སྐྱོ་བྲག་དགའ་དབང་།
རྒྱ་རི་བློ་གྲོས་རྒྱལ་མཚན་ནི། ཉེ་རབས་བོད་ཀྱི་ལོ་རྒྱུས་ནང་། གནད་ཡོད་མི་སྣ་རེད་ལ། འཇོན་པོའང་རེད། ངའི་མི་ཚེའི་ནང་ཁོང་ལ་ཐེངས་གཅིག་ཐུག་མྱོང་ཡོད། ལོ་དུས་གང་ཡིན་མ་དྲན་ཀྱང་། ས་གནས་ནི་འབྲས་ལྗོངས་རྒྱལ་ས་སྒང་ཏོག་གི་རི་མགོ་ཚང་ལ་རེད། ཁོང་གི་མི་གཤིས་ལྷོད་ལ་གཏིང་ཟབ་པའི་མི་ཕོ་ཉམས་ཅན་ཞིག་གདའ། ཁོང་གིས། རྒྱལ་ཕྱི་ནང་གི་གནས་ཚུལ་སྦུག་མ་མང་པོ་ཞིག་བཤད་བྱུང་ལ། ཀརྨ་པའི་ཡང་སྲིད་སོགས་ཀཾ་ཚང་གི་རྙོག་དྲའི་སྐོར་ནས་ཀྱང་མང་དག་ཅིག་བཤད་བྱུང་། ངས་ཁོང་ལ། རྒྱལ་ཕྱི་ནང་གི་གསང་བའི་གནས་ཚུལ་རྒྱུས་ཡོད་དག་གསལ་བའི་ལོ་རྒྱུས་ཡག་མོ་ཞིག་དབྱིན་བོད་གང་རུང་ཐོག་འབྲི་འགོད་ཡོང་བའི་རེ་སྐུལ་ནན་མོ་ཞུས་པ་ཡིན་ཞིང་། གཞུག་མ་གློག་འཕྲིན་བརྒྱུད་ནས་ཀྱང་རྒྱུད་སྐུལ་ཞུ་ཡིག་ཅིག་ཕུལ་བ་ནི་འདི་རེད།
རྒྱུད་སྐུལ་ཞུ་ཡིག
བློ་རྩལ་ཡངས་ལ་ཉམས་མྱོང་ཆེ་བའི་རྒྱ་རི་བློ་གྲོས་རྒྱལ་མཚན་རིན་པོ་ཆེ་མཆོག་ལ། སྐུ་ཉིད་ཀྱི་མི་ཚེའི་ལོ་རྒྱུས་ཞིབ་གསལ་ཞིག་འབྲི་སྤེལ་དགོས་པའི་རྒྱུད་སྐུལ་བྱ་འདོད་བྱུང་། གང་ཡིན་ཞེ་ན། སྤྱིའི་ཆ་ནས་བསམ་ན། བོད་ཀྱི་རྒྱལ་རབས་ལོ་རྒྱུས་ཐོག་ཉམས་ཉེས་ཆེ་ཤོས་བྱུང་བའི་དུས་སྐབས་ན་སྐྱེས་ཚར་བྱུང་སྟེ། བཙན་བྱོལ་བོད་མིའི་གཞུང་འབྲེལ་གྱི་ལས་འགན་ཆེ་ཆུང་མང་པོ་ཞིག་ཁུར་བའི་རྒྱུད་རིམ་ཁྲོད། བོད་ལ་དུས་འགྱུར་བྱུང་བ་ནས་ད་བར་གྱི་བོད་པའི་གནས་སྟངས་མང་པོ་ཞིག་གི་རྒྱུས་མངའ་ཞིབ་གསལ་ཡོད་ཅིང་། རྒྱལ་བ་རིན་པོ་ཆེའི་མཛད་དགོངས་མང་པོ་ཞིག་ཀྱང་ཤེས་ཀྱིན་ཡོད་ལ། རྒྱ་དཀར་ནག་དང་། ཨ་མི་རི་ཀ་སོགས་ཀྱི་ཆེས་མཐོའི་དཔོན་རིགས་གྲངས་མང་གི་མཉམ་དུ་བོད་དོན་གླེང་སློང་བྱ་མྱོང་ཡོད།
གནས་ཚུལ་འདི་དག་ནི། བོད་མི་རིགས་དང་རྒྱལ་ཁབ་འཆི་གསོན་གང་ལྟར་ཡང་བརྗེད་དུ་མི་རུང་བ་དང་མི་ཤེས་སུ་མི་རུང་བ་ཡིན་ལ། འདི་དག་ད་ལྟ་དང་མ་འོངས་པའི་བོད་མི་སོགས་ལ་ཞིབ་གསལ་གྱི་ངོ་སྤྲོད་བྱ་ཐུབ་དགོས་པ་ནི་རྒན་རབས་པ་ཁྱེད་རྣམ་པའི་འགན་འཁྲི་རེད། འདི་སྐོར་རྒན་རབས་པ་གཞན་མང་པོས་མང་ཉུང་ཅི་རིགས་བྲིས་པ་ཡོད་མོད། འབྲེལ་ཡོད་ཚང་མས་ཞིབ་གསལ་འབྲི་འགོད་ཐུབ་ན་གདོད་ལོ་རྒྱུས་ཆ་ཚང་བ་དང་སྒྲོ་སྐུར་ཆོད་པ་ཡོང་གི་རེད། སྒེར་གྱི་ཐད་ནས་བསམ་ན། ཁྱེད་ནི་དཔོན་ཚང་ཞིག་གི་བུ་རྒྱུད་དང་། དགོན་པ་ཞིག་གི་བླ་མའི་ཡང་སྲིད་ཡིན་ཕྱིར། དཔོན་ཚང་དང་དགོན་པའི་ལོ་རྒྱུས་ཀྱི་ཁ་གསབ་ནི་སྐུ་ཉིད་ཀྱི་ལོ་རྒྱུས་ཀྱིས་བྱ་དགོས་པས་ཡིན་ནོ། །
སྨྲས་པ།
འཇིག་རྟེན་འདི་ན་སྐྱེས་ནས་མ་ཤིའི་བར།།
དགའ་སྐྱོའི་གནས་ཚུལ་ལུ་གུ་རྒྱུད་བྱུང་བ། །
ཡི་གེའི་རིས་སུ་སྤེལ་བའི་གཟུགས་བརྙན་ཞིག །
རང་དང་གཞན་གྱི་དོན་དུ་འཇོག་པར་མཛོད། །
ཅེས་རྒྱལ་ཁམས་པ་སྐྱོ་བྲག་དགའ་དབང་གིས། གངས་རིའི་ཕང་བའི་ཆོས་ཀྱི་གནས་ཚང་དུ་གྲགས་པ་ཆེས་མཛེས་པའི་ཡུལ་ལྗོངས་ནས། སྤྱི་ལོ་ ༢༠༡༤ཟླ་ ༤ ཚེས་ ༤ ཉིན་ཕུལ་བའོ། །
