ཞའོ་སུའུ་ཟེར་མཁན་གྱི་རྒྱ་མི་ལོ་ ༢༩ ཅན་ཞིག་གིས་ ཕྱི་ཟླ་ ༧ ཚེས་ ༢༣ ཉིན་ ཐེ་ཝན་ལ་སྐྱབས་བཅོལ་ཞུས་ཡོད་འདུག ཁོང་གིས་སྐྱབས་བཅོལ་ཞུ་རྒྱུའི་དམིགས་ཡུལ་ཐད་ ང་ཐེ་ཝན་དུ་སྡོད་རྒྱུ་མིན། ང་ཐེ་ཝན་བརྒྱུད་ནས་རྡ་རམ་ས་ལར་སོང་སྟེ་བོད་མི་དམངས་ལ་ཞབས་ཞུ་ཞུ་གི་ཡིན་ཟེར། དེའི་གནས་ཚུལ་རྒྱ་ཡིག་ཐོག་དྲ་རྒྱ་འདི་ན་འདུག
http://www.voachinese.com
གནས་ཚུལ་ཡག་པོ་རེད།
ཡག་པོ་རེད། རྒྱ་བསམ་ཤེས་ཅན་ཞིག་ཡིན་གྱི་རེད། རྒྱབ་སྐྱོར་གནང་ཐུབ་ན་ཡག་པོ་རེད།
རྒྱ་ཕྲུག་དེའི་ཡིད་ཚོད་ཀྱི་བོད་པ་དང་དངོས་ཡོད་ཀྱི་བོད་པ་གཉིས་འགལ་ཟླ་མི་འབྱུང་བར་མཁྱེན།
སེམས་ཤུགས་ངོ་མ་དེ་མེད་ན།
གསར་འབྱོར་སེམས་ཤུགས་ཅན་དེ་ཚོ་རྡ་སར་འབྱོར་ནས་སེམས་ཤུགས་ཆག་སོང་ཟེར་ནིའི་སྐད་ཆ་དུ་བ་མི་་འགྲོ་ས་དེ་འདྲ་བཤད་ནི་མང་ཡ། མང་ཡ།
རྒྱ་རོ་དེའི་དམིགས་ཡུལ་དངོས་ནས་ག་རེ་ཡིན་ན།
རྒྱ་མི་ལྐུགས་པ་ཞིག
ཡང་རྡ་ས་ལ་རྒྱ་གོང་ཁྲན་དྲིན་ཆེན་ཕ་མ་རེད། དངུལ་དམ་ཡ་སྦྲང་ཆར་འབབ་འབབ་རེད། ཟེར་རན་ཡོད་ས་རེད་ད། གཟབ་གནང་མ་གཏོགས།
རྒྱ་འདྲེ་དེའི་དམིགས་ཡུལ་བཟང་པོ་ཞིག་ཡིན་པ་ཤོག
དེ་རིགས་ལ་དོག་ཟོན་བྱེད་དགོས།
དགའ་རྒྱུ་མ་སྔ་། ཅི་ཡིན་མ་ཤེས་སྔོན་ལ་སྟོད་པ་མ་བྱེད། དགྲ་གཉེན་གང་ཡིན་ཀྱང་གཟབ་དགོས།
ཆབ་སྲིད་པ་ཞིག་ལ་མཚོན་ན་་་་་དགྲ་དེ་དགྲ་མ་ཡིན་ལ་གཉེན་དེ་གཉེན་མ་ཡིན། གང་ཡིན་ཟེར་་་་་་དགོས་པའི་དབང་གིས་་་དགྲ་གཉེན་དུ་རྩིས་པ་དང་་་་་གཉེན་དགྲར་འཛིན་དགོས་པ་དེ་འདྲ་མང་པོ་གདའ།།
རྒྱ་རྒན་དེའི་སྐོར་ལ་དྲ་གྲོགས་ཚོས་གླེང་་སློང་མང་ཙམ་བྱེད་དགོས་རྒྱུ་མཚམ་ནི་འུ་ཚང་རི་བོང་ཅལ་འདྲོགས་བྱེད་རྒྱུ་དགའ་ནི་རེད། ཐོག་མར་བརྟགས་དཔྱད་ཡག་པོ་གཏོང་དགོས། དེ་ནས་རིམ་པས་འབྲེལ་བ་བྱས་ཆོག་གི་རེད། གཡོ་རྒྱུ་མི་ཚང་དགུ་ཚང་ཚང་གི་ཡིན་ན་ཐང།
