཁེལ་བ་རེད། ༽
༼རྒྱལ་བ་རིན་པོ་ཆེ་ཡིས་རྒྱུན་མཐུད་ནས་གསུང་དོན། “ འདས་པའི་ལོ་རྒྱུས་ནི་འདས་པའི་ལོ་རྒྱུས་རེད། ཧ་ལམ་དུས་རབས་བདུན་པ། བརྒྱད་པ། དགུ་པ་ལ་བོད་རྒྱ་གཉིས་རྒྱལ་ཁབ་ཁག་ཁག་ཡིན་པ་ཧ་ལམ་གསལ་པོ་རེད། རྒྱ་ཡིག་ནང་གསལ་པོ་བཀོད་འདུག་ག དེ་ནི་འདས་པའི་ལོ་རྒྱུས་རེད།
འཛམ་གླིང་ལ་འགྱུར་བ་འགྲོ་བསྡད་ཡོད་པ་རེད། ཁ་སང་དེ་རིང་རྒྱ་ནག་ལ་ཆ་བཞག་ན། དཔལ་འབྱོར་ཞེ་དྲགས་འཕེལ་རྒྱས་བྱུང་ཡོད་པ་རེད། ང་ཚོ་བོད་པ་ལ་དངོས་པོ་ཡར་རྒྱས་ཡོད་པ་མ་རེད། དེ་འདྲ་སོང་ཙང་། བོད་རིགས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁོངས་སུ་བསྡད་པ་ཡིན་ན་དཔལ་འབྱོར་ཐད་ནས་ཁེ་ཕན་ཡོད་པ་རེད།
ང་ཚོར་ག་རེ་དགོས་པ་ཟེར་ན། ང་ཚོར་སྐད་ཡིག་ཟུར་དུ་ཡོད་པ་རེད། སྐད་ཡིག་དེའི་ནང་དུ་ནང་བའི་ཆོས་ཕྱུག་པོ་ཞེ་དྲགས་ཡོད་རེད། དེ་བས། རྩ་ཁྲིམས་ནང་ཐོབ་ཐང་བཀོད་ཟིན་པ་སྟེ། རང་སྐྱོང་ལྗོངས། རང་སྐྱོང་ཁུལ། རང་སྐྱོང་རྫོང་ཟེར་བ་ཡོད་རེད། མིང་དོན་མཚུངས་པའི་གཏན་འཁེལ་དེ་ཚོ་ཆ་ཚང་བ་ཞིག་ལག་ལེན་འཁེལ་བ་ཡིན་ན། ང་ཚོར་དཀའ་ངལ་མི་འདུག་ག ཐུན་མོང་གི་ཁེ་ཕན་རེད་པ།”
“ ཕྱི་ལོ་ ༡༩༥༤ ལོའི་ཟླ་ ༩ ནང་། ང་རང་པེ་ཅིན་དུ་ཕྱིན་པ་རེད། མའོ་ཙེ་ཏུང་དང་ཐེངས་མང་པོར་མཇལ་ཡོད། ཧ་ལམ་མཇལ་ཐེངས་དང་པོའམ་གཉིས་པ་དེ་འདྲ་ཞིག་ཡིན་ས་ཡོད། མའོ་ཙེ་ཏུང་གིས་གསུངས་དོན། གྲོས་མཐུན་དོན་ཚན་བཅུ་བདུན་ནང་དུ་དམག་སྲིད་ཨུ་ཡོན་ལྷན་ཁང་འཛུགས་རྒྱུ་ཞིག་འཁོད་ཡོད་པ་དེ་འཛུགས་མ་དགོས་པར་རང་སྐྱོང་ལྗོངས་ཤིག་བཙུགས་པ་ཡིན་ན་ག་འདྲ་འདུག་ཅེས་འདྲི་བགྱིད་འདུག དེ་ནས་ངས་འབྲེལ་ཡོད་ཚོར་གོ་བསྡུར་བྱས་པ་ཡིན་ལ། དམག་སྲིད་ཨུ་ཡོན་ལྷན་ཁང་འཛུགས་མ་དགོས་པར་རང་སྐྱོང་ལྗོངས་བཙུགས་ན་ཡག་པོ་རེད་ཅེས་ཚང་མ་ཞེ་དྲགས་དགའ་སོང་། དེ་ནས་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་གཏན་ཁེལ་བ་རེད། ༽
