ཡོང་ཁུངས། བོད་ཀྱི་བང་ཆེན།
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཐོག་མར་བཙུགས་སྐབས་ཀྱི་གནས་སྟངས་དང་ལངས་ཕྱོགས། དེ་བཞིན་བོད་དོན་བདེན་པའི་འཐབ་རྩོད་དང་འབྲེལ་བའི་གནད་དོན་གལ་འགངས་ཆེ་བ་ཁག་གཅིག
སྔ་ལོ་(༢༠༡༣) ནིའུ་ཡོག་དང་ནིའུ་འཇར་སི་ས་གནས་གཞོན་ནུས་གོ་སྒྲིག་གནང་བའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དུས་ཆེན་ཉིན་མགྲོན་འབོད་གནང་ཡང་བཅར་ཐུབ་མ་སོང་། དེ་བཞིན་ད་ལོ་ཕྱི་ཟླ་༣ ཚེས་༡༦ ཉིན་གཞོན་ནུ་ལྷན་ཚོགས་ཀྱིས་གོ་སྒྲིག་གནང་བའི་བགྲོ་གླེང་ཐོག་བསྐྱར་དུ་མགྲོན་འབོད་གནང་བར་ཡང་བཅར་མ་ཐུབ་པར་བརྟེན། སྐབས་དེར་ཞུ་འདོད་བྱུང་བའི་གནད་དོན་ཁག་གི་ཐོག་རྒྱབ་ལྗོངས་དང་བཅས་པ་ཁ་སྣོན་ཞུས་ཏེ་དོ་ནན་ངང་ད་ལམ་ཡིག་ཐོག་ལ་བཀོད་པ་ཡིན།
རྩ་བའི་གཞོན་ནུ་ལྷན་ཚོགས་ཀྱི་ད་ལྟ་དང་མ་འོངས་པའི་ལངས་ཕྱོགས་ཇི་ལྟར་འཛིན་མིན་འདི་གཞོན་ནུ་ལྷན་ཚོགས་ཀྱི་ལས་ཐོག་དབུ་ཁྲིད་དང་ཚོགས་མི་རྣམ་པའི་འགན་དབང་རེད། འོན་ཀྱང་རང་ཉིད་གཞོན་ནུ་ལྷན་ཚོགས་ཐོག་མར་བཙུགས་མཁན་གྱི་གྲས་ཤིག་དང་། དེའི་སྐབས་ལས་འགན་གཙོ་ཁུར་བྱེད་མཁན་ཞིག་ཡིན་པའི་ཆ་ནས་གཞོན་ནུ་ལྷན་ཚོགས་བཙུགས་དགོས་པའི་རྒྱུ་མཚན་དང་། ཐོག་མར་བཙུགས་སྐབས་ཀྱི་གནས་སྟངས། ལྟ་བ་ལངས་ཕྱོགས་བཅས་ཀྱི་སྐོར་ལ་ཞུས་ན་དངོས་ཡོད་གནས་ཚུལ་ཤེས་རྟོགས་ཐུབ་རྒྱུར་ཕན་ཐོགས་ཡོང་སྲིད་པ་རེད་སྙམ་པ་མ་ཟད། ད་དུང་དེའི་སྐོར་ལ་འགྲེལ་བརྗོད་བྱ་རྒྱུ་ནི་ཕྲན་གྱི་ལས་འགན་ཞིག་ཡིན་པར་ངོས་འཛིན་ཞུ་ཡི་ཡོད།
སྤྱིར་བཏང་རྒྱལ་ཁབ་ཅིག་དང་། སྒྲིག་འཛུགས་ཤིག ཡང་ན་མི་སྒེར་པ་སུ་འདྲ་ཞིག་ཡིན་རུང་སོ་སོའི་ལོ་རྒྱུས་རྣམས་ཤེས་རྒྱུ་གལ་ཆེན་པོ་རེད། དེ་ཡང་ལོ་རྒྱུས་ནང་སྤོབས་པ་བྱ་འོས་པ་དང་དགའ་སྤྲོ་འཕེལ་བའི་གནས་ཚུལ་ཡོད་ལ། ཡང་སྐབས་རེ་འགྱོད་པ་སྐྱེ་བ་དང་ངོ་གནོང་དགོས་པའི་གནས་ཚུལ་ཡང་ཡོད་སྲིད། ལེགས་ཉེས་གང་ཡིན་རུང་དངོས་ཡོད་གནས་ཚུལ་གཞིར་བཟུང་དགོས་པ་ལས། རྟོག་བཟོ་བྱས་པའམ། ཡང་ན་སོ་སོའི་སྣང་བ་དག་པའི་ལོ་རྒྱུས་ལ་གཞི་བཅོལ་ཏེ་མི་འདྲ་བ་ཞིག་བྱ་རྒྱུ་ཡོད་ཁུལ་བྱས་ན་དོན་ཐོག་ཏུ་ཁུངས་འཁྱོལ་དཀའ་བ་རེད། ང་ཚོའི་སྤྱི་ཚོགས་ལ་མཚོན་ན། ལོ་ངོ་བརྒྱ་ཕྲག་མང་པོའི་ལོ་རྒྱུས་ལྟ་ཅི་ཐ་ན་འདས་པའི་ལོ་ངོ་བཅུ་ཕྲག་གོང་གི་ལོ་རྒྱུས་ཀྱང་གསལ་པོ་མ་ཤེས་པའམ། རྒྱུས་མངའ་ཤེས་རྟོགས་བྱེད་ཀྱི་མེད་པའི་ཚོར་སྣང་ཡོང་གི་འདུག དེར་བརྟེན་ཚང་མས་ལོ་རྒྱུས་ལ་ཐུགས་སྣང་གནང་རོགས་ཞུ་རྒྱུ་དང་། ལྷག་པར་དུ་གཞོན་སྐྱེས་ཚོས་ལོ་རྒྱུས་ཀྱི་དངོས་ཡོད་གནས་ཚུལ་ངེས་པར་དུ་ཤེས་རྟོགས་ཐུབ་པ་དགོས་ཀྱི་འདུག་ཅེས་ཤ་ཚའི་ངང་དྲན་སྐུལ་ནན་པོ་ཞུ་འདོད་བྱུང་།
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཐོག་མར་དབུ་བརྙེས་སྟངས་ལ་མཚོན་ན། དུས་ཚོད་གང་ཙམ་ཞིག་རིང་བསམ་ཞིབ་གོ་བསྡུར་བྱས་པ་བརྒྱུད་བྱུང་བ་ཞིག་ཡིན་པ་ལས་གློ་བུར་དུ་ཐོན་པའི་སྒྲིག་འཛུགས་ཤིག་ཆགས་ཀྱི་མེད། དཔེར་ན། ངས་ད་ལྟ་ཡང་གསལ་པོ་དྲན་པར། ཕྱི་ལོ་༡༩༦༣ ལོ་ནས་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་དང་ངེད་གཉིས་ཐུག་སྟེ་གོ་བསྡུར་མང་པོ་བྱས་མྱོང་།
