རྒྱ་ཡེ་བཀྲ་བྷོ་ཡིས་རྒྱལ་རབས་འཆད་པ། Posted on 2012-04-19 By ཁ་བརྡ་ 16 Comments on རྒྱ་ཡེ་བཀྲ་བྷོ་ཡིས་རྒྱལ་རབས་འཆད་པ། གློག་བརྙན་།, ལོ་རྒྱུས།
དྲི་བ་འགའ་ཞིག་ཡོད། འོན་ཀྱང་དྲི་བ་དེ་དག་འདིར་ཞུ་འོས་མ་ཤེས། ཁོང་གིས་བཀའ་མོལ་གསུངས་སྟངས་ལ་རྒྱའི་ཤན་ཞུགས་ཡོད་པ་འདྲ། དཔེར་ན། “གཉའ་ཁྲི་བཙན་པོ་བོད་ཀྱི་རྒྱལ་པོ་ཐོག་མ་རེད། ཨང་། ཐོག་མ་རེད། ཐོག་མ་རེད།” ལྟ་བུ་སོགས་གསུངས་འདུག འདི་ཚོ་ནི་ “མ་དག་རྒྱུན་འབྱམས་”ཞེས་པ་འདི་གོམས་གཤིས་ལ་སྦྱར་ན་འགྲིག་པ་ཞིག་མིན་འགྲོ་དྲན།
ཚིག་ལྡབ་མང་པོ་ལབ་ཀྱིན་འདུག མཁས་པའི་ཉམས་སྟོན་ཁུལ་ཡིན་པ་འདྲ། སྐད་ཆའི་ནང་དོན་ནི་གཏིང་ཟབ་པོ་ཞིག་ཁྱོན་ནས་མི་འདུག
ངས་རྒྱ་ཡེ་བཀྲ་བྷོ་ཡི་སྐད་རྩ་ནས་གོ་མ་མྱོང་། འདི་ཉན་གི་ཉན་གི་མཚོ་སྔོན་གྱི་ཨ་པ་ངོ་མ་ཞིག་རེད། དགའ་ནི་ཟིག་རེད། འདི་འདྲ་ལ་ཕ་ཤུལ་བུ་ཡིས་ཟིན་ཟེར་རྒྱུ་རེད། བོད་ཀྱི་གནའ་རབས་རིག་གནས་ཀྱི་རྐང་ཡོད་པར་མ་ཟད། ད་དུང་རང་གི་ཡུལ་སྲོལ་གོམས་གཤིས་ཀྱི་བཤད་སྟངས་ཆ་ཚང་འདུག དེ་ནས་ཀརྨ་དགེ་ལེགས་ཀྱིས་ཤེར་སྙིང་ན། ལེགས་སོ། ལེགས་སོ་ཟེར་བ་སོགས་ཉིས་བརྩེགས་སུམ་བརྩེགས་ཡོད་པ་དེ་དག་ལ་འགྲེལ་བ་དག་ན་འགྲེལ་བཤད་ཅི་ལྟར་བརྒྱབ་ཡོད་མེད་འེ་ཤེས། ཡང་ངེད་གཉིས་གཅིག་ཐུག་དགོས་ས་རེད། དོ་དགོང་ཐུག་ཡོང་།
༄། སྔོན་གྱི་ལོ་རྒྱུས་ཁ་སང་གི་གནས་ཚུལ་ལྟ་བུ་ཞིག་བཤད་མི་ཐུབ་པ་ལྐུག་པས་ཀྱང་ཤེས། རྒྱ་ནག་གིས་སྲོང་བཙན་གོང་དུ་རྒྱལ་པོ་ཡོད་པ་ཁས་མི་ལེན་ཞེས་བཤད་པ་རྫུན་གཏམ་རེད། རྒྱ་ནག་ཞིབ་འཇུག་པ་ཕལ་ཆེ་བས་བོད་ཀྱི་མི་རིགས་ཤིག་སྔ་མོ་ཞིག་ནས་ཡོད་པར་འདོད་པར་མ་ཟད་ཐང་ཡིག་གསར་མར་དངོས་བསྟན་ཏུ། ཁྲི་ཏོག་རྗེ་བཙན། ཐོ་ཐོ་རི། ཁྲི་གཉན་གཟུངས་བཙན། གནམ་རི་སྲོང་བཙན་སོགས་ཡོད་པ་གསལ་བོར་དངོས་སུ་བསྟན་པ་དང་། ཏུན་ཧོང་ཡིག་རྙིང་དུ། རྒྱལ་པོ་ལུག་སྙ་ཞུར་དང་། རྩང་རྗེ་ཐོད་དཀར་ནས། འོ་དེ་སྤུ་རྒྱལ་སོགས་རྒྱལ་ཕྲན་སིལ་མའི་བྱུང་བ་བཤད། དེ་བཞིན་གནའ་རྫས་ཞིབ་འཇུག་པས་ཀྱང་མངའ་རི་ནས་ཐོན་པའི་གནའ་རྫས་རྡོ་ཆས་རྙིང་པའི་དུས་རབས་དང་། ཆབ་འདོ་ནས་ཐོན་པ་རྡོ་ཆས་བར་མའི་དུས་རབས་ནས་ཡིན་ཚུལ་ཞིབ་འཇུག་གི་སྒོ་ནས་ར་སྤྲོད་བྱུང་ཡོད། རྒྱལ་ཁྲིམས་ནི་ཆབ་སྲིད་རེད་ཅེས་པ་ཁྲིམས་ལུགས་མ་ཤེས་པའི་སྐད་ཆ་རེད། ཁྲིམས་ནི་ཆབ་སྲིད་ལས་ལོགས་སུ་གྱུར་པ་ཞིག་ཡིན་དགོས། སྲིད་དོན་པས་དབང་ཡོད་བྱེད་མི་རུང་པ་དང་། མི་དམངས་ལ་བརྙས་བཅོས་མི་ཡོང་པའི་སྲུང་སྐྱོབ་བྱེད་ཐབས་ཡིན་པ་ཁྲིམས་ལུགས་་མཁས་དབང་མང་པོས་བཤད་པ་དོན་ལ་གནས། རྒྱ་ཡེ་བཀྲ་པོ་འདིའི་དེབ་དང་སྐད་ཆ་གང་ལ་ཡང་ཞིབ་ཆ་མེད་མོད། མི་མང་པོ་ཞིག་འབའ་ལ་རྒྱུགས་པར་མཐོང་། བོད་ཀྱི་རྒྱལ་རབས་དང་རིག་གཞུང་ལ་ཁ་ཞེ་མེད་པར་ཕན་འདོད་ཡིན་ན་རྗེས་སུ་ཡི་རང་ཞུ། མོའུ་ཙེ་ཏུང་གིས་མི་མང་བསྐུལ་སློང་གི་ཁ་འབོད་ལྟ་བུར་རང་གི་འདོད་པ་གལ་ཆེན་སྒྲུབ་འདོད་མིན་པའི་རེ་བ་ཡོད། མོའུ་ཙེ་ཏུང་གིས་འཛམ་གླིང་གི་འབྱོར་མེད་རྣམས་མཉམ་འབྲེལ་ཀྱིས་ཤིག མཉམ་འབྲེལ་ལ་རྒྱལ་ཁ་ཐོབ་ན་མི་མང་ཡོངས་སུ་རྒྱལ་བ་ཡིན། ང་ཚོ་ནི་མི་དམངས་ཀྱི་གཡོག་པོ་ཡིན། མི་དམངས་ཀྱི་རིག་གནས་དང་ཁེ་ཕན་སྲུང་སྐྱོབ་བྱ་རྒྱུ་ང་ཚོའི་ལས་འགན་ཡིན། ཟེར་བཞིན་རིག་གནས་གསར་བརྗེ་བྱས་ཏེ་་ཆོས་དང་རིག་གནས་མི་མང་གི་ཚེ་སྲོག་མིང་གི་ལྷག་མར་བྱས་པའི་ཚུལ་སོགས་ཀློག་པ་པོ་རྣམས་ཀྱིས་ངེས་པར་བསམ་གཞིག་བྱེད་དགོས།
