ལྕགས་རྒྱ་འགྲམ་ནག
རྒྱ་ལོ་དོན་འགྲུབ་ནི་འདས་པའི་རྒྱ་བོད་གྲོས་མོལ་གྱི་ལས་རིམ་ཁྲོད་དུ་བོད་ཕྱོགས་ཀྱི་མི་སྣ་གཙོ་བོ་དེ་རེད། ཡིན་ནའང་ད་ལྟ་ཁོང་ལ་རྒྱ་བོད་གྲོས་མོལ་གྱི་ཐོག་ལ་འགན་འཁུར་དང་དབང་ཆ་མེད་པ་གསལ་བོ་རེད། དེ་མིན་ན་ཁོང་གིས་ཟམ་གདོང་རིན་པོ་ཆེ་ལ་ད་ལྟའི་སྐུ་ཚབ་གཉིས་ཀྱིས་ག་རེ་གནང་གི་ཡོད་རེད་ཅེས་འདྲི་དགོས་དོན་མི་འདུག
ཁོང་དགུང་ལོ་ ༨༠ རེད། ཆབ་སྲིད་ཀྱི་དབང་ཆ་འཐབ་རྩོད་བྱེད་པའི་དུས་ཚོད་ཡོལ་ཚར་བ་རེད། ད་ཁོང་གིས་ག་རེ་གནང་གི་ཡོད་རེད་ཟེར་ན། རྒྱ་བོད་གྲོས་མོལ་གྱི་ཐོག་ལ་ཆབ་སྲིད་ཀྱི་ཤུགས་རྐྱེན་འཚོལ་བཞིན་འདུག དེ་ཡང་བོད་སྐད་ཀྱི་རླུང་འཕྲིན་དང་བོད་ཡིག་གི་ཚགས་པར་བརྒྱུད་དེ་བོད་མི་དམངས་དང་ཐད་ཀར་སྐད་ཆ་བཤད་དེ་མང་ཚོགས་ལ་ཤུགས་རྐྱེན་སྟེར་བཞིན་ཡོད། དེ་ཡང་བཀའ་ཤག་ལ་ཐུག་སྟེ་མི་རིགས་ས་ཁུལ་རང་སྐྱོང་ཟེར་བའི་རྒྱ་ནག་གི་ཞག་པ་དེའི་ནང་འཛུལ་ཚར་ན། རྒྱ་ནག་གིས་འཐེན་གི་རེད།་ཅེས་ཉེན་བརྡ་གཏོང་བཞིན་ཡོད། དེ་ཡང་རྒྱ་རི་བློ་གྲོས་རྒྱལ་མཚན་ལ་ཐུག་སྟེ་རྒྱ་ནག་གིས་རྒྱལ་བ་རིན་པོ་ཆེ་ལ་སྔར་བྱུང་མ་མྱོང་བའི་སྐྱོན་བརྗོད་བྱེད་པ་དེ་ཆབ་སྲིད་ཀྱི་འགྱུར་བ་རེད་ཅེས་བཤད་བསླབ་བྱ་བརྒྱག་གི་ཡོད།
ཡིན་ནའང་གྲོས་མོལ་མཚམས་བཞག་སྟེ་བོད་དོན་འཐབ་རྩོད་ཀྱི་ལམ་ཕྱོགས་གཞན་པ་ཞིག་ཁོང་ལའང་སྟོན་རྒྱུ་མི་འདུག དེ་མ་ཟད། ཏིན་ཞའོ་ཕིན་གྱི་ཁས་ལེན་སྐད་གྲགས་ཅན་ཏེ། བོད་རང་བཙན་མ་བཤད་ན་ག་རེ་ཡིན་ནའང་འགྲིག་གི་རེད་ཟེར་བ་དེའི་བདེན་དཔང་ག་རེ་ཡོད་དམ་ཞེས་དྲིས་ན། དེ་ངག་ཐོག་གི་སྐད་ཆ་ཞིག་རེད་ཟེར་བ་ཙམ་མ་གཏོགས་ལན་ཁ་སྟེར་རྒྱུ་མི་འདུག