གཞོན་ནུ་ལྷན་ཚོགས་ཐོག་མར་གསར་བཙུགས་བྱེད་མཁན་ཚོགས་སྐོང་འགན་འཛིན་མི་བཞི་ཡོད་པ་སྟེ། བཀའ་ཟུར་དང་སྐུ་སྒེར་དྲུང་ཆེ་ཟུར་པ་བཀྲས་མཐོང་བསྟན་འཛིན་དགེ་བྱེད་ལགས་དང་། བཀའ་བློན་ཁྲི་ཟུར་དམ་པ་མཛེས་བཅུ་ཚང་བསོད་ནམས་སྟོབས་རྒྱལ་ལགས། བཀའ་བློན་ཁྲི་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས། དེ་བཞིན་ཕྲན་རང་བཅས་ཡིན། རྗེས་སུ་ལས་དོན་དངོས་གཞིའི་སྐབས་མི་མང་པོ་ཞིག་དང་འབྲེལ་བ་ཆགས་ཡོད་ལ། ཚང་མས་ཐུན་མོང་ཐོག་ཕྱར་གྲུ་མཉམ་འདེགས་ཀྱིས་སྤེལ་བའི་ལས་འགུལ་ཞིག་ཆགས་ཡོད།
བཙན་བྱོལ་ནང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ལས་འགུལ་སྤེལ་རྒྱུའི་ཀུན་སློང་དང་དགོས་པ་དམིགས་ཡུལ་གྱི་འབྱུང་ཁུངས་ནི། དེ་སྔ་དགའ་ལྡན་ཕོ་བྲང་གཞུང་གི་ཐད་ཀའི་འཛིན་སྐྱོང་འོག་ཡོད་མེད་ལ་མ་ལྟོས་པར་བོད་ས་སྟོད་སྨད་ཡོངས་སུ་རྫོགས་པར་རྒྱ་ནག་གུང་བྲན་གྱི་བཙན་བཟུང་དྲག་གནོན་གཅིག་མཚུངས་མྱོང་དགོས་བྱུང་ཞིང་། བོད་མི་འབུམ་ཕྲག་མང་པོ་བསད་རྨས་བཙོན་བཅུག་དང་། ཁྲི་ཚོ་ཁ་ཤས་རང་ཡུལ་བཞག་སྟེ་བཙན་བྱོལ་དུ་སྐྱོད་དགོས་པ་སོགས་ཀྱི་དུས་འགྱུར་ཆེན་པོ་བྱུང་བར་བརྟེན། བོད་མི་ཡོངས་ནས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དབུ་ཁྲིད་འོག་ནུས་ཤུགས་གོང་བུ་གཅིག་སྒྲིལ་བྱ་རྒྱུ་དང་། རྒྱ་དམར་གྱི་བཙན་འཛུལ་ལ་གདོང་ལེན་བྱེད་པའི་དམིགས་ཡུལ་གཅིག་གྱུར་ཡོང་ཐབས་བྱ་རྒྱུ་བཅས་ནི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ལས་འགུལ་སྤེལ་དགོས་པའི་རྒྱབ་རྟེན་གཙོ་བོ་ཆགས་ཡོད།
དང་པོ། བོད་རིགས་ཡོངས་རྫོགས་རྡོག་རྩ་གཅིག་སྒྲིལ་བྱ་རྒྱུའི་མནའ་གན་ཆེན་མོ་ཕུལ་བ།
ཕྱི་ལོ་༡༩༦༠ ལོའི་ཟླ་༢ ཚེས་༣ ཉིན་གནས་མཆོག་རྡོ་རྗེ་གདན་ལ་བཙན་བྱོལ་དུ་ཕེབས་པའི་བོད་ས་སྟོད་སྨད་ཀྱི་བླ་ཆེན་མི་ཆེན་རྣམས་དང་། སྐབས་དེའི་གཞུང་ཞབས་མི་སྣ། ཆུ་བཞི་སྒང་དྲུག་གི་དབུ་འཛིན་ཁག་བཅས་ནས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དབུ་ཁྲིད་འོག་ཆོལ་གསུམ་བོད་མི་ཡོངས་རྫོགས་དམ་ཚིག་རྡོག་རྩ་གཅིག་སྒྲིལ་བྱ་རྒྱུའི་མནའ་གན་མཐུ་མོ་ཆེ་ཕུལ་བའི་ནང་། འདས་པའི་དུས་རབས་བར་སྐབས་ཤིག་ནས་བོད་མི་རིགས་ཀྱི་ནུས་ཤུགས་གཅིག་སྒྲིལ་མ་ཐུབ་པའི་ཉེར་ལེན་གྱིས་ད་ཆ་གནས་ཚུལ་འདི་འདྲར་གྱུར་པ་ངོས་འཛིན་དང་ཉམས་མྱོང་དུ་འཁུར་ཏེ། ད་ཕྱིན་བོད་མི་ནང་ཁུལ་ལུང་ཚན་དང་། ཆོས་ལུགས་ཀྱི་འཐེན་འཁྱེར། སྒེར་འཁོན་ཞེ་འཛིན་གྱི་རིགས་ཐམས་ཅད་སྤངས་ནས་བོད་རིགས་ཡོངས་རྫོགས་བློ་སེམས་གཅིག་སྒྲིལ་དང་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་ལྕགས་ཀྱི་གོང་བུ་ལྟར་གནས་རྒྱུ་དང་། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོའི་དབུ་ཁྲིད་ཉག་གཅིག་གི་འོག་བོད་སྤྱིའི་བདེན་དོན་འགྲུབ་ཐབས་སུ་རང་རང་འགན་བབས་ཞུ་བྱ་ཅི་མཆིས་རང་ནུས་ཅི་ཐུབ་ཞུ་རྒྱུ་དང་བཅས་པས་དགའ་སྤྲོ་ཆེན་པོས་མོས་མཐུན་ཐག་གཅོད་གཙང་མ་བྱས་པའི་མནའ་གན་ཆེན་མོ་ཞེས་པ་ཕུལ་བའི་རྗེས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་ལྷན་དུ་ཕེབས་པའི་དགའ་ལྡན་ཕོ་བྲང་གཞུང་གི་རྒྱུན་མུ་མཐུད་གནས་པའི་ཐོག་གཞུང་གི་ངོ་བོ་དང་རྣམ་པར་དུས་བསྟུན་འགྱུར་བ་ཆེན་པོ་ཕྱིན་ཏེ། ཆོལ་ཁ་གསུམ་གྱི་ངོ་བོ་ལྡན་པའི་བོད་མི་ཡོངས་ཀྱི་གཅིག་གྱུར་གྱི་སྒྲིག་འཛུགས་ཤིག་ཏུ་གྱུར་ཡོད།