འདི་ཡི་ནང་གི་ཨུ་ཡོན་ཟེར་ན་གང་རེད།
རྒྱ་ལ་འགྲོགས་བདེ་དབུ་མ་ཡིན་མོད་ཀྱང་།
དོན་ལ་བོད་པའི་འཚོ་བ་ཅེ་ངན་རེད་།
རྒྱ་ལ་བཤད་བདེ་དབུ་མ་ཡིན་མོད་ཀྱང་།
དོན་དུ་༧གོང་ས་མཆོག་ལ་ཅེ་སྨོད་རེད་།
རྒྱ་བོད་མཉམ་གནས་དབུ་མ་ཡིན་མོད་ཀྱང་།
དོན་ལ་བོད་པའི་ཕ་ནོར་ཅེ་འཇིག་རེད་།
རྒྱ་བོད་འཆམ་མཐུན་དབུ་མ་ཡིན་མོད་ཀྱང་།
དོན་ལ་བོད་པའི་ནང་ཁུལ་ཅེ་དཀྲུག་རེད་།
མ་རྩོད་ནང་ཁུལ་མ་རྩོད་བོད་མི་ཚོ་།
དབུ་དང་རང་གཙན་མ་འཁོན་བོད་མི་ཚོ་།
དཀའ་དུས་སྡུག་གི་འཁུར་བོ་མཉམ་འཁུར་བྱོས་།
ཡོད་དུས་སྐྱིད་པའི་རྟ་བོ་མཉམ་གཞོན་བྱོས་།
ལྟ་བ་མང་ན་ཡང་དག་མང་གཙོ་རྒྱན་།
ནང་ཁུལ་དམ་ཚིག་མཐུན་ན་བོད་པའི་རྒྱན་།
དགྲ་གཉེན་དབྱེ་བ་ཤེས་ན་དཔྱང་བའི་རྟགས་།
གཞིས་བྱེས་ལྷན་འཛོམས་ཡོང་ན་བོད་པ་སྐྱིད་།
དྲ་འབུ་འདི་ཚོ་ སྙིང་་་་་་་་་་་རྗེ་རྗེ་་་་
ལྟོ་རེ་ཡོད་ན་འདི་ཚོར་སྟེར་རོགས།
འདི་ཚོའི་གྲོ་ཁོག་ལྟོགས་གི་ཡོད་པ་འདྲ།
སྤོབས་པ་མཐའ་ཡས་ཞེས་པ་འདི་དངོས་གནས་ཁྱད་མཚར་རེད། སྐབས་རེ་རང་བཙན་རྩོད་དགོས་ཤེས་ངར་ངར་ཤོར་ཤོར་རེད། སྐབས་རེ་རྒྱ་དར་མགོ་ལ་འཕྱར་མཁན་ཤར་ཁུག་ལ་ངོ་བསྟོད་འདྲ་ཞིག་བྱེད། དངོས་གནས་མི་འདི་ཚོ་ལ་ཆོ་མི་འདུག མི་འདི་ཚོས་ལྡིར་ས་ནི་དབུ་ལམ་མ་ཡིན་པར་དབུ་ལམ་གྱི་སྟོན་པ་ཡིན་པ་འདྲ།
བོད་ཀྱི་བསོད་ནམས་བོད་པས་ངོ་མི་ཟིན།།
རང་ཚོད་མ་ཟིན་གནས་འབབ་དུས་འདི་བྱུང་།།
དང་པོ་འགོ་ནས་མ་བཟང་ད་ནས་ཀྱང་།།
རྒྱ་བོད་རྩོད་ལེན་རི་ལྟར་འབད་ན་ཡང་།།
འགྲུབ་རྒྱུ་རི་བང་རྭ་བའི་སྤུན་འཇའ་ཡིན།།
