རིག་འབྱུང་དོན་གྲུབ་བཀྲ་ཤིས། ཨ་རི།
དང་པོ།
ཟླ་འདིའི་ཕྱི་ཚེས་༡༢ཉིན་ཨ་རིའི་རླུང་འཕྲིན་ཁང་དུ། རྒྱ་རི་རིན་པོ་ཆེས་གསུངས་ན། ༧གོང་ས་མཆོག་སྐྱེ་རྒུ་མདོའི་ས་ཡོམ་གོད་ཆག་བྱུང་ཡུལ་དུ་ཕེབས་ཐུབ་རྒྱུར། ཁོང་ཚོའི་ངོས་ནས་རེ་བ་བྱེད་བཞིན་ཡོད་ཟེར། འབད་བརྩོན་གནང་བཞིན་་ཡོད་ཟེར། འབྲེལ་བ་བྱེད་བཞིན་ཡོད་ཟེར། ད་དུང་གོ་སྐབས་ཀྱང་རྩ་ཆེན་རེད་ཟེར། འབད་བརྩོན་ཞུ་མཁན་རྣམས་ལ་རྗེས་སུ་ཡི་རངས་ཞུ། ཁྱེད་ཚོའི་ངོ་སོ་ཡར་ལ་བསྟོད། འོན་ཀྱང་། ངེད་ཀྱི་བསམ་ཚུལ་ལ། ཕྱི་ལོགས་སུ་འབད་བརྩོན་གནང་བཞིན་ཡོད་ཟེར་བ་དང་རེ་བ་བྱེད་བཞིན་ཡོད་ཟེར་བའི་སྐད་ཆ་འདི། བོད་ནང་དུ་༧གོང་ས་མཆོག་ཕེབས་ཀྱི་འདུག་ཟེར་བའི་སྐད་ཆ་ཆགས་བཞིན་འདུག ཕྱི་ལོགས་ཀྱི་སྐད་ཆ་འདི་དག་གིས་བོད་ནང་གི་རྒྱ་ཆེའི་མི་མང་གི་སེམས་པ་ཟིང་ཟིང་བཟོ་བཞིན་འདུག སེམས་པ་ཟིང་ཟིང་ཅན་ཆགས་ཏུ་འགྱུར་བ་ནི་གནས་སྟངས་ཟིང་ཟིང་ཅན་ཏུ་འགྱུར་བའི་སྔོན་འགྲོ་རེད། གལ་སྲིད་བོད་ནང་དུ་དཀའ་ངལ་བྱུང་བ་ཡིན་ན་འབད་བརྩོན་བྱེད་མཁན་ཚོས་བོད་མི་རྣམས་སྐྱོབས་མི་ཐུབ། འབད་བརྩོན་བྱེད་བཞིན་ཡོད་ཟེར་མཁན་ཚོར་བོད་ནང་གི་ཆབ་སྲིད་བཙོན་པ་གཅིག་སྐྱོབས་ཐུབ་རྒྱུའི་ནུས་བ་དེ་ཡང་མེད། ནུས་བ་དེ་ཚོ་སྐུངས་ནས་ཡོད་ན་མ་གཏོགས་ད་ཕན་ནུས་བ་དེ་ཐོན་མེད། ལྷག་པར་དུ། ཐེངས་འདིའི་སྐྱེ་རྒུ་མདོའི་ས་ཡོམ་གྱི་དོན་རྐྱེན་དང་འབྲེལ་ནས་རྒྱ་ནག་གཞུང་གིས་༧གོང་ས་མཆོག་ས་གནས་སུ་གདན་འདྲེན་བྱེད་གི་མ་རེད།
གདན་འདྲེན་མི་བྱེད་པ་དེ་ཡང་གཙོ་བོ་གནས་སྟངས་ཀྱི་ཆ་ནས་རེད། དེས་ན། རྒྱ་རི་རིན་པོ་ཆེ་གཙོས་བའི་རེ་བ་བྱེད་མཁན་ཚོས་ཀྱང་བོད་ནང་གི་བོད་མིའི་སེམས་ཁམས་དང་གནས་སྟངས་ལ་བསམ་བློ་གཏོང་རོགས། བསམ་བློ་ཞིབ་ཏུ་གཏོང་རོགས།
གཉིས་པ།
རྒྱ་རི་རིན་པོ་ཆེས་གསུངས་ན། ༧གོང་ས་མཆོག་སྐྱེ་རྒུ་མདོར་ཕེབས་ཐུབ་རྒྱུར་འབད་བརྩོན་བྱེད་བཞིན་པ་འདིའི་རྒྱབ་ན། ཆབ་སྲིད་སོགས་ཀྱི་གནད་དོན་གང་ཡང་མེད་པར་ཁ་ཞེ་གཉིས་མེད་དང་ལྷག་བསམ་རྣམ་དག་ཡིན་ཟེར། སྐད་ཆ་འདི་བཀའ་བློན་ཁྲི་བས་ཀྱང་གསུངས་འདུག ཁ་ཞེ་གཉིས་མེད་དང་ལྷག་བསམ་རྣམ་དག་ཟེར་བ་འདི་བོད་པའི་ཆབ་སྲིད་ཀྱི་ཐ་སྙད་ཅིག་རེད། སྐད་ཆ་འདི་གནས་སྟངས་ཀྱི་ཐོག་ན་མེད། གཞུང་འབྲེལ་ཡིག་ཆ་ཁག་དང་གཏམ་བཤད་ཁག་གི་ནང་ན་ཡོད། གལ་སྲིད་༧གོང་ས་མཆོག་ཕ་གིར་གདན་འདྲེན་ཞུ་ཐུབ་པའི་དབང་དུ་བཏང་རུང་། ས་ཡོམ་གྱི་གནད་དོན་དང་དང་༧གོང་ས་མཆོག་གདན་འདྲེན་གྱི་གནད་དོན་གཉིས་ཕྱོགས་གཅིག་དང་། བོད་རྒྱའི་གནད་དོན་དེ་ངོ་བོ་གཞན་ཞིག་གི་བྱས་ནས་འདུག་ཐུབ་ཀྱི་རེད་དམ།
བོད་རྒྱའི་གནད་དོན་ལ་འབྲེལ་བ་མེད་པར་ས་ཡོམ་གྱི་གནད་དོན་དང་༧གོང་ས་མཆོག་གདན་འདྲེན་གྱི་གནད་དོན་གཉིས་བསྒྲུབ་སྟངས་ཤིག་ཡོད་དམ། རང་གི་ཡུལ་དང་ཁ་བྲལ་བའི་རླབས་ཆེན་གྱི་དབུ་འཁྲིད་ཞིག་གིས། མི་ལོ་ལྔ་བཅུའི་རྗེས་ནས་རང་གི་ཡུལ་ལ་ཞབས་ཀྱིས་བཅགས་ན། ལས་དོན་ཚང་མ་ཁུ་སིམ་མེར་བསྒྲུབ་ཐུབ་ཀྱི་རེད་དམ། བསྒྲུབ་ཐུབ་པའི་གནས་སྟངས་དེ་སུས་བསྐྲུན་ཐུབ་བམ། འབད་བརྩོན་ཞུ་མཁན་ཚོའི་ངོས་ནས་ཆབ་སྲིད་ཀྱི་གནད་དོན་མེད་ལབ་རུང་། གནས་སྟངས་རང་གི་སྒང་ལ་ལྷུང་ཡོང་དུས་ཆབ་སྲིད་ངོ་བོར་རང་བཞིན་ནས་འགྱུར་འགྲོ་གི་རེད། ས་ཡོམ་གྱི་གོད་ཆག་དེ་ཆབ་སྲིད་ཀྱི་གནད་དོན་མིན་རུང་། ༧གོང་ས་མཆོག་གདན་འདྲེན་གྱི་གནད་དོན་དེ་ས་གནས་ས་ཐོག་ལ་སླེབས་ན། ཆབ་སྲིད་ཀྱི་ངོ་བོར་འགྱུར་འགྲོ་གི་རེད། འདི་ལ་ཡང་རྒྱ་རི་རིན་པོ་ཆེ་གཙོས་བའི་གནད་ཡོད་ཚོས་བསམ་བློ་གཏོང་རོགས། བསམ་བློ་ཞིབ་ཏུ་གཏོང་རོགས།
གསུམ།
རྒྱ་རི་རིན་པོ་ཆེས་གསུངས་ན། ང་རང་སྒེར་ངོས་ནས་རེ་བ་ཆེན་པོ་མཐོང་གི་མེད། གོ་སྐབས་ཡག་པོ་ཞིག་ཏུ་ངོས་འཛིན་བྱས་ཏེ་འབྲེལ་བ་བྱེད་ཀྱིན་ཡོད་ཟེར། རེ་བ་མེད་ས་ཞིག་ནས་གོ་སྐབས་ག་རེ་འཚོལ་གྱིན་ཡོད་དམ། རེ་བ་དེ་ལམ་ཁ་གཅིག་དང་གོ་སྐབས་དེ་ལམ་ཁ་གཞན་ཞིག་བྱས་ནས་ཕྱག་ལས་གནང་གི་ཡོད་དམ། ད་དུང་། རྒྱ་རི་རིན་པོ་ཆེས། འགའ་རེ་ཡིས་༧གོང་ས་མཆོག་ཕེབས་མ་ཐུབ་ཀྱང་། ཁོང་གི་སྐུ་ཚབ་ཅིག་ཕེབས་ཐུབ་ན་ཟེར་ནས་རེ་བ་བྱེད་ཀྱི་འདུག ད་ཆར་དེ་ལ་གྲ་སྒྲིག་དེ་འདྲ་ཡོད་མ་རེད་ཟེར། སྐུ་ཚབ་ཅིག་ཕེབས་ཐུབ་ན་ཟེར་བ་འདི་ལ་བསམ་བློ་གཏོང་རྒྱུ་འདུག་པ་མ་ཟད་གནས་སྟངས་ཀྱི་ཆ་ནས་ཀྱང་འདི་ལ་བལྟ་ས་ཞིག་ཡོད་རེད་དྲན། རེ་བ་མེད་ས་དང་འགྲུབ་མི་ཐུབ་པ་དེ་ལ་རེ་བ་རྒྱག་གིན་ཡོད་ཟེར་བ་ལས་རིམ་པ་ཕྱི་མ་དེའི་སྒང་ལ་གོམ་པ་སྤོ་རྒྱུར་འབད་བརྩོན་བྱས་ན་མི་ཡག་གམ། འོན་ཀྱང་། སྐུ་ཚབ་ཚོས་ས་ཡོམ་གྱི་གོད་ཆག་ཕོག་པའི་བོད་མི་ཚོའི་སེམས་པའི་སྡུག་བསྔལ་དེ་སེལ་ཐུབ་མི་ཐེ་ཚོམ་རེད། བོད་ནང་གི་བོད་མི་ཚོའི་དད་པ་དང་དམ་ཚིག་གཙང་མ་བཅོལ་ས་དེ་༧གོང་ས་མཆོག་ཡིན་པ་མ་གཏོགས་ཁོང་གི་སྐུ་ཚབ་ཚོ་ཡིན་མིན་བཤད་དཀའ། དེས་ན་། རྒྱ་རི་རིན་པོ་ཆེ་གཙོས་བའི་འབད་བརྩོན་ཞུ་མཁན་ཚོས་བསྐྱར་དུ་བསམ་བློ་གཏོང་རོགས། བསམ་བློ་ཞིབ་ཏུ་གཏོང་རོགས།
no need to explain it. everybody understand .