དེ་ནི་བོད་ཀྱི་ཉེ་རབས་ལོ་རྒྱུས་ནང་གནས་ཚུལ་འགྱུར་བ་ཆེ་ཤོས་དེ་ཡིན། དེ་ཡང་མི་ལོ་བརྒྱ་ཕྲག་མང་པོ་སོང་བའི་རྗེས་གཞི་ནས་བོད་མིའི་སེམས་ནང་བོད་མི་ཡོངས་རྫོགས་མི་རིགས་དང་ཆོས་ལུགས། རིག་གཞུང་། ཡུལ་སྲོལ་གོམས་གཤིས་བཅས་པ་གཅིག་གྱུར་ཡིན་པའི་ཆབ་སྲིད་ཀྱི་འདུ་ཤེས་ནུས་ཤུགས་ལྡན་པ་ཞིག་བསྐྱར་གསོ་ཐུབ་པ་བྱུང་ཡོད། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ཀྱང་མནའ་གན་ཆེན་མོའི་འབྲུ་དོན་ཕྱག་བསྟར་གནང་སྟེ། ཕྱི་ལོ་༡༩༦༠ ལོ་དེ་རང་ནང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཐོག་མར་གསར་འཛུགས་གནང་སྐབས་ཆོལ་ཁ་རེ་ནས་འཐུས་མི་གསུམ་རེ་དང་ཆོས་བརྒྱུད་ཆེན་པོ་བཞིའི་སྐུ་ཚབ་རེ་བཅས་ཁྱོན་འཐུས་མི་ ༡༣ གཏན་འཁེལ་གནང་བ་དེ་ནི་ཕུགས་རྒྱང་རིང་པོར་ཐུགས་དགོངས་བཞེས་ཏེ་བོད་མི་རིགས་ཡོངས་རྫོགས་གཅིག་གྱུར་ཐོག མ་འོངས་པར་བོད་མི་ཡོངས་ལ་ཁྱབ་པའི་མང་གཙོའི་སྒྲིག་འཛུགས་ཤིག་ཡོང་ཐབས་སུ་དམིགས་གནང་བ་ལས། རྒྱ་གར་ནང་ཡོད་པའི་བོད་མི་ཉུང་ཤས་ཀྱི་འཕྲལ་སེལ་འཐུས་མི་ལྟ་བུ་ཞིག་མིན་ཞེས་བཀའ་གནང་ཡོད།
བོད་རིགས་ཡོངས་རྫོགས་དམ་ཚིག་རྡོག་རྩ་གཅིག་སྒྲིལ་བྱ་རྒྱུའི་ལོ་རྒྱུས་རང་བཞིན་ལྡན་པའི་མནའ་གན་ཆེན་མོ་ཕུལ་བ་འདི་ལག་ལེན་དོན་འཁྱོལ་ཡོང་བར། བོད་གངས་ཅན་ལྗོངས་ཀྱི་ཁོངས་སུ་གཏོགས་པའི་ཆོལ་ཁ་གསུམ་སོ་སོའི་ངོ་བོ་ལ་བརྩི་བཀུར་ངོས་འཛིན་འདྲ་མཉམ་བྱ་དགོས་ཀྱི་ཡོད། ཚང་མར་བརྩི་བཀུར་ངོས་འཛིན་འདྲ་མཉམ་བྱ་རྒྱུ་འདི་བོད་མི་གཅིག་གྱུར་གྱི་འདུ་ཤེས་སྲ་བརྟན་ངང་གནས་ཐུབ་པར་བྱེད་པའི་ཆ་རྐྱེན་གལ་འགངས་ཆེ་ཤོས་ཤིག་ཡིན་པར་ངོས་འཛིན་ཞུ་བཞིན་ཡོད། བོད་རྒྱ་མཉམ་གནས་ཀྱི་ཐབས་ལམ་ཡིན་ནའང་འདྲ། བོད་མི་ཡོངས་རྫོགས་གཅིག་གྱུར་གྱི་གཞི་རྟེན་ཡིན་ནའང་འདྲ། འདྲ་མཉམ་མེད་ན་གཅིག་གྱུར་ཡོང་ཐབས་མེད། དེ་བཞིན་ཆོས་ལུགས་དང་ཆོས་བརྒྱུད་ཀྱི་ཐད་ནས་བཤད་ནའང་གཅིག་མཚུངས་རེད།
འོན་ཀྱང་ཡ་མཚན་ཞིག་ལ། འགྱུར་བ་ཆེན་པོ་དེའི་བྱུང་རིམ་སྐོར་ལ་དེང་སང་དྲན་གསོ་ཞུ་རྒྱུ་ཕར་བཞག་བགྲོ་གླེང་ཙམ་ཡང་ཡོང་གི་མི་འདུག དངོས་གནས་ཞུས་ན། ད་ལྟ་ང་ཚོས་ལམ་དབུ་མ་དང་རང་བཙན། རང་ཐག་རང་གཅོད་སོགས་གང་འདྲ་ཞིག་གླེང་གི་ཡོད་རུང་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་འགྱུར་བ་ཆེན་པོ་དེའི་བྱུང་རིམ་གཞི་ལ་བཞག་སྟེ་གོ་བསྡུར་མ་བྱས་ན། དངོས་ཡོད་གནས་ཚུལ་བཤད་སྟངས་མ་ཤེས་པ་ཆགས་རྒྱུ་རེད།
བོད་གངས་ཅན་པ་ཡོངས་ཀྱི་ཆོས་དང་རིག་གཞུང་རྒྱལ་གཅེས་ཀྱི་བསམ་བློ་གཅིག་ཏུ་བསྒྲིལ་ཐུབ་པ་དེ་༧རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་ཆེན་པོའི་ཐུགས་རྗེ་འཕྲིན་ལས་ལ་བརྟེན་ནས་བྱུང་བ་ཞིག་ཡིན་ཞིང། མཛད་པ་དེ་ཁོ་ནར་བསམ་ནའང་མགོན་པོ་གང་ཉིད་ནི་༧རྒྱལ་མཆོག་སྐུ་ཕྲེང་རིམ་བྱོན་གྱི་ནང་ནས་བོད་མི་རིགས་ལ་མཛད་རྗེས་དང་བཀའ་དྲིན་ཆེ་ཤོས་དེ་ཆགས་ཀྱི་ཡོད། ཕྱི་ལོ་༡༩༦༠ ལོར་བཙན་བྱོལ་དུ་ཕེབས་པའི་ངའི་ཕ་རྒན་གྱི་མི་རབས་དེ་ཚོས་མནའ་གན་ཆེན་མོ་ཕུལ་ས་ཡང་མགོན་པོ་གང་ཉིད་རེད་ལ། ད་ཆ་མདོ་དབུས་ཁམས་གསུམ་དུ་གནས་པའི་བོད་མིའི་གོང་བུ་གཅིག་སྒྲིལ་གྱི་ནུས་པའི་འབྱུང་ཁུངས་ཀྱང་མགོན་པོ་གང་ཉིད་ལ་དམིགས་པའི་དད་འདུན་དང་ཡིད་ཆེས་གཡོ་བ་མེད་པ་ཁོ་ནའི་ཁྲོད་ནས་འབྱུང་བཞིན་ཡོད་པ་གསལ་པོ་རེད།