དེ་ཙམ་བོད་ལ་དགའ་ན་རྒྱ་གར་ཆོས།།
ཁོ་ནའི་ཕྱོགས་སུ་མ་ཞེན་ཞང་བོད་གནས།།
སྲུང་སྐྱབས་འཁོར་ཡུག་སྐྲུན་ན་རྒྱལ་ཁ་ཡོད།།
ངས་བཤད་པ་འདི། གཙོ་བོ་ང་རང་ཚོ་ལ་དགོས་ཡ་དེ་བོད་མི་རིགས་མཚོན་བྱེད་བོད་ཀྱི་རིག་གནས་འདི་ཆགས་སྡད་རེད་ཅེས་ཞུ་ཡོད། ང་རང་ཚོའི་སྤྱི་ཚོའི་ནང་ཁུག་ཆིག་སྒྲིག་ཡོང་མི་ཐུབ་པའི་སྤྱི་བོ་ཟིང་ཟིང་དེ་ག་དུས་བྱུང་ཡོད་མིན་སྐོར་ལ་བསམ་གཞིགས་ཞིག་ཐོངས་ད། དེ་ནས་རང་བཙན་ཟེར་ནའང་འདྲ་དབུ་མའི་ལམ་ཟེར་ནའང་འདྲ་རྩོད་རྒྱུ་ཡོད་རེད། དངོས་གནས་བཤད་ན་ང་རང་ཕམ་ཆུག་མཁན་དེ་་་་་་་་་་་་་ཡ་ད་རྗེས་ནས་ཞུ་དགོས།
དབུ་མའི་མཐའ་ནི་མགོ་འདོགས་རང་ལུགས་རེད།
རང་བཙན་མཐའ་ནི་ཉེན་མཆོང་རིང་ལུགས་རེད།
དབུ་རང་གཉི་ག་མཐའ་རུ་མ་ལྟུང་ན།
བསིལ་ལྡན་ཁ་བ་ལྗོངས་ལ་རེ་བ་ཆེ།
ཤར་ཁུག་རྒྱ་དར་མ་འཕྱར་རོགས།
ཀླུ་བྱམས་ཤིང་མདའ་མ་ཁུར་རོགས།
གན་དོ་ལ་ཡི་ངང་ཚུལ་གྱིས།
དོན་ཆེན་འགྲུབ་པ་གནས་མ་ཡིན།
དབུ་མའི་ལམ་ལ་ལྷན་པ་མང་།
རང་བཙན་གཅེར་བུ་བ་དང་མཚུངས།
ཤིན་ཏུ་གསང་དགོས་ལུས་ཀྱི་གནད།
ངོ་ཚ་མེད་པར་མ་ངོམས་རོགས།
ཁ་སང་དེ་རིང་རྒྱ་ནག་ལ་ཆ་བཞག་ན། དཔལ་འབྱོར་ཞེ་དྲགས་འཕེལ་རྒྱས་བྱུང་ཡོད་པ་རེད། ང་ཚོ་བོད་པ་ལ་དངོས་པོ་ཡར་རྒྱས་ཡོད་པ་མ་རེད།ཅེས་གསུངས་ཀྱི་ཡིན་ན་སྐད་ཆ་འདི་ཁྱད་མཚར་འདྲ་རེད། རྒྱ་ནག་གིས་བོད་པའི་རྒྱུ་དངོས་ཕྲོགས་སོང་བ་རེད་དམ་་་བོད་པས་རྒྱ་ནག་གི་རྒྱུ་དངོས་ཕྲོགས་པ་རེད། རྒྱ་ནག་དཔལ་འབྱོར་ཡར་རྒྱས་ཆེན་པོ་ཡིན་པར་བདེན་ན་བོད་ཀྱི་གསེར་དངུལ་ཟངས་ལྕགས་སོགས་ཀྱི་གཏེར་ཁ་འཕྲོག་གྱི་མཚམས་བཞག་ན་ག་འདྲ་འདུག་གམ།