རྒྱ་རེ་ནས་བཤད་དོན་བྱས་ན་ག་དུས་ཡིན་རུང་འཇོན་མདོག་དང་བྱེད་མདོག་ཁོ་ནའི་འོག་༧གོང་ས་མཆོག་སྐུ་ཞལ་བཞུགས་པའི་དུས་ཚོད་གསེར་འདྲ་པོ་འདི་ད་ལྟའི་བར་ཆུད་ཟོས་བཏང་ཟིན་པ་རེད། བོད་གཞིས་བྱེས་གཉིས་ན་ཡོད་པའི་མང་ཚོགས་མགོ་སྐོར་བཏང་ཟིན་པ་ཞིག་རེད། ང་ཁོང་ལ་དོགས་པ་ཡོད། གཅིག་བྱས་ན་ངན་པ་ལག་འབྲེལ་ཡང་ཡིན་སྲིད། གནའ་ནས་ད་བར་མི་ཚེ་ལོ་རྒྱུས་ལ་གཞིགས་ན་མི་ཌ་རུ་མགོ་ཞིག་ཡིན་པ་སྨོས་མ་དགོས་པ་འདས་པའི་ལོ་རྒྱུས་ལ་ལྟོས་དང་ཤེས་ངེས། བོད་རྒྱ་ཆེའི་མང་ཚོགས་ནང་ཁོ་གཅིག་པུ་ལས་གཞན་སྐུ་ཚབ་ཕེར་ངེས་ཞིག་མེད་པ་གང་ཡིན་ནམ། མ་འོངས་པར་ཐུགས་བསམ་གཏོང་དགོས་གལ་ཅན་དུ་མཐོང་། གོང་ས་མཆོག་ད་ལྟའི་གནས་སྟངས་འོག་བོད་ལ་ཕེབས་ཐུབ་མི་སྲིད་པ་ཞིག་རེད། གལ་སྲིད་ཕེབས་ཐུབ་པའི་དབང་དུ་བཏང་ནའང་ངོ་ཚོ་མོས་མཐུན་མེད། གང་ཡིན་ཞེ་ན་ང་ཚོ་རྒྱ་དམར་ལ་ཡིད་ཆེས་མེད། དེས་ན་དངོས་ཤུགས་རྒྱུད་གསུམ་གང་རུང་ངམ་ཐབས་ལམ་སྣ་ཚོགས་པའི་སྒོ་ནས་སྐུ་འཕྱ་ལ་བར་ཆད་ཡོང་སྲིད། དེ་བོད་རང་ངོས་ནས་འགན་ལེན་ཐུབ་པ་ཞིན་མིན་ལ་རྒྱ་སྤྱིས་ཀྱང་འགལ་ལེན་ཐུབ་པ་ཞིག་མིན། དེ་ཁ་གསལ་པོ་བྱས་ནས་གཞིས་ལུས་བོད་མིས་ཤེས་སུ་བཅུག་དགོས། མགོ་སྐོར་དུས་ནམ་ཡང་གཏོང་མིན་ཉན། བོད་མི་གཞིས་ལུས་པ་རྣམས་ཀྱིས་སང་ཕེབས་གནང་ཕེབས་ཀྱི་དགུག་བཞུགས་ཡོད་པ་ཐོས་ཀྱིན་འདུག སྟོང་བསམ་དང་སྟོང་གཏམ་གྱི་མང་ཚོགས་ལ་བརྡབ་བསིལ་མི་བཏང་རོགས། སྐུབ་སྟེགས་འཇམ་པོ་དང་འཐུག་པོ་སྟེང་ཧོར་འདུག་བྱས་ནས་བོད་རྒྱ་མི་མང་ལ་སྐུ་རེ་མ་བརྩེ་རོགས་ཐུགས་རྗེས་གཟིགས།
རྒྱ་དམར་གྱི་ཆབ་སྲིད་ཐབས་ཇུས་ནི། ས་འབུ་གྲོག་མ་ལས་ཀྱང་སྐྱོ་བ་འདུག
ཐ་ན་རྨོངས་ཞིང་གཏུམ་པར་གྲགས་པའི་ས་འབུ་གྲོག་མས་ཀྱང་སོ་སོ་ལ་འོ་མ་སྟེར་མཁན་གྱི་སྔོ་འབུ་རྣམས་མི་གསོད་པ་མ་ཟད་སྔོ་འབུ་རྣམས་ཀྱི་ཟ་རྒྱུའི་ཆེད་དུ་ཕྱོགས་མཚམས་ཀུན་ནས་ཤིང་གི་ལོ་མ་བསྡུས་ནས་གསོ་སྐྱོང་བྱས་ནས་རང་སྐྱིད་གཞན་བདེའི་འཚོ་བ་རོལ་ཤེས་ཀྱང་། རྒྱ་དམར་གཞུང་དང་མི་དམངས་ལ། ཆོས་རིག་དང་དཔལ་འབྱོར་གྱི་ཁེ་ཕན་རྒྱ་ཆེན་པོ་སྤྲོད་མཁན་གྱི། བོད་མི་རིགས་དང་བོད་ཡུལ་ལ་སྲུང་སྐྱོབ་བྱེད་དགོས་བསམ་པའི་ཐབས་ཇུས་བཤམ་མི་ཤེས་པར་མ་ཟད། རྒྱ་དམར་ཇག་ཚོགས་ལ་གནས་སྐབས་ཀྱི་ཁེ་ཕན་ཙམ་ལས་ཕུགས་བསམ་བཟང་པོའི་ཤེས་རབ་མེད་པའི་རྐྱེན་གྱིས། བོད་རིགས་ཡིན་ན་དམར་གསོད་བྱེད་ཆོག་པ་དང་བོད་ཡུལ་ཡིན་ན་གཏོར་བརླག་བཏང་ཆོག་པའི་ནོར་འཁྲུལ་ཅན་གྱི་སྲིད་ཇུས་ལག་བསྟར་བྱས་དང་བྱེད་བཞིན་པའི་རྗེས་འབྲས་ནི། རྒྱ་བོད་མི་རིགས་ཡོངས་ལ་གྱོང་ཁ་ཧ་ཅང་ཆེ་ཞིང་གནོད་ཚབས་ཤིན་ཏུ་ཆེན་པོ་ཡིན་པར་ཤེས་དགོས།
རྒྱ་ནག་མི་དམངས་ཚོའི་སེམས་ལ་ཉིན་རེ་བཞིན་རྒྱ་དམར་གྱི་དྲང་བདེན་མ་ཡིན་པའི་ངན་སྤྱོད་ལ་འཁོན་འཛིན་དང་ཁོང་ཁྲོ་འཕེལ་བཞིན་འདུག་པས། རྒྱལ་ཡོངས་ལ་གཞི་རྒྱ་ཆེ་བའི་གསར་བརྗེའི་ལས་འགུལ་ཞིག་ཕྱོགས་ཡོངས་ནས་སྤེལ་རྒྱུའི་ཆ་རྐྱེན་ཚང་ལ་ཉེ་ཡོད། གལ་ཏེ་རྒྱ་དམར་དབང་འཛིན་པ་ཚོ་གང་འགྱོགས་རྨོངས་གཉིད་ལས་མ་སད་ན། གནམ་ས་བསྒྱུར་བའི་གསར་བརྗེའི་ལས་འགུལ་འབར་བའི་སྐབས་དེར་རྒྱ་དམར་དབང་འཛིན་པ་ཚོས་སོ་སོའི་སྡིག་ཉེས་ཀྱི་སྡུག་བསྔལ་ཚད་མེད་མྱོང་ངེས་པས་ད་ལྟ་ནས་མི་དམངས་ལ་གནོད་པའི་བསམ་སྦྱོར་སྤོང་ཤེས་ན་མཁས་པ་རེད།
ད་ག་རེ་བཤད་གི་ཡོད་པ་རེད། ཞ་ཡས་ཆུང་ཆུང་འདི་ཚོ་ཁོམ་སོང་ན། དེ་བཤད་དང་འདི་མི་བཤད་ཟེར་བ་ཞིག་མི་འདུག
རྒྱལ་བ་རིན་པོ་ཆེ། སྐྱེ་དགུ་མདོར་ཕེབས་རྒྱུའི་སྐད་ཆ་འདི། བོད་གཞུང་གིས་ཐག་བཅད་པ་མ་རེད་ལ། རྒྱ་རི་རིན་པོ་ཆེས་ཐག་བཅད་པའང་མ་རེད།
ཕར་ཕྱོགས་ནས་ཤི་བོའི་རྗེས་ཀྱི་གསོན་པོ་ཚོས་རེ་བ་བཏོན་པ་རེད། རྒྱལ་བ་རིན་པོ་ཆེས་ཀྱང་ཕེབས་འདོད་ཡོད་གསུངས་པ་རེད། དེ་ཡིན་ན། མང་པོ་བཤད་རྒྱུ་ལྷག་བསྡད་ཡོད་པ་མ་རེད། གཞིས་ལུས་མི་མང་གི་རེ་བ་དང་རྒྱལ་བ་རིན་པོ་ཆེའི་དགོངས་གཞི་སྒྲུབ་པར་གཞིས་བྱེས་གཉིས་ནས་འབད་དགོས་པ་མ་གཏོགས་གཞན་མང་པོ་བཤད་རྒྱུ་ལྷག་བསྡད་ཡོད་པ་མ་རེད། ཕེབས་ཐུབ་མི་ཐུབ་དེ་རྒྱ་མིའི་ལག་པ་རེད། ཡིན་ནའང་། ང་ཚོར་གོ་སྐབས་ཆེས་ཕྲ་མོ་ཞིག་རེག་ནའང་དེ་འཐོབ་པར་འབད་དགོས་པ་མ་གཏོགས་ཡོང་གི་མ་རེད་ཟེར་ནས་ལུང་བསྟན་འདྲ་ཞིག་རྒྱབ་བསྡད་ན་གང་ཡང་ཡོང་ཡ་མེད་པ་རེད། ཤུགས་རྒྱབ་ན་རེ་བ་མེད་ས་ནས་ཀྱང་དོན་དག་འགྲུབ་རྒྱུ་མེད་པ་མ་རེད། མ་འགྲུབ་ཀྱང་འགྱོད་པ་སྐྱེ་ས་མེད་པ་རེད། གོ་སྐབས་བླངས་མ་སོང་ཟེར་ནས་སྤྱི་ཚོགས་ནང་ཁ་རྡུང་ཡང་གཟེད་མི་དགོས་པ་རེད། གོ་སྐབས་ཤིག་ལེན་པར་འབད་པ་ཡིན་ན་ཡང་ད་རུང་འགྲིགས་མ་སོང་མདོག་མདོག་བཤད་པ་དེ་ངོ་མ་ཟེར་རྒྱུས་ཕོངས་པའི་སྐད་ཆ་ཞིག་རེད།
ཕར་ཕྱོགས་སུ་རྒྱལ་བ་རིན་པོ་ཆེ་ཕེབས་གི་ཡོད་པ་རེད་ཟེར་ནས་མི་མང་གི་སེམས་ཁམས་ཟིང་ཟིང་ཆགས་ཡོད་ན་དེ་ཕར་ཕྱོགས་ཀྱི་སྤྱི་ཚོགས་དང་འབྲེལ་བ་ཞིག་ལས་ཚུར་ཕྱོགས་བོད་གཞུང་གི་གཏམ་སྤྱོད་དང་འབྲེལ་བ་ཡོད་པར་ངས་རྩ་ནས་བསམ་གི་མེད། དེ་ནི་དང་ཐོག་ཕར་ཕྱོགས་ནས་ཧུའུ་དང་བུན་གཉིས་ལ་སྙན་ཞུ་བཏང་བའི་རྗེས་ཙམ་ནས་མགོ་བཙུགས་འདུག མ་གཞི་ནས་འཁྱར་སྐད་འདི་རིགས་བོད་ནང་ལ་ཁྱབ་ཆོག་ཆོག་ཡོད་པ་རེད། ད་རེས་འདི་ཐེངས་དང་པོ་མ་རེད། ངས་ཤེས་ཚོད་ལྟར་ན་ཐེངས་གསུམ་པ་དེ་རེད།