ང་རང་སྒེར་གྱི་ལྟ་སྟངས་ཐོག་ནས་ཞུས་ན། བོད་མི་ཚོས་གཅིག་སྒྲིལ་གྱི་དམ་བཅའ་དེ་༧གོང་ས་མཆོག་ལ་ཕུལ་བ་མ་གཏོགས་བོད་མི་ནང་ཁུལ་ཕན་ཚུན་དབར་བཞག་པ་ཞིག་མིན་སྙམ། རྒྱུ་མཚན་དེ་འདྲའི་དབང་གིས་གུས་དང་གུས་འདྲ་བའི་མི་ཉུང་ཤས་ཤིག་ལ་དགའ་ལྡན་ཕོ་བྲང་དང་བོད་མིའི་བསྟན་སྲིད་འཛིན་སྐྱོང་དབར་གྱི་འབྲེལ་བ་མུ་མཐུད་གནས་རྒྱུ་གལ་ཆེན་པོ་ཡིན་པའི་མཐོང་ཚུལ་བྱུང་བ་རེད། གཅིག་བྱས་ན་སེམས་འཚབ་དེ་དག་སྙིང་སྟོབས་ཆུང་དྲགས་པ་དང་ཕུགས་རྒྱང་རིང་པོར་བལྟ་མི་ཐུབ་པའི་སྐྱོན་ཆ་ཡིན་སྲིད་སྙམ་པ་བཅས་ནི་ཞོར་འཕྲོས་ཙམ་ཡིན།
གཉིས་པ། བོད་ཀྱི་གཞོན་ནུ་ལྷན་ཚོགས་བཙུགས་དགོས་པའི་རྒྱུ་མཚན།
ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་འགྱུར་བ་ཆེན་པོ་བྱུང་བ་དེ་ལ་ཡོངས་ཁྱབ་ངང་མི་འདོད་པ་བཤད་མཁན་མེད་ཀྱང་དོགས་པ་རྣམ་རྟོག་བྱེད་མཁན་མེད་པ་མིན། དེ་དག་ནི་ཆོལ་ཁ་དང་ཆོས་ལུགས་ཀྱི་ཞེན་ཁོག་བྱས་པའི་གནས་ཚུལ་ཁོ་ན་མ་རེད། གནས་ཚུལ་ཁ་ཤས་ཐོག་དངོས་ཡོད་གནས་སྟངས་དང་ལོ་རྒྱུས་ཀྱི་ཐོག་ནས་དོགས་པ་ཐེ་ཚོམ་ཡོང་གི་ཡོད། དེ་ལྟར་ཡོང་སྲིད་པ་ཞིག་ཀྱང་རེད། དེ་ཡང་གཙོ་བོ་ང་ཚོའི་ཕ་མའི་སྐབས་ཀྱི་མི་ཐོག་དེ་ཚོ་རེད།
གོང་དུ་ཞུས་པ་བཞིན་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་བོད་མི་ཡོངས་རྫོགས་གཅིག་སྒྲིལ་བྱ་རྒྱུའི་སྐོར་བསམ་ཚུལ་བགྲོ་གླེང་ཤུགས་ཆེ་རུ་འགྲོ་བཞིན་པ་དང་ཕྱོགས་མཚུངས་སྐབས་དེ་དུས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་མང་ཚོགས་ལ་བཀའ་སློབ་ཕེབས་པ་ཚང་མའི་ནང་། སྐབས་སུ་བབས་པའི་བསྒྲུབ་བྱ་གཙོ་བོ་དེ་ནི་བོད་མི་ཚང་མས་ཆོལ་ཁ་ཆོས་ལུགས་དང་ལུང་ཚན་སོགས་ཀྱི་ཕྱོགས་བསྒྲིལ་འཐེན་འཁྱེར་གྱི་བསམ་ཚུལ་འདོར་ནས་མཐུན་སྒྲིལ་དམ་ཟབ་འོག་རྡོག་རྩ་གཅིག་སྒྲིལ་ངེས་པར་དུ་བྱེད་དགོས་ཞེས་བཀའ་སློབ་ཡང་ཡང་གནང་ དགོས་བྱུང་ཡོད།
དེར་བརྟེན་སྐབས་དེ་དུས་ང་ཚོ་གཞོན་ནུ་ཚོའི་རེ་བར་ང་ཚོའི་མི་ཐོག་དང་། ལྷག་པར་དུ་མི་ཐོག་རྗེས་མའི་སྐབས་ལ་དེ་འདྲའི་སྣང་བ་རྣམ་རྟོག་མེད་པ། བོད་མི་གཅིག་གྱུར་གྱི་འདུ་ཤེས་སྲ་བརྟན་ཞིག་ཡོང་ཐབས་སུ་གཞོན་ནུ་ལྷན་ཚོགས་ཀྱི་ལས་འགུལ་སྤེལ་བ་རེད། ཆོལ་ཁ་ཆོས་ལུགས་ཀྱི་འཐེན་འཁྱེར་མེད་པར་བོད་མི་ཡོངས་རྫོགས་དམ་ཚིག་རྡོག་རྩ་གཅིག་སྒྲིལ་བྱ་རྒྱུ་འདི་གཞོན་ནུ་ལྷན་ཚོགས་ཀྱི་རྩ་བའི་དམ་བཅའ་ཡིན་པ་ལྟར། དུས་ད་ལྟ་བར་གཞོན་ནུ་ལྷན་ཚོགས་ཀྱིས་ལངས་ཕྱོགས་འདི་བཟུང་སྟེ་ཞབས་འདེགས་རྒྱུན་མི་ཆད་པ་ཞུས་ཡོད།
དཔེར་ན། གཞོན་ནུ་ལྷན་ཚོགས་ཀྱི་ལས་རྟགས་དང་དར་ཆའི་སྟེང་བོད་ཀྱི་ས་ཁྲ་ཞིག་བྲིས་ཡོད་པ་དེའི་དགོས་པ་རྒྱུ་མཚན་གང་རེད་ཞུས་ན། གོང་ཞུས་ལྟར་ཕྱི་ལོ་༡༩༦༠ རེ་གྲངས་ལོ་ནས་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་འགྱུར་བ་ཆེན་པོ་ཞིག་ཕྱིན་པ་དེར་རྒྱབ་སྐྱོར་མཚོན་བྱེད་དང་། བོད་ཆོལ་ཁ་གསུམ་ཡོངས་རྫོགས་ཚུད་པའི་བོད་མི་གཅིག་གྱུར་གྱི་འདུ་ཤེས་སྲ་བརྟན་ངང་གནས་པའི་ཐོག་དམ་ཚིག་གཡོ་བ་མེད་པར་རྡོག་རྩ་གཅིག་སྒྲིལ་བྱ་རྒྱུའི་དམ་བཅའ་འདི་དྲན་སྐུལ་ཡོང་རྒྱུ་མ་ཟད། དེ་བཞིན་ལས་རྟགས་དང་དར་ཆ་དེ་རང་གི་ཐོག་ནས་གཞོན་ནུའི་དམིགས་ཡུལ་གསལ་པོ་མཚོན་ཐུབ་པ་ཞིག་ཡོང་རྒྱུའི་ཆེད་དུ་རེད།