གང་ལྟར་སྐབས་འདིར་རྒྱ་ལོ་ཡིས་རང་གི་ཤུགས་རྐྱེན་བེད་སྤྱད་དེ་བོད་གཞུང་དམངས་གཉིས་ལ་འདི་ལྟར་བསླབ་བྱ་དང་ཉེན་བརྡ་བཏང་བ་ནི་ལོ་རྒྱུས་ཐོག་གི་དྲན་ཐོ་ཞིག་ཏུ་འགྱུར་རྒྱུ་རེད་ལ། ད་ནི་ང་ཚོས་རྒྱ་རི་ཡིས་རྒྱ་ལོའི་ཉེན་བརྡའི་རང་བཞིན་ལ་ཁས་ལེན་མེད་པར་དེ་ནི་རྒྱ་ནག་གི་འཆར་ཅན་གྱི་སྐྱོན་བརྗོད་རེད་ཅེས་པའི་ཡིད་ཆེས་ལ་འདི་ལ་མཇུག་འབྲས་ཅི་འདྲ་ཞིག་འབྱུང་རྒྱུར་ལྟད་མོ་བལྟ་རྒྱུ་ཡིན།
བོད་ཀྱི་མང་གཙོའི་ལམ་སྲོལ་ཚགས་ཚུད་མེད་པར་བརྟེན། ས་དབང་ཆེན་མོ་འདི་ཚོས་སྲིད་ཀྱི་འཁོར་ལོ་གང་འདོད་དུ་བསྒྱུར་ཆོག་པ་ལྟ་བུ་ཞིག་བྱེད་བཞིན་ཡོད་མོད། ཡིན་ནའང་ལོ་རྒྱུས་རྒན་པོས་བོད་ཀྱི་བླ་དཔོན་སུ་ཡིན་རུང་བསྐལ་བ་ནས་བསྐལ་བའི་བར་གུ་ཡངས་གཏོང་གི་མ་རེད།
རྡ་རམ་ས་ལའི་མགོ་ཐོག་ན་ཆབ་སྲིད་ཀྱི་སྤྲིན་པ་ལང་ལོང་དུ་འཁྲུགས་པའི་སྐབས་འདིར། ཁ་བརྡའི་འབྲུག་སྒྲ་ལྡིར་ལྡིར་དུ་གྲགས་ཤོག
སྟག་འཚེར་རིན་པོ་ཆེ་དམ་པ་དེས་ བོད་གཞུང་འདི་ཁྱིམ་ཚང་གསུམ་གྱིས་བཟུང་འདུག་ཅེས་ ༡༩༩༠ ནང་ལ་གསུངས་པ་མ་རེད་དམ། ཁྱིམ་ཚང་གསུམ་པོ་དེ་ནི་རྒྱ་རི་དང་ཡབ་གཞིས། བཀྲས་མཐོང་བཅས་རེད་པཱ། ཧ་ལམ་ལོ་ཉི་ཤུའི་རྗེས་ལའང་ཁྱིམ་ཚང་གསུམ་པོ་འདི་ཡལ་མེད་པ་རེད། ང་ཚོས་བྱེ་མ་བཙིར་ནས་སྣུམ་འདོན་པའི་ལས་ཀ་འདི་བྱེད་དགོས་དོན་ཅི་ཡིན་ནམ།
ཡང་བཀའ་ཟུར་ཚོའི་ཚོགས་འདུ་ཟེར་བ་དེ་ལ་བཀའ་ཟུར་ལས་མེད་ཚོའི་ཚོགས་འདུ་རེད་བརྗོད་ན་འཐུས་འདུག་བསམས། བཀའ་ཟུར་རྒྱ་རི་དང་བཀྲ་ཤིས་དབང་འདུས། བློ་བཟང་སྙན་གྲགས་སོགས་འདིའི་ནང་འཛུལ་མེད། རྒྱ་རིས་སོང་མི་ཆོག་ཅེས་བཀའ་བཏང་བ་རེད།
ད་ང་ཚོས་ལས་ཀ་ཞིག་བྱེད་ཐུབ་ན་ནི། བོད་ནང་ལ་རེ་བ་ཞིག་བརྒྱབ་ན་ལས་རྒྱ་གར་གྱི་ཆབ་སྲིད་འདིའི་ནང་བོང་ཁུའི་ཨམ་འཇོག་ལ་གསེར་གྱི་དཔེ་རང་རེད།