ཐེངས་གཅིག་ང་ཕ་ཡུལ་དུ་ཕྱིན་སྐབས་ཤིག་ལའང་། རྒྱལ་བ་རིན་པོ་ཆེ་བླ་བྲང་ལ་ཕེབས་གི་ཡོད་པ་རེད་ཟེར་ནས་གང་སར་གྲགས་ཡོང་། འགའ་ཤས་ང་སར་ཡོང་ནས་སྐད་ཆ་དེ་འདྲ་ཞིག་ཁྱབ་འགྲོ་གི་འདུག དེ་ཨེ་བདེན་ན་ཟེར། ངས་མི་ཤེས། དེ་ཕལ་ཆེར་བདེན་རྒྱུ་མ་རེད། སྤྱིར་བཏང་། རྒྱལ་བ་རིན་པོ་ཆེས་རྒྱ་ནག་རི་བོ་རྩེ་ལྔར་གནས་སྐོར་ལ་ཕེབས་འདུན་ཡོད་པ་ཞིག་གསུངས་ཡོད་པ་རེད། ཡིན་ནའང་། ཉེ་སྔོན་གྱི་རྒྱ་བོད་གཉིས་ཀྱི་འབྲེལ་ལམ་ལ་བལྟས་ན་དེ་བདེན་པ་ཡིན་རྒྱུ་མ་རེད་ལབ་པ་ཡིན།
ཡང་དེའི་རྗེས་ཤིག་ལ་འདིར་ཡོད་སྐབས་ཤིག རྒྱལ་བ་རིན་པོ་ཆེ་སྐུ་འབུམ་ལ་ཕེབས་ཀྱི་ཡོད་པ་རེད་ཟེར་ནས། མདོ་སྨད་ཀྱི་ས་ཆ་གང་ས་གང་ནས་མི་མང་པོ་ཞིག་སྐུ་འབུམ་ལ་འགྲོ་གི་འདུག་ཟེར། རྗེས་སུ་ཤེས་གསལ་ལྟར་ན། དེའི་སྐབས་སྐུ་འབུམ་ལ་མི་མང་པོ་ཞིག་འདུ་འཛོམས་བྱུང་ཚུལ་འདུག
ཡང་དེའི་སྔོན་ཞིག་ལའང་། རྒྱལ་བ་རིན་པོ་ཆེ་དང་པཎ་ཆེན་རིན་པོ་ཆེ་གཉིས་ཟླ་བའི་ནང་བཀའ་མོལ་གནང་བཞུགས་འདུག་པ་མི་ཞིག་གིས་དངོས་སུ་མཐོང་བ་རེད་ཟེར་ནས་གྲགས་ཡོང་། དེ་དང་དེ་འདྲ་བའི་སྐད་ཆ་བོད་ནང་ཁྱབ་འགྲོ་བ་དེ་ཕལ་ཆེར་རྒྱུན་ལྡན་འདྲ་བོ་ཞིག་རེད།
གཞུང་དང་འབྲེལ་ཡོད་མི་སྣ་ཚོའི་སྐྱོན་དང་ནོར་འཁྲུལ་ཤེས་ནས་སྐྱོན་སེལ་བྱས་ན་དེ་དགའ་དགོས་པ་ཞིག་རེད་དེ། དེ་མིན་སྐྱོན་མ་མཐོང་བཞིན་དུ་སྐྱོན་འཚོལ་བ་དེ་ནི། ས་ཐོག་ལ་རྩྭ་ཡག་པོ་མ་སྐྱེས་པ་དེ་ཡང་ ་་མི་བཞིའི་ཚོགས་ཁག་་ གི་སྐྱོན་རེད་ཟེར་ནས་དགག་རྒྱག་བྱས་པ་ལྟ་བུ་དེ་འདྲ་རང་དབང་གི་རྒྱལ་ཁབ་འདི་ཚོའི་ནང་བྱེད་དགོས་པར་མ་མཐོང་། ཁྱོད་ལ་འདེད་མཁན་ཡང་མེད་པ་རེད།
ཕར་ཕྱོགས་མི་མང་གི་རེ་བ་ལྟར། གལ་སྲིད་རྒྱལ་བ་རིན་པོ་ཆེ་ཕེབས་མ་ཐུབ་ན། སྐུ་ཚབ་ཅིག་གཏོང་མི་གཏོང་དེ་རྒྱལ་བ་རིན་པོ་ཆེའི་སྐུ་དབང་རེད། ཡིན་ན་ཡང་། ཕར་ཕྱོགས་མི་མང་གིས་མ་མཐར་ཡང་སྐུ་ཚབ་ཅིག་གཏོང་གནང་ཡོང་བ་ཟེར་ནས་ཞུས་མེད་པ་དེ་ཤེས་དགོས་པ་རེད།
ད་སངས་རྒྱས་ལ་ཀ་ཁ། ཨ་ཕས་གཡབ་སྟངས་དང་ཨ་མ་དགྱད་སྟངས་ཚུན་ཆད་བཤད་ཡོང་ན་མགོ་ནས་དུ་ཡོང་གི
འཆི་མེད་ལགས།
ཁྱེད་ཀྱིས་བོད་ཡིག་འབྲི་སའི་ནང་དུ་དབྱིན་ཡིག་འབྲི་དགོས་དོན་གང་ཡིན་ནམ། རང་རིགས་བླ་སྲོག་ལྟ་བུའི་བོད་ཡིག་གི་གོ་ས་འཕྲོག་དགོས་དོན་གང་ཡིན་ནམ། བོད་ཡིག་འདིའི་རིན་ཐང་གིས་ཁྱེད་ཀྱི་སེམས་ཁར་མ་གང་བ་ཨེ་རེད་ལགས། གལ་སྲིད་བོད་ཡིག་འབྲི་མ་འདོད་ན་འདིར་མ་ཕེབས་ཀྱང་སྐྱོན་ནི་མ་རེད། གལ་ཏེ་དབྱིན་ཡིག་ཡག་པོ་འབྲི་ཤེས་ན་དབྱིན་ཡིག་གི་དྲ་བར་ཕེབས་ནས་བོད་དོན་རེ་ཁྱབ་བསྒྲགས་གནང་ན་འགྲིག་ནི་རེད། བོད་སྤྱི་བའི་དོན་རེད། རང་བོད་མི་ཞིག་ཡིན་པའི་འགན་རེད། འཆི་མེད་ལགས་་་་འདི་ནི་སྤུན་ཟླ་ངའི་སེམས་གཏམ་ཡིན་་་་ཐུགས་ལ་འཛིན་རོགས་་་་ཐུགས་རྗེ་ཆེ།
ངེད་ཀྱི་བསམ་ཚུལ་གོང་གི་རྩོམ་ཐུང་འདིའི་ཁོངས་སུ་བཤད་ཚར་ཡོད། དེ་ལ་བསྐྱར་བཤད་དང་བསྐྱར་འགྲེལ་གནས་སྐབས་ལ་མེད།
བསམ་ཚུལ་མི་མཐུན་པ་ཚོས་དགག་པ་ཆར་བ་འབབ་འབབ་གནང་རོགས། དེ་ལ་དགའ་བསུ་ཞུ་གི་ཡིན།
མགོན་ཕྱག་སོགས་ཀྱིས་ཞ་ཡས་ལབ་ན་ཡང་དེ་ལ་བརྩི་བཀུར་ཡོད། ཞ་ཡས་མིན་པའི་མི་རྒན་ཚོར་དེའི་ཚོད་ཀྱིས་བསམ་ཚུལ་བཤད་རྒྱུ་ཡོད་ན་དེ་ལ་དགའ་བསུ་ལྷག་ཏུ་ཞུ་འདོད་ཡོད།
དུས་ཁ་སང་དེ་རིང་རྒད་པོ་ཚོ་ལས་ཞ་ཡས་ཆ་ག་བཟང་གི།
ཞ་ཡས་ཆ་གས་སེམས་ལ་ཤར་ནོ་བཤད་ཐུབ་ཀི། འབྲི་ཐུབ་ཀི། སྐད་ཤུགས་གང་ཡོད་ཀྱིས་རྒྱང་འབོད་ཀྱང་བྱེད་ཐུབ་ཀི།
རྒད་པོ་འདི་ཚོ་དངོས་གནས་འགྲོ་འདུག་མཁས་པ་ལ་དཔེ་རེད་འདུག
red red bden p red,
མགོན་པོ་ཕྱག་གཉིས་པ་ལགས། ང་ཁྱེད་དང་ཕྲད་པ་དགའ་པོ་བྱུང་། སྤྱིར་བཏང་ནས་བཤད་ན་ཁྱེད་ཀྱི་མིང་འདི་ལ་བལྟས་ནའང་རྙིང་ཞེན་ཅན་ཞིག་དང་། མཐོ་འདོད་ཅན་ཞིག ངོ་དགའ་ཅན་ཞིག རང་ནས་འགོ་མ་བརྩམས་པར་གཞན་ལ་རེ་བ་ཅན་ཞིག་ཡིན་པ་མཐོང་ཐུབ། རྒྱ་དམར་དགྲ་བོའི་མེ་མདའ་སོ་ཁ་འོག་རང་གི་འགྲོ་འདུག་ཟ་ཉལ་ལའང་རང་དབང་མེད་པའི་བོད་གཞིས་ལུས་རྒྱ་ཆེ་མང་ཚོགས་ལ་ཉེས་པ་ཡོད་ཚད་གཡོགས་དགོས་དོན་མེད་པ་ཞིག་རེད། གལ་སྲིད་ཁྱོད་རང་རྒྱ་དམར་གྱི་གླ་ཕོག་རགས་ཀྱིན་མེད་ན། ཁྱོད་རང་གི་ཕ་རྒན་ཏང་ཡོན་མིན་ན། ཁྱོད་རང་གི་མ་རྒན་རྒྱ་མིའི་ཀྲི་བུ་མིན་ན། གོ་ཨེ་སོང་། མདོར་ན་ཝ་མི་བརྒྱལ་ཀ་མེད་འདྲེ་ཡིས་འགྲམ་བཅག་དང་། ཁྱི་མི་ཟུག་ཀ་མེད་རྐུན་མའི་ནག་འབུར་རང་རེད། ཐོག་མར་འདིས་ནས་འུར་སློང་པ་རང་རེད། སྐུབ་སྟེགས་འཇམ་པོ་སྟེང་ལྷོད་པོར་འདུག་ནས་མེ་མདའི་སོ་ཁར་ཡོད་པའི་བོད་མའི་སྲོག་ལ་རྩེད་མོ་མ་རྩེ་རོགས། ཁ་གསལ་སྟིང་གསལ་བཟོ་རོགས། ང་རྒྱ་རེ་བོད་ཐབས་བྱུང་གཅིག་གྱུར་གྱི་ཚོགས་མི་དང་ཐུག་ཕྲད་སོང་ནས་ལོ་ངོ་ཉེ་ཤུ་རྩ་གྲངས་ཕྱིན་ཟིན་པ་རེད། ག་དུས་ཡིན་རུང་རྒྱ་མིས་མགོ་སྐོར་འོག་ཚུད་བསྡད་པ་ལས་འཇོན་རབས་ངེས་གོ་མ་བྱུང་། ད་མི་དགོས་དངོས་ཁོ་འདྲ་པོ་སྐུ་ཚབ་མི་དགོས་ལ་གསུང་ཚབ་དེ་བས་ཀྱང་མི་དགོས།