དེ་དང་དུས་མཚུངས་གཞོན་ནུའི་ལས་འགུལ་སྤེལ་དགོས་པའི་རྒྱུ་མཚན་གལ་གནད་ཆེ་བ་གཞན་ཞིག་ནི། སྐབས་དེ་དུས་བཙན་བྱོལ་བོད་གཞུང་གིས་ཐད་ཀར་འཛིན་སྐྱོང་གནང་བའི་སློབ་གྲྭ་ཁག་ནས་མཐོ་སློབ་ནང་ཞུགས་མཁན་ཇེ་མང་དུ་འགྲོ་བཞིན་པ་ལྟར་དེང་དུས་ཀྱི་ཤེས་ཡོན་ཡོད་པའི་ན་གཞོན་ཚོར་རྒྱལ་གཅེས་ཀྱི་སེམས་ཤུགས་དང་མ་འོངས་པར་ཕུགས་བསམ་ཆེན་པོ་བཅངས་ནས་ཡོད་པ་དེ་དག་གི་ནུས་ཤུགས་ཁ་མ་འཐོར་བ་དང་། ཆུད་ཟོས་སུ་མ་ཕྱིན་པའི་ཐོག་གཞུང་མང་གཉིས་ཀར་ཐུགས་ཕན་གསོས་པ་ཞིག་ཡོང་ཐབས་བྱ་རྒྱུའི་ཆེད་དུའང་དམིགས་པ་ཞིག་རེད།
གཞན་ཡང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་མང་གཙོའི་ལམ་ལུགས་སྲ་བརྟན་གོང་འཕེལ་ཡོང་ཐབས་ལའང་གཞོན་ནུ་ལྷན་ཚོགས་ཀྱིས་དོན་ཕན་ལྡན་པའི་ཞབས་འདེགས་ཞུས་ཡོད་ཅིང་། གཞོན་ནུ་ལྷན་ཚོགས་ཐོག་མར་བཙུགས་པ་ནས་བཟུང་ད་ལྟའི་བར་མང་གཙོའི་ལམ་ལུགས་ཚད་དང་ལྡན་པའི་སྒྲིག་འཛུགས་ཤིག་ཆགས་ཡོད། གཞོན་ནུ་ལྷན་ཚོགས་ནས་མང་གཙོའི་ལག་ལེན་དང་ལྟ་གྲུབ་མུ་མཐུད་རྒྱུན་འཛིན་བྱས་པའི་དབང་གིས་ང་ཚོའི་སྤྱི་ཚོགས་ནང་མང་གཙོའི་གོམས་སྲོལ་འཇགས་ཐབས་སུ་ནུས་པ་ལྡན་པའི་ཕན་ཐོགས་བྱུང་ཡོད།
དེང་སྐབས་འགའ་རེས་མང་གཙོའི་ལམ་ལུགས་ཡང་དག་པ་ཞིག་ཡོང་ཐབས་བྱ་རྒྱུ་འདི་ང་ཚོའི་མཐར་ཐུག་གི་བསྒྲུབ་བྱ་ཡིན་པ་ལྟ་བུའི་བསམ་ཚུལ་བཏོན་གྱི་འདུག ལྟ་ཚུལ་འདི་ནི་ཡང་དག་པ་ཞིག་མ་རེད་སྙམ། བོད་མི་འབུམ་ཕྲག་མང་པོས་རང་གི་གཅེས་པའི་ལུས་སྲོག་བློས་བཏང་གནང་བ་དང་། བོད་མི་འབུམ་བརྒལ་བ་བཙན་བྱོལ་དུ་སྐྱོད་དགོས་བྱུང་བ་མ་ཟད། བོད་མི་ས་ཡ་མང་པོ་ད་དུང་ཡང་བཙན་གནོན་འོག་དཀའ་ངལ་དུ་མ་འཕྲད་ཅིང་སྡུག་བསྔལ་གྱི་རྒྱ་མཚོའི་ནང་གནས་ཡོད།
ལྷག་པར་དུ་བོད་ས་ཡོངས་ནང་ཕྱི་ལོ་༢༠༠༨ ལོ་ནས་བཟུང་དམིགས་བསལ་གྱི་དམ་བསྒྲགས་དང་དཀའ་ངལ་འཕྲད་པར་བརྟེན་ཕྱི་ལོ་༢༠༠༩ ལོ་ནས་གཞིས་བཞུགས་བོད་མི་ཚོས་སྙིང་སྟོབས་ཞུམ་པ་མེད་པར་རང་ལུས་མེར་སྲེག་ལ་སོགས་པ་བྱ་དགོས་བྱུང་བའི་རྒྱུ་མཚན་མཐར་ཐུག་ནས་ཞུས་ན་འཇིག་ལ་ཉེ་བའི་བོད་མིའི་ངོ་བོ་དང་ཁྱད་ཆོས་སྲུང་སྐྱོབ་བྱེད་ཆེད་ལས། མང་གཙོའམ་དམངས་གཙོའི་ཐོབ་ཐང་རྩོད་པའི་ཆེད་དུ་མིན་པ་གསལ་པོ་རེད། འོན་ཀྱང་གོང་ཞུས་ལྟར་བོད་མིའི་གཅིག་སྒྲིལ་གྱི་ནུས་པ་དེ་ཆོལ་ཁ་དང་ཆོས་ལུགས་ སོ་སོའི་འདྲ་མཉམ་གྱི་ཐོབ་ཐང་དང་དབང་ཚད་ལ་བརྩི་བཀུར་བྱེད་པའི་སྒོ་ནས་ཡོང་དགོས་པ་ཡིན་སྟབས། དེ་ཡོང་བར་བྱེད་པའི་ཐབས་ལམ་ཡག་ཤོས་ནི་མང་གཙོའི་ལམ་ལུགས་དེ་ཉིད་ཡིན་པ་བརྗོད་མ་དགོས་པ་རེད།
གསུམ་པ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་རང་བཙན་གྱི་ལངས་ཕྱོགས།
འགའ་རེས་གཞོན་ནུ་ལྷན་ཚོགས་ཀྱི་ལས་འགུལ་དེ་རང་བཙན་གྱི་ལངས་ཕྱོགས་འཛིན་ཆེད་ཁོ་ནའི་དོན་དུ་བཙུགས་པ་ལྟ་བུར་ངོས་འཛིན་བྱེད་ཀྱི་འདུག དེ་ཡང་དོན་དངོས་དང་མཐུན་པ་ཞིག་མ་རེད། གཞོན་ནུ་ལྷན་ཚོགས་ཐོག་མར་གསར་བཙུགས་བྱེད་སྐབས་བོད་མིའི་སྤྱི་ཚོགས་ནང་རང་བཙན་དང་རང་སྐྱོང་གི་ལྟ་བ་འཁྱེར་མཁན་ཟེར་བའི་དབྱེ་བ་དེ་མེད་པ་ཚང་མས་ཤེས་གསལ་རེད། ལམ་དབུ་མའི་དགོངས་བཞེད་འདི་ནི་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་དེའི་རྗེས་སུ་ཡོངས་གྲགས་ངང་འདོན་གནང་མཛད་པ་ཞིག་རེད།