བོད་ཀྱི་རྒྱུ་དངོས་ཕྲོགས་ནས་ཕྱུག་པོ་ཆགས། ད་བོད་ལ་རོགས་རམ་བྱེད་ཀྱི་རེད་ཨེ། བོད་ལ་རོགས་རམ་བྱེད་མཁན་ཞིག་ཡིན་ན་བོད་པའི་རྒྱུ་དངོས་ཕྲོགས་ཀྱི་མ་རེད་བ།་་་ཇག་པ་རོགས་རམ་བྱེད་མཁན་འཛམ་གླིང་ཐོག་ཏུ་ཡོད་སྲིད་དམ། ཕར་ཇག་པ་བརྒྱབ་ནས་ཁུར་ཚར་དུས་ཚུར་རོགས་རམ་བྱེད་མཁན་འོང་གི་རེད་དམ་་་་ཧཧཧཧཧ ཡར་རྒྱས་དང་འཛུགས་སྐྲུན་ཟེར་བའི་ཚིག་སྐམ་སྙན་མོ་འདི་དག་གི་འོག་ནས་ཕར་ཕྲོགས་བསྡད་པ་ལས་ཚུར་སྤྲད་པ་མ་རེད། སྒོར་བརྒྱ་ཚུར་སྤྲད་ནས་ས་ཡ་ཕར་ཕྲོགས་བསྡད་པ་རེད་དོ།།།
དམངས་ཉམ་ཆུང་ཚོའི་བདེ་སྡུག་བསམ་མཁན་ཞིག་ཡིན་ན་ལྐོག་ཟ་རུལ་སུངས་ལ་དགག་པ་བརྒྱབ་ནས་སྤྱིའི་སྒོར་་དམངས་ལ་ཕན་པ་ཞིག་བཟོ་དགོས་རེད། ཆོས་ལུགས་ཀྱི་ཕྱོགས་ནས་བཤད་ནའང་ལྐོག་ཟ་རུལ་སུངས་བྱས་པ་འདི་ལས་རྒྱུ་འབྲས་དང་ཅང་མཐུན་མདོག་ཁག་པོ་མ་རེད་བ། ལྐོག་ཟ་རུལ་སུངས་བུ་བཞིན་གཅེས་སྡོད་ན་འཛམ་གླིང་གི་དཔལ་འབྱོར་ཡོད་ཚོད་བོད་ལ་དབང་ནའང་མི་དམངས་ཉམ་ཐག་ལ་ཅང་ཕན་ཐོགས་ཀི་མ་རེད།།
ལུང་རྟོགས་ལགས། ང་ནི་དབུ་མའི་ལམ་གྱི་སྟོན་པ་དང་འཁོར་སུ་ཡིན་ན་ཡང་མི་དགའ་ས་དང་མི་མོས་ས་སུ་གཅིག་ཀྱང་མེད། ཚང་མ་ཡང་བོད་མི་རེ་དང་བོད་ཀྱི་མདུན་ལམ་གླེང་མཁན་རེ་ཡིན་པའི་ཆེ་མཐོང་དང་གུས་བརྩི་ཆེན་པོ་ཡོད། སུ་གཅིག་ལ་ཡང་གནོད་སྐྱེལ་འདོད་མེད། རྒྱ་མིའི་སོ་བ་རེད་ཟེར་འདོད་མེད། ཡིན་ན་ཡང་། ང་ཐེ་བའི་བོད་མི་མང་གི་མདུན་ལམ་དང་འབྲེལ་བའི་གནད་དོན་ཞིག་ཡིན་ཕྱིན་དེའི་ཕན་གནོད་གང་ཡོད་མི་གླེང་ཐབས་མེད་རེད།
ཁུགས་མ་རྟ་མ་ཡིན་ཀྱི་སྐྱེ་རབས་བདུན།
འཆལ་རྩོམ་འདི་ཡི་འབྲི་ལུགས་འདི།
མུ་སྟེགས་པ་ཡི་སྐྱེ་བ་འདྲ།
ཁ་བདེ་ལྕེ་བདེ་བྱེད་ལུགས་འདི
ཕོ་རོག་ནག་པོའི་སྐྱེ་བ་འདྲ།
དབྱེན་སྦྱོར་དཀྲུགས་ཤིང་མང་ལུགས་འདི།
ཨ་ཅེ་ཝ་མོའི་སྐྱེ་བ་འདྲ།