རྒྱ་ཡེ་བཀྲ་བྷོ་ནི་བོད་ལ་གཞོན་སྐྱེས་མཁས་པ་ཟེར་བའི་སྡེ་ཞིག་ཡོད་པ་དེའི་ནང་གི་གཅིག་ཡིན། བཙན་བྱོལ་ནང་གི་དྲ་འབུ་ང་ཚོ་དང་བསྡུར་ན། ངེས་པ་དོན་གྱི་མཁས་པ་ཟེར་བ་དེའི་གྲས་རེད། ཡིན་ནའང་། སྐད་ཆ་བཤད་སྟངས་ལ་འབྲོག་ཕྲུག་ཅིག་གི་ཚོད་ཀྱི་ཁ་ལྕེ་དེ་མེད་པ་བདེན་པ་རེད། གཞོན་ནུ་ཟླ་མེད་ཟེར་བ་ཞིག་གིས།༼ཤེར་སྙིང་ན། ལེགས་སོ། ལེགས་སོ་ཟེར་བ་སོགས་ཉིས་བརྩེགས་སུམ་བརྩེགས་ཡོད་པ་དེ་དག་ལ་འགྲེལ་བ་དག་ན་འགྲེལ་བཤད་ཅི་ལྟར་བརྒྱབ་ཡོད་མེད་འེ་ཤེས།༽ཞེས་ཀྱལ་ག་འདྲ་ཞིག་བྱས་འདུག ཤེར་སྙིང་ན་གསལ་བའི་༼ལེགས་སོ༽ཉིས་རྩེག་སུམ་རྩེག་དེ་ཚོ་ཚིག་གི་སྟེང་ནས་གླེང་བཤད་དང་མཉམ་དུ། ཤེར་སྙིང་གི་དོན་གྱི་སྟེང་ནས་ཀྱང་གླེང་བཤད་ཅིག་བྱ་བསམ་པ་སྐྱེས་བཅུག་སོང་། དགོན་ཆུང་གི་གྲྭ་ཆུང་ལས་བྱས་མ་མྱོང་བས་དྲ་ངོས་འདི་ནས་གསར་རྟགས་སྟོན་པ་འཚམ་པོ་ཡོད་མེད་མ་ངེས་ཀྱང་། ཀྱལ་ཀ་ལ་ཀྱལ་ལན་ཞིག་འབུལ་ན་འདོད་བྱུང་། གཅན་ཚ་བ་སྲིན་པོ་རྫ་རྒན་ནས།
རྒྱ་ཡེ་བཀྲ་བྷོ་ཞེས་པ་གོ་མྱོང་མ་གཏོགས་མཐོང་མྱོང་མེད། གསུང་སྐད་ཐོས་པ་དེ་བས་མེད། ད་ལན་་ཁོང་གིས་རྒྱལ་རབས་ལ་སྡོམ་ཚིག་པ་རྣམས་གཏིང་ཟབ་ལ་གོ་བདེ་བ། ཁ་གསལ་ལ་ཞིབ་ཚགས་པ། བོད་ཀྱི་རྒྱལ་རབས་ལ་ངེས་ཆ་ཆེ་ཐོག་རྒྱ་ནག་དང་རྒྱལ་སྤྱིའི་རྒྱལ་ནས་ཟུར་རྒྱན་པ། མི་རིགས་གི་དུང་བ་ཞེན་པ། སློབ་འཁྲིད་ལ་འདུན་པ་ཆེ་བ། ཤོད་པའི་སྨྲར་དག་པ། སེམས་ཀྱི་ཚོར་བ་རྐྱེན་པ། ནན་ཏན་དང་ཞིབ་ཚགས་གི་སྒོ་ནས་བརྗོད་བྱ་དང་གལ་གནད་ལ་རྟིང་ནོན་ཚགས་དམ་པ་ཞིག་ཏུ་མཐོང་སོང་། གོང་ན་མཆན་བུ་བདུན་བཏབས་འདུག ནང་ནས་བཞི་དགག་ཕྱོགས་རེད། གཉིས་སྒྲུབ་ཕྱོགས་རེད། གཅིག་བཏང་སྙོམས་རེད། བདུན་ཆའི་གཉིས་མ་གཏོགས་སྒྲུབ་ཕྱོགས་མེད་ན། དོན་འདིས་བསྡོམས་ཚིག་ག་རེ་བརྒྱབས་འདུག་ལབ་ན། ང་ཚོའི་སྡེ་བའི་མི་ན་གཏམ་དཔེ་ཞིག་ཡོད་པ་དེ་ཡིད་ལ་དྲན་སོང་། ་ ཧོར་རྣ་མཇོག་གི་ཤི རྒྱ་སྤོ་ཐོག་གི་ཤི བོད་རྣམ་རྟོག་གི་ཤི མི་རིགས་ཀྱི་རིག་གནས་དང་ལོ་རྒྱུས་ལ་མཁས་ཤིང་། མི་རིགས་ལ་བཀའ་དྲིན་ཇི་ཙམ་ཆེ་ཡང་རྒྱབ་མདུན་གཡས་གཡོན་དང་། ཟ་ཟུར་ངོ་ལྐོག་ནས་མི་དེ་ལ་ནག་ཐིག་ཅིག་འཚོལ་ཨེ་ཐུབ་ཀི་ལྟ་གི་རེད། དེ་ཡང་མི་རིགས་ཀྱི་ཤ་ཁྲག་འདྲེས་ཡོད་པ་ཡིན་ནམ། དངོས་ནས་ཐང་ཆད་ནི་ཟིག་རེད།
ངའི་མཆན་འདི་རྩོམ་ཡིག་འདི་དང་དམིགས་བསལ་འབྲེལ་བ་མེད་ཀྱང་། དབུ་མའི་ལམ་གྱི་མཆན་སྒོ་ཁ་བརྡས་བཀག་ཟིན་པས། ངའི་མཆན་ལྷག་འདིར་བཀོད་རྒྱུ་ཡིན། ཡུལ་གྱར་བ་ལགས། ཁྱོད་ཀྱིས་ལ་རྒྱའི་བདག་པོར་ལན་འདེབས་གནང་བར་གནས་ཚུལ་དངོས་ཀྱི་འགྲེལ་བརྗོད་ཐུང་ཙམ་ཞུ་རྒྱུར། དེ་ཡང་སྤྱི་འཐུས་ཟླ་བ་ཚེ་རིང་ལ་སྐྱོན་བརྗོད་བྱེད་སའི་གཞི་རྩ་ཡོངས་གླིང་སློབ་གྲྭའི་སྐོར། དྷ་ས་ཡོངས་གླིང་སྔོན་འགྲོའི་སློབ་གྲྭ་ནི། སྤྱི་འཐུས་ཟླ་བ་ཚེ་རིང་ལགས་རང་ཉིད་ཀྱི་འགན་འཁུར་འོག་ཕྱི་ལོ་༡༩༨༤ ཟླ་༦ ཚེས་༡ ཉིན་ཟློས་གར་ལམ་ཆེན་སྐྱིད་གྲོང་ཇོ་ལྷག་པའི་ནང་རྒྱལ་བའི་ཡོངས་འཛིན་ྋསྐྱབས་རྗེ་རྡོ་རྗེ་འཆང་གླིང་རིན་པོ་ཆེའི་དྲན་རྟེན་དུ་དབུ་བརྙེས། དེ་རྗེས་སློབ་གྲྭའི་ས་ཁང་ཆེད་བཙུན་དགོན་དགའ་ལྡན་ཆོས་གླིང་ནས་ས་ཆ་ཕི་ཊི་ཁ་གང་མ་༨༠༨༥ དངུལ་དམར་སྤྲད་དེ་ཉོས་ཤིང༌། སློབ་གྲྭ་གསར་འཛུགས་བྱས། དེ་རྗེས་ཤར་པ་བློ་བཟང་དང༌། རྒྱ་གར་ས་བདག་བཅས་ནས་ས་ཆ་ཀར་ནལ་གཉིས་ཙམ་ཉོས། ས་རིན་དང་ཨར་ལས་འགོ་འཛུགས་ཆེད་སྐུ་སྒེར་ཡིག་ཚང་དང༌། དབུས་གཞོན་ལྷན། ཤེས་པར། དྷ་ས་མཉམ་འབྲེལ་ཡིག་ཚང༌། ར་ཆུ་བསོད་ནམས་སོགས་ཚོགས་སྒེར་ཁག་ནས་མ་དངུལ་སྔ་གཡར་གནང་ཞིང༌། (རྗེས་སུ་སྔ་འདོན་གནང་བའི་བུན་དངུལ་ཚང་རྩིས་འཇལ།) དེ་ཐོག་ཡོངས་གླིང་བླ་བྲང་ནས་ཞལ་འདེབས་མི་ཉུང་བ་གསོལ་རས་བསྩལ། ཕྱི་ལོ་༡༩༨༤ ཟླ་༩ ཚེས་༢༧ ཉིན་ད་ལྟའི་ས་ཆའི་སྟེང་ཁང་པ་ཞིག་བརྒྱབ་པའི་ནང་ལོ་ཤས་རིང་འཛིན་ཁང་དང༌། གཉེར་ཚང༌། ཐབ་ཚང་གཅིག་ལྕོགས་བྱ་དགོས་བྱུང༌། ཕྱི་ལོ་འཇར་མན་གྱི་ཨ་མ་ཝེ་སྒར་ལགས་ཀྱི་རོགས་དངུལ་གང་ཙམ་ཐོབ་རུང་འཛིན་ཁང་གསར་རྒྱག་གི་མ་དངུལ་འདང་ངེས་མ་བྱུང་སྟབས། འཛིན་ཁང་ཨ་མ་དེའི་ཐོག་རྒྱག་མ་ཐུབ་པར་ལོ་གསུམ་ཙམ་རིང་གྱང་རོ་ལྟ་བུར་ལུས། སྐབས་དེར་གང་ཅིའི་འགྲོ་གྲོན་ཐད་དཀའ་ངལ་ཧ་ཅང་ཆེ་བས་སློབ་གྲྭའི་འཛིན་ཁང་དགོང་དྲོ་མཚན་ཚོགས་ལ་གླ་གཡར་དང༌། ཨ་མདོ་བཀྲ་ཤིས་ལྷན་གློག་བརྙན་སྟོན་པ་སོགས་ཀྱི་ཐབས་ཤེས་ལ་བརྟེན་ནས་དགེ་ལས་ཀྱི་ཟླ་ཕོགས་དང་འཛིན་སྐྱོང་འགྲོ་གྲོན་འབད་སྒྲུབ་བྱས། ཕྱི་ལོ་༡༩༨༧ ལོར་SOIR-IM, Sweden རོགས་ཚོགས་ཀྱིས་འཛིན་ཁང་གསར་རྒྱག་དང༌། SCF, England ཀྱིས་སློབ་ཕྲུག་ཚོའི་ཉིན་གུང་གསོལ་ཚིགས་རོགས་རམ་ཞལ་བཞེས་ཐོབ་པ་ནས་བཟུང༌། སློབ་གྲྭ་འདིའི་འཛུགས་སྐྲུན་དང་མཐུན་རྐྱེན་གང་ཅིར་ཡར་རྒྱས་བྱུང་། ཕྱི་ལོ་༡༩༩༠ ལོར་ IM རོགས་ཚོགས་ཀྱི་རོགས་རམ་འོག་འཛིན་ཁང་ཐོག་བརྩེགས་གཉིས་པའང་གསར་རྒྱག་དང༌། ཉལ་ཁང་གི་དཀའ་ངལ་སེལ་སླད་ས་ཆ་ཀར་ནལ་གཅིག་ཙམ་གསར་ཉོ་བྱས་པའི་ཐོག ཕྱི་ལོ་༡༩༩༨ ལོར་ཉི་ཧོང་ཨ་མ་ཡུ་ཀོ་ཀ་ཏོ་ལགས་ཀྱི་རོགས་དངུལ་དང་། སྐུ་སྒེར་ཡིག་ཚང་གི་བུ་ལོན་སྔ་འདོན་རོགས་རམ། སློབ་གྲྭ་རང་གི་མ་དངུལ་བཅས་ཀྱིས་ཚོགས་ཁང་དང༌། ཉལ་ཁང༌། སྡོད་ཤག་བཅས་ཐོག་བརྩེགས་གསུམ་ཅན་གསར་རྒྱག་གནང༌། ཕྱི་ལོ་༢༠༠༧ ལོར་ IM རོགས་ཚོགས་དང་། ཨ་རི་བ་Westheim & Tom དང་། འཇར་མན་གྱི་ཨ་མ་ Wiebke བཅས་ཀྱི་རོགས་རམ་འོག་གསར་རྒྱག་གནང༌ནས་སློབ་གྲྭ་དེས་ད་བར་རྡ་སའི་ནང་གསར་འབྱོར་གཙོས་ཁྱིམ་བདག་ཚོར་ཕྲུ་གུ་དམར་སྦྱར་ནས་བདག་པོ་རྒྱག་སའི་ལྟེ་གནས་ཤིག་ཆགས་ཡོད། ཡོངས་གླིང་སློབ་གྲྭའི་སྔ་ཕྱིའི་ལས་དོན་ཚང་མ་སྤྱི་འཐུས་ཟླ་བ་ཚེ་རིང་རང་ཉིད་ཀྱིས་འབད་བརྩོན་བྱས་པ་ཞིག་ཡིན་པ་ལས། གཞུང་རྒྱུ་ཡིན་པ་གང་དུ་གསལ་འདུག་གམ། གནད་དོན་ངོ་མ་དེ་དག་ཡུལ་གྱར་བ་ཁྱེད་ཀྱིས་མ་རྟོགས་པ་ཡིན་ནམ། ཡང་ན་ལོག་པར་རྟོག་པ་ཡིན། དེ་མིན་བདེ་དོན་ཟླ་བ་ཚེ་རིང་གི་ཤེས་འཇོན་ཁྱད་ནུས་ལ་མིག་ཚིག་ནས། ཕྲག་དོག་དུག་ཆུའི་དྲི་མས་བརླན་ཏེ་གཟུགས་མེད་གྲིབ་བཟོའི་སྐྱོན་བརྗོད་བྱས་པ་ནི་ཁུངས་འཁྱོལ་ཐབས་མེད་པའི་རྫུན་གཏམ་ལད་ཟློས་སྐྱར་ཟློས་བྱེད་པ་ཙམ་ལས་མ་འདས། ད་ཐེངས་ཡུལ་གྱར་བ་ཁྱོད་ཀྱིས་ཡོངས་གླིང་སློབ་གྲྭ་གཞུང་རྒྱུ་སྒེར་བདག་བྱས་པའི་སྒྲུབ་བྱེད་ཚད་ལྡན་ཞིག་སྟོན་ན་དགའ་བསུ་ཡོད། ཞར་དུ་ཞུ་རྒྱུར། ང