བོད་མི་འབུམ་ལ་ཉེ་བ་ཐོག་མར་བཙན་བྱོལ་དུ་འབྱོར་མཚམས་སུ་སྐབས་བབས་ཀྱི་ཛ་དྲག་གནས་སྟངས་ནི་མི་མང་གི་འཚོ་གོས་ཀྱི་དཀའ་ངལ་སེལ་རྒྱུ་དང་། ན་གཞོན་ཚོའི་ཤེས་ཡོན་སློབ་གསོ། དེ་བཞིན་བོད་མིའི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་། གོམས་སྲོལ་ལ་སོགས་པ་སྲུང་སྐྱོབ་བྱ་ཆེད་གཞིས་ཆགས་དང་སློབ་གྲྭ་ཟུར་འཛུགས་གནང་རྒྱུ། དེ་མཚུངས་དགོན་པ་གྲ་ཚང་བསྐྱར་གསོ་གནང་ཐབས་བཅས་ལ་དམིགས་སུ་བཀར་ནས་འབད་བརྩོན་གཙོ་འདོན་གནང་དགོས་བྱུང་ཡོད།
རྒྱ་ནག་ནང་མཚོན་ན། སྐབས་དེ་དུས་མདུན་མཆོང་ཆེན་པོ་ཟེར་བ་དང་རིག་གནས་གསར་བརྗེ་ཟེར་བའི་ལས་འགུལ་སྤེལ་བའི་སྐབས་འཁེལ་ཡོད་པས། བཙན་བཟུང་བྱས་པའི་བོད་ས་ཚུད་པའི་རྒྱ་ནག་ཁྱོན་ཡོངས་ནང་དུས་ཡུན་གང་ཙམ་རིང་དབང་ཆའི་འཐབ་རྩོད་དང་ཐལ་ཆ་ཆེ་བའི་ལས་འགུལ་རིམ་པ་སྤེལ་བ་ལས་གནས་ལུགས་རྒྱུ་མཚན་དྲངས་ནས་བསམ་ཚུལ་བཤད་ས་མེད་པ་ཀུན་གྱིས་ཤེས་གསལ་རེད།
སྐབས་དེར་བོད་ཀྱི་དཀའ་རྙོག་སེལ་ཐབས་ཀྱི་སྲིད་བྱུས་ངེས་ཅན་ཞིག་གཏན་འབེབས་བྱ་རྒྱུའི་གོ་སྐབས་དང་གནས་སྟངས་བྱུང་མེད་སྟབས། རང་བཙན་བསྐྱར་གསོ་བྱ་རྒྱུའི་དམིགས་ཡུལ་རང་བཞིན་གྱིས་གནས་ཡོད།
དེར་བརྟེན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ལས་འགུལ་སྤེལ་སྐབས་དམིགས་ཡུལ་གྱི་ཁོངས་སུ་རང་བཙན་འཁོད་དགོས་དོན་དེ་ལྟར་ཡིན་པ་ལས། རང་བཙན་གྱི་ལངས་ཕྱོགས་འཛིན་རྒྱུའི་དོན་དུ་གཞོན་ནུ་ལྷན་ཚོགས་ཀྱི་ལས་འགུལ་སྤེལ་བ་དེ་འདྲ་མ་ཡིན་པ་ཚང་མས་གསལ་པོ་མཁྱེན་པ་དགོས་ཀྱི་འདུག
བཞི་པ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་མུ་མཐུད་གནས་གལ་ཆེ་བ།
བོད་ཀྱི་གཞོན་ནུ་ལྷན་ཚོགས་ནི་བཙན་བྱོལ་ནང་ལོ་རྒྱུས་ཡུན་རིང་ལྡན་པའི་སྒྲིག་འཛུགས་ཤིག་ཡིན་པ་མ་ཟད། ད་ལྟ་ཡང་བོད་དོན་བདེན་པའི་འཐབ་རྩོད་ལ་མཁོ་གནས་ཆེ་བའི་སྒྲིག་འཛུགས་གལ་ཆེན་ཞིག་ཡིན་པ་སྨོས་ཅི་དགོས། དེ་འདྲ་སོང་ཙང་བོད་སྤྱིའི་ཁེ་ཕན་གྱི་ཆེད་དུ་སྒྲིག་འཛུགས་འདི་བཞིན་མུ་མཐུད་ཉམས་ཆག་མེད་པར་གནས་དགོས་རྒྱུ་ཧ་ཅང་གི་གལ་ཆེན་པོ་ཡིན།
དེ་ཡང་ལོ་རྒྱུས་ཡུན་རིང་ལྡན་པའི་སྒྲིག་འཛུགས་ཤིག་ཡིན་པའི་ངོ་བོ་ཉམས་ཆག་མེད་པར་རྒྱུན་འཛིན་བྱེད་པར། གཞན་གྱི་བཀོལ་སྤྱོད་དང་གཡམ་རྒྱུག་གི་རྗེས་སུ་འབྲང་པ་མ་ཡིན་པར་རང་ཚུགས་བརྟན་པོར་གནས་ཐུབ་དགོས། ཁྱད་པར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་དང་དབུ་ཁྲིད་འོས་འདེམས་བྱེད་སྐབས་གཞོན་ནུའི་དམིགས་ཡུལ་དང་ལྟ་བ་ལངས་ཕྱོགས་ལ་ཡིད་ཆེས་ཡོད་མཁན་ཞིག་ངེས་པར་དུ་ཡོད་དགོས་པ་དེ་ནི་རྨང་གཞིའི་ཆ་རྐྱེན་འདོར་ཐབས་མེད་པ་ཞིག་རེད། སྐབས་འདིར་གཞོན་ནུ་ལྷན་ཚོགས་ཀྱི་གཏན་འབེབས་ཟིན་པའི་གལ་ཆེའི་དམིགས་ཡུལ་དག་དྲན་གསོའི་ཆེད་ངོ་སྤྲོད་ཞུ་འདོད་བྱུང་བར།
༡། གཞིས་བྱེས་བོད་མི་ཡོངས་ཀྱི་བློ་གཏོད་རེ་ཡུལ་གཅིག་ཉིད་༧གོང་ས་༧སྐྱབས་མགོན་ཆེན་པོའི་དབུ་ཁྲིད་ལམ་སྟོན་ཡང་དག་མུན་སེལ་འོག་ཤར་བསྐྱོད་བྱ་རྒྱུ་གཞི་རྩར་བཟུང་ཐོག་བོད་གཞུང་འབངས་ཀྱི་སྤྱི་དོན་ལ་ལྷག་བསམ་འཁུར་ལེན་རྨང་གཞིར་འཁྱེར་བ།
༢། ལུང་ཚན་དང་། ཆོས་ལུགས། གྲལ་རིམ་སོགས་དབར་འཐེན་འཁྱེར་གྱི་བསམ་བློ་སྤངས་ཏེ་བླང་དོར་འཇུག་ལྡོག་མ་ནོར་བ་དང་འབྲེལ་མང་ཚོགས་ནང་མཛའ་མཐུན་དམ་གཙང་གཅིག་གྱུར་ཡོང་ཐབས་ལྷུར་ལེན་འབད་སྒྲུབ་བྱ་རྒྱུ།