མགོ་བདེ་དྲན་འཕྲུལ་ཆེ་ལུགས་འདི།
སྤྲ་མ་སྤྲེའིུ་སྐྱེ་བ་འདྲ།
མི་བདེན་བརྫུན་བསྒྲིགས་དེ་ལ་ལྟོས
མཚན་རྒྱུ་བ་ཡི་སྐྱེ་བ་འདྲ།
ཁུངས་མེད་ཨུ་ཚུགས་ཆེ་ལུགས་འདི།
བོང་རྒན་ཞིག་གི་སྐྱེ་བ་འདྲ།
ད་ལྟའི་བྱ་བྱེད་རྣམ་པ་མང་།
ལྟས་ངན་གུང་ཁྲན་རྒྱུག་ཁྱི་འདྲ།
ཕྲག་དོག་མེ་ལྕེ་འབར་པའི་ཞལ་དུ་བསྟབས།
མཐོན་པོའི་གསེར་ཁྲིའི་བཞུགས་ས་མི་དགོས་ལ།།
སྦུག་དམ་སྦྱར་མའི་ངོས་འཛིན་སྦས་སྐུང་གིས།།
རང་ཉིད་རང་གི་རྐང་པར་བཞེངས་པ་ཡི།།
རིགས་པའི་དཔའ་བོའི་མཆོག་སྤྲུལ་ཁུག་རྟར་འདུད།།
གནད་འདུས་གཞིབས་པའི་རྣམ་དཔྱོད་མེ་ལས་ཚ།།
དྲང་བརྗོད་གངས་སེང་གད་རྒྱངས་ས་གསུམ་ཁྱབ།།
༸རྒྱལ་བའི་དགོངས་པ་སྙིང་དང་གཉིས་མེད་པའི།།
ཨ་ལགས་1ཤར་ཕྱོགས་ཁུག་རྟར་གུས་བས་འདུད།།
མཁས་མང་བྱེ་བའི་རྣམ་དཔྱོད་གཅིག་བསྡུས་པ།།
༸རྒྱལ་བའི་བཀའ་དགོངས་སྐུ་ཚེར་སྒྲུབ་པ་ཡི།།
བྱུང་རབས་གསེར་མདོག་འཕྲོ་བའི་མཁས་ཆེན་དེའི།།
དགོངས་གཞི་སྤྱི་བོར་ལེན་ཁྱེད་རྟག་ཏུ་འདུད།།
ལོག་སྨྲ་ཕྱོགས་ཞེན་དུག་གི་མུན་དོང་ནས།།
མ་བཟོད་མ་འགྲན་ཚིག་གིས་བརྙས་གྱུར་ཀྱང།།
ཁྱེད་ལ་འཇིགས་ཞུམ་ཡེ་ནས་བྲལ་པ་འདི།།
མི་རིགས་འདི་ལ་བསོད་བདེ་ཡོད་པའི་རྟགས།།
ན་མཉམ་མོག་པོར་བྱས་པའི་མཁྱེན་དཔྱོད་དང།།
མཁས་ཆེན་མདུན་ས་ཟིན་པའི་བློ་གྲོས་ཀྱིས།།
དུས་མཐའ་འདི་ན་ཤར་ཕྱོགས་ཁུག་རྟ་ཞེས།།
ཡོངས་སུ་གྲགས་པ་ཁྱེད་ལ་སྙིང་ནས་དགའ།།
ཞེ་ནག་བསྟོད་ཚིག་མིན་ནོ་མདོ་སྨད་པ།།
སྤོབས་པའི་བསྟོད་གླུ་ཡིན་ནོ་ཤར་ཕྱོགས་པ།།
འདི་ཙམ་ཁྱེད་ལ་རྒྱང་ནས་བསྐུར་བ་ཙམ།།
སེམས་དང་བསམས་པའི་ཁྱད་ཀྱིས་བྱས་སོ་ལོ།།
དེས་ན་འབྱུང་འགྱུར་མདུན་ལམ་ཡངས་པོ་རུ།།
སྔར་བཞིན་རྣམ་དཔྱོད་མཆོག་གི་དཔལ་བཞེངས་ཏེ།།