ད་ནི་ཁོང་གི་མྱི་ཚེ་ལའང་རྫོགས་ཚིག་བཀོད་དེ། མི་མངོན་པའི་དབྱིངས་སུ་ཕེབས་ཟིན་སྐད་རེད། ངའི་རེ་བ་ལྷག་མར་ལུས་ཡོད་མེད་ནི། འདྲི་རྟགས་?ཙམ་ཡིན་ནའང་། རེ་བ་ནི་རེ་བ་རང་ཡིན་ཕྱིར། རེ་བ་འབྲས་བུ་ཅན་ཞིག་ཡིན་པར་ཤོག་ཅིག་གུ།
ཡང་་་བཙན་བྱོལ་བོད་མའི་གནད་ཡོད་མི་སྣ་ཞིག་འཇའ་ཡལ་བར་བློ་ཕམ་རེད། ་་གནས་ཚུལ་བོད་ཀྱི་དུས་བབ་དང་། བོད་མའི་སྒྲིག་སོགས་ཆུ་ཚོད་༢༤ ཙམ་འགྲོ་ཚར་རྩ་ནས་བཏོན་མི་འདུག་ཡིན་ནའང་།
ཨ་རི་མང་གཙོ་ཚོགས་མའི་ཨ་ཇ་ནན་སི་ལགས་ནས་གཏམ་བཤད་དང་གདུས་སེམས་ནཉམ་སྐྱེད་ཞུས་འདུག་་་https://www.democraticleader.gov/newsroom/102918-3/ འདིར་གཟིགས་ཧང་སང་བསྟོད་བསྔགས་ཞུསའདུག
ཨ་རི་མང་གཙོ་ཚོགས་པའི་གཞུང་སྣེ་གསར་གནས།
PRESS RELEASES
10.29.18
Pelosi Statement on the Passing of Lodi Gyari
Washington, D.C. – Democratic Leader Nancy Pelosi released this statement on the passing of Lodi Gyari, former Special Envoy for the Dalai Lama and Executive Chairman of the International Campaign for Tibet:
“Lodi Gyari was a religious leader and a diplomat, an administrator and an activist, but, most of all, he was a teacher. Through diplomacy, he taught us to how to seek understanding and create peace. Through advocacy, he taught us how to share the spirit of resiliency with our children. Through faith, he taught us that all nations and all people are interconnected.
“The world has lost an extraordinary champion for the Tibetan people. Driven into exile by the Chinese government, Lodi worked relentlessly to secure a better future for Tibet. As Special Envoy and a key leader of the International Campaign for Tibet, Lodi saw the development of historic proposals for progress and built deep support for the Tibetan cause throughout America and around the world. Members of Congress on both sides of the aisle benefitted from Lodi’s insight and wisdom.
“Lodi’s legacy is ours to continue through action and advocacy. As friends of Tibet, we stand united with Tibetans in their journey to win the freedom to teach their culture and their religion to their children in their own language. The situation in Tibet is a challenge to the conscience of the world. If we do not speak out for human rights in Tibet and China because of commercial interests, then we lose all moral authority to talk about human rights in any other place in the world. May it bring comfort to Lodi’s loved ones that so many share in their sorrow and in their appreciation of the legacy he has left us.”