༣། ཆོས་དང་། བོད་ཀྱི་ཐུན་མོང་མ་ཡིན་པའི་ངོ་བོར་མཚོན་ནུས་པའི་རིག་གཞུང་རྒྱ་ཆེ་གཏིང་ཟབ་ཡོད་པ་དེ་དག་མི་ཉམས་རྒྱུན་སྐྱོང་སླད་དང་། རང་ཉིད་ཀྱི་བསམ་སྤྱོད་མིང་དོན་མཚུངས་པའི་བོད་མི་ཞིག་ཏུ་འགྱུར་ཐབས་སུ་གཞོན་ནུ་སོ་སོའི་ངོས་ནས་དོ་སྣང་ཆེན་པོས་སྦྱང་བརྩོན་དང་འབྲེལ་རིག་གཞུང་དང་། གཤིས་སྤྱོད་བཟང་པོ་གཏན་ཉམས་སུ་འགྲོ་གཞིའི་རིགས་ལ་དམིགས་བཀར་དོ་སྣང་གིས་ལེགས་སྤེལ་རྒྱུན་འཛིན་དང་། ཡོངས་ཁྱབ་ཏུ་སྤེལ་ཐབས་བྱ་རྒྱུ།
༤། གཞིས་བྱེས་རྒྱ་ཆེ་བོད་མི་མང་ནས་བོད་རང་བཙན་གྱི་དམིགས་ཡུལ་ངེས་ཅན་ཞིག་བཟུང་སྟེ་དགྲ་བོར་རྒོལ་འཛིངས་ཀྱི་ལས་འགུལ་དཔེ་བསྔགས་ཀྱི་གནས་སུ་ཡོད་པ་དེ་དག་སྒྲུབ་ཆེད་དཀའ་ངལ་དང་ལེན་གྱིས་རང་སྲོག་ཚུན་ལའང་ལྟོས་མེད་ཀྱིས་མདུན་བསྐྱོད་བྱ་རྒྱུ། ཞེས་གཏན་འབེབས་བྱུང་ཡོད།
དེང་སྐབས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ལངས་ཕྱོགས་སྐོར་བགྲོ་གླེང་ཤུགས་ཆེ་འགྲོ་དང་འགྲོ་བཞིན་པ་རེད་འདུག གཞི་རྩའི་ཆ་ནས་ད་བར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་རང་བཙན་གྱི་ལངས་ཕྱོགས་འཛིན་བཞིན་པར་འགྱུར་བ་མེད་ནའང་། དེ་སྔོན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སི་ཏྲས་སྦག་གི་གྲོས་འཆར་གསལ་བསྒྲགས་གནང་རྗེས་ཕྱི་ལོ་༡༩༨༨ ཟླ་༩ ཚེས་༡༧ ཉིན་གཞོན་ནུ་ལྷན་ཚོགས་ཀྱིས་གྲོས་ཆོད་ཅིག་འཇོག་གནང་མཛད་པའི་ནང་། གཞི་རྩའི་ཆ་ནས་གཞོན་ནུ་ལྷན་ཚོགས་ཀྱི་རང་བཙན་གྱི་ལངས་ཕྱོགས་ལ་འགྱུར་བ་མེད་ནའང་བོད་དོན་སྐོར་མཐའ་མའི་ཐག་གཅོད་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ དབུ་ཁྲིད་འོག་ཤར་བསྐྱོད་བྱ་རྒྱུ་ནི་གཞི་རྩར་བཟུང་རྒྱུ་དེ་ཡིན་ཞེས་གསལ་ཡོད།
དེ་འདྲ་སོང་ཙང་གོང་འཁོད་གྲོས་ཆོད་དང་ལྷག་པར་གཞོན་ནུ་ལྷན་ཚོགས་ཀྱི་རྩ་འཛིན་དམིགས་ཡུལ་གྱི་དགོངས་དོན་གཞིར་བཟུང་བོད་བསྟན་སྲིད་དང་མི་རིགས་ཀྱི་དོན་དུ་ཞབས་འདེགས་ཞུས་ན་གཞོན་ནུ་ནང་ཁུལ་བསམ་ཚུལ་མ་མཐུན་མི་ཡོང་རྒྱུར་ཕན་ཐོགས་ཡོད་པ་མ་ཟད། གཞོན་ནུ་ལྷན་ཚོགས་ཀྱི་གལ་འགངས་དང་སྒྲིག་འཛུགས་དེ་མུ་མཐུད་ནུས་ཤུགས་ལྡན་པ་གནས་ཐུབ་རྒྱུར་ཡང་ཕན་ཐོགས་ངེས་པར་ཡོང་རྒྱུ་རེད།
ལྔ་པ། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དབུ་མའི་ལམ་གྱི་དགོངས་བཞེད།
འཛམ་གླིང་གི་ཆབ་སྲིད་འགྱུར་འགྲོས་སྤྱི་དང་། ལྷག་པར་དུ་བོད་དང་རྒྱ་ནག་ནང་གི་གནས་སྟངས་བཅས་ལ་དགོངས་བཞེས་ཀྱིས་བོད་དོན་དཀའ་རྙོག་སེལ་ཐབས་ཀྱི་སྲིད་བྱུས་ལངས་ཕྱོགས་གཏན་འཁེལ་གནང་དགོས་པ་གཟིགས་ཤིང་། གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་འདི་ཐོག་མར་ཕྱི་ལོ་༡༩༧༤ ལོ་ཙམ་ནས་སྐབས་དེའི་བཀའ་ཤག་དང་གྲོས་ཚོགས་ཀྱི་ཚོགས་གཙོ་བགྲེས་གཞོན་བཅས་ལ་ནང་མོལ་གོ་བསྡུར་གནང་ཡོད། དེའི་རྗེས་རྒྱ་ཆེའི་མང་ཚོགས་ཁྲོད་མང་གཙོའི་ལམ་ལུགས་དང་མཐུན་པའི་ཐོག་ནས་གོ་བསྡུར་བགྲོ་གླེང་རིམ་པ་གནང་བའི་མཐར། གཞུང་གིས་གཏན་ལ་ཕབ་པའི་སྲིད་བྱུས་ཤིག་ཆགས་པ་མ་ཟད། རྒྱལ་སྤྱིའི་ནང་དྲིལ་བསྒྲགས་དང་རྒྱབ་སྐྱོར་ཤུགས་ཆེ་ཐོབ་ཐུབ་པ་བྱུང་ཡོད།