¼ÛG-º‚ãP-‚ÛÅ-q-»Ûm-ÇePÅ-hïÅü ¤Gôm-xG-Lh-qô-»Ûm-±ß¾-ÁïÅü
རིག་འབྱུང་ལགས། བསམ་ཚུལ་གསུངས་ནོ་ཤིན་ཏུ་བཟང་གི སྤྱིར་བཏང་སྐད་ཆ་ཅི་ཞིག་བཤད་ཀྱང། ལས་ཀ་ཅི་ཞིག་སྒྲུབ་ཀྱང། དེ་ནི་ཆབ་སྲིད་ཀྱི་ལས་ཀ་ཡིན་ན་ཡང་འདྲ། སྲིད་ཕྱོགས་ཀྱི་ལས་ཀ་ཡིན་ན་ཡང་འདྲ། མི་སྒེར་གྱི་ལས་ཀ་ཡིན་ན་ཡང་འདྲ། ཐམས་ཅད་གྲིས་གཏུབ་པ་ནང་བཞིན་གཡས་བཅད་གཡོན་བཅད་ཞིག་དང་། རྒྱབ་མདུན་ཀུན་མཚུངས་ཤིག་ཡོང་རྒྱུ་དཀའ་མོ་རེད། ཁྱེད་ཀྱི་བསམ་ཚུལ་ངས་ཤེས་སོང། ཁྱེད་ལ་བདེན་པ་བདེན་ཐུབ་ཀྱི་གནད་དོན་ཞིག་མཁོ་བ་དེ་རེད། འོན་ཀྱང་བསྐྱར་བཤད་དང་ཡང་བཤད་ལ་གོམས་པའི་སྤྱི་ཚོགས་འདི་ནས་དེ་འདྲ་ཞིག་འབྱུང་རྒྱུ་ཁག་པོ་རེད། ཁྱེད་ཀྱིས་སྔོན་མའི་རྩོམ་ཡིག་ཅིག་ཏུ་ཡང་འདིའི་སྐོར་ལ་བྲིས་འདུག དངོས་ནས་ཡག་པོ་བྲིས་འདུག
རེད་ཡ། ཁྱེད་ཀྱིས་གོང་དུ་ཚིག་དང་ཚིག་ལ་འཇུས་ནས་དགག་འདུག་ལ། ཚིག་དང་ཚིག་ལ་འཇུས་ནས་དོགས་འདྲི་བྱས་འདུག
ཟ་ལེ་རྒྱལ་འདི་ཚོས་ག་རེ་བཤད་ཀི་འདུག
མགོ་པོ་ཕྱག་གཉིས་པས་བཤད་པ་ལ་རྒྱབ་སྐྱོར་ཡོད། དངོས་གནས་བདེན་པ་རེད་ཡ། དེ་རིང་རིག་འབྱུང་གིས་རྒྱ་རི་བླ་མ་ལ་སྐྱོན་མེད་ས་ལ་སྐྱོན་འཛུགས་བྱས་འདུག རྒྱ་རི་བླ་མས་བོད་དོན་ཐོག་ཡོད་རྒུ་རྩ་སྤྲུགས་བྱས་ཏེ་དཀའ་ལས་བརྒྱབ་ཡོད་རེད་ལ་ད་རུང་ཡིན་ན་ཡང་ལྷག་བསམ་རྣམ་དག་རེད། དེ་ལ་བཤད་ཀྱི་གང་ཡང་མེད་པ་རེད། ད་ཅིག་མ་ཉན་རབས་བཤད་འདོད་ན་ཧུ་དང་ཝུན་སོགས་ལ་ཤོད།
དེ་ནས་བོད་ནང་དུ་རྒྱལ་བ་ཕེབས་ཀྱི་ཡོད་རེད་ཟེར་བའི་་སྐད་ཆ་ཞིག་གྲགས་འདུག དེའི་འགན་རྒྱ་རི་འགེལ་བ་འདི་ལ་དོན་ངོ་མའི་ཐོག་ནས་གཅིག་བསམ་ན་་དྲང་མོ་མ་རེད། ༸རྒྱལ་བས་ང་འགྲོ་འདོད་ཡོད་གསུངས་པ་དེ་ལ་བརྟེན་ནས་བོད་ནང་དུ་ཁོང་ཕེབས་ཀི་འདུག་ཟེར་བ་ཞིག་གྲགས་པ་རེད། དེ་ལ་ནག་ཉེས་ཤིག་ཡོད་ན་༸གོང་ས་མཆོག་ལ་ཡོད་རེད། དོན་ངོ་མ་ཁྱེད་ཚོས་༸གོང་ས་མཆོག་ལ་གཞིས་ལུས་མི་མང་ནང་་ཟིང་བསླངས་ཀི་འདུག་ཟེར་གི་ཡོད་པ་འདྲ་ཞིག་མཐོང་སོང་། །
བོད་རེ་བས་ཕོངས། རྒྱ་དོགས་པོས་ཕོངས།
ངོ་མ་རེད་འདུག ད་དུང་ཡང་རེ་བ་རྒྱབ་ནས་འདུག་གི་ཡིན་ནམ།
རིག་འབྱུང་གི་བསམ་ཚུལ་ལ་རྒྱབ་སྐྱོར་ཡོད།
གྲོགས་པོ་ཚོ། ལས་ཐོག་ལ་ཡོད་བཞིན་པའི་ལས་མི་ཚོ་ལ་རྩོད་བྱེད་འདུག་པ་ལས་ངས་འདི་འདྲ་ཞིག་བསམ་གི།
ངེད་བོད་པ་ཚང་ཟེར་བ་འདི་རྒྱལ་བ་རིན་པོ་ཆེ་གཅིག་པོ་མ་རེད། དེ་ནི་རྒྱལ་བ་རིན་པོ་ཆེ་དང་ཁོང་ལས་ལྷག་པ། ཁོང་ལས་དམན་པ་སོགགས་བོད་རིགས་ཕོ་མོ་ལས་གྲུབ་པའི་ཁྱིམ་གཞི་ཞིག་རེད།
ངེད་བོད་ཡུལ་ཟེར་བ་དེ་ཡང་གངས་རིན་པོ་ཆེ་དང་ཇོ་མོ་གླིང་མ་གཅིག་པོ་མ་རེད། དེ་ཡང་སྟོད་མངའ་རི་སྐོར་གསུམ། བར་དབུས་གཙང་རི་བཞི། སྨད་མདོ་ཁམས་སྒང་དྲུག་ལས་བྱུང་བའི་ཡུལ་དེ་རེད།
དེ་ན་བོད་དོན་བཤད་དུས་ནམ་ཡང་རྒྱལ་བ་རིན་པོ་ཆེ་ལ་ཁ་གཡར་བསྡད་ན་ཡག་པོ་མི་འདུག་བསམ། སོ་སོའི་བསམ་ཚུལ་ཐོག་བཤད་ན་ང་ཚོར་བསམ་བློའི་གོ་རྟོགས་དང་སྤྱི་ཚོགས་ཀྱི་ཡར་རྒྱས་ལ་ཕན་ཐོག་སྲིད།
ལགས་རེད། ད་ག་ རང་རེད། གཞིས་ལུས་ བོད་མིས་ རེ་བ་དང་ ༧གོང་ས་ མཆོག་གི་ དགོངས་བཞེད་ཀྱང་ རེད།
སྐུ་ཞབས་རིན་འབྱུང་ལགས་ཀྱིས་སྐྱོན་བརྗོད་བྱེད་ས་མ་བསྙེད་ནས་ཨུ་ཐུག་ཡོད་པ་འདྲ། རྒྱ་རི་རིན་པོ་ཆེའི་༧གོང་ས་མཆོག་གི་བཀའ་དགོངས་བསྒྲུབ་ཁུ་འདུག་ཟེར་སྐྱོན་བརྗོད་བྱེད་དགོས་ན་ སྐྱོན་ཆེ་བ་དེ་༧་གོང་ས་མཆོག་ལ་ཡོད་པ་ལས་རྒྱ་རི་བློ་གྲོས་ལ་ཨེ་ཡིན་ གལ་སྲིད་བོད་པའི་སྤྱི་ཚོགས་ནང་ཟིང་ཆ་མ་བསླངས་ཟེར་ཀི་ཡོད་ན་ རྒྱ་རི་ལ་ཞུས་ན་ཕུན་ཐོགས་ག་རེ་ཡོད ༧་གོང་ས་མཆོག་གིས་ཁོང་བོད་ལ་ཕེབས་འདོད་ཡོད་གསུང་པ་རེད་མ་ཏོག་རྒྱ་རིའི་ཁྱེད་བོད་ལ་ཕེབས་དགོས་ཞུས་ཡོད་པ་མ་རེད་
ད་ངེད་ཀྱིས་གསལ་བཤད་ཐུང་ཐུང་ཞིག་ཞུ་གི་ཡིན།
དང་པོ།
བསམ་ཚུལ་མི་མཐུན་པ་ཡོང་གི་རེད། ཡོང་ཆོག་གི་རེད། དེ་ནི་གནས་ཚུལ་སྤྱིར་བཏང་བ་ཞིག་རེད། ངའི་བསམ་ཚུལ་ལ་ཁྱེད་ཀྱིས་མོས་མཐུན་བྱེད་དགོས་མ་རེད་ལ་ཁྱེད་ཀྱི་བསམ་ཚུལ་ལ་ངས་མོས་མཐུན་ཡང་བྱེད་དགོས་མ་རེད། བསམ་ཚུལ་མི་མཐུན་ན་བསམ་ཚུལ་མི་མཐུན་པ་དེ་ཤོད། ཁ་རྡུང་གཏོང་དགོས་ཨེ་ཡོད་དྲན། འདི་སེམས་ལ་ཟུངས།
གཉིས་པ།
ངེད་ཀྱིས་འདི་རུ་རྒྱ་རི་རིན་པོ་ཆེའི་སྐྱོན་འཚོལ་གྱི་མེད། རྒྱ་རི་རིན་པོ་ཆེར་ཉེས་འཛུགས་དེ་བས་ཀྱང་བྱེད་ཀྱི་མེད། མེད་པ་དེ་ལ་འདུག་ཟེར་ན། དེའི་ཁུངས་སྐྱེལ་རོགས།
གོང་གི་རྩོམ་ཐུང་འདིའི་ཁོངས་སུ། ངེད་ནས་རྒྱ་རི་རིན་པོ་ཆེས་ཁྲིམས་འགལ་གྱི་ལས་ཀ་བྱས་སོང་ཟེར་གྱི་འདུག་གམ།
ཁོང་གིས་གང་གསུངས་བ་དེ་ལ་བསམ་ཚུལ་བཤད་ཀྱི་ཡོད་རེད། རྒྱ་རི་རིན་པོ་ཆེ་ལ་བོད་དོན་ཐད་བལྟ་སྟངས་ཤིག་ཡོང་ཆོག་གི་རེད། ང་ལ་ཡང་བལྟ་སྟངས་ཤིག་ཡོང་ཆོག་གི་རེད། བལྟ་སྟངས་མ་མཐུན་ན་བསམ་ཚུལ་མི་འདྲ་བ་ཡོང་གི་རེད། འདི་ལ་བསམ་བློ་ཐོངས།
གསུམ།
ད་དུང་དྲ་གྲོགས་རེ་གཉིས་ཤིག་གིས་ངེད་ཀྱིས་༧གོང་ས་མཆོག་ལ་ཅིག་བཤད་གི་ཡོད་མདོག་བརྗོད་འདུག དེ་ཚོས་རྩོམ་ཐུང་འདི་ཞིབ་མོས་ྐློགས། སྐད་ཆ་བཤད་སྟངས་དེའི་རིགས་ང་ཚོའི་ན་ཚ་རེད། ན་ཚ་དེ་སྤངས་དགོས་བའི་དུས་ལ་སླེབས་ཡོད་རེད་དྲན། ད་དུང་ཡང་ན་ཚ་དེ་ཚོ་ཉར་བསྡད་ན་དེས་ན་ཚ་གསར་བ་མང་པོ་བཟོ་གི་རེད་།