SHARE ON FACEBOOK SHARE ON TWITTER SHARE VIA EMAIL
རྡོ་རྗེའི་སྐུ་བརྙེས་ལྷ་མིའི་སྟོན་མཆོག་དང་།།
སྐྱེ་འཆི་སྤངས་པ་མཚོ་འཁྲུངས་རྡོ་རྗེ་སོགས།།
གཞོམ་ཞིག་བྲལ་བའི་སྐུ་ཡང་མི་རྟག་ན།།
རྒྱ་རི་བློ་གྲོས་རྒྱལ་མཚན་སྨོས་ཅི་དགོས།།
ལཁྱེན་འཇོན་གཉིས་ལྡན་རྒྱ་རི་རིན་པོ་ཆེ།།
སྐུ་ཚེའི་འདུ་བྱེད་སྟོང་བ་ཕངས་མོད་དེ།།
སླར་ཡང་ཡང་སྲིད་གཞོན་ནུ་མཁས་འཇོན་ཞིག །
འཕགས་པའི་དྲུང་དུ་འཁྲུངས་ལ་ཐེ་ཚོམ་ཅི།།
བོད་ཀྱི་དུས་བབ། > གསར་འགྱུར། > Front Slider > རྒྱ་རི་བློ་གྲོས་རྒྱལ་མཚན་རིན་པོ་ཆེ་སྐུ་གྲོངས་པར་གདུང་སེམས་མཉམ་སྐྱེད་གནང་།
རྒྱ་རི་བློ་གྲོས་རྒྱལ་མཚན་རིན་པོ་ཆེ་སྐུ་གྲོངས་པར་གདུང་སེམས་མཉམ་སྐྱེད་གནང་
http://tibettimes.net/2018/10/30/173073/
རྒྱ་རི་བློ་གྲོས་རྒྱལ་མཚན་བུད་སོང་ཟི། ཁོང་གི་ལོ་རྒྱུས་ཤིག་འབྲི་བཞིན་ཡོད་ཚུལ་གོ་སོང་། འབྲི་ཚར་ཡོད་དམ། རྒྱ་རི་འགྲོ་རྒྱུ་སྔ་དྲགས་པ་དང་། ལོ་རྒྱུས་འབྲི་རྒྱུ་འཕྱིས་དྲགས་པ་འདྲ།
སྤྱི་བཏང་རྒྱ་རི་ལ་གུས་བརྩི་ཆེན་པོ་ཡོད། རེད་དེ། བར་སྐབས་ཤིག་ནས་བདེན་མིན་མི་ཤེས་ཏེ། ནོར་ཝེ་གཞུང་ནས་བོད་རྒྱ་འབྲེལ་མོལ་ལ་འགྲོ་སོང་གཏོང་ཆེན་ཨ་སྒོར་འབུམ་ཁ་ཤས་རྒྱ་རི་བརྒྱུད་ནས་བོད་གཞུང་ལ་གནང་བ་རེད་ཟེར། རྒྱ་རིས་དངུལ་དེ་བར་ཟས་བྱས་པ་རེད་ཟེར། རྗེས་སུ། གོང་ས་མཆོག་ལ་ནོར་ཝེའི་གཞུང་གི་གནད་ཡོད་ཅིག་གིས་དངུལ་དེ་ལྟར་གནང་ཚུལ་ཞུས་པར་གོང་ས་མཆོག་་གིས་ཤེས་རྟོགས་མེད་ཚུལ་གྱིས་ལན་གནང་བ་རེད་ཟེར།
ངས་གོ་བའི་གོང་གི་སྐད་ཆ་དེ་བདེན་པ་མིན་པའི་ཡིད་ཆེས་དང་། རྒྱ་རི་བུད་སོང་བ་དེ་ཕྲན་བུ་གྱོང་རེད་འདོད།
སྤྱི་པའི་ མི་ཞིག་ གྲོངས་པར་ མྱ་ངན་ གུས་དུད་ ཞུའོ།། །།
ངས་ བོད་པའི་ ལས་བྱེད་ ནང་ལ་ གཟབ་གདོང་ རིན་པོ་ ཆེ་དང་། རྒྱ་རི་ རིན་པོ་ཆེ མཆོག་ལ་ གུས་འདུད་ ཆེ་ཤོས་ ཞུ་བཞིན་ ཡོད།
རྒྱ་རི་རིན་པོ་ཆེ་མཆོག་གིས།
https://www.facebook.com/serkyiphonga/videos/1092167724275876/UzpfSTExODA5NDc3NDUyNjY1NzI6MjMwNzQyNTM4MjYxODc5Nw/
https://www.facebook.com/voatibetan/videos/649262068802294/UzpfSTE0Mzg1NjQwMTg6MTAyMTgwNTQ3NzkzODc4Nzk/
https://www.facebook.com/voatibetan/videos/118594672351041/
རྒྱ་རི་བློ་གྲོས་རྒྱལ་མཚན་ལགས་ནས་ལོ་ངོ་མང་པོའི་རིང་གྲུབ་འབྲས་ཐོན་མིན་ལ་མ་ལྟོས་པར་བོད་མི་རིགས་སྤྱི་དང་བྱེ་བྲག་བཙན་བྱོལ་བོད་མིའི་ཆེད་ཕྱག་ལག་སྣ་མང་གནང་ཡོད་པ་བསྙོན་དུ་མེད་ལ། བཙན་བྱོལ་སྒྲིག་འཛུགས་གསར་སྐྲུན་གྱིས་མཚོན་ཆེས་དཀའ་སྡུག་གི་སྐབས་སུ་སྐུ་ངལ་མང་དུ་བསྐྱོན་ཡོད་པའང་བོད་མི་རྣམས་ཀྱིས་བརྗེད་མི་རུང་བ་ཞེ་གཅིག་ཡིན། རེད་དེ། ཚེ་མཇུག་ཏུ་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཡིད་ཆེས་བློས་འགེལ་བྱས་པ་ཆུར་བསྐྱུར་ཏེ་མི་རིགས་དང་རྒྱལ་ཁབ་གཞན་པས་བརྩེ་བའི་ཕྱག་རིང་བརྐྱངས་ཏེ་བཙན་བྱོལ་བོད་མི་རྣམས་ལ་རྒྱུ་འབྱོར་གྱི་རོགས་མགོན་ཕོན་ཆེ་གནང་བ་སྒེར་གྱི་ལྐོག་ཟ་བྱས་པའི་གནད་དོན་ཡང་སྤྱི་ཚོགས་ནང་ཁྱབ་བཞིན་ལྟར་ན། ཁོང་གིས་སྐུ་ཚེའི་སྟོད་ཀྱི་མཛད་པ་དག་ལ་འདག་དཀའ་བའི་ནག་ཐིག་ཅིག་ཏན་ཏན་ཕབ་འདུག