་ཚོས་ཅི་མཛད་ལེགས་ལྟ་དང་། ཅི་གསུང་བཀའ་སྒྲུབ་ཞུ་དགོས་མེད་ཙང་། གཞན་སྦྱོར་ཕུན་ཚོགས་མཐོང་ཚེ་མི་བཟོད་པར་འཁྱོག་བརྗོད་དང་ཧམ་སེམས་བཅངས་མཁན་མཐོ་དམའ་གཞུང་སྒེར་སུ་ཡིན་ཡང་དྲང་པོའི་ཡུལ་ཁྲིམས་ཐོག་ནས་ཐག་གཅོད་བྱེད་དགོས་བཅའ་ཁྲིམས་དང་མཐུན་པ་རེད་ཟེར་བ་ཡིན། བཅའ་ཁྲིམས་ནང་དུ་གཞུང་རྒྱུ་སྒེར་བདག་བྱ་ཆོག་པ་གསལ་མེད་ལ། གཞན་རྒྱུ་ཧམ་འཕྲོག་དང་། ནག་མེད་ཉེས་འགེལ་བྱ་ཆོག་ཟེར་བ་དེ་བས་གསལ་མི་འདུག སྤྱི་འཐུས་ཟླ་བ་ཚེ་རིང་ལ་ནག་མེད་ཉེས་འགེལ་དང་། གཟུགས་མེད་གྲིབ་བཟོ་བྱས་པ་མ་འོས་མ་འགྲིག་ཟེར་བ་མ་གཏོགས། སྤྱི་རྒྱུ་རྐུན་འཁྱེར་བྱེད་མཁན་ནག་ཆེན་སྤྱི་འཐུས་ཀིརྟི་སྒྲོལ་དཀར་ལྟ་བུ་དང་གཞུང་དྲང་ལྷག་བསམ་ཤེས་འཇོན་ལྡན་པའི་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་གཉིས་གྲལ་གནས་མཉམ་འཇོག་བྱེད་པ་ནི། ཞྭ་དཔེ་ལྷམ་འགེབ་ཀྱི་དཔེ་ལས་འདས། སྒོར་སྒོར་ཡོད་ཚད་བག་ལེབ་ཡིན་དགོས་ན། ཁྱོད་ཀྱི་ངོ་གདོང་དེའང་བག་ཡིན་དགོས་པས་ཧ་ཅང་ཐལ་བའི་ཕྱིར།
རྒྱ་ཡེ་བཀྲ་བྷོ་ལགས་ཀྱིས་ཕྱག་དཔེ་གང་མཚམས་ཤིག་གཟིགས་གནང་ཡོད་ས་རེད། ཡིན་ནའང་ཁོང་མཁས་པ་ཚ་ཚ་འདྲ་པོ་ཞིག་མ་ཡིན་པ་ཤོག། །
ངས་ཐ་སྙད་གསར་པ་ཞིག་ལ་མནོ་བསམ་བཏང་བ་ཡིན། གང་ཡིན་ཞེ་ན་དྲ་ཐོག་ནས་གྲོགས་པོ་མི་ཉུང་བ་ཞིག་དང་ཐུག་སྐབས་གཅིག་མཚུངས་ཀྱིས་(ལན)ཡག་པོ་མི་འདུག་ཅེས་བྲིས་པས། དང་ཐོག་མགོ་ཅུང་འཐོམ་དུ་བཅུག་སོང་མོད། དེ་ནི་དབྱིན་སྐད་ནང་ line ཟེར་གྱི་ཡོད་པས་གཅིག་བྱས་ན་བོད་ནང་གི་དབྱིན་སྐད་མི་གོ་མཁན་ཞིག་ལ་གོ་བ་ལོག་པར་སྤྲོད་སྲིད་ཅིང་། འདི་ལ་”དྲ་ལམ”་མམ་”བརྡ་ལམ”་གང་རུང་ཞིག་བཏགས་ན་ཅི་འདྲ་འདུག དྲ་གྲོགས་ཚོའི་དགོངས་འཆར་ལ་ཉན་འདོད་ཆེ།
འདིར་འུར་ཁང་ཟེར་བ་ཞིག་གིས་ཟླ་བ་ཚེ་རིང་ལ་རྒྱུས་ཡོད་མདོག་གིས་མང་པོ་བཤད་འདུག ཕལ་ཆེར་བདེན་པ་འདྲ། ཁོང་ལ་གླེང་ཕྱོགས་མང་ཐག་ཆོད་ནས་མགོ་རྨོངས་ཡོང་གི་འདུག་པས་སླར་འདྲི་བ། ཟླ་བ་ཚེ་རིང་དེ་འདྲ་བུན་ལོན་གཡར་སྡོད་དགོས་མཁན་ཞིག་ཡིན་ན། མི་ལ་རིགས་པ་བྱས་ལ་བཙོན་མ་སྡོད་ས་བརྒྱབ་པ་རེད་ཟེར་བ་དེ་ཚོའི་དངུལ་ག་ནས་གཡར་བ་རེད། སིམ་ལར་གྱོད་ཡ་བོད་གཞུང་གིས་ལོ་རེར་འབུམ་ཉི་ཤུ་རྩ་ལྔ་རེ་གཏོང་གིན་ཡོད་པས། ཞུ་སྦྱོར་བ་ཟླ་བ་ཚེ་རིང་གིས་ཀྱང་ལོ་རེ་བཞིན་དེ་ཙམ་ཞིག་གཏོང་དགོས་ཀྱི་ཡོད་ངེས་པས་དངུལ་དེ་ཚོ་སུས་གཡར་བ་ཡིན་ནམ། དེ་ཚོ་གསལ་པོ་ཞིག་གསུངས་ན་དོགས་པ་མང་པོ་ཞིག་སེལ་ས་རེད། ང་ནི་ཁོ་ལ་དངུལ་མང་པོ་དེ་འདྲ་ག་ནས་ཡོང་གི་ཡོད་ན་བསམ་ནས་ཡོད། དྷ་སའི་ཕྱུག་བདག་བློ་གྲོས་བཟང་པོ་ལ་ཧོ་ཀྲེལ་ཡོད། གསེར་བཟོ་སྐལ་བཟང་ལ་ལག་ཤེས་ཡོད། འོན་ཀྱང་ཡོང་སྒོ་འདི་ཡིན་ཟེར་བ་མེད་པའི་ཟླ་བ་ཚེ་རིང་ལ་དངུལ་མང་པོ་དེ་འདྲ་ག་ནས་བྱུང་བ་ཡིན་ནམ།
དེང་གི་དྲ་བའི་ཞབས་མཆན་པ་ཁ་ཤས་ཤིག་གི་མིག་ལམ་ན་ཡོད་ཚད་ཆུང་ཆུང་ཞིག་ལས་ཡོད་ཚོད་མི་འདུག གོང་གི་དགེ་རྒན་འབུམ་རམས་པ་རྒྱ་ཡེ་བཀྲ་བྷོ་ལགས་ཀྱི་གསུང་བཤད་ཆ་ཚང་ལ་ཅིག་ཉོན་དང་དངོས་གནས་སེམས་ལ་འཛིན་རྒྱུའི་དོན་ཞིག་དང་རུམ་ལ་བསྡུ་རྒྱུའི་བྲོ་ཞིག་རྙེད་ངེས། དེ་མིན་མི་མཁྲིས་པ་ཅན་གྱི་མིག་ལམ་ན་དུང་དཀར་པོའི་ཁ་དོག་སེར་པོ་ཞེས་པའི་དཔེ་ལས་མ་འདས།