་་མི་རིགས་ས་ཁུལ་རང་སྐྱོང་་ ཟེར་བ་འདི་སྲིད་དོན་ཐོག་གཡོ་འཁྲབ་སྡོད་མཁན་དབང་སྒྱུར་བ་རྒྱ་ནག་ལ་མཚོན་ན་འདི་ཞགས་པ་ཞིག་རེད་ལ། མི་རིགས་ཤིག་གི་ཐོབ་ཐང་རྩོད་སྡོད་མཁན་གྱི་བོད་མི་རྣམས་ལ་མཚོན་ན་ཆེ་ཆུང་ལ་མ་ལྟོས་པར་འདི་ཐོབ་ཐང་ཞིག་ཀྱང་ཅི་ལ་མིན། དེ་ཡིན་ན་ང་ཚོས་ཐོབ་ཐང་རྡོག་རེ་རྡོག་རེ་ལས་མེད་ཀྱང་ཚུར་ལེན་པར་ཅི་ལ་མི་འབད། ས་ཁེམ་རེ་ཁེམ་རེ་བྱས་བརྐོས་ན་མཐར་རང་ཤོང་གི་ཕུག་པ་ཞིག་འབྲུ་ཐུབ།
བོད་གཞུང་དགའ་ལྡན་ཕོ་བྲང་ཟེར་བ་དེས་པྱི་ལོ་ ༡༩༥༡ ལོར་རང་སྐྱོངསལྗོང་ལ་མཁས་ལེན་གནང་བ་དང་པྱི་ལོ་ ༡༩༥༤ ལོར་རང་སྐྱོངས་ལྗོང་གྲ་སྒྲིགས་ལྷན་ཚོགས་བཅས་ཚང་མ་མཁས་ལེན་གནང་ཚར་བ་རེད་ རྒྱ་གར་ནང་ད་ལྟའི་བཙན་བྤོལ་གཞུང་ཟེར་བ་རང་ཉིད་ནས་མིང་བཏགས་པ་ཙམ་ལས་དོན་ལ་སྐྱབས་བཅོལ་བོད་མིའི་འཛིན་སྐྱོངས་ཚོགས་པ་ཙམ་ཞིག་རེད། དེ་ལ་བོད་གཞུང་དང་བཀའ་བློན་དང་བཀའ་ཤག་ཟེར་བ་རང་ཉིད་ནས་་ལ་སེང་གེའི་མིང་བཏགས་པ་ཙམ་ཞིག་ལས་དོན་ལ་སྐྱབས་བཅོལ་བོད་མིའི་ཚོགས་པའི་ལས་ཁུངས་རེད། མི་མང་ལ་འཁྲུལ་སྣང་འདི་བཟོས་ནས་ད་བར་སྟག་ཚེར་རིན་པོ་ཆེས་གསུངས་པ་ལྟར་ཡབ་གཞིས་དང་རྒྱ་རི་བཀྲས་ཐོང་སོགས་མི་ཁ་ཤས་ཤིག་གིས་བོད་དོན་ཁ་ལ་འཁྱེར་ནསརང་ཉིད་ཀྱི་དབང་ཆ་དང་དངུལ་བཟོ་ཆེད་སྦད་སྤྱོད་བཏང་བ་རེད། རྒྱ་ལོ་དོན་གྲུབ་ད་བར་ཧོང་ཀོང་དུ་བསྡད་ནས་ཨ་རི་གསང་བའི་ལས་ཁུངས་དང་རྒྱ་གར་གསང་ལས་དང་རྒྱ་ནག་གསང་ལས་དང་ཐའི་ན་གསང་ལས་སོགས་དང་མཉམ་སྦྲེལ་གནང་ནས་རང་ཉིད་ཀྱི་ཚོ་བ་གང་འདོད་སྐྱལ་བ་དང་། རྒྱ་གར་ནང་བོད་ཀྱི་སྐྱབས་བཅོལ་ཚོགས་པར་རྒྱལ་བ་རིན་པོ་ཆེ་དང་རང་ཉིད་ཀྱི་ཨ་ཕྲུག་རྒྱ་རི་དང་བཀྲས་མཐོང་སོགས་བརྒྱུད་དབང་ཆ་ཚང་མ་འཛིན་ནས་ད་བར་བསྡད་པ་རེད། ད་བར་ཁོང་ནས་གཞིས་ཆགས་མི་མང་གི་བདེ་དོན་ཆེད་ལས་ཀ་སྣ་གཅིག་ཀྱང་གནང་མེད། ཁོང་ནི་ད་བར་རང་ཉིད་ཀྱི་ཁེ་ཕན་ཆེད་བོད་དང་བོད་མི་ཚོང་མཁན་གྱི་ཧོང་ཀོང་གི་ཚོང་པ་དང་པོ་དེ་རེད། དེ་ལྟར་ན་ཉེ་ཆར་ཁོང་རྡ་སར་ཡོང་ནས་འཆར་གཞི་གང་ཡོད་ང་ཚོས་ཤེས་བཀའ་ལ། ངས་བསམ་ན་ཁོང་ད་ལེན་རྒྱ་གར་དུ་བོད་དང་བོད་མིའི་ཆབ་སྲིད་ཀྱི་ཚོང་ཆས་གསར་པ་ཞིག་བརྩལ་དུ་ཡོང་བ་ཡིན་གྱི་རེད། ཕལ་ཆེར་རྒྱ་ནག་ནས་ཆེད་དུ་མངགས་པ་ཞིག་ཀྱང་ཡིན་སྲིད།