ཁོང་ནི་སྤྱིར་བཏང་གི་མི་ཞིག་དང་ཡེ་མི་འདྲ་སྟེ། ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གཅེས་ཤིང་བསྐྱངས་ཏེ་ཁོང་གི་སྐུ་དང་གསུང་གི་ཚབ་ཏུ་བཞག་ཡོད་པས་སོ། བྱེད་ཙང་། འདིའི་ཐད་ནས་མི་ཧ་ཅང་མང་པོ་ཞིག་ཁོང་ལ་བློ་ཕམ་དང་ཡིད་ཆད་བྱུང་ཡོད་པའང་བརྗོད་མེད་ཡིན། ད་ནི་ཁོང་གི་མི་ཚེ་དང་འབྲེལ་བའི་ལོ་རྒྱུས་ཤིག་ཀྱང་སྤྱི་ཚོགས་ཐོག་སླེབས་ལ་ཡོད་འདུག་མོད། ངས་བསམ་ན་འདི་ཡང་སྐུ་ངོ་འཇུ་ཆེན་གྱི་ལོ་རྒྱུས་དང་འདྲ་བར་དོན་དངོས་མ་ཡིན་པའི་གནད་དོན་མང་པོ་ཞིག་གིས་སྤྱི་ཚོགས་འདི་དཀྲུག་དཀྲུག་གཏོང་བྱེད་ཅིག་ཏུ་འགྱུར་སྲིད། དེ་མིན་རང་དབང་གི་སྤྱི་ཚོགས་ཤིག་གི་ནང་དུ་བདེན་པ་དང་དོན་དངོས་སྨྲ་བར་གང་དང་ཅི་ལ་འཇིགས་དགོས་ཨང་།
རྒྱ་རིའི་དངུལ་དེསྐོར་དེ་་་ དང་ཐོག་་ནོར་ཝེས་དངུལ་དེ་བོད་གཞུང་དངུལ་ཁང་རྒྱུད་དམ་ཡང་ན་ཅེཀ་རྒྱུད་ནས་གཏོང་ཡོད་ཀྱི་རེད། ང་རང་ཕ་ཡུལ་འབྲོག་པའི་ཚོང་ལྟ་བུ་དངུལ་རྒྱན་པ་ལག་ཟུང་ཁུག་མ་ནང་དུ་རླུག་པ་ལྟ་བུ་་་ཕྱི་རྒྱལ་ལུགས་དངུལ་ཅི་འདྲ་བཏང་ན་་་་དངུལ་འཛིན་ནམ་་་ཡང་དངུལ་ཁང་རྒྱུད་བཏང་ོཡད་ཀྱི་རེད་། དེ་ཡིན་དུས་དངུལ་ཁང་དང་དངུལ་འཛིན་གཉིས་རྒྱུད་བཏང་་ན་ནོར་ཝེ་གཞུང་དང་ཚོགས་པ་གང་རུང་་་དངུལ་དེ་རྒྱ་རི་ལག་ཕྱིར་ལེན་ཆོག་པའི་ཐོབ་ཐང་མ་ཟད་ཨ་རི་ཁྲིམས་ཁང་ལས་དུས་ནམ་དུ་བཞག་གིས་མ་རེད།་་་་ གལ་སྲིད་་་ཌོ་ལར་གཅིག་སྟོང་ཡད་དངུལ་རྒྱན་པ་ལག་ཐོག་ཏུ་གོང་ས་མཆོག་གམ་བོད་གཞུང་གང་རུང་བསྐུར་ཡོད་་དེ་མ་སྤྲད་ཟ་ན་ཟ་ཐུབ་ཀྱི་རེད་་དེ་མིན་ཌོ་ཁྲི་ཚོ་དེ་དངུལ་རྐྱང་བསྐུར་སྲིད་མ་རེད། དེ་འདྲ་བསྐུར་ན་བསྐུར་མཁན་ཁོ་རང་ཁྲིམས་འགལ་རེད།་་ བསམ་བློ་ལྷོད་ཡང་བཏང་ཐུབ་ན་་་ཡུད་ཆེད་ངེས་རེད།
རྒྱ་རིའི་དངུལ་དེསྐོར་དེ་་་ དང་ཐོག་་ནོར་ཝེས་དངུལ་དེ་བོད་གཞུང་དངུལ་ཁང་རྒྱུད་དམ་ཡང་ན་ཅེཀ་རྒྱུད་ནས་གཏོང་ཡོད་ཀྱི་རེད། ང་རང་ཚོའི་་ཕ་ཡུལ་འབྲོག་པའི་ཚོང་ལྟ་བུ་དངུལ་རྒྱན་པ་ལག་ཟུང་ཁུག་མ་ནང་དུ་རླུག་པ་ལྟ་བུ་མ་རེད། ཕྱི་རྒྱལ་ལུགས་དངུལ་ཅི་འདྲ་བཏང་ན་་་་དངུལ་འཛིན་ནམ་་་ཡང་དངུལ་ཁང་རྒྱུད་བཏང་ོཡད་ཀྱི་རེད་། དེ་ཡིན་དུས་དངུལ་ཁང་དང་དངུལ་འཛིན་གཉིས་རྒྱུད་བཏང་་ན་ནོར་ཝེ་གཞུང་ངམ་ཚོགས་པ་གང་རུང་་་དངུལ་དེ་རྒྱ་རི་ལག་ཕྱིར་ལེན་ཆོག་པའི་ཐོབ་ཐང་ཡོད་པ་མ་ཟད་ཨ་རི་ཁྲིམས་ཁང་ལས་དུས་ནམ་དུ་བཞག་གིས་མ་རེད་རྒྱ་རི་དངུལ་ཁང་ནང་ལ་གནས་ཐུབ་མ་རེད། ་་་་ གལ་སྲིད་་་ཌོ་ལར་གཅིག་སྟོང་ཡས་དངུལ་རྒྱན་པ་ལག་ཐོག་ཏུ་གོང་ས་མཆོག་གམ་བོད་གཞུང་གང་རུང་བསྐུར་ཡོད་ན་་དེ་མ་སྤྲད་ཟ་ན་ཟ་ཐུབ་ཀྱི་རེད་་དེ་མིན་ཌོ་ལ་ཁྲི་ཚོ་དེ་དངུལ་རྐྱང་བསྐུར་སྲིད་མ་རེད། དེ་འདྲ་བསྐུར་ན་བསྐུར་མཁན་ཁོ་རང་ཁྲིམས་འགལ་རེད།་་ བསམ་བློ་ལྷོད་ཡང་བཏང་ཐུབ་ན་་་ཡུད་ཆེད་ངེས་རེད།