རྒྱ་ལྡོམ་དེའི་དམིགས་ཡུལ་ངོ་མ་ཅི་ཡིན་མི་ཤེས་ཀྱང་བོད་ལ་རོགས་པ་བྱ་རྒྱུ་ཡིན་ཟེར་བ་ཙམ་འདི་ཡང་ཡག་པོ་ནི་རེད་མོད།་་ཡིན་ན་ཡང་དང་པོ་ཁ་འཇམ་དང་ཁ་ཡག་བཤད་ནས་རྗེས་ནས་བོད་རིགས་ནང་ཁུལ་དཀྲུགས་པའམ་དོན་གྱི་བདག་པོ་ཁོང་ཚང་ལའང་གནོད་པ་འདྲ་བྱེད་ཨེ་ཐུབ་ཀྱི་དམིགས་ཡུལ་ཡང་ཡོད་སྲིད་པས་ཏན་ཏན་ཏིག་ཏིག་གིས་བརྟག་དཔྱད་དང་དོགས་ཟོན་གནང་རྒྱུ་ནི་གལ་ཆེན་པོ་རེད་སྙམ།
འདི་ནང་བཞིན་བོད་ལ་རོགས་སྐྱོར་བྱེད་མཁན་རྒྱ་མི་ཡོད་སྲིད་པ་རེད། འཛམ་གླིང་གི་ལོ་རྒྱུས་ཐོག་འདི་འདྲ་མང་པོ་བྱུང་མྱོངས་ཡོད་པ་རེད། དེའི་སྟབས་ཀྱིས་ང་ཚོ་ཧང་སངས་དགོས་ཡ་མི་འདུག
གནའ་མི་བོད་ཀྱི་གཏམ་དཔེར། རྒྱ་གཏོང་ཕོད་ཆེ་ནས། །བོད་ལ་ཐུག་པ་མི་བསྐོལ། ། ཟེར་བར་གནས་ལུགས་ཤིག་ཡོད་ན་ཐང་གི
ལོ་རབ་ལྔ་བཅུ་པའི་ནང་ལ་བོད་ལ་རོག་པ་བྱེད་ཁན་རྒྱ་མིའི་་དམག་དཔོན་བོད་མིང་ལ་བློ་བཟང་བཀྲ་ཤིས་ཞེས་པ་ཞིག་ཡོད་པ་གོ་ཐོས་བྱུང་ད་ཡང་རྒྱ་མི་བོད་ལ་རོག་པ་བྱེད་མཁན་ཞིག་ཡོད་ན་བཀྲ་ཤིས་བདེ་ལེགས་ཡོད
ཡིན་ན་ང་ཚོས་བསམ་བློ་གཏོང་དགོས་རེད་བོད་མིའི་ཁ་རྒྱུན་ལ་ རྒྱ་དོག་པས་ཕོངས་བོད་རེ་བས་ཕོངས་ཞེས་པའི་བཤོས་གསོལ་ཡོད་པ་རེད།
སྙིང་རྗེ། ངེད་ཚང་གི་བ་ལུ་མ་འོ་མ་མང་བོ་བཞོ་རྒྱུ་ཡོད། རྡ་ས་ནས་འཚོ་ས་ཞིག་སྤྲོད་དང་རྒྱ་ཕྲུག་ཞིག་གི་ཡན་ཡིན་ནའང་ཐང་། ཀུ་རེ་ཡིན་ད།
ནག་ཐར་སྐྱིད། དོན་དག་ཤོད་ཀུ་རེ་རྐྱང་བཤད་ནས་ཉི་མ་མ་གཏོང་།
དོགས་ཟོན་བྱོས།
ཁོང་གིས་བོད་རིགས་དག་ལ་རོགས་རམ་བྱེད་རྒྱུ་ཡིན་ཟེར་བ་དེ་ལ་བསམ་གཤིབ་བྱེད་རྒྱུ་ཤིན་ཏུ་གལ་ཆེ། བོད་རིགས་དག་ལ་རོགས་པ་བྱེད་འདོད་ཡོད་ལ་ཡིན་ཅིག་མིན་ཅིག་རྡ་སར་ཡོང་དགོས་པའི་རྒྱུ་མཚན་གང་ཡིན་ནམ།
བོད་ནང་གི་བོད་མི་རྣམས་ལ་རོགས་སྐྱོར་བྱེད་ན་ག་རེ་མ་འགྲིག་པ་རེད། ཚང་མས་དེའི་རིགས་ལ་ཡིད་གཟབ་བྱས།
ལས་ཀ་བྱེད་འདོད་ཡོད་ན་བྱེད་དུ་བཅུག
འོན་ཀྱང་གོ་ས་དང་མཐོང་ཆེན་ཆེ་རང་བྱེད་རྒྱུ་མེད།
དུས་རྒྱུན་དུ་དྭོགས་ཟོན་བྱེད་དགོས།