བཞི།
རྩོམ་ཐུང་འདི་འབྲི་དོན་ལ་རྒྱུ་རྐྱེན་གཉིས་ཡོད། བསམ་ཚུལ་འདིའི་སྐོར་ཁ་སྔོན་ངེད་ཀྱིས་གཟབ་ཉན་དང་སེམས་ཁྲལ་ཟེར་བའི་རྩོམ་ཡིག་ཅིག་ཏུ་སྤེལ་ཡོད། འདི་དེ་ལ་ཁ་སྣོན་ཙམ་ཡིན། གཞན། ཁ་སང་ཕྱི་ཚེས་༡༢ཉིན་ཨ་རིའི་རླུང་འཕྲིན་གྱི་བོད་སྐད་སྡེ་ཚན་ཏུ་རྒྱ་རི་རིན་པོ་ཆེ་ནས་༧གོང་ས་མཆོག་སྐྱེ་རྒུ་མདོར་ཕེབས་ཐུབ་རྒྱུར་འབད་བརྩོན་དང་རེ་བ། གྲ་སྒྲིག་བཅས་བྱེད་བཞིན་ཡོད་ཞེས་བའི་སྐད་ཆ་དེར་བསམ་ཚུལ་ཞིག་ཞུ་འདོད་བྱུང་ནས་ཁ་པར་བཏང་བ་ཡིན། ངེད་ཀྱི་བསམ་ཚུལ་མ་རྫོགས་སྔོན་ལ་ཁ་པར་ཆད་སོང་།
དེར་བརྟེན། ངེད་ཀྱི་བསམ་ཚུལ་གང་ཡིན་པ་དེ་ཅུང་ཙམ་ཁ་གསལ་བོའི་སྒོ་ནས་འདིར་བྲིས་བ་ཡིན།
ལྔ་།
ང་རེ་བ་རྒྱག་རྒྱུར་དེ་ཙམ་མོས་བ་མེད། རེ་བ་མེད་ས་ཞིག་ལ་རེ་བ་ཡོད་མདོག་གི་སྐད་ཆ་བཤད་རྒྱུར་དེ་བས་ཀྱང་འདོད་པ་མེད། དེར་བརྟེན། བསམ་ཚུལ་འདི་བྲིས་བ་ཡིན།
ངེད་ནས་བསྐྱར་དུ་ནན་ཏན་སྒོས་བརྗོད་རྒྱུར། ཐེངས་འདིའི་སྐྱེ་རྒུ་མདོའི་ས་ཡོམ་གོད་ཆག་དང་འབྲེལ་ནས། རྒྱ་ནག་གཞུང་གིས་༧གོང་ས་མཆོག་གདན་འདྲེན་ཞུ་གི་མ་རེད།
ཉིན་བཞི་བཅུ་ཞེ་དགུའི་ནང་ཚུན་ལ་གདན་འདྲེན་ཞུ་རྒྱུར་ཕར་ཞོག ལོ་གཅིག་གི་ནང་ཚུན་ལ་ཡང་ཞུ་གི་མ་རེད། འདི་ལ་རེ་བ་ཡོད་མ་རེད་ཟེར་གྱི་ཡོད། རེ་བ་མེད་དོན་ཡང་གཙོ་བོ་གནས་སྟངས་ཀྱི་ཆ་ནས་རེད་ཟེར་གི་ཡོད། དེར་བརྟེན། རེ་བ་མེད་ས་ཞིག་ལ་རེ་བ་ཡོད་མདོག་དང་འབད་བརྩོན་བྱེད་མདོག་གི་སྐད་ཆ་དེ་ཚོ་མ་བཤད་ན་ཡག་གི་ཟེར་གྱི་ཡོད།
དེའི་སྐོར་གོང་གི་རྩོམ་གྱི་ནང་ལ་ཁ་གསལ་བྲིས་ཡོད།
ཁྱེད་ཚོ་རེ་བ་ཡོད་མདོག་དང་འབྲེལ་བ་བྱེད་དགོས་མདོག་གི་སྐད་ཆ་བཤད་མཁན་ཚོར་ཡང་། ངའི་བསམ་ཚུལ་འདིས་ལོ་རྗེས་མའི་སྤྱི་ཟླ་༤བའི་ཚེས་༡༤བར་དུ་སྒུག་གི་ཡིན།
དེ་དུས་ངས་ཁྱེད་ཚོར་བསྐྱར་དུ་བསམ་ཚུལ་འདི་བསྐུར་ཡོང་གི་ཡིན། དེ་དུས་ཁྱེད་ཚོའི་རེ་བ་དེ་གང་དུ་འདུག་མིན་གཟིགས་རོགས་གནང་།
དྲུག།
ངེད་ཀྱི་བསམ་ཚུལ་འདིའི་ལྡོག་ཕྱོགས་ནས་བསམ་ཚུལ་བཤད་རྒྱུ་མེད་པར། ཁ་རྡུང་གཏོང་མཁན་ཚོར་ཡང་བརྩི་བཀུར་ཡོད། གནས་སྐབས་ལ་དེ་ཙམ་ཡིན།
ག་དུས་ཡིན་ན་དོན་དག་ངོ་མ་དེ་སྦེད་ནས་མི་ལ་མགོ་སྐོར་གྱི་རྫུན་བཤད་ན་སྡིག་པ་ཡོད་རེད། ༧རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་རྒྱུར་རྒྱ་ནག་གིས་ཁས་ལེན་གི་མ་རེད་ལ། གལ་སྲིད་རྒྱ་ནག་གིས་ཁས་ལངས་ན་ང་ཚོས་ཕྱོགས་ནས་རྒྱ་ནག་ལ་ཡིད་ཆེས་བློ་འགེལ་གྱིས་༧གོང་ས་མཆོག་རྒྱ་ལག་ལ་ལས་སླ་བོ་འཇོག་གི་མ་རེད། དེའི་ཕྱིར་གནས་སྟངས་ངོ་མ་ཤེས་ནའང་གཅིག་བྱས་ན་ཕེབས་ཐུབ་ས་རེད་མདོག་མདོག་གིས་མགོ་་གཡུག་ཞོར་དང་མཆུ་ཏོ་བཙུམ་བཙུམ་བྱེད་ཞོར་ལ་ཨུ་ཚུགས་བྱས་ནས་རྫུན་བཤད་ན་ཡག་པོ་མ་རེད་པ་རིན་པོ་ཆེ། རེ་བ་དང་འཆར་གཞི་ཡོད་ཅིང་གྲ་སྒྲིག་བྱེད་ཀྱི་ཡོད་ཟེར་ནའང་། དོན་ངོ་མ་རེ་བ་དང་གྲ་སྒྲིག་ག་རེ་བྱེད་ཀྱི་ཡོད་མེད་རྒྱ་རི་རིན་པོ་ཆེའི་ཐུགས་ན་ལྷེམ་མེ་ལྷན་ནེ་ཡོད་པ་རེད། ཡིན་པ་རྒྱ་རི་རིན་པོ་རིན་པོ་ཆེ།
པཎ་ཆེན་རིན་པོ་ཆེས་ཀྱང་ཏན་ཏན་ཞིག་མ་བཟོས་པར་༧གོང་ས་མཆོག་གདན་འདྲེན་བྱེད་མི་རུང་བའི་ལམ་སྟོན་བཀའ་སློབ་གནང་ཡོད་པ་རེད། དད་པ་དང་སྨོན་ལམ་ལ་ཉེ་རིང་མེད་པས་དད་པ་དང་ཡིད་ཆེས་བྱས་ན་ཐུགས་སྨོན་རྒྱ་གར་ནས་མཛད་ན་བྱིན་རླབས་བོད་ཡུལ་དང་བར་དོ་ལའང་སླེབས་ཐུབ་པར་ཐེ་ཚོམ་ཡོད་མ་རེད། འཕགས་པ་སྤྱན་རས་གཟིགས་ཀྱི་ཐུགས་སྨོན་རི་བོ་ཧི་མ་ལ་ཡ་འདྲ་བོ་ཞིག་གིས་འགོག་ཐུབ་ཀི་མ་རེད། དེའི་ཕྱིར་བོད་ནང་ཤི་གསོན་ཚང་མས་༧གོང་ས་མཆོག་གིས་རྒྱ་གར་ནས་ཐུགས་སྨོན་མཛད་བཞིན་པ་ཐོས་པ་ཙམ་གྱིས་བློ་བདེ་བོ་བྱེད་ཆོག་པར་སྙམ། ཐུགས་སྨོན་ནི་འཇིག་རྟེན་གྱི་ཕ་རོལ་ཕྱི་མ་བར་དོ་ཡུལ་ལའང་སླེབས་དགོས་ན། རྡ་རམ་ས་ནས་བོད་ནང་ལ་མ་སླེབས་པ་མ་སྲིད། དེ་ཕྱིར་བོད་ནང་གི་བོད་མི་ཚོས་༧གོང་ས་མཆོག་ངོས་སུ་ཕེབས་པ་དང་གཅིག་པ་ཡིན་པའི་ཡིད་ཆེས་བྱེད་ཆོག
དེ་མིན་རྒྱ་རི་རིན་པོ་ཆེ་དང་རྒྱ་ནག་གཞུང་ཚབ་ཁང་བར་སྐད་ཆ་ག་རེ་བྱེད་ཀྱི་ཡོད་མེད་ལ་རེ་དོགས་མི་བྱེད་པར་གསལ་ཐང་ཐང་གི་དངོས་ཡོད་གནས་སྟངས་ཤེས་དགོས་པ་རེད།
ངེད་ཀྱིས་བྲིས་བའི་གཟབ་ཉན་དང་སེམས་ཁྲལ་ཞེས་བའི་རྩོམ་དེའི་འབྲེལ་ཐག་འདི་རུ་ཡོད།
http://www.khabdha.org/?p=8369#more-8369
ཀུན་གླེང་གི་འབྲེལ་ཐག་དེ་འདི་རུ་འདུག
http://www1.voanews.com/tibetan-english/video-audio/
བློས་དྲང་པོ་དཔྱད་དགོས
རྣམ་པ་ཚོས་གཟིགས་དང་། རིག་འབྱུང་གི་བསམ་ཚུལ་གྱིས་ཨ་ཀྱ་རིན་པོ་ཆེ་དང་རྡོ་ཚེ་བརྟན་གཉིས་ཀ་འདར་སིག་ཤོར་འདུག