ནོར་ཝེ་སྒོར་མོས་ཐེ་ལེན་ཌི་ནས་གཞིས་སྒར་གཟིགས་ལགས་སམ།།
བོད་མི་སྐྱོ་བོ་ཁ་ལག་སེར་ག་ཅན་རྣམས་གཟིགས་ལགས་སམ།།
ཁྱོད་རང་ཤི་འམ་གཤེགས་སམ་གྲོངས་ལ་སོགས།།
ཐ་སྙད་གང་ཞིག་མཛའ་བ་མི་ཤེས་མོད།།
རྐང་རྗེས་ལག་གསུབ་ཅིག་ནི་ཡིན་ནོ་ལོ།།
ག་ལེ་ཕེབས་ཞེས་གཡབ་མོ་བྱེད་རྒྱུ་མིན།།
དངུལ་ཁུག་མའི་ནང་ལ་བླུགས་སྤྲད་པ་ཡིན་མིན་དང་། དངུལ་འཛིན་བརྒྱུད་ནས་སྤྲད་པ་ཡིན་མིན་རྒྱུ་རིག་དང་ནོར་ཝེ་ལ་སྐད་ཆ་དྲིས་ལོ།།།།།
ངས་བསམ་ན་རྒྱ་རི་བློ་གྲོས་རྒྱལ་མཚན་འདི་མི་རླབས་ཆེན་དང་མཛད་རྗེས་ཅན། བོད་དོན་གྱི་ཆེད་དུ་ཕྱག་ལས་ཡུན་རིང་གནང་མྱོང་མཁན་གྱི་མི་སྣ་གལ་ཆེན་ཞིག་རེད། བོད་ཀྱི་གཞོན་ནུ་ཚོགས་པ་གསར་འཛུགས་ཀྱིས་མཚོན་པའི་བཙན་བྱོལ་ནང་ཕྱག་ལས་ཡག་པོ་གནང་པ་རེད། བོད་རྒྱ་འབྲེལ་མོལ་གྱི་ཆེད་དུ་རྒྱ་ནག་ལ་ཐེངས་དགུར་སོང་མྱོང་བ་རེད་ཟེར། ཡིན་ན་ཡང་ཁོང་ང་ཚོ་དང་ཁ་བྲལ་བ་ནི་ཡིད་སྐྱོ་བ་ཞིག་ཡིན་པ་བཤད་མ་དགོས་པ་རེད།
ང་རང་ལ་ཚོར་སྣང་ཞིག་བྱུང་བ་ནི་རྒྱ་རི་ཁོང་གིས་རང་བཙན་རྩོད་ཀྱིན་ཡོད་ན་ཡང་༧་གོང་ས་མཆོག་གི་སྐུ་ཚབ་ཀྱི་མིང་ཐོག་ནས་རྒྱ་བོད་འབྲེལ་མོལ་གྱི་ཕྱག་ལས་གནང་བ་དེ་རེད།
རྒྱ་རི་རང་ཉིད་ཀྱི་ལངས་ཕྱོགས་ཅི་ཡིན་ལ་བསམ་གཞིགས་མི་བྱེད་པར་༧་གོང་ས་མཆོག་གི་བཀའ་དང་ལེན་བྱེད་པ་ནི་སྔགས་འོས་པ་ཞིག་རེད།་རྒྱ་མཚན་དེའི་སྟངས་ནས་ཁོ་རང་གིས་རང་གི་བསམ་ཚུལ་གཙོ་བོར་མི་འཛིན་པར་གོང་༧་མཆོག་དང་མི་མང་གི་ལས་དོན་གཙིགས་སུ་འཛིན་པ་དེ་རེད།
འདི་ལས་རང་ཉིད་ལས་གཞན་དང་དམངས་གཙོ་བོར་ལྟ་མཁན་ཞིག་ཡིན་པའི་ཚོར་སྣང་བྱུང་།
དངུལ་གྱི་སྐོར་བདེན་དཔང་སུ་ལ་ཡང་མེད་པས་བསྟོད་སྨད་ལ་དགོས་པ་མ་མཐོང་།
བོད་མི་བརྒྱ་དང་ལྔ་བཅུ་ལྷག་ཅིག་བསྲེགས།།
དེ་ཡི་དྲིན་ལས་བྱེས་ཀྱི་སྐབས་འཚོལ་ཚོས།།
ས་ཡ་བརྒྱ་དང་ལྔ་བཅུ་ལྷག་ཅིག་བླངས།།ོ
སྙིང་ཁྲག་དྲོན་མོ་བཞེས་རྒྱུའི་མྱི་ངན་ཚོ།།
གཞིས་ལུས་བོད་མི་འདི་དག་སྙིང་མ་རྗེ།།
ྱེ
རྒྱ་རི་ཚང་སྐུ་གྲོངས་པ་དེར་བློ་ཕམ་ཡོད།
སྔོན་མ་སྐུའི་གཅེན་པོ་ཐུབ་བསྟན་འཇིགས་མེད་ནོར་བུས་བོད་གཞུང་ཟེར་ནའང་མི་ཚང་ཡབ་གཞིས་ བཀྲེས་ཐོང་ རྒྱ་རི་གསུམ་གྱིས་དབང་ཆ་ཆ་ཚང་ཟིན་ཚུལ་གསུངས་པ་བཞིན་རྒྱ་རི་རིན་པོ་ཆེ་དང་རྒྱ་རི་པད་མ་རྒྱལ་པོ་ལ་བོད་ཀྱི་རྩ་དོན་ལ་ཞབས་ཞུའི་གོ་སྐབས་གང་ལེགས་ཐོབ་ཡོད་ འོན་ཀྱང་རྩ་དོན་ལ་ག་ཚོད་ཕན་ཡོད་མེད་ལོ་རྒྱུས་ཀྱིས་རིམ་པས་ཁ་བསྒྲག་ཡོང་གིས་རེད་ ཡིན་ནའང་གོང་ས་མཆོག་གི་མཚན་གནས་རྗེས་འབྲེལ་གྱིས་རྒྱ་རི་རང་གི་ཆོས་རྒྱུད་གཅིག་པ་དང་འབྲེལ་ཡོད་རྣམས་ལ་དངོས་ཤུགས་རྒྱུད་གསུམ་གྱིས་སྒེར་དོན་ཤུགས་ཆེན་བསྒྲུབས་ཡོད་པ་ཞིབ་འཇུག་བྱས་ན་ར་འཕྲོས་ཡོང་གིས་རེད་དོ།
རྒྱ་རིས།
https://www.facebook.com/voatibetan/videos/2175612986045265/UzpfSTEwMDAwMDk5MTYzMDUxODoyMjAzNzc4NTgyOTk4NTA4/