མི་ཡིས་མི་བཀུར་ན་བླ་མ་དང་དཔོན་པོ།
ཤིང་གིས་ཤིང་བཀུར་ན་ལྷ་ཁང་དང་གསེར་ཁང་།
ཞེས་ཟེར་སྲོལ་ཡོད་པ་ལྟར།
འབངས་ཀྱིས་གཞུང་བཀུར་ན་ཁྲིམས་མཐུན་གྱི་སྲིད་གཞུང་རེད།
དཔོན་གྱིས་འབངས་བསམ་ན་བདེ་སྐྱིད་ཀྱི་འཚོ་བ་རེད།
བཙན་བྱོལ་སྤྱི་ཚོགས་སུ་གཞུང་དང་བཀའ་བློན་སུ་ཡིན་རུང་སྐྱོན་བརྗོད་དང་ངོ་རྒོལ་བྱེད་ཆོག་པའི་ཐོབ་ཐང་དང་རང་དབང་ལྡན་པ་མ་ཟད། ད་དུང་ལོ་ལྔ་རེའི་མཚམས་ནས་མང་ཚོགས་ཀྱིས་བཀའ་བློན་གསར་འདེམས་བྱེད་ཆོག་པ་བཅས་ནི་རྒྱ་ནག་གི་མངའ་འོག་ནས་ཐོབ་རྒྱུ་མེད་པའི་བཙན་བྱོལ་སྤྱི་ཚོགས་ཀྱི་བདེ་སྐྱིད་བླ་ན་མེད་པ་ཞིག་རེད། བོད་ཡིག་གི་དྲ་ངོས་སུ་བོད་གཞུང་དང་བཀའ་བློན་ལ་སྐྱོན་བརྗོད་བྱེད་པ་འདི་མང་གཙོའི་གཏམ་བཤད་ཀྱི་རང་དབང་ལོངས་སུ་སྤྱད་པ་ཞིག་ཡིན་མ་གཏོགས། བཀའ་ཤག་དང་བཀའ་བློན་མ་བརྩིས་པ་མིན། ཏཱ་ལའི་བླ་མས་འདས་པའི་ལོ་ལྔ་བཅུ་མ་ཟིན་ཙམ་གྱི་རིང་ལ་བོད་ཀྱི་ཆབ་སྲིད་ལམ་ལུགས་འདི་ཉིད་མང་གཙོའི་ལམ་སྲོལ་དུ་བསྒྱུར་བའི་འབད་བརྩོན་བྱས་མོད། ཡིན་ནའང་ད་ལྟ་གྲོས་མོལ་གྱི་སྐབས་སུ་མང་གཙོའི་ཐོབ་ཐང་དང་ཁེ་ཕན་འདི་དག་སྐད་ཆའི་ཟུར་དུའང་སླེབས་ཀྱི་མེད་པ་འདི་ཅི་ཡིན་ནམ།
ང་རྒྱ་རི་ལ་དྲི་བ་མང་པོ་ཡོད། རྒྱ་རི་འདི་ཆབ་སྲིད་ཀྱི་གར་སྟེགས་ལ་སླེབས་པ་ནི་ ༡༩༦༠ ནང་ནས་རེད། འདི་མི་བྱས་རྗེས་ཅན་ཞིག་མ་རེད་ཟེར་གི་མེད། ལོ་སྔོན་མའི་རྒྱལ་སྤྱིའི་བོད་ཀྱི་སྐད་འབོད་ལས་ཁུངས་ཟེར་བ་དེའི་འགྲོ་གྲོན་དངུལ་འབོར་ནི་ཨ་སྒོར་ས་ཡ་ལྔ་ཙམ་རེད། ཁོ་ཚོའི་ད་ལྟའི་ལས་ཁུངས་ནི་ཨ་སྒོར་ས་ཡ་གསུམ་ལྷག་གི་མ་རྩ་རེད། གྲངས་ཀ་འདི་ཚོ་ཁོ་ཚོའི་དྲ་ཤོག་སྟེང་གསལ་པོར་འཁོད་ཡོད། སྒོར་མོ་འདི་ཚོ་གང་ནས་ཡོང་བ་རེད། བོད་དང་བོད་མི་ཞེས་པའི་མཚན་གནས་རྗེས་འབྲེལ་ལ་བརྟེན་ནས་བྱུང་བ་རེད། ད་དུང་ལས་ཁུངས་དེ་ལ་ཡན་ལག་ལས་ཁུངས་བཙུགས་ཡོད། འདི་ལྟར་བལྟས་སྐབས་རྒྱ་རིས་རང་གི་སྒེར་ངོས་ཀྱི་གཞུང་ཞིག་བཙུགས་ཡོད་པ་དང་གཅིག་མཚུངས་རེད། བོད་གཞུང་ལ་འདི་ཚོའི་ཐད་ཇུས་གཏོགས་གཅིག་ཀྱང་མེད་པ་རེད། འདིས་ག་ལ་ཚད། ནིའུ་ཡོག་གི་བོད་ཀྱི་ཐེབས་རྩ་ཟེར་བ་དེ་ཡང་འདི་འདྲ་རེད། རིན་ཆེན་ཐར་ལོ་ཟེར་བ་དེས་ཨ་སྒོར་འབུམ་གཅིག་ཆུད་ཟོས་སུ་བཏང་བའི་སྐད་ཆ་དེ་ལོ་གཅིག་གཉིས་གོང་དུ་གསལ་པོར་ཐོན་སོང་ང། བོད་གཞུང་གིས་འདི་ལ་ཇུས་གཏོགས་གཅིག་ཀྱང་མེད་པ་རེད། འདི་ཡང་ཐད་ཀར་རྒྱ་རི་ལ་འབྲེལ་བ་ཡོད་ཅེས་བཤད་མི་རུང་མོད། རྒྱ་རིའི་ཕྱོགས་གཏོགས་ཀྱི་ལས་ཀ་ཡིན་པ་རེད། ངོ་མ་བཤད་ན། རིན་ཆེན་ཐར་ལོ་ལ་དངུལ་གྱི་གླེང་རྙོག་ཡོད་ཙང་བཟང་སྤྱོད་ཀྱི་ཐོག་ནས་དགོངས་པ་ཞུ་དགོས་པ་རེད། ག་བ་ག་བ། ཁོ་ལ་ལྕགས་ཀྱི་གདོང་པ་ཡོད་ཙང་། ད་དུང་གང་ལས་ཀྱང་རྫིག་པ་ཞིག་བྱས་ནས་འགྲོ་གི་འདུག་ག། ང་ཚོ་ལ་ཁྲིམས་ཀྱི་དབང་བསྒྱུར་ཞིག་ཡོད་ན་ནི་འདི་ཚོ་ལས་ཀ་ནས་གནས་དབྱུངས་གཏོང་རན་པ་རེད། སུས་བྱེད་ཐུབ། གཅིག་གིས་གཅིག་སྐྱོར་བྱས་ནས་བསྡད་ཡོད་རེད། དེས་ན་ད་དུང་ཡང་འདི་ལྟར་སྡོད་གི་རེད། འགྱུར་བ་ཡོང་གི་མ་རེད། གལ་སྲིད་ཐུབ་གི་ཡོད་ན། ད་ནི་ཆང་དང་ཆང་སྣོད་གཉིས་ཀ་བརྗེ་རན་པ་རེད། གཞན་ཞི་མོལ་ཡོང་གི་མ་རེད། འབྲེལ་མོལ་ཡོང་གི་མ་རེད། མྱངས་མཁན་ནི་བོད་ནང་གི་བོད་མི་ཚོ་རེད། སྐྱིད་པོ་གཏོང་མཁན་ནི་སྤྲེལ་ལད་འཁྲབ་མཁན་ཚོ་རེད། མ་རེད་དམ།
དཔོན་ནི་གྲུ་ཡིན།
འབངས་ནི་ཆུ་ཡིན།
ཆུ་ཡིས་གྲུ་འདེགས་ནུས་ལ།
ནུབ་ཀྱང་ནུས་སོ།།