ལོ་རྒྱུས་དེབ་ཁག་ལ་གཟིགས་ཁོམ་མེད་མཁན་ཚོས་ངེས་པར་དུ་་་འདིར་ཉོན་དང་བོད་རྒྱལ་གཉའ་ཁྲི་ནས་རྒྱལ་རབས་ལོ་རྒྱུས་ཏོག་ཙམ་ཤེས་སུ་འཇུག་གི་འདུག དཔེ་ཡག་པོ་རེད་་་་ཆུ་ཚོད་གཅིག་ཙམ་རིང་རེད་་་ངེས་པར་དུ་ཉོན། བོད་དོན་རྩོད་འདོད་ན་་་ངེས་པར་དུ་ལོ་རྒྱུས་ཤེས་དགོས་ཀྱི་གལ་ཆེན་རེད་་་་
ལྟ་ཚར་ནས་དུས་ཡུན་རིང་ཙམ་འགོར་ཡོད།
དྲི་བ་འགའ་ཞིག་ཡོད། འོན་ཀྱང་དྲི་བ་དེ་དག་འདིར་ཞུ་འོས་མ་ཤེས། ཁོང་གིས་བཀའ་མོལ་གསུངས་སྟངས་ལ་རྒྱའི་ཤན་ཞུགས་ཡོད་པ་འདྲ། དཔེར་ན། “གཉའ་ཁྲི་བཙན་པོ་བོད་ཀྱི་རྒྱལ་པོ་ཐོག་མ་རེད། ཨང་། ཐོག་མ་རེད། ཐོག་མ་རེད།” ལྟ་བུ་སོགས་གསུངས་འདུག འདི་ཚོ་ནི་ “མ་དག་རྒྱུན་འབྱམས་”ཞེས་པ་འདི་གོམས་གཤིས་ལ་སྦྱར་ན་འགྲིག་པ་ཞིག་མིན་འགྲོ་དྲན།
ཚིག་ལྡབ་མང་པོ་ལབ་ཀྱིན་འདུག མཁས་པའི་ཉམས་སྟོན་ཁུལ་ཡིན་པ་འདྲ། སྐད་ཆའི་ནང་དོན་ནི་གཏིང་ཟབ་པོ་ཞིག་ཁྱོན་ནས་མི་འདུག
ངས་རྒྱ་ཡེ་བཀྲ་བྷོ་ཡི་སྐད་རྩ་ནས་གོ་མ་མྱོང་། འདི་ཉན་གི་ཉན་གི་མཚོ་སྔོན་གྱི་ཨ་པ་ངོ་མ་ཞིག་རེད། དགའ་ནི་ཟིག་རེད། འདི་འདྲ་ལ་ཕ་ཤུལ་བུ་ཡིས་ཟིན་ཟེར་རྒྱུ་རེད། བོད་ཀྱི་གནའ་རབས་རིག་གནས་ཀྱི་རྐང་ཡོད་པར་མ་ཟད། ད་དུང་རང་གི་ཡུལ་སྲོལ་གོམས་གཤིས་ཀྱི་བཤད་སྟངས་ཆ་ཚང་འདུག དེ་ནས་ཀརྨ་དགེ་ལེགས་ཀྱིས་ཤེར་སྙིང་ན། ལེགས་སོ། ལེགས་སོ་ཟེར་བ་སོགས་ཉིས་བརྩེགས་སུམ་བརྩེགས་ཡོད་པ་དེ་དག་ལ་འགྲེལ་བ་དག་ན་འགྲེལ་བཤད་ཅི་ལྟར་བརྒྱབ་ཡོད་མེད་འེ་ཤེས། ཡང་ངེད་གཉིས་གཅིག་ཐུག་དགོས་ས་རེད། དོ་དགོང་ཐུག་ཡོང་།
ཀརྨ་དགེ་ལེགས་མ་རེད། བཀྲ་ཤིས་རེད་འདུག ཁོང་ངོ་མི་ཤེས་པས་དགོངས་དག ཁྱེད་ལ་དྲི་བ་བཏང་མེད་པར་ཆ་ཞོག
༄། སྔོན་གྱི་ལོ་རྒྱུས་ཁ་སང་གི་གནས་ཚུལ་ལྟ་བུ་ཞིག་བཤད་མི་ཐུབ་པ་ལྐུག་པས་ཀྱང་ཤེས། རྒྱ་ནག་གིས་སྲོང་བཙན་གོང་དུ་རྒྱལ་པོ་ཡོད་པ་ཁས་མི་ལེན་ཞེས་བཤད་པ་རྫུན་གཏམ་རེད། རྒྱ་ནག་ཞིབ་འཇུག་པ་ཕལ་ཆེ་བས་བོད་ཀྱི་མི་རིགས་ཤིག་སྔ་མོ་ཞིག་ནས་ཡོད་པར་འདོད་པར་མ་ཟད་ཐང་ཡིག་གསར་མར་དངོས་བསྟན་ཏུ། ཁྲི་ཏོག་རྗེ་བཙན། ཐོ་ཐོ་རི། ཁྲི་གཉན་གཟུངས་བཙན། གནམ་རི་སྲོང་བཙན་སོགས་ཡོད་པ་གསལ་བོར་དངོས་སུ་བསྟན་པ་དང་། ཏུན་ཧོང་ཡིག་རྙིང་དུ། རྒྱལ་པོ་ལུག་སྙ་ཞུར་དང་། རྩང་རྗེ་ཐོད་དཀར་ནས། འོ་དེ་སྤུ་རྒྱལ་སོགས་རྒྱལ་ཕྲན་སིལ་མའི་བྱུང་བ་བཤད། དེ་བཞིན་གནའ་རྫས་ཞིབ་འཇུག་པས་ཀྱང་མངའ་རི་ནས་ཐོན་པའི་གནའ་རྫས་རྡོ་ཆས་རྙིང་པའི་དུས་རབས་དང་། ཆབ་འདོ་ནས་ཐོན་པ་རྡོ་ཆས་བར་མའི་དུས་རབས་ནས་ཡིན་ཚུལ་ཞིབ་འཇུག་གི་སྒོ་ནས་ར་སྤྲོད་བྱུང་ཡོད། རྒྱལ་ཁྲིམས་ནི་ཆབ་སྲིད་རེད་ཅེས་པ་ཁྲིམས་ལུགས་མ་ཤེས་པའི་སྐད་ཆ་རེད། ཁྲིམས་ནི་ཆབ་སྲིད་ལས་ལོགས་སུ་གྱུར་པ་ཞིག་ཡིན་དགོས། སྲིད་དོན་པས་དབང་ཡོད་བྱེད་མི་རུང་པ་དང་། མི་དམངས་ལ་བརྙས་བཅོས་མི་ཡོང་པའི་སྲུང་སྐྱོབ་བྱེད་ཐབས་ཡིན་པ་ཁྲིམས་ལུགས་་མཁས་དབང་མང་པོས་བཤད་པ་དོན་ལ་གནས། རྒྱ་ཡེ་བཀྲ་པོ་འདིའི་དེབ་དང་སྐད་ཆ་གང་ལ་ཡང་ཞིབ་ཆ་མེད་མོད། མི་མང་པོ་ཞིག་འབའ་ལ་རྒྱུགས་པར་མཐོང་། བོད་ཀྱི་རྒྱལ་རབས་དང་རིག་གཞུང་ལ་ཁ་ཞེ་མེད་པར་ཕན་འདོད་ཡིན་ན་རྗེས་སུ་ཡི་རང་ཞུ། མོའུ་ཙེ་ཏུང་གིས་མི་མང་བསྐུལ་སློང་གི་ཁ་འབོད་ལྟ་བུར་རང་གི་འདོད་པ་གལ་ཆེན་སྒྲུབ་འདོད་མིན་པའི་རེ་བ་ཡོད། མོའུ་ཙེ་ཏུང་གིས་འཛམ་གླིང་གི་འབྱོར་མེད་རྣམས་མཉམ་འབྲེལ་ཀྱིས་ཤིག