དང་པོ་རྒྱ་རི་བློ་གྲོས་རྒྱལ་མཚན་སྐུ་གཤེགས་པར་མྱ་ངན་དང་། ཁོང་གི་ཤུལ་ལུས་ཤ་གཉེན་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཞུ། ཁོང་སྐུ་ཚེ་ཧྲིལ་པོ་བཙན་བྱོལ་བོད་མི་གཅིག་གི་ནང་ནས་མེད་ན་མ་གཏོགས་གོ་གནས་ཚང་མ་བཟུང་མྱོང་བའི་གལ་ཆེའི་ལོ་རྒྱུས་མི་སྣ་ཞིག་རེད། རྒྱལ་བ་རིན་པོ་ཆེ་ཕར་ཕུད་པའི་ཁོང་ལས་ལྷག་པའི་གཞུང་གི་མཚན་གནས་མཐོན་པོར་ཕེབས་པ་ཧ་ལམ་མེད། བྱས་ཙང་བྱས་རྗེས་ཆེན་པོ་རེད། རྗེས་སུ་ཡིད་རངས་ཞུ།
བློ་ཡུལ་ལས་འདས་པ་ཞིག་ལ། ཉེ་བའི་ལོ་ཤས་ནང་ལ། ཁོང་ནས་སྤྱི་རྫས་སྒེར་གཅོད་བྱས་པའི་ནག་ཉེས་མང་པོ་ཞིག་བགྲང་རྒྱུ་འདུག ཕལ་ཆེར་བདེན་ཤས་ཆེ་བར་འདུག་པས་བློ་ཕམ་བྱུང་། རྒྱལ་བ་རིན་པོ་ཆེས་བློ་སྙིང་མཆིན་གསུམ་བསྟན་ཡུལ་གྱི་ནང་མི་ཞིག་གིས། རྒྱབ་ལ་འདི་ལྟར་ལྐོག་ཟ་བསམ་ཕོད་པ་དང་བྱེད་ཕོད་པ་དེ་རང་བདག་ཚོའི་བློ་ཡུལ་ལས་འདས། ང་ཚོ་དཀའ་ངལ་ཆེ་བའི་སྐབས་འདི་འདྲ་ཞིག་ལ། ཁོང་ལ་བཅངས་པའི་རེ་འདུན་དང་ཡིད་ཆེས་དེ་མེད་པ་བཟོས་སོང་། ཁོང་ནས་ཀྱང་དེའི་སྐོར་ལ་གསལ་བཤད་དང་དགོངས་སེལ་ཙམ་ཡང་མི་གནང་བ་དེ་ལ་ཡང་དགའ་མ་སོང་།
ང་རང་རྒྱུན་པར་ཁོང་གི་གཏམ་བཤད་གནང་ཡུལ་ཞིག་ལ་བསླེབས་ན། ལྐོག་ཟའི་སྐོར་དེ་འདྲི་དགོས་བསམ་བཞིན་དུ་ཁོང་ཕེབས་སོང་། ད་སུས་ཁོང་གཙང་སེལ་བྱེད་ཐུབ་བམ།
ཁོང་གིས་དངུལ་ལྐོག་ཟ་བྱས་པ་འདི་བདེན་མིན་མི་ཤེས་མོད། ལོ་མང་རིང་སྤྱི་བའི་ཞབས་ཕྱི་བྱས་དངོས་ཡོད་གནས་ཚུལ་ཡིན་པས་ང་ཚོས་དེ་ག་རང་ལ་ཐུགས་རྗེ་ལེགས་གསོལ་ཞུ་རིགས་སོ། མི་སྐྱོན་མེད་ཅིག་གང་དུའང་མེད།
བོད་མི་རིགས་ལ་ཛ་དྲག་གི་དཀའ་ངལ་ཆེ་བའི་སྐབས་འདིར་
རྒྱ་རི་རིན་པོ་ཆེ་གོང་ས་མཆོག་གི་ཕྱག་གཡས་པ་ལྟབུའི་སྐུ་ལས་
མང་པོ་སྐྱོན་པ་བསམ་ཡོད་ཕྱོགས་ལྷུང་བྲལ་བའི་བློ་ལྡན་ཚང་མས་
མཁྱེན་བཞིན་པ་བཅས་་དོན་མེད་སྤྱི་ཚོགས་མ་དཀྲུགས་ན་
ཡག་ལེ་རེད་གུ་།
རྒྱ་རི་རིན་པོ་ཆེ་གཤེགས་སོང་བར་གདུང་སེམས་མཉམ་བསྐྱེད་ཞུ།
རྒྱ་རི་རིན་པོ་ཆེའི་སྐོར་སྐུ་ངོ་འཇུ་ཆེན་གྱིས་རང་གི་ལོ་རྒྱུས་དེབ་ནང་ལ་བྲིས་ཡོད་པ་དེ་ཚོ་བདེན་པ་ཨེ་ཡིན། ཁོང་དངུལ་ལ་ཧ་ཅང་དགའ་པོ་ཡོད་པ་དེ་ཁོང་གི་ཞན་ཆ་ཆེ་ཤོས་ལྟ་བུར་བགྲངས་ནས་ཧ་ཅང་གི་མི་བྱབ་ཆུང་ཞིག་ཡིན་པ་འདྲ་པོ་ཞིག་བྲིས་འདུག དེ་ཡང་རྒྱ་རི་རིན་པོ་ཆེའི་སྤིན་དང་ཁྱད་མེད་ཀྱི་གྲོགས་པོ་སྐུ་ངོ་མཛེས་བཅུ་ཚང་བསོད་སྟོབས་མཆོག་ཕྱི་དྲིལ་དྲུང་ཆེ་དང་སྐུ་ངོ་འཇུ་ཆེན་ཐུབ་བསྟན་ཕྱི་དྲིལ་བཀའ་བློན་ལས་ཐོག་སྐབས་གསུང་སོང་ཞེས་གསལ་པོ་བྲིས་འདུག
རྒྱ་རི་རིན་པོ་ཆེས་ངེས་པར་དུ་ཁོང་གི་ལོ་རྒྱུས་དེབ་ཅིག་རྩོམ་གྱི་རེད། དེ་གལ་ཆེན་པོའང་རེད་བསམ་སྟེ་སྒུག་ནས་ཡོད། གོ་ཐོས་ལ་དེབ་དབྱིན་ཡིག་ནང་བྲིས་ཚར་ཞིང་། བོད་ཡིག་ཏུའང་བསྒྱུར་ནས་དབྱིན་བོད་དཔར་གཞི་གཉིས་མཉམ་འགྲེམས་བྱ་རྩིས་ཡོད་གནས་ཤིག་ཉེ་ཆར་རྡ་སར་ཚོགས་པའི་ས་དབང་རྒྱ་ལོ་དོན་འགྲུབ་ཀྱི་ལོ་རྒྱུས་དེབ་གླེང་བའི་ཚོགས་འདུའི་སྐབས་ལ་སྐུ་ངོ་ཀུན་དགའ་བཀྲ་ཤིས་མཆོགགིས་གསུང་སོང་། མི་རིང་བར་ཁོང་གི་ལོ་རྒྱུས་དེབ་དེ་མཇལ་ཐུབ་པར་རེ་བཞིན་ཡོད།