ཧ་ཧ། འཇང་གཡུ་ལྷ་ཐོགས་འགྱུར་ལགས། ཁྱོད་རང་གི་སྨྱུག་མིང་དེའི་ཐོག་ནས་ཆེས་རྙིང་ཞེན་ཅན་ཞིག་དང་འུད་ཚ་པོ་ལ་དགའ་མཁན་ཞིག་ཡིན་པ་རྟོགས་པ་ལས། དངོས་ཡོད་གནས་ཚུལ་ལ་འཚོལ་གཞིབས་དང་དཔྱོད་མཁན་ཞིག་མིན་པ་ཕལ་ཆེར་མཐོང་ཐུབ། ང་ཚོ་རྒྱ་རེ་དང་ཕ་རབས་བུ་རྒྱུད་ཀྱི་ཤ་འཁོན་གང་ཡང་མེད། འོན་ཏང་བེད་མེད་ཀྱི་འུད་གཏམ་མ་བཟོ་ཟེར་གྱིན་ཡོད། དེ་རིང་ཁ་སེང་སྐྱེ་རྒུ་མདོར་བོད་མི་ཚོས་༧གོང་ས་མཆོག་གདན་ཞུ་ཆེད་མོས་མཐུན་གྱི་ས་རྟགས་བརྡུ་རུབས་བྱས་པ་ལ་བརྟེན་ནས་ཡང་རྒྱ་དམར་གྱིས་བཙན་བཀག་བྱེད་བཞིན་ཡོད་པ་ཐོས་མ་སོང་ངམ། སྡུག་ཐོག་སྡུག་བཞག ཁོང་ཚོ་ལ་དཀའ་ངལ་ཡོད་པ་ང་ཚོས་ཤེས་གསལ་རེད། ༧ གོང་ས་མཆོག་འཇལ་འདོད་ཡོད་པ་བོད་གཞིས་ལུས་ཡོངས་རྫོགས་རེད། ད་ལྟའི་ཆར་བོད་ནང་ལ་བརྙན་འཕྲིན་དང་གློག་འཕྲིན་སོགས་ཐམས་ཅད་བཀག་སྡོམ་ཤིན་ཏུ་ཆེ་སྟབས་གནས་ཚུལ་གོ་ཤིན་ཏུ་དཀའ་བར་བརྟེན། ཐབས་ལམ་སྣ་ཚོགས་ལ་ནས་ང་ཚོས་ཁོང་ཚོ་ལ་ཞུ་ཡ་ངོ་མ་དེ། ༧གོང་ས་མཆོག་གི་ཐུགས་རྗེ་དང་བྱིན་རླབས་ལ་ཉེ་རིང་མེད་ཚུལ་དང་འདི་ནས་ཐུགས་སྨོན་གསོལ་འདེབས་གང་དང་ཅི་གནང་པ་ཐམས་ཅད་ཁོང་ཚོར་མི་རེ་ངོ་རེ་ནས་ཤེས་སུ་བཅུག་རྒྱུ་དང་། ༧གོང་ས་མཆོག་གི་ཁོང་ཚོ་ལ་གནང་བའི་གསུངས་ཕྲིན་དེ་དག་ཁོང་ཚོ་མི་རེ་ངོ་རེ་ནས་གོ་སུ་བཅུག་རྒྱུ་དེ་ང་ཚོ་བཙན་བྱོལ་བའི་ལས་འགན་རེད། དེ་ལས་གཞན་འུད་གཏམ་འདྲ་མིན་སྤེལ་བསྡད་པས་ཕན་པ་མེད།
ཤེས་རབ་ལགས། ངེད་ཀྱི་བསམ་ཚུལ་དེ་རྒྱ་རི་རིན་པོ་ཆེའི་སྐད་ཆའི་སྒང་ལ་རེད། དེ་བ་ན་འདར་བསིག་ཤོར་མ་ཤོར་གྱི་སྐད་ཆ་ཡོད་མ་རེད།
དེ་ཙམ་ཡིན།
གང་ལྟར་བོད་ལ་རྒྱལ་བ་རིན་པོ་ཆེ་ལས་ལྷག་པའི་བླ་མ་དཀོན་ལ། རྒྱ་རི་རིན་པོ་ཆེ་ལས་ལྷག་པའི་རྒྱལ་བ་རིན་པོ་ཆེའི་མགྲིན་ཚབ་པ་ད་སྔ་ཐོན་མ་སོང་།།
ད་ཁྱེད་ཚོས་རྒྱ་རི་རིན་པོ་ཆེ་ཡིན་ན། བསམ་ཚུལ་བཤད་ཆོག་གི་མ་རེད་ཟེར་གྱི་ཡོད་དམ།
རྒྱ་རི་རིན་པོ་ཆེ་༧གོང་ས་མཆོག་གི་སྐུ་ཚབ་ཡིན་པ་ལ་གུས་བཀུར་ཡོད། རྒྱ་རི་རིན་པོ་ཆེས་བོད་དོན་ཐད་ད་བར་དུ་ཕྱག་ལས་གནང་བ་དེར་ཡང་བརྩི་བཀུར་ཞུ་བཞིན་ཡོད།
རྒྱ་རི་རིན་པོ་ཆེས་བོད་དང་བོད་མིའི་ཆེད་དུ་ཕྱག་ལས་གནང་བ་དེ་ཚོར་རྗེས་སུ་ཡི་རངས་ཞུ། འོན་ཀྱང་། རྒྱ་རི་རིན་པོ་ཆེའི་སྐད་ཆ་དག་ལ་བསམ་ཚུལ་བཤད་ཆོག་པའི་ལམ་ཁ་ཞིག་ཡོད་རེད་འདོད། ལམ་ཁ་ཞིག་ངེས་པར་དུ་དགོས་རེད་འདོད།
ཨ་མཆོག་ཆོས་དར་དེ་འདྲའི་མགོ་འཁྲེད་པ་ལ། གནས་ལུགས་དང་རྒྱུ་མཚན་གང་ཡང་མེད་པ། རྒྱལ་བ་རིན་པོ་ཆེ་ལས་ལྷག་པའི་བླ་མ་མེད། རྒྱ་རེ་ལས་ལྷག་པའི་མགྲིན་ཚབ་མེད་ཅེས་པའི་དམ་བཅའ་ལ་ལྟོས་དང་། རིགས་པ་སྨྲ་བ་ཞིག་མིན་པ་དཔོགས་ཐུབ་པ་འདུག རིན་འབྱུང་ད་བཞག་ཤོག དུས་ཚོད་གྲོན་བརླགས་རང་རེད། ཁོང་དག་གི་གནས་ལུགས་ལ་བསམ་གཞིགས་མེད་པར་མིང་གྲགས་ལ་མཐོ་སྙོབ་རང་རེད། ངོ་སོ་ཡར་བསྟོད་རེད། ཁོང་དག་གི་ང་ཚོའི་རྐྱག་པ་དང་རྒྱ་རིའི་རྐྱག་པ་ལའང་ཟོས་ན་བྲོ་བ་ལ་ཁྱད་ཆེན་པོ་ཡོད་པ་ཏན་ཏན་བཤད་ཀྱི་རེད། མི་འདི་ཚོས།
ང་ལ་ནི་ཁྱད་པར་མི་འདུག བསམ་ཚུལ་ལྡོག་ཕྱོགས་ནས་བཤད་མཁན་འགའ་བྱུང་ན་དགའ་བ་ལ་བསམ་གྱི་ཡོད།
གཞན། གཤེ་གཤེ་གཅིག་པོ་བཏང་ནས་བསྡད་ན་ཡང་སེམས་ཀྱི་ཡོན་ཏན་འཕེལ་བ་ལ་ཕན་ཐོགས་གི་འདུག
མཚམས་རེར་བསམ་ན། ང་ཚོའི་བསམ་བློ་གཏོང་སྟངས་ཀྱི་གཤིས་ཀའི་སྒང་ན་ཡང་ཁྱད་པར་ཞིག་མེད་འགྲོ་བསམ།
དཔེར་ན། རྒན་པ་ཚོ་རེ་བ་རྒྱག་རྒྱུར་དགའ་བ། གཞོན་པ་ཚོ་རེ་བ་རྒྱག་རྒྱུར་མི་དགའ་བ། ལྟ་བུ།
སེམས་ཅན་མོས་པ་སྣ་ཚོགས་པ་རེད། རྒྱལ་བ་རིན་པོ་ཆེས་ཁོང་ཕེབས་འདོད་ཡོད་གསུངས་པ་དེ་དང་། རྒྱ་ནག་གིས་ཕྱི་སྡོད་བོད་རིགས་སྤུན་ཟླ་ཚོ་ཕེབས་ན་གཞུང་ཚབ་ཁང་ཁག་གི་ངོས་ནས་གྲ་སྒྲིག་ཡོད་ཚུལ་བཤད་པ་དེ་གཉིས་ཀྱི་གོ་སྐབས་འདི་དམ་འཛིན་བྱས་ཏེ་རྒྱ་རིས་འབད་བརྩོད་བྱས་པ་རེད། འབད་བརྩོན་མ་བྱས་ན་འབད་བརྩོན་བྱེད་ཀྱི་མི་འདུག་ཟེར་ནས་སྐད་ཆ་གཅིག་བཤད་ཀི་རེད། ཉེ་ཆར་དུས་བབ་དྲ་ཐོག་སོགས་སུ་ད་རེས་༸རྒྱལ་བ་རིན་པོ་ཆེ་ཕེབས་ཐབས་ལ་བརྩོན་དགོས་པ་རེད་ཟེར་ནས་ཨ་མདོ་བ་མང་པོས་བཤད་སོང་། ད་དེ་རིང་འདི་ན་རིག་འབྱུང་གིས་འབད་བརྩོན་བྱས་པ་དེ་ནོར་འཁྲུལ་ལ་ངོས་བྱས་འདུག གང་ལྟར་བྱས་ཀྱང་ཁ་གཏོང་ཡ་ཉག་གཅིག་རེད། འབད་བརྩོན་བྱས་ན་ཁ་གཅིག་གཏོང་། མ་བྱས་ན་ཁ་གཅིག་གཏོང་། རིག་འབྱུང་འདི་ངས་སྔོན་མ་ཡིན་ན་པུའུ་ཡག་པོ་ཞིག་རེད་བསམ་བསྡད་ཡིན། དེ་རིང་བལྟས་དུས་འདི་ཡང་ཆབ་སྲིད་པ་ཆེན་པོ་དག་གི་གཡོ་སྒྱུའི་ལངས་ཕྱོགས་སུ་འགྲོ་ཡི་ཡོད་པ་འདྲ་ཞིག་མཐོང་སོང་།
ངེད་ཀྱི་བསམ་ཚུལ་ནི་ཁ་སྔོན་ནས་གསལ་བོ་ཡིན། སེམས་ཁྲལ་དང་གཟབ་ཉན་ཟེར་བའི་རྩོམ་དེའི་ནང་ན་ཡང་ཁ་གསལ་བོ་བཟོས་ཡོད།
ང་ནི་འབྲེལ་བ་མ་བྱས་ན་། འབྲེལ་བ་བྱེད་ཀྱི་མི་འདུག་ཟེར་མཁན་དེའི་གྲས་ན་མེད། དེའི་བསམ་བློ་ཡང་མེད།
ངེད་ཀྱི་བསམ་ཚུལ་ལ། འབྲེལ་བ་བྱས་རུང་༧གོང་ས་མཆོག་ཕེབས་ཐུབ་གི་མ་རེད། དེ་ཡང་གཙོ་བོ་གནས་སྟངས་ཀྱི་ཆ་ནས་རེད་ཟེར་གི་ཡོད།
རེ་བ་མེད་ས་ཞིག་ལ་རེ་བ་མ་རྒྱག་ཟེར་གི་ཡོད། ད་དུང་ཁ་གསལ་རུ་བཏང་ན། འབད་བརྩོན་བྱེད་བཞིན་ཡོད་དང་རེ་བ་རྒྱག་གིན་ཡོད་ཟེར་བ་འདི་ཚོ། དུས་ཚོད་འཕྲོ་བརླག་རང་རེད་ཟེར་གི་ཡོད། སྐད་ཆ་དེ་ཚོ་བཤད་ནས་དུས་ཚོད་ཕར་བསྐྱལ་བ་ལས་བོད་ནང་གི་བཙོན་པ་གཅིག་ཡིན་རུང་སྐྱོབས་ཨེ་ཐུབ་ལ་འབད་པ་བྱས་ན་དེས་དགའ།
༧གོང་ས་མཆོག་ནས་ཕེབས་འདོད་ཡོད་གསུངས་བ་དེ་ཐུགས་སྨོན་རེད། ཐུགས་སྨོན་དེ་ལ་འགྲེལ་བཤད་རྒྱག་མཁན་མང་པོ་སླེབས་པ་རེད། དེའི་གྲས་སུ་བཀའ་བློན་ཁྲི་བ་ཡང་ཡོད།