མཉམ་འབྲེལ་ལ་རྒྱལ་ཁ་ཐོབ་ན་མི་མང་ཡོངས་སུ་རྒྱལ་བ་ཡིན། ང་ཚོ་ནི་མི་དམངས་ཀྱི་གཡོག་པོ་ཡིན། མི་དམངས་ཀྱི་རིག་གནས་དང་ཁེ་ཕན་སྲུང་སྐྱོབ་བྱ་རྒྱུ་ང་ཚོའི་ལས་འགན་ཡིན། ཟེར་བཞིན་རིག་གནས་གསར་བརྗེ་བྱས་ཏེ་་ཆོས་དང་རིག་གནས་མི་མང་གི་ཚེ་སྲོག་མིང་གི་ལྷག་མར་བྱས་པའི་ཚུལ་སོགས་ཀློག་པ་པོ་རྣམས་ཀྱིས་ངེས་པར་བསམ་གཞིག་བྱེད་དགོས།
རྒྱ་ཡེ་བཀྲ་བྷོའི་གཟའ་རོགས་རྒྱ་མོ་རེད་པས།
རྒྱ་ཡེ་བཀྲ་བྷོ་ནི་བོད་ལ་གཞོན་སྐྱེས་མཁས་པ་ཟེར་བའི་སྡེ་ཞིག་ཡོད་པ་དེའི་ནང་གི་གཅིག་ཡིན། བཙན་བྱོལ་ནང་གི་དྲ་འབུ་ང་ཚོ་དང་བསྡུར་ན། ངེས་པ་དོན་གྱི་མཁས་པ་ཟེར་བ་དེའི་གྲས་རེད། ཡིན་ནའང་། སྐད་ཆ་བཤད་སྟངས་ལ་འབྲོག་ཕྲུག་ཅིག་གི་ཚོད་ཀྱི་ཁ་ལྕེ་དེ་མེད་པ་བདེན་པ་རེད།
གཞོན་ནུ་ཟླ་མེད་ཟེར་བ་ཞིག་གིས།༼ཤེར་སྙིང་ན། ལེགས་སོ། ལེགས་སོ་ཟེར་བ་སོགས་ཉིས་བརྩེགས་སུམ་བརྩེགས་ཡོད་པ་དེ་དག་ལ་འགྲེལ་བ་དག་ན་འགྲེལ་བཤད་ཅི་ལྟར་བརྒྱབ་ཡོད་མེད་འེ་ཤེས།༽ཞེས་ཀྱལ་ག་འདྲ་ཞིག་བྱས་འདུག ཤེར་སྙིང་ན་གསལ་བའི་༼ལེགས་སོ༽ཉིས་རྩེག་སུམ་རྩེག་དེ་ཚོ་ཚིག་གི་སྟེང་ནས་གླེང་བཤད་དང་མཉམ་དུ། ཤེར་སྙིང་གི་དོན་གྱི་སྟེང་ནས་ཀྱང་གླེང་བཤད་ཅིག་བྱ་བསམ་པ་སྐྱེས་བཅུག་སོང་། དགོན་ཆུང་གི་གྲྭ་ཆུང་ལས་བྱས་མ་མྱོང་བས་དྲ་ངོས་འདི་ནས་གསར་རྟགས་སྟོན་པ་འཚམ་པོ་ཡོད་མེད་མ་ངེས་ཀྱང་། ཀྱལ་ཀ་ལ་ཀྱལ་ལན་ཞིག་འབུལ་ན་འདོད་བྱུང་།
གཅན་ཚ་བ་སྲིན་པོ་རྫ་རྒན་ནས།
རྒྱ་ཡེ་བཀྲ་བྷོ་ཞེས་པ་གོ་མྱོང་མ་གཏོགས་མཐོང་མྱོང་མེད། གསུང་སྐད་ཐོས་པ་དེ་བས་མེད།
ད་ལན་་ཁོང་གིས་རྒྱལ་རབས་ལ་སྡོམ་ཚིག་པ་རྣམས་གཏིང་ཟབ་ལ་གོ་བདེ་བ། ཁ་གསལ་ལ་ཞིབ་ཚགས་པ། བོད་ཀྱི་རྒྱལ་རབས་ལ་ངེས་ཆ་ཆེ་ཐོག་རྒྱ་ནག་དང་རྒྱལ་སྤྱིའི་རྒྱལ་ནས་ཟུར་རྒྱན་པ།
མི་རིགས་གི་དུང་བ་ཞེན་པ། སློབ་འཁྲིད་ལ་འདུན་པ་ཆེ་བ། ཤོད་པའི་སྨྲར་དག་པ། སེམས་ཀྱི་ཚོར་བ་རྐྱེན་པ། ནན་ཏན་དང་ཞིབ་ཚགས་གི་སྒོ་ནས་བརྗོད་བྱ་དང་གལ་གནད་ལ་རྟིང་ནོན་ཚགས་དམ་པ་ཞིག་ཏུ་མཐོང་སོང་།
གོང་ན་མཆན་བུ་བདུན་བཏབས་འདུག ནང་ནས་བཞི་དགག་ཕྱོགས་རེད། གཉིས་སྒྲུབ་ཕྱོགས་རེད། གཅིག་བཏང་སྙོམས་རེད། བདུན་ཆའི་གཉིས་མ་གཏོགས་སྒྲུབ་ཕྱོགས་མེད་ན། དོན་འདིས་བསྡོམས་ཚིག་ག་རེ་བརྒྱབས་འདུག་ལབ་ན།
ང་ཚོའི་སྡེ་བའི་མི་ན་གཏམ་དཔེ་ཞིག་ཡོད་པ་དེ་ཡིད་ལ་དྲན་སོང་།
་
ཧོར་རྣ་མཇོག་གི་ཤི
རྒྱ་སྤོ་ཐོག་གི་ཤི
བོད་རྣམ་རྟོག་གི་ཤི
མི་རིགས་ཀྱི་རིག་གནས་དང་ལོ་རྒྱུས་ལ་མཁས་ཤིང་། མི་རིགས་ལ་བཀའ་དྲིན་ཇི་ཙམ་ཆེ་ཡང་རྒྱབ་མདུན་གཡས་གཡོན་དང་། ཟ་ཟུར་ངོ་ལྐོག་ནས་མི་དེ་ལ་ནག་ཐིག་ཅིག་འཚོལ་ཨེ་ཐུབ་ཀི་ལྟ་གི་རེད།
དེ་ཡང་མི་རིགས་ཀྱི་ཤ་ཁྲག་འདྲེས་ཡོད་པ་ཡིན་ནམ། དངོས་ནས་ཐང་ཆད་ནི་ཟིག་རེད།
ངའི་མཆན་འདི་རྩོམ་ཡིག་འདི་དང་དམིགས་བསལ་འབྲེལ་བ་མེད་ཀྱང་། དབུ་མའི་ལམ་གྱི་མཆན་སྒོ་ཁ་བརྡས་བཀག་ཟིན་པས། ངའི་མཆན་ལྷག་འདིར་བཀོད་རྒྱུ་ཡིན།
ཡུལ་གྱར་བ་ལགས།
ཁྱོད་ཀྱིས་ལ་རྒྱའི་བདག་པོར་ལན་འདེབས་གནང་བར་གནས་ཚུལ་དངོས་ཀྱི་འགྲེལ་བརྗོད་ཐུང་ཙམ་ཞུ་རྒྱུར།
དེ་ཡང་སྤྱི་འཐུས་ཟླ་བ་ཚེ་རིང་ལ་སྐྱོན་བརྗོད་བྱེད་སའི་གཞི་རྩ་ཡོངས་གླིང་སློབ་གྲྭའི་སྐོར།