ད་ཅི་ཞིག་དོག་ཟོན་བྱེད་རྒྱུ། ཚང་མ་ཤོར་སོང་ནས། དེང་སྐབས་ཕྱི་གསལ་ནང་གསལ་ཡིན། གསང་པ་མེད། རྒྱ་མི་ཚོ་ཚུར་རྡ་སར་བལྟ་གི་ཡོང་ན་འགྲིག་རེད་ལབ་གི་ཡོད་པ། ༧གོང་ས་མཆོག་གི་སྐུ་ཚེ་ལ་མི་རྒྱ་ཚོར་དོག་ཟོན་བྱེད་དགོས་པ་རེད།
རྒྱ་མི་ཚོར་ཞེས་བཅོ
གནས་ཚུལ་འདིའི་ཡོང་ཁུངས་ཀྱི་དྲྭ་ཚུགས་སུ་བཤད་པ་ལྟར་ན་རྒྱ་མི་འདིའི་ཞཱ་མིན་ཟེར་བའི་རྒྱ་ནག་གི་མཚོ་ཁའི་གྲོང་དེ་ནས་མཚོ་ཐོག་བརྒྱུད་ཐེ་ཝན་དུ་ཡོང་བ་ཡིན་པ་དང་། ཐེ་ཝན་གྱི་མཚོ་སྲུང་དམག་གིས་བཟུང་བའི་སྐབས་སུ་ཁོའི་ལུས་ཐོག་ཏུ་སྒོར་སུམ་བརྒྱ་ལྷག་ཙམ་ལས་གཞན་པའི་ཅ་ངོས་གང་ཡང་མེད་འདུག ད་ལྟ་ཁོང་བཀག་ཉར་ཁང་དུ་ཡོད་པ་དང་། གལ་སྲིད་ཁོ་རང་གིས་བཤད་པ་ལྟར་ཐེ་ཝན་བརྒྱུད་རྒྱ་གར་དུ་འགྲོ་རྒྱུ་ཡིན་པ་དང་། རྒྱ་ནག་སྐམ་སར་དམངས་གཙོའི་ལས་འགུལ་སྤེལ་བ་སོགས་ཀྱི་བདེན་དཔང་ཡོད་ཚེ་དེ་ལུགས་ཀྱི་ཐག་གཅོད་བྱེད་རྒྱུ་ཡིན་ནའང་། ད་ལྟའི་ཆར་བདེན་དཔང་གང་ཡང་བྱུང་མེད་པ་རེད་འདུག
མེ་ཏོག་དཀར་པོ་ལགས། ཁྱེད་ཀྱིས་བོད་ཡིག་སྤྱོད་ནས་བོད་མིར་མཐོང་ཆུང་དང་ང་ཚོ་ཁ་བརྡ་ནང་ཡོང་མཁན་གྱི་བོད་རིགས་ཚོ་བརྙས་བཅོས་མ་གཏོང་རོགས། བོད་ལ་རོགས་པ་བྱེད་ན་ལྐུགས་པ་ཡིན་དགོས་པའི་རྒྱུ་མཚན་གང་རེད། བོད་ལ་རོགས་པ་བྱེད་མི་རིགས་པ་ཨེ་རེད།
རྒྱ་མི་དེ་ལ་དངོས་གནས་བོད་ལ་ཤ་ཞེན་ཡོད་དམ། ཐན་ཝེན་བརྒྱུད་ནས་རྒྱ་གར་ལ་ཡོང་པ་ལས་བོད་བརྒྱུད་ནས་རྒཱྱ་གར་ཡོང་ན་སྟབས་བདེ་ཤོས་རེད། དོགས་ཟིན་གནང་གལ་ཆེ། ལོ་ན་ཆུང་བའི་རྒྱ་མི་ཞིག་ལ་བོད་དོན་ཐད་སེམས་ཤུགས་དེ་འདྲ་སླེབས་དོན་གང་ཡིན་ནམ།བཙལ་དཔྱོད་གནང་གལ་ཆེ། ་ཡ་མཚན་པོ་ཞིག་འདུག།
དེར་མཚན་རྒྱུ་གང་ཡང་མེད། དང་པོ་ཆོས་སྐྱོང་སྲུང་མར་ལུང་བསྟན་ཞུ་དགོས། རྒྱ་གོ་འདི་ཡང་བོད་ཀྱི་ལོ་རྒྱུས་ཐོག་གི་ཆུ་སྒང་དཔའ་བོ་རྒྱ་བློ་བཟང་བཀྲ་ཤིས་(ཅང་ཧོ་ཐེན)སྣང་བཞིན་ཡོང་ན་ཡག་པོ་རེད། དེ་མིན་རྒྱ་བསྟན་པ་དར་རྒྱས་འདྲ་འོང་ན་དཔེ་ཟེགས་པ་རེད།