མང་པོ་བྲིས་ཤོག་ཨ་་་་་་་་་་་་་་
དེ་ནས་ང་ཚོས་ལོ་རྒྱུས་རྒྱབ་སྦྱོང་ཁུང་སྐྱེལ་ར་སྤྲོ་སུའི་བྲིས་པ་ལ་ཙན་པའམ་མང་བ་འདུག་ལྟ་ཆོག་གི་རེད་སྙམ།
དེའི་རྗེས་སུ་རྒྱ་རི་མཆོག་དཀར་པོ་ཡིན་ནམ་ནག་པོ་ཡིན་ཤེས་ཡོང་གི་རེད།
སྒྲ་བོ་ཆེ་ཡི་བཙན་བྱོལ་སྤྱི་ཚོགས་ཁྲོད།།
མི་ལ་མི་འདྲའི་རིགས་ནི་མང་ན་ཡང་།།
སྐྱ་དང་སེར་དང་མཐོ་རིམ་མི་སྣ་གསུམ།།
མཐོ་རིམ་ཁྲོད་དུའང་རིགས་ནི་གསུམ་དུ་མཐོང་།།
གཅིག་ནི་རྒྱལ་བའི་བཀའ་དགོངས་གཞིར་བཞག་སྟེ།།
མི་ཚེར་རང་དོན་དོར་ནས་བོད་དོན་བྱས།།
རྒས་ཁར་སྤྲོས་མེད་རང་ཁ་རང་གསོས་ཙམ།།
དཔེར་ན་བརྒྱ་དཔོན་སྐལ་དགྲམ་ལ་སོགས་བཞིན།།
ཀུན་གྱིས་བཀུར་འོས་ལགས་ཀྱང་བཀུར་མཁན་ཉུང་།།
གཅིག་ནི་རྒྱལ་བའི་བཀའ་སྒྲུབ་གོ་ས་སྲུང་།།
རང་འཁོར་སྐྱོང་མཁས་དངུལ་དངོས་གསོག་ལ་མཁས།།
མིས་སྨོན་རང་སྐྱིད་འབྱུང་ལ་རེ་ཆེན་བྱེད།།
དཔེར་ན་རྒྱ་རི་རིན་པོ་ཆེ་སོགས་བཞིན།།
བཀུར་དང་མི་བཀུར་རང་རང་འདོད་པ་གྱིས།།
གཅིག་ནི་མཐོང་དང་བཟའ་གོ་ཡོད་དུས་སུ།།
སེམས་ཤུགས་ཆེ་མདོག་ལུས་སྲོག་གཏོང་ནུས་སྐད།།
བཟའ་གོ་མེད་དུས་ངོ་རྒོལ་གྱེན་ལངས་གིས།།
དགྲ་བོ་པང་དུ་ལེན་ལའང་ཐེ་ཚོམ་མེད།།
དཔེར་ན་ལི་ཐང་ཨ་ཐར་ལ་སོགས་བཞིན།།
དེ་དག་བཟའ་འདྲེ་མཇུག་མ་མེད་པའི་རིགས།།
བཀུར་མཁན་ཡོད་ན་དེ་དག་དེ་ཡི་རིགས།།
#25 ཨ་ཁུ་འབྲོག་པ། ་ལགས་ཀྱིས་སྤེལ་དོན།: འདི་གསུམ་ག ཁམས་རིགས་ཡིན་པ་འདྲ། ཧཧཧ།། །།
་་་ཕལ་ཆེར་ངས་བསམ་པ་ལ་་་་ད་ལན་རྒྱ་རི་བློ་གྲོས་རྒྱལ་མཚན་ཡག་སྡུག་ཅི་རུང་་ང་ཚོའི་མིག་ལམ་ནས་ཉི་མ་དེ་རིང་སྟོང་ཚར་རེད་་་་ཡིན་ཡང་་་་སྤྱི་སཐུས་ཤར་ཕྱོགས་ཁོག་རྟ་་་་ཉུ་མ་དེ་རིང་ཁོ་ལོ་གསར་དང་སྐྱེ་སྐར་གྱི་དགའ་སྟོན་གཉིས་མཉམ་དུས་གཏོང་ཆོག་འངུག་་་་བོད་པསི་སྤྱི་ཚོགས་ནང་ལ་ད་འདི་འངྲ་ཡང་ཡོད་རེང། ཨ་ཁཁ
༄༅། སྐོུ་རྒྱ་རི་རིན་པོ་ཆེ་སྐུ་ཚེ་མ་ཟིན་པ་འདས་པར་བློ་ཕམ་ཆེ་ཡང་འདུས་བྱས་ཐམས་ཅད་
མི་རྟག་པར་སོང་འདི་ལས་ཐར་ཐབས་མེད་པ་ཞིག་ཡིན་པ་རེད།
སྐུ་ཚེ་ཧྲིལ་པོ་བོད་མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་
བཀའ་དགོངས་བཞིན་གནང་བར་བརྟེན་སེམས་གཏིང་ནས་མྱ་ངན་གུས་འདུད་གདུང་སེམས་
མཉམ་སྐྱེད་ཞུ་གི་ཡོད།
སླར་ཡང་བོད་གངས་ཅན་ལྗོངས་སུ་གང་མྱུར་འཁྲུངས་ཕེབས་ཡོང་བའི་མཆོག་གསུམ་ལ་
སྨོན་འདུན་ཤུགས་དྲག་ཞུ་གི་ཡོད།