འགྲེལ་བཤད་དེ་ལ་ཡང་འགྲེལ་བྱེད་མཁན་ཡང་འབྱུང་གིན་ཡོད་པ་རེད། རྒྱ་རི་རིན་པོ་ཆེས་རེ་བ་ཡོད་མདོག་གི་སྐད་ཆ་མང་པོ་བཤད་ཀྱི་འདུག་ག ད་ཁྱེད་ཚོས་ལྟད་མོ་བལྟོས་ནས་སྡོད།
རྒྱ་རི་རིན་པོ་ཆེའི་སྐད་ཆ་དེ་ཚོ་ལོ་གཅིག་གི་རྗེས་ནས་འཇའ་ཡལ་བ་ནང་བཞིན་ཡལ་འགྲོ་གི་རེད།
ཐུགས་སྨོན་ཡིན་ན་ངས་ཐུགས་སྨོན་བྱེད་ཀྱི་ཡོད་གསུང་གི་རེད་པཱ། དེ་འདྲ་མ་རེད་པཱ། ན་ནང་ལོ་ཐ་ཝན་ལ་ཕེབས་པ་དཔེར་དྲངས་ནས་གསུངས་སོང་། སི་ཁྲོན་གྱི་ས་ཡོམ་སྐབས་ཀྱང་ང་འགྲོ་འདོད་ཚུལ་གསུངས་མ་སོང་ངམ། འདི་ཐུགས་སྨོན་ཙམ་རེད་ཟེར་ནས་བདག་པོ་མ་བརྒྱབ་ན་བོད་པ་མང་པོས་ཡང་བསྐྱར་ཁ་གཏོང་མང་པོ་ཡོང་ཡ་ཡིན་ཡིན་པ་རེད།
ཁ་སྔོན་རྒྱ་རི་རིན་པོ་ཆེ་སོགས་སྐུ་ཚབ་ཚོགས་པ་རྒྱ་ནག་ལ་ཕེབས་པའི་སྐབས་སུ་ཡང་། ངེད་ནས་འབྲེལ་མོལ་གྱི་བརྒྱུད་ལམ་དེའི་སྟེང་ནས་རེ་བ་མེད་ཚུལ་དང་དེ་ལས་བོད་ནང་གི་ཆབ་སྲིད་བཙོན་པ་གཅིག་ཡིན་རུང་གློད་གྲོལ་གཏོང་ཐབས་ལ་འབད་ན་ཡག་གི་རེད་ཞེས་རྩོམ་ཡིག་ཁ་ཤས་སྤེལ་ཡོད།
དེ་དུས་ཀྱང་ང་ལ་ཁ་རྡུང་མང་པོ་བཏང་སོང་། ཁ་རྡུང་གཏོང་མཁན་ཁ་ཤས་ཀྱིས་ངས་རྒྱལ་བ་རིན་པོ་ཆེ་ལ་བཀའ་གཏོང་གི་འདུག་ཟེར།
སྐུ་ཚབ་ཚོགས་པ་རྒྱ་ནག་ནས་ཕྱིར་འཁོར་མཚམས་གསར་འགོད་གསལ་བསྒྲགས་བྱས་བ་རེད། གསར་འགོད་གསལ་བསྒྲགས་དེའི་རྗེས་སུ། ང་ལ་ཁ་རྡུང་གཏོང་མཁན་ཚོས་རྒྱ་རི་རིན་པོ་ཆེ་དང་སྐུ་ཚབ་ཚོ་ལ་གཤེ་གཤེ་འདྲ་མིན་བཏང་སོང་། ཁྱེད་ཚོའི་བྱེད་སྟངས་དེ་འདྲ་རེད། ད་གཉིད་ཀྱི་ཡིན།
ཨ་རོ། བཀྲ་ཤིས། ང་མི་གཅིག་རེད་པ། བོད་པ་ཚང་མའི་ཁ་དང་སེམས་ལ་ངས་བདག་པོ་རྒྱག་ཐུབ་གི་རེད་དམ།
ང་མི་གཅིག་གི་བསམ་ཚུལ་དེ་བཤད་ཀྱི་ཡོད། བསམ་ཚུལ་གང་བཤད་པ་དེ་ཚོའི་འགན་ཡང་ངས་ཁུར་གི་ཡོད།
གཞན་པ་ཚོ་ངས་མི་ཤེས།
རྩམ་གཟན་ལགས།
ཁྱེད་ཀྱིས་བྲིས་བའི་ ( ཁོང་དག་གི་གནས་ལུགས་ལ་བསམ་གཞིགས་མེད་པར་མིང་གྲགས་ལ་མཐོ་སྙོབ་རང་རེད། ངོ་སོ་ཡར་བསྟོད་རེད། ཁོང་དག་གི་ང་ཚོའི་རྐྱག་པ་དང་རྒྱ་རིའི་རྐྱག་པ་ལའང་ཟོས་ན་བྲོ་བ་ལ་ཁྱད་ཆེན་པོ་ཡོད་པ་ཏན་ཏན་བཤད་ཀྱི་རེད། མི་འདི་ཚོས།) ལ་ལན་ཞིག་འབྲི་དགོས་བསམ་ཡང་ཁྱེད་ཀྱིས་ང་ལ་(གནས་ལུགས་དང་རྒྱུ་མཚན་གང་ཡང་མེད་པ། རྒྱལ་བ་རིན་པོ་ཆེ་ལས་ལྷག་པའི་བླ་མ་མེད། རྒྱ་རེ་ལས་ལྷག་པའི་མགྲིན་ཚབ་མེད་ཅེས་པའི་དམ་བཅའ་ལ་ལྟོས་དང་། རིགས་པ་སྨྲ་བ་ཞིག་མིན་པ་དཔོགས་ཐུབ་པ་འདུག ) ཞེས་གོང་ཚོད་རྒྱབ་པ་ལྟར་ཕྲན་རིག་པ་སྨ་བ་ཞིག་མིན་ཕྱིར་གང་ལྟར་འབྲི་དགོས་མ་ཤེས།
གང་ལྟར་ཁྱེད་རང་རིག་པ་སྨ་བའི་བུ་ཞིག་ཡིན་སྟབས་ང་ལ་རྒྱལ་བ་རིན་པོ་ཆེ་ལས་ལྷག་པའི་བླ་མ་ཞིག་དང་སྐྱབས་བཅོལ་བོད་མའི་སྤྱི་ཚོགས་ནང་རྒྱ་རི་རིན་པོ་ཆེ་ལས་ལྷག་པའི་རྒྱལ་བ་རིན་པོ་ཆེའི་མགྲིམ་ཚབ་པ་ཞིག་ཡོད་ན་སྟོན་རོགས་གནང་།།
དྲ་ངོས་འདི་འདྲ་ལ་སྤྱིར་ཚིག་མི་སྙན་པ་འབྲི་བ་ལ་དོག་ཟོན་བྱས་ན་བཟང་བསམ། གང་ལྟར་རིག་པའི་བུ་ཆེན་པོ་ཁྱེད་ལྟ་བུ་ཞིག་གིས་སྐྐྱག་པ་ཞེས་བའི་ཚིག་འདི་ས་མགོ་མ་ཡིན་པར་རྐྱག་པ་ཞེས་ར་མགོ་སྦྱར་ནས་བྲིས་ཡོད་ཚེ་སེམས་སྐྱོ་དགོས་བྱུང་།
མཐར་བོད་ཀྱི་སྨན་གཞུང་ལ་ལྟོས་དང་མི་དང་མིའི་གཅིན་སྐྱག་གི་བྲོ་བ་མི་འདྲ་བ་ཡིན་པ་ཧ་གོ་ཐུབ་རིག་པའི་བུ་ལགས།
ཧ་ཧ། དྲ་གྲོགས་རྣམས་པ་ལྟོས་དང་། ངས་ཁོང་ལ་གོང་ཚད་བརྒྱབས་པ་ཏག་ཏག་ཁེལ་མི་འདུག་གམ། དག་ཡིག་གསར་བསྒྲིགས་ཙམ་ཡང་མཐོང་མི་འདུག་ག དག་ཡིག་གསར་བསྒྲིགས་ལས། ༼རྐྱག་པ། སྐྱག་པ་ཡི་འབྲི་ཚུལ་གཞན།༽ ཞེས་པ་ཙམ་ཡང་མ་གོ་བའི་བུ་ཆུང་ལོ་ན་ཆུང་ཆུང་། སྨན་གཞུང་ལྟར་བྲོ་བ་མི་འདྲ་བ་ཡོད་པ་དང་དེའང་གཞན་ལས་ལྷག་པ་ཞིག་ཡོད་པ་ལ་ཁྱོད་རང་ཡིད་ཆེས་ཡོད་ན་སྣམས་རོགས་གནང་། དེ་དག་ལ་དགག་བྱ་མེད། ག་དུས་ཡིན་རུང་རང་ཉིད་ལ་སྐྱོན་ཞིག་ལྷག་ལ་ཉེ་སྐབས་གོང་ས་མཆོག་རང་ལུང་འདྲེན་བྱེད་བསྡད་ཡ་སྤྱིར་བོད་མི་ཡོངས་དང་ཁྱད་པར་དུ་སྨྱུག་ཐོག་པ་རྣམས་རེད། བོད་ཀྱི་མཚན་ཉིད་སྦྱོང་མཁན་ཚོས་རྒྱ་བོད་ཀྱི་མཁས་པ་ག་གེ་མོ་ཞིག་གི་ལུང་ཞིག་དྲངས་ནས་དེ་ལ་ཨ་སྐོར་ཡང་སྐོར་རང་བྱེད་བསྡད་པ་དང་། བོད་ཀྱི་སྨྱུག་ཐོག་པ་རྣམས་ཀྱི་གོང་ས་མཆོག་གི་མཚན་གྱི་སྡིག་ར་རང་བསྐུལ་ནས་བསྡད་ཡོད་པ་རེད། མདོར་ན་རང་ཉིད་ཀྱི་གང་དང་ཅི་ཞིག་དམ་བཅའ་བའམ་སྨྲ་འདོད་ན་དེ་ཉིད་ཕ་རོལ་པོ་ལ་རྒྱུ་མཚན་དང་ལྡན་པའི་ཐོག་བཤད་དགོས་ཡ་ཞིག་རེད། བླ་མ་ངོས་ཁོ་ན་ནས་བཤད་ན་རྒྱལ་བ་རིན་པོ་ཆེ་ལས་ལྷག་པ་ཡོད་སྲིད་པ་རེད། མིང་གྲགས་ཐོབ་གསུམ་གྱིས་སྡིག་ར་མ་བསྐུལ་རོགས་ཐུགས་རྗེས་གཟིགས།
རྒྱ་རེ་ལས་ལྷག་པའི་སྐུ་ཚབ་ནི། མཁས་དབང་བློ་བཟང་སེང་གེ་འདེམས་ན་འགྲིགས། རྒྱུ་མཚན་ནི། ཨ་རིའི་གྲོས་ཚོགས་ནང་བོད་མའི་དཀའ་སྡུག་གླེང་བའི་གཏམ་བཤད་བྱེད་དུས་རྒྱ་རེ་ལས་ཁོང་གི་ཚིག་དོན་རྣམ་འགྱུར་གང་ཅིའི་ཐད་ནས་ལྷག་པ་དང་གཅིག ཁྲིམས་ལུགས་ཀྱི་གོ་རྟོགས་ཆེ་བ་དང་གཉིས། རྒྱ་མའི་དཔྱད་ཞིབ་པ་དང་མཁས་དབང་དག་ལ་འབྲེལ་འདྲིས་ཆེ་བ་དང་གསུམ་གྱིས་སོ།