དྷ་ས་ཡོངས་གླིང་སྔོན་འགྲོའི་སློབ་གྲྭ་ནི། སྤྱི་འཐུས་ཟླ་བ་ཚེ་རིང་ལགས་རང་ཉིད་ཀྱི་འགན་འཁུར་འོག་ཕྱི་ལོ་༡༩༨༤ ཟླ་༦ ཚེས་༡ ཉིན་ཟློས་གར་ལམ་ཆེན་སྐྱིད་གྲོང་ཇོ་ལྷག་པའི་ནང་རྒྱལ་བའི་ཡོངས་འཛིན་ྋསྐྱབས་རྗེ་རྡོ་རྗེ་འཆང་གླིང་རིན་པོ་ཆེའི་དྲན་རྟེན་དུ་དབུ་བརྙེས།
དེ་རྗེས་སློབ་གྲྭའི་ས་ཁང་ཆེད་བཙུན་དགོན་དགའ་ལྡན་ཆོས་གླིང་ནས་ས་ཆ་ཕི་ཊི་ཁ་གང་མ་༨༠༨༥ དངུལ་དམར་སྤྲད་དེ་ཉོས་ཤིང༌། སློབ་གྲྭ་གསར་འཛུགས་བྱས།
དེ་རྗེས་ཤར་པ་བློ་བཟང་དང༌། རྒྱ་གར་ས་བདག་བཅས་ནས་ས་ཆ་ཀར་ནལ་གཉིས་ཙམ་ཉོས། ས་རིན་དང་ཨར་ལས་འགོ་འཛུགས་ཆེད་སྐུ་སྒེར་ཡིག་ཚང་དང༌། དབུས་གཞོན་ལྷན། ཤེས་པར། དྷ་ས་མཉམ་འབྲེལ་ཡིག་ཚང༌། ར་ཆུ་བསོད་ནམས་སོགས་ཚོགས་སྒེར་ཁག་ནས་མ་དངུལ་སྔ་གཡར་གནང་ཞིང༌། (རྗེས་སུ་སྔ་འདོན་གནང་བའི་བུན་དངུལ་ཚང་རྩིས་འཇལ།) དེ་ཐོག་ཡོངས་གླིང་བླ་བྲང་ནས་ཞལ་འདེབས་མི་ཉུང་བ་གསོལ་རས་བསྩལ།
ཕྱི་ལོ་༡༩༨༤ ཟླ་༩ ཚེས་༢༧ ཉིན་ད་ལྟའི་ས་ཆའི་སྟེང་ཁང་པ་ཞིག་བརྒྱབ་པའི་ནང་ལོ་ཤས་རིང་འཛིན་ཁང་དང༌། གཉེར་ཚང༌། ཐབ་ཚང་གཅིག་ལྕོགས་བྱ་དགོས་བྱུང༌།
ཕྱི་ལོ་འཇར་མན་གྱི་ཨ་མ་ཝེ་སྒར་ལགས་ཀྱི་རོགས་དངུལ་གང་ཙམ་ཐོབ་རུང་འཛིན་ཁང་གསར་རྒྱག་གི་མ་དངུལ་འདང་ངེས་མ་བྱུང་སྟབས། འཛིན་ཁང་ཨ་མ་དེའི་ཐོག་རྒྱག་མ་ཐུབ་པར་ལོ་གསུམ་ཙམ་རིང་གྱང་རོ་ལྟ་བུར་ལུས། སྐབས་དེར་གང་ཅིའི་འགྲོ་གྲོན་ཐད་དཀའ་ངལ་ཧ་ཅང་ཆེ་བས་སློབ་གྲྭའི་འཛིན་ཁང་དགོང་དྲོ་མཚན་ཚོགས་ལ་གླ་གཡར་དང༌། ཨ་མདོ་བཀྲ་ཤིས་ལྷན་གློག་བརྙན་སྟོན་པ་སོགས་ཀྱི་ཐབས་ཤེས་ལ་བརྟེན་ནས་དགེ་ལས་ཀྱི་ཟླ་ཕོགས་དང་འཛིན་སྐྱོང་འགྲོ་གྲོན་འབད་སྒྲུབ་བྱས། ཕྱི་ལོ་༡༩༨༧ ལོར་SOIR-IM, Sweden རོགས་ཚོགས་ཀྱིས་འཛིན་ཁང་གསར་རྒྱག་དང༌། SCF, England ཀྱིས་སློབ་ཕྲུག་ཚོའི་ཉིན་གུང་གསོལ་ཚིགས་རོགས་རམ་ཞལ་བཞེས་ཐོབ་པ་ནས་བཟུང༌། སློབ་གྲྭ་འདིའི་འཛུགས་སྐྲུན་དང་མཐུན་རྐྱེན་གང་ཅིར་ཡར་རྒྱས་བྱུང་།
ཕྱི་ལོ་༡༩༩༠ ལོར་ IM རོགས་ཚོགས་ཀྱི་རོགས་རམ་འོག་འཛིན་ཁང་ཐོག་བརྩེགས་གཉིས་པའང་གསར་རྒྱག་དང༌། ཉལ་ཁང་གི་དཀའ་ངལ་སེལ་སླད་ས་ཆ་ཀར་ནལ་གཅིག་ཙམ་གསར་ཉོ་བྱས་པའི་ཐོག ཕྱི་ལོ་༡༩༩༨ ལོར་ཉི་ཧོང་ཨ་མ་ཡུ་ཀོ་ཀ་ཏོ་ལགས་ཀྱི་རོགས་དངུལ་དང་། སྐུ་སྒེར་ཡིག་ཚང་གི་བུ་ལོན་སྔ་འདོན་རོགས་རམ། སློབ་གྲྭ་རང་གི་མ་དངུལ་བཅས་ཀྱིས་ཚོགས་ཁང་དང༌། ཉལ་ཁང༌། སྡོད་ཤག་བཅས་ཐོག་བརྩེགས་གསུམ་ཅན་གསར་རྒྱག་གནང༌།
ཕྱི་ལོ་༢༠༠༧ ལོར་ IM རོགས་ཚོགས་དང་། ཨ་རི་བ་Westheim & Tom དང་། འཇར་མན་གྱི་ཨ་མ་ Wiebke བཅས་ཀྱི་རོགས་རམ་འོག་གསར་རྒྱག་གནང༌ནས་སློབ་གྲྭ་དེས་ད་བར་རྡ་སའི་ནང་གསར་འབྱོར་གཙོས་ཁྱིམ་བདག་ཚོར་ཕྲུ་གུ་དམར་སྦྱར་ནས་བདག་པོ་རྒྱག་སའི་ལྟེ་གནས་ཤིག་ཆགས་ཡོད། ཡོངས་གླིང་སློབ་གྲྭའི་སྔ་ཕྱིའི་ལས་དོན་ཚང་མ་སྤྱི་འཐུས་ཟླ་བ་ཚེ་རིང་རང་ཉིད་ཀྱིས་འབད་བརྩོན་བྱས་པ་ཞིག་ཡིན་པ་ལས། གཞུང་རྒྱུ་ཡིན་པ་གང་དུ་གསལ་འདུག་གམ།
གནད་དོན་ངོ་མ་དེ་དག་ཡུལ་གྱར་བ་ཁྱེད་ཀྱིས་མ་རྟོགས་པ་ཡིན་ནམ། ཡང་ན་ལོག་པར་རྟོག་པ་ཡིན། དེ་མིན་བདེ་དོན་ཟླ་བ་ཚེ་རིང་གི་ཤེས་འཇོན་ཁྱད་ནུས་ལ་མིག་ཚིག་ནས། ཕྲག་དོག་དུག་ཆུའི་དྲི་མས་བརླན་ཏེ་གཟུགས་མེད་གྲིབ་བཟོའི་སྐྱོན་བརྗོད་བྱས་པ་ནི་ཁུངས་འཁྱོལ་ཐབས་མེད་པའི་རྫུན་གཏམ་ལད་ཟློས་སྐྱར་ཟློས་བྱེད་པ་ཙམ་ལས་མ་འདས།