རྒྱ་རི་ཚང་ལ་མྱ་ངན་ཡོད། སྤྱི་དོན་ལ་ཕན་ཐོག་ཡོད་མེད་གསལ་བོ་མི་ཤེས་གང་ལྟར་ལོ་མང་པོ་ཞིག་ལ་ཕྱག་ལས་ཚང་མ་སྤྱི་དོན་ཡིན་པ་ཚང་མས་མཁྱེན་གསལ་རེད་མ་ཟད་དེ་ལ་ཡི་རང་དང་ཐུགས་རྗེ་ཆེ་ཞུ་བཞིན་ཡོད་ཡིན་ན་ཡང་ཡིད་སྐྱོ་བ་ཞིག་ལ་ཉེ་སྔོན་སྤྱི་ཚོགས་སུ་གཏམ་རྙོག་སྣ་ཚོགས་པ་ཞིག་འཁྱམ་བཞིན་འདུག དེ་དག་ལ་ཆགས་འཇོག་རྩ་བ་མེད་ཡིན་ན་ཡང་གལ་སྲིད་གཞི་རྩ་ཞིག་ཡོད་པའི་དབང་དུ་བྱས་ན་རྒྱ་རི་ཚང་ལ་སྤྱི་བཏང་གི་མི་ཕལ་བ་ཞིག་ལ་ཚང་ཡོད་པའི་ལས་ངག་གི་ཀུན་སྤྱོད་བཟང་པོ་དེ་ཙམ་ཞིགཀྱང་་སོང་བ་ཡིན་ཙང་ཧ་ཅང་བློ་ཕམ་དང་ཡིད་སྐྱོ་བྱུང་། ཤེས་དགོས་བ་ཞིག་ལ་འཇུ་ཆེན་ཟེར་བའི་མྱི་དེས་བཙན་བྱོལ་སྤྱི་ཚོགས་ལ་འབར་རྫས་ཀྱི་བསམ་སྤྱོར་ངན་པ་ག་འདྲ་བཞག་ཡོད་མེད་མཁྱེན་དགོས་རྒྱུ་གལ་ཆེན་ནང་གི་གལ་ཆེན་རེད། དཔེར་མཚོན་་ཙམ་ཞིག་བཀོད་ན་་ཆུ་སྒང་གི་གནས་ཚུལ།
རྒྱ་དཔོན་ལྐོག་ཟ་བྱས་ཏེ་ཕྱུག་པོར་གྱུར།།
རྒྱ་མོ་རོ་སྨད་བཙོངས་ཏེ་མི་ཚེ་སྐྱེལ།།
རྒྱ་རི་ཁང་བཟང་བཞེངས་ཏེ་ཞིང་ཁམས་བརྗེས།།
རྒྱ་ལོ་ཐུག་པ་བཙོངས་ཏེ་མི་ཚེ་སྐྱེལ།།
རང་རང་བསྐོས་ཐང་པྲལ་པའི་རི་མོ་རྣམས།།
བསུབ་ཏུ་མེད་ཅིང་འབྲི་རུ་མེད་དོ་ལོ།།
འཇིག་རྟེན་བྱེད་པོ་དགྱེས་མིན་ཆོ་འཕྲུལ་ལམ།།
ལས་འབྲས་རྟེན་འབྱུང་ཟབ་མོའི་ཁྲིམས་བཟང་གང་།།
བློ་གྲོས་རྒྱ་རི་རིན་པོ་ཆེ་སྐུ་གཤེགས་པར་མྱ་ངན་ཞུའོ།
རྒྱ་རི་རིན་པོ་ཆེ་སྐུ་གཤེགས་པར་མྱ་ངན་ཞུ་འོས་དང་འོས། འོནད་ཀྱང་ཁོང་གིས་སྐོག་ཟས་ཆེན་པོ་གནང་ཡོད་ན་ཁོང་གསོན་དུས་མ་གསལ་ཀྱང་གཤེགས་ཚར་ནས་ངེས་པར་དུ་གསལ་དོན་དགོས་འདུག་གོ། །།
་་་་་ ཤར་ཕྱོགས་ཁུག་རྟ་ཟེར་སྤྱི་འཐུས་དེ་ཉིད་ནི་་མི་ཤི་ཚར་ངུས་་་་རོ་ལ་གར་འཁྲབ་མཁན་རེད་འདུག་བ་་་ཁོ་ད་ལྟ་་་སུས་ཨབ་ཕྲུག་ཡིན་ོ་ཚང་མས་ཧ་གོ་གིས་་རེད། ་་་རྒྱ་རི་བློ་གྲོས་གྲིངས་ཚར་་བ་ཁྱེད་རང་་་་དགའ་སྤྲོ་ངང་ལ་བསྡད་ཅིག་་་འོན་ཀྱང་རང་གཞན་ཐམས་ཅད་ལ་་་ན་བ་རྒ་འཆི་བའི་སྡུག་འབྱུང་གི་རེང་དེ་ཧ་གོ་བ་བྱོས་་་་ནང་པ་མ་ཡིན་པ་རྒྱ་གར་མུ་སྟེགས་པའི་བཤད་སྲོལ་ལ་་་་རང་ཉིད་ཀྱི་དགྲ་བོ་ཡིན་ནའང་། དེ་ཉིད་ཚེ་ཡི་དུས་ཟད་ཚར་ན་དུས་ནམ་ཡང་སྨད་ར་གཏོང་མི་ཉན་ཅེས་་་བཤད་སྲོལ་ཡིད་རེད། ད་བོད་པའི་སྤྱི་ཚོགས་ནི་་་ཤི་ཚར་ན་རོ་ལ་རྡོ་བཞུ་མཁན་། རོ་ཐོག་གར་འཁྲབ་མཁན་་ཤར་ཕྱོགས་ཁུག་རྟ་་་་མདོ་སྨད་དཔའ་འོ། ཀིར་ཏི་དང་ཟམ་གདོང་རིན་པོ་ཆེའི་ཐུགས་སྲས་ཆེན་མོ། སྐུ་སྒེར་ལས་སྣེའི་སྨྱུག་ཐོག་་་བོད་མི་མང་གི་འཐུས་ཚབ་་་་ཧཧཧཧཧ
ཤར་ཕྱོགས་ཁུག་རྟ་ཟེར་མཁན་སྤྱི་འཐུས་དེ་ཉིད་ནི་་མི་ཤི་ཚར་ངུས་་་་རོ་ལ་གར་འཁྲབ་མཁན་རེད་འདུག་བ་་་ཁོ་ད་ལྟ་་་སུས་ཨབ་ཕྲུག་ཡིན་པ་ཚང་མས་ཧ་གོ་གིས་་རེད། ་་་རྒྱ་རི་བློ་གྲོས་གྲོངས་ཚར་་བ་ཁྱེད་རང་་་་དགའ་སྤྲོ་ངང་ལ་བསྡད་ཅིག་་་འོན་ཀྱང་རང་གཞན་ཐམས་ཅད་ལ་་་ན་རྒ་འཆི་བའི་སྡུག་བའི་སྡུག་བསྔལ་ཡོང་་གི་རེད་དེ་ཧ་གོ་བ་བྱོས་་་་ནང་པ་མ་ཡིན་པ་རྒྱ་གར་མུ་སྟེགས་པའི་བཤད་སྲོལ་ལའང་་་རང་ཉིད་ཀྱི་དགྲ་བོ་ཡིན་ནའང་། དེ་ཉིད་ཚེ་ཡི་དུས་ཟད་ཚར་ན་དུས་ནམ་ཡང་སྨད་ར་གཏོང་མི་ཉན་ཅེས་་་བཤད་སྲོལ་ཡོད་རེད། ད་བོད་པའི་སྤྱི་ཚོགས་ནི་་་ཤི་ཚར་ན་རོ་ལ་རྡོ་བཞུ་མཁན་། རོ་ཐོག་གར་འཁྲབ་མཁན་་ཤར་ཕྱོགས་ཁུག་རྟ་་་་མདོ་སྨད་དཔའ་འོ། ཀིར་ཏི་དང་ཟམ་གདོང་རིན་པོ་ཆེའི་ཐུགས་སྲས་ཆེན་མོ། སྐུ་སྒེར་ལས་སྣེའི་སྨྱུག་ཐོག་་་བོད་མི་མང་གི་འཐུས་ཚབ་་་་ཧཧཧཧཧ། དེ་འངྲ་མདོ་སྨད་ཕོ་སར།