རྒྱ་རིས་བོད་དོན་དུ་དཀའ་ལས་གང་བསྐྱོན་པར་ཐུགས་རྗེ་ཆེ་ཞུ་དགོས། མཁས་དབང་བློ་བཟང་སེང་གེ་ལྟ་བུ་བརྒྱ་ཙམ་བོད་ལ་བྱུང་བའི་རེ་བ་ཡོད། དགོས་ས་ལ་འགྲིག་པའི་མི་ཞིག་བསྐོས་ན་བསྟན་པ་ཆབ་སྲིད་ལ་ཕན་ཐོགས་ཆེ། །རྒྱ་ནག་དང་བོད་དོན་གྲོས་མོལ་བྱེད་མཁན་ཞིག་ཡིན་ན། རྒྱ་ནག་གི་བསམ་བློའི་འཁོར་ཕྱོགས། རིག་གཞུང་ལོ་རྒྱུས་ཀྱི་རྒྱབ་ལྗོངས། མཐོ་རིམ་མི་སྣ་ནས་སློབ་གྲྭ་ཆེན་མོའི་བར་ཀྱི་སྡེ་རིས་ཀྱི་གནས་སྟངས། འཐེན་ཁྱེར། མི་སྒེར་བའི་བར་ཀྱི་མཐུན་ལམ་དང་འགལ་བ། ཁ་གུང་ཁྲན་དང་རུས་གུང་ཁྲན་སུ་ཡིན། ལོ་རེའི་ནང་གི་འཐབ་ཕྱོགས་གཅིག་འགྱུར་སྡེ་ཚན་ཀྱིས་གྲངས་ཉུང་མི་རིགས་ལ་འཛིན་པའི་སྲིད་བྱས་སོགས་ལེགས་པོ་ཤེས་དགོས། རྒྱ་རི་རིན་པོ་ཆེས་དེ་དག་དགོངས་སམ། ཁྱད་པར་རྒྱ་ནག་ལ་བཅའ་ཁྲིམས་ཡིན་ཀྱང་ཏང་གི་རྩ་དོན་དང་འགལ་བ་བྱུང་ན་ཏང་གི་བཀའ་ལྟར་ཐག་གཅོད་དགོས་ཅེས་འཁོད་ཡོད་པའི་རིགས་ལ་ཁྲིམས་རྩོད་ཀྱི་ཨུ་ཚུགས་བྱེད་ས་མེད་མོད། ༧གོང་ས་མཆོག་དང་ཚོགས་གཙོ་ཟམ་གདོང་སོགས་ཀྱིས་གྲངས་ཉུང་མི་རིགས་ཀྱི་ནང་གི་བོད་དོན་ལ་འཛིན་པའི་སྲིད་བྱུས་སམ་རྩ་ཁྲིམས་གཞིར་བཟུང་བྱེད་དགོས་ཚུལ་གསུངས་པ་འདིའི་དགོངས་ཚུལ་དཔག་དཀའ། དེ་ལས་དོན་ཚན་༡༧་སྒྲ་ཅི་བཞིན་པར་ཁས་བླང་ཡང་སྡུག་དུ་འགྲོ་རྒྱུ་མེད། རྒྱ་ནག་གི་ཁྲིམས་ལ་ཕྱི་ནང་གསང་བའི་ཡིག་ཆ་མང་དུ་ཡོད། གསང་བ་དང་ཡང་གསང་གི་ཡིག་ཆ་མཐོང་དཀའ། དཔེར་ན། ༢༠༠༡་ལོར་བཞག་པའི་ཁྲིམས་ཡིག་ལེའུ་ལྔ་བའི་དོན་ཚན་༥༣་པར་མེས་རྒྱལ་བ་དགའ་བ་ཞེས་པའི་དོན། ནང་ཁུལ་ཁྲིམས་ཡིག་ཏུ། རྒྱ་ནག་རྒྱལ་ཁབ་གཅིག་འགྱུར་ལ་དགའ་ཞེན་མེད་པ། ཕྱི་རྒྱལ་ཁྱི་རྒན་རྣམས་ཀྱི་རྗེས་འབྲང་པ་ལ་མངོན་གསལ་མེད་པའི་སྒོ་ནས་ཆད་པ་དང་། དེའི་ཕྱོགས་གཏོགས་རྩ་མེད་བྱེད་དགོས་ཞེས་འཁོད་ཡོད། གྲངས་ཉུང་མི་རིགས་ཀྱི་ཁྲིམས་ལུགས་འདི་ལྟ་བུ་ཁས་ལེན་གནང་རྒྱུ་ཡིན་ནམ། གང་ལྟར་ཡང་ཕན་ཚུན་རྒྱུས་ལོན་བྱེད་རྒྱུ་གལ་ཆེ།
དྲང་པོར་དཔྱད་དགོས།
བློ་གཟུ་བོར་གནས་ནས་དཔྱད་ཞིབ་གནང་དགོས།
རྩམ་གཟན་ལགས།
མདོར་བསྡུས་ན་ཁྱེད་རང་བློ་བཟང་སེང་གེ་ལ་ཁ་ངོ་དགའ་བྱེད་མཁན་ཞིག་རེད་འདུག། འདས་བའི་ལོ་གཉིས་ཀྱི་སྔོན་ཕྲན་ཁོང་ལ་མཇལ་པའི་གོ་སྐབས་བྱུང་། ད་སྔར་སྐྱབས་བཅོལ་བོད་མིའི་སྤྱི་ཚོགས་ནང་ཁོང་གིས་ཕྱི་རྗེས་ཆེན་པོ་ཡོད་པ་མཐོང་མ་སོང་། ཡིན་ཡང་མ་འོང་བར་ཡོད་པའི་སྨོན་ལམ་ཡོད་ལ་ཡོད་ཡང་སྲིད།
ཨ་མཆོག་ཆོས་དར་ལགས་དང་རྩམ་གཟན་གཉིས་ནས་སྒེར་གྱི་རྩོད་ནད་དེ་མཚམས་འཇོག་རོགས་གནང་། བཀའ་དྲིན་ཆེ།
ལགས་སོ། རིན་འབྱུང་། སྐྱག་པའི་འབྲི་ཚུལ་གཞན་ཙམ་ཡང་མི་ཤེས་པའི་བྱིས་བློ་དེ་འདྲ་པོ་དང་རྩོད་རིན་མི་འདུག་གོ །
རིན་འབྱུང་ལགས། ཡིན་ད་ཡིན། ངས་བློ་མཐུན་རྩམ་གཟན་ར་རྐྱག་ཅན་དེ་སུ་ཡིན་པ་དང་གང་ནས་ཡིན་པ་སོགས་མི་ཤེས་བའི་སྒེར་གྱི་རྩོད་ལེན་གང་ཡང་མེད།
གང་ལྟར་ཁ་བརྡ་ཚང་གི་དྲ་ངོས་འདིར་མི་གང་མང་ཞིག་གིས་རང་འགན་ཕྲག་ཁུར་བྱས་ནས་མིང་ངོས་སུ་ཐོན་ཏེ་བརྗོད་གཞི་འབྲི་མཁན་དག་ལ་ནམ་ཡང་ངག་བརྗོད་ཡོད། གཞན་རྩམ་གཟན་ཤ་གཟན་སོགས་རང་གི་མིང་ཡང་སྐོང་མཁན་དག་ལ་བྱིས་བློ་ཅན་ངས་བློ་གཏད་ས་ཡོང་མ་སོང་།
ཆོས་དར་དང་རྩམ་གཟན་གཉིས་ཀྱིས་དེ་རིང་གི་དྲ་ངོས་འདིར་སྒེར་དོན་རང་བཞིན་ཅན་གྱི་ཚིག་ངན་བེད་སྤྱོད་བྱས་པ་དེ་ངེས་ནས་བློ་ཕམ་པ་ཞིག་རེད། དེ་མིན་རྒྱ་རིའི་སྐོར་ལ་བསམ་ཚུལ་མི་མཐུན་པ་མང་པོ་ཡོང་གི་འདུག་པ་དེ་ཡག་པོ་རེད། སྐྱོན་ཡོན་གང་ཡིན་ཡང་བཤད་དགོས་ཀྱི་རེད། སྐྱོན་ཡོན་བཤད་མཁན་གྱི་གང་ཟག་ཕན་ཚུན་ལ་ཁ་རྩོད་ཤོར་ཚེ་ཕན་ཚུན་གཉིས་ཀའི་སྨྲ་བརྗོད་རང་དབང་ལ་ཆ་འཇོག་མ་བྱས་པ་ལྟ་བུ་ཞིག་མཐོང་སོང་། གང་ལྟར་ཀྱང་ང་ཚོས་མི་མཐུད་དུ་འདི་དང་འདི་ལྟ་བུའི་སྐོར་ལ་གླེང་སློང་གང་མང་བྱས་ན་བློ་སྒོ་འབྱེད་ཀྱི་ཡོད་སྟབས་མུ་མཐུད་ནས་གསུང་རོགས་གནང་།
ཨ་མཆོག་ཆོས་དར་ལགས།
ངས་འགན་ལེན་མ་ཐུབ་པའི་རྩོད་གླེང་འཁྱོག་པོ་གང་ཡེ་ཁ་བརྡ་ཐོག་སྤེལ་མེད།
རྒྱུ་མཚན་དང་གནས་ལུགས་འཚོལ་བཞིན་ཤོད་ཀྱི་ཡོད།
དཔེར་ན་ཁྱེད་ཀྱི་ནོར་བཅོས་ལ་ངས་ཁུང་ལུང་དྲངས་པ་ལྟ་བུ།
གལ་ཏེ་དངོས་སུ་ནོར་ན་དགོངས་དག་ཞུ་ཆོག
དེ་དང་དེ་ལ་སོགས་པ་བློས་དྲང་བདེན་ངང་འབྲི་ཀྱི་ཡོད།
ངས་སྨྱུག་མིང་བེད་སྤྱད་པ་ལ་མི་འགྲིགས་པ་གེ་མཐོང་གི་མེད།
དེ་ནི་འཛམ་གླིང་སྤྱི་ལུགས་ཞིག་ཡིན་པ་ངོ་འཛིན་གྱི་ཡོད།
ད་ནི་བཟུང་རང་གཉིས་རྩོད་པ་བྱེ་བྲག་པ་དེ་ཕྱི་འཐེང་གནང་རོགས།
ཁ་བརྡ་དྲ་ངོར་འཕྲད་པའི་རྩམ་གཟན་ལགས།
ཁ་ཁོག་མེད་པར་བརྗོད་པར་ངག་བརྗོད་ཡོད།
ཁ་བའི་ཡུལ་ནས་ཡོང་བའི་གྲོགས་པོ་ལགས།
ཁ་ཞེ་གཉིས་ན་གནོད་སེམས་ཅི་ཡང་མེད།
ཞེས་བར་སྐབས་སུ་ཡུལ་ཐག་གིས་བཀལ་ན་ཡང་ཁ་བརྡ་དྲ་ངོར་འཕྲད་པའི་ཆ་མེད་སྨྱུག་གྲོགས་རྩམ་གཟན་ལགས་སུ་གུས་བ་ཨ་མཆོག་ཆོས་དར་དུ་འབོད་པས་བྲིས་བར་དགེ་ལེགས་འཕེལ།
དང་པོ་གུས་ཚང་མར་ལག་གཉིས་ཐལ་མོ་སྦྱར་ཏེ་བཀྲ་ཤིས་བདེ་ལེགས་
གོང་དུ་ངེས་རྩོམ་འགའ་ཞིག་ཀློག་པ་ཡིན་ཤིན་ཏུ་ཡག་པོ་འདུག་དམིགས་རྣམ་པ་ཚོའི་བསམ་ཡང་བསམ་ཡུལ་འདས་པའི་ཡག་པོ་།་མ་འོང་པ་ང་རང་མཉམ་བཞུགས་བྱེད་ཀྱི་ཡིན།