ད་ཐེངས་ཡུལ་གྱར་བ་ཁྱོད་ཀྱིས་ཡོངས་གླིང་སློབ་གྲྭ་གཞུང་རྒྱུ་སྒེར་བདག་བྱས་པའི་སྒྲུབ་བྱེད་ཚད་ལྡན་ཞིག་སྟོན་ན་དགའ་བསུ་ཡོད།
ཞར་དུ་ཞུ་རྒྱུར། ང་ཚོས་ཅི་མཛད་ལེགས་ལྟ་དང་། ཅི་གསུང་བཀའ་སྒྲུབ་ཞུ་དགོས་མེད་ཙང་། གཞན་སྦྱོར་ཕུན་ཚོགས་མཐོང་ཚེ་མི་བཟོད་པར་འཁྱོག་བརྗོད་དང་ཧམ་སེམས་བཅངས་མཁན་མཐོ་དམའ་གཞུང་སྒེར་སུ་ཡིན་ཡང་དྲང་པོའི་ཡུལ་ཁྲིམས་ཐོག་ནས་ཐག་གཅོད་བྱེད་དགོས་བཅའ་ཁྲིམས་དང་མཐུན་པ་རེད་ཟེར་བ་ཡིན། བཅའ་ཁྲིམས་ནང་དུ་གཞུང་རྒྱུ་སྒེར་བདག་བྱ་ཆོག་པ་གསལ་མེད་ལ། གཞན་རྒྱུ་ཧམ་འཕྲོག་དང་། ནག་མེད་ཉེས་འགེལ་བྱ་ཆོག་ཟེར་བ་དེ་བས་གསལ་མི་འདུག
སྤྱི་འཐུས་ཟླ་བ་ཚེ་རིང་ལ་ནག་མེད་ཉེས་འགེལ་དང་། གཟུགས་མེད་གྲིབ་བཟོ་བྱས་པ་མ་འོས་མ་འགྲིག་ཟེར་བ་མ་གཏོགས། སྤྱི་རྒྱུ་རྐུན་འཁྱེར་བྱེད་མཁན་ནག་ཆེན་སྤྱི་འཐུས་ཀིརྟི་སྒྲོལ་དཀར་ལྟ་བུ་དང་གཞུང་དྲང་ལྷག་བསམ་ཤེས་འཇོན་ལྡན་པའི་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་གཉིས་གྲལ་གནས་མཉམ་འཇོག་བྱེད་པ་ནི། ཞྭ་དཔེ་ལྷམ་འགེབ་ཀྱི་དཔེ་ལས་འདས། སྒོར་སྒོར་ཡོད་ཚད་བག་ལེབ་ཡིན་དགོས་ན། ཁྱོད་ཀྱི་ངོ་གདོང་དེའང་བག་ཡིན་དགོས་པས་ཧ་ཅང་ཐལ་བའི་ཕྱིར།
རྒྱ་ཡེ་བཀྲ་བྷོ་ལགས་ཀྱིས་ཕྱག་དཔེ་གང་མཚམས་ཤིག་གཟིགས་གནང་ཡོད་ས་རེད། ཡིན་ནའང་ཁོང་མཁས་པ་ཚ་ཚ་འདྲ་པོ་ཞིག་མ་ཡིན་པ་ཤོག། །
ངས་ཐ་སྙད་གསར་པ་ཞིག་ལ་མནོ་བསམ་བཏང་བ་ཡིན། གང་ཡིན་ཞེ་ན་དྲ་ཐོག་ནས་གྲོགས་པོ་མི་ཉུང་བ་ཞིག་དང་ཐུག་སྐབས་གཅིག་མཚུངས་ཀྱིས་(ལན)ཡག་པོ་མི་འདུག་ཅེས་བྲིས་པས། དང་ཐོག་མགོ་ཅུང་འཐོམ་དུ་བཅུག་སོང་མོད། དེ་ནི་དབྱིན་སྐད་ནང་ line ཟེར་གྱི་ཡོད་པས་གཅིག་བྱས་ན་བོད་ནང་གི་དབྱིན་སྐད་མི་གོ་མཁན་ཞིག་ལ་གོ་བ་ལོག་པར་སྤྲོད་སྲིད་ཅིང་། འདི་ལ་”དྲ་ལམ”་མམ་”བརྡ་ལམ”་གང་རུང་ཞིག་བཏགས་ན་ཅི་འདྲ་འདུག དྲ་གྲོགས་ཚོའི་དགོངས་འཆར་ལ་ཉན་འདོད་ཆེ།
འདིར་འུར་ཁང་ཟེར་བ་ཞིག་གིས་ཟླ་བ་ཚེ་རིང་ལ་རྒྱུས་ཡོད་མདོག་གིས་མང་པོ་བཤད་འདུག ཕལ་ཆེར་བདེན་པ་འདྲ། ཁོང་ལ་གླེང་ཕྱོགས་མང་ཐག་ཆོད་ནས་མགོ་རྨོངས་ཡོང་གི་འདུག་པས་སླར་འདྲི་བ། ཟླ་བ་ཚེ་རིང་དེ་འདྲ་བུན་ལོན་གཡར་སྡོད་དགོས་མཁན་ཞིག་ཡིན་ན། མི་ལ་རིགས་པ་བྱས་ལ་བཙོན་མ་སྡོད་ས་བརྒྱབ་པ་རེད་ཟེར་བ་དེ་ཚོའི་དངུལ་ག་ནས་གཡར་བ་རེད། སིམ་ལར་གྱོད་ཡ་བོད་གཞུང་གིས་ལོ་རེར་འབུམ་ཉི་ཤུ་རྩ་ལྔ་རེ་གཏོང་གིན་ཡོད་པས། ཞུ་སྦྱོར་བ་ཟླ་བ་ཚེ་རིང་གིས་ཀྱང་ལོ་རེ་བཞིན་དེ་ཙམ་ཞིག་གཏོང་དགོས་ཀྱི་ཡོད་ངེས་པས་དངུལ་དེ་ཚོ་སུས་གཡར་བ་ཡིན་ནམ། དེ་ཚོ་གསལ་པོ་ཞིག་གསུངས་ན་དོགས་པ་མང་པོ་ཞིག་སེལ་ས་རེད། ང་ནི་ཁོ་ལ་དངུལ་མང་པོ་དེ་འདྲ་ག་ནས་ཡོང་གི་ཡོད་ན་བསམ་ནས་ཡོད། དྷ་སའི་ཕྱུག་བདག་བློ་གྲོས་བཟང་པོ་ལ་ཧོ་ཀྲེལ་ཡོད། གསེར་བཟོ་སྐལ་བཟང་ལ་ལག་ཤེས་ཡོད། འོན་ཀྱང་ཡོང་སྒོ་འདི་ཡིན་ཟེར་བ་མེད་པའི་ཟླ་བ་ཚེ་རིང་ལ་དངུལ་མང་པོ་དེ་འདྲ་ག་ནས་བྱུང་བ་ཡིན་ནམ།
བོད་ནང་བོད་ཀྱི་ཆབ་སྲིད་ལ་ཕན་ཐོགས་པའི་མཁས་དབང་འོད་ཟེར་ལགས་མ་གཏོགས་མེད་པ་འདྲ།