༸རྒྱལ་བའི་དགོངས་པ་སྒྲུབ་ལ་དཔའ་པོའི་སྙིང།།
དགེ་ཆོས་མཆོག་སྤྲུལ་བྱོན་པའི་དགོས་དོན་ཉིད།།
གཞན་གྱིས་དམོན་མོ་ཚིག་གི་དུ་ཁ་ཡིས།།
བརྙས་སམ་སྐུར་འདེབས་གསོད་རྩིས་ཅི་བྱས་པ།།
མཐའ་དག་ཁྱེད་ཀྱི་གཟི་འོད་རབ་འཕེལ་ལ།།
འགྲན་གྱིས་མ་བཟོད་ལས་བྱུང་ཉག་ཅིག་གོ།
བཙན་བྱོལ་བོད་མིའི་ཆབ་སྲིད་སྤྱི་ཚོགས་ལ།།
རྫོགས་ལྡན་གཤོག་ཟུང་དབྱིངས་ནས་འཁྱུགས་པ་ཡིས།།
གཟུར་གནས་བློ་ལྡན་མཁས་མང་ཁྱེད་ཉིད་ལ།།
རབ་ཏུ་དུངས་པའི་ཚུལ་རྣམས་བརྗོད་ལས་འདས།།
ངས་ནི་ལོ་མང་ལས་བྲེལ་བར་གསེང་ནས།།
ངྷ་སའི་གྲོང་གི་ཆོས་སྲིད་རྦ་རླབས་ལ།།
ཞིབ་ཏུ་མིག་བློ་ཞུགས་པའི་མཐའ་འབྲས་སུ།།
རེ་བ་ཅན་གྱི་བུ་ཁྱེད་མཆོག་ཏུ་མཐོང།།
བྱད་བཞིན་སྐུ་གཟུགས་རྣམ་དཔྱོད་མཆོག་གི་སྡེ།།
སྨྲ་དག་གདངས་སྙན་ཡིད་འགུགས་གཏམ་གྱི་ཆབ།།
རྩོམ་པ་གནད་འདུས་མཁས་པ་མགུ་བྱེད་པས།།
དགེ་ཆོས་མཆོག་སྤྲུལ་རིགས་པའི་འབར་འདིར་གུས།།
༸རྒྱལ་བའི་ཐུགས་བརྩེའི་རྗེས་འཛིན་ཉག་ཅིག་དང།།
སློབ་དཔོན་ཟམ་གདོང་བཀུར་བའི་སྙིང་སྟོབས་ལས།།
སྐུ་ཕྲེང་འདི་ལ་ཚེ་ནོམ་གཞན་མེད་པ།།
ཅི་ལྟར་བསམས་ཀྱང་སྙིང་ལ་ཆོངས་ཤིག་བུ།།
མ་འོངས་ཆོས་སྲིད་ཟུང་གི་མཛད་འཕྲིན་ནང།།
མཆོག་གི་དཔྱོད་ཤེས་དམ་པའི་རྗེས་འབྲངས་ནས།།
གཟུགས་བརྙན་འདྲ་ཆགས་ཐལ་བར་བརླག་པ་ཡི།།
ཞི་དྲག་ཟུང་གི་ཚུལ་དེ་རྟག་བརྟན་ཤོག།
མ་ཐུག་ཡུན་རིང་འདྲིས་པའི་བདག་སེམས་ན།།
དགེ་ཆོས་དམ་པའི་མིང་དོན་མཚུངས་པའི་སྐུ།།
བསམ་བཞིན་སྲིད་པ་བཟུང་པའི་ཤར་ཕྱོགས་པར།།
ནམ་ཡང་དམ་ཚིག་རྡོ་རྗེ་བྲག་གིས་བརྟན།།
དབུ་མ་གླེང་ན་ནག་པོ་རྒྱ་ལ་གླེང་།
བོད་པའི་ནང་དུ་གླེང་ན་འགྲུབ་འབྲས་མེད།
རང་བཙན་བརྩོད་ན་ནག་པོ་རྒྱ་ལ་བརྩོད།
བོད་པའི་ནང་དུ་བརྩོད་ན་དེ་ཞིན་ནོ།