རང་ཉིད་ནི་ལམ་དབུ་མར་རྒྱབ་སྐྱོར་ཞུ་མཁན་ཞིག་ཡིན། དེ་ཡང་རྨོངས་དད་བྱས་པ་རྩ་བ་ནས་མིན། རང་ཉིད་ཀྱི་ངོས་ནས་བརྟག་དཔྱད་དང་བསམ་ཞིབ་རྒྱུན་རིང་བྱས་པའི་ཐོག་ལས་དོན་དངོས་ཀྱི་ནང་ཉམས་མྱོང་བསགས་ཤིང་། འཛམ་གླིང་སྤྱི་ཡོངས་ཀྱི་བསམ་བློ་གཏོང་སྟངས་གང་འདྲ་ཡོད་མེད་དང་། ལྷག་པར་དུ་བོད་མི་སྤྱི་ལ་ཁེ་ཕན་གང་འདྲ་ཡོད་མེད་སོགས་ཚང་མ་གཞི་ལ་བཞག་ནས་རིགས་པའི་རྗེས་འབྲང་བྱས་ཏེ་རྒྱུ་མཚན་ངེས་པ་རྙེད་པའི་སྒོ་ནས་རྒྱབ་སྐྱོར་ཞུས་པ་ཡིན།
དབུ་མའི་ལམ་འདི་བཞིན་བོད་མིའི་གོང་བུ་གཅིག་གྱུར་གྱི་ནུས་པ་མ་བརླག་པའི་ཐོག་བོད་ཀྱི་ཐུན་མོང་མ་ཡིན་པའི་ངོ་བོ་སྲུང་སྐྱོབ་ཡོང་ཆེད་རྨད་དུ་བྱུང་པའི་རླབས་ཆེན་གྱི་དགོངས་པ་ཞིག་ཏུ་མཐོང་སྟེ་ག་དུས་ཡིན་ནའང་དེའི་དགེ་མཚན་ཤེས་པའི་སྒོ་ནས་ཡིད་སྨོན་དང་གུས་བཀུར་ཞུ་ཡི་ཡོད། ༧རྒྱལ་བ་རིན་པོ་ཆེའི་བཀའ་ཡིན་པའི་རྒྱུ་མཚན་གྱིས་དབུ་མའི་ལམ་ཐོག་སྐྱོད་དགོས་པ་༧རྒྱལ་བ་རིན་པོ་ཆེས་དུས་ནམ་ཡང་གསུངས་ཀྱི་མེད་ལ། ང་ཚོ་རྒྱབ་སྐྱོར་ཞུ་མཁན་ཚོས་ཀྱང་དེ་ལྟར་བརྗོད་མྱོང་མེད།
འོན་ཀྱང་རང་བཙན་རྩོད་མཁན་ཡིན་ཟེར་མཁན་ཉུང་ཤས་ཤིག་གིས་ད་ཡིན་ན་བཅད་སོང་། བཙོངས་སོང་། བབས་སོང་ཞེས་སོགས་བརྗོད་པ་དང་། སྐབས་རེ་ཐད་ཀར་༧སྐྱབས་མགོན་རིན་པོ་ཆེའི་མཚན་རང་འབོད་ཀྱི་འདུག བབས་སོང་ཟེར་ནས་བརྗོད་དུས་བོད་རང་བཙན་སྐོར་སྐད་ཆ་སྟོང་པ་མང་པོ་ཞིག་བཤད་པ་མ་གཏོགས་དོན་དུ་སོ་སོའི་རྒྱལ་ཁབ་དང་མི་རིགས་ཀྱི་ལོ་ངོ་སྟོང་ཕྲག་རིང་གི་ལོ་རྒྱུས་ཕར་བཞག་འདས་པའི་ལོ་ངོ་བརྒྱ་ཕྲག་ཙམ་ནང་བྱུང་བའི་ལོ་རྒྱུས་ཀྱང་གསལ་པོ་མ་ཤེས་པ་དང་། ཡང་ན་དོ་སྣང་མ་བྱས་པ་གསལ་པོ་མཐོང་ཐུབ་ཀྱི་འདུག
༧རྒྱལ་བ་རིན་པོ་ཆེ་དགུང་ལོ་བཅུ་དྲུག་ལ་ཕེབས་སྐབས་རྒྱལ་ཚབ་སྲིད་སྐྱོང་སྟག་བྲག་རིན་པོ་ཆེའི་ཕྱག་ནས་ཆོས་སྲིད་གཉིས་ཀྱི་ཐུགས་འགན་བཞེས་པ་གནང་ཡོད། དེའི་སྐོར་གཞུང་འབྲེལ་ཡིག་ཆ་ཁག་ནང་རྒྱལ་སྲིད་ཆོས་སྲིད་ཀྱི་ཐུགས་འགན་བཞེས་པ་རེད་ཅེས་གྲ་རྒྱས་པོ་དང་གཟི་བརྗིད་ཆེ་མདོག་ཁ་པོ། སྐུ་དབང་ཆེན་པོ་ཞེ་པོ་གཅིག་ཕུལ་བ་ལྟ་བུ་ཡོད། འོན་ཀྱང་དྲང་པོ་ཞུས་ན། སྐབས་དེ་དུས་གནས་སྟངས་ཧ་ཅང་ཐབས་སྡུག་ཆགས་ཏེ་ཕྱོགས་གང་ས་ནས་འབ་སུ་བསྡུ་མི་ཐུབ་པའི་གནས་སྟངས་ཛ་དྲག་བྱུང་བའི་སྐབས་རྒྱལ་སྲིད་ཆོས་སྲིད་ཀྱི་ཐུགས་འགན་བཞེས་གནང་ཡོང་བའི་གསོལ་འདེབས་མ་ཞུ་མཐུ་མེད་བྱུང་བ་རེད།
དེའི་སྐབས་དམངས་ཁྲོད་དུ།
“རྒྱལ་ཁབ་རྩབ་རལ་དགུ་རལ།།
རྒྱལ་བའི་ཕྱག་ལ་ཕུལ་སོང་།།”
ཟེར་ནས་བཤད་སྲོལ་བྱུང་བ་དེ་བདེན་པ་ལྟ་བུ་རེད། གང་ལྟར་དྲང་པོ་ཞུས་ན། བཅད་སོང་། བཙོངས་སོང་ཟེར་མཁན་ཚོར་ཞུ་རྒྱུར། ད་ཆ་གང་ཞིག་བཅད་འདུག གང་འདྲ་ཞིག་བཙོངས་སོང་། དེ་དག་སྔོན་མ་ནས་བཅད་ཚར་བ་དང་བཙོངས་ཟིན་པའི་གནས་སྟངས་ཤིག་རེད།
ལམ་དབུ་མ་ལ་མཚོན་ན། དེའི་སྙིང་དོན་ཧ་ཅང་གསལ་པོ་རེད་ལ་མནའ་གན་མཐུ་མོ་ཆེ་ཕུལ་བའི་འབྲུ་དོན་ལྟར། བོད་ཆོལ་ཁ་གསུམ་ནང་གནས་པའི་བོད་མི་ཐམས་ཅད་གོང་བུ་གཅིག་གྱུར་ངང་གནས་ཐུབ་པ་དང་། མིང་དོན་མཚུངས་པའི་རང་སྐྱོང་ནང་ཐུན་མོང་མ་ཡིན་པའི་ངོ་བོ་དང་ཁྱད་ཆོས་སྲུང་སྐྱོབ་ཡོང་བའི་ཐོག་དར་སྤེལ་ཡུན་གནས་ཐུབ་ཐབས་བྱ་རྒྱུ་ནི་དམིགས་འདུན་གཙོ་བོ་ཡིན།
རྒྱལ་རབས་དང་རྒྱལ་སྤྱིའི་ཁྲིམས་སོགས་མང་པོ་ཞིག་གི་ཐོག་བསམ་བློ་བཏང་སྟེ་ལངས་ཕྱོགས་གང་འདྲ་ཞིག་གཏན་འབེབས་བྱས་ན་ཡང་། ཐོག་མར་ལངས་ཕྱོགས་དེ་ལ་བོད་མི་མང་ཆེ་བས་འདོད་མོས་ཡོད་དང་མེད། དེ་ནས་དེར་རྒྱལ་སྤྱིའི་ནང་རྒྱབ་སྐྱོབ་ཐོབ་ཐུབ་མིན། འཆར་གཞི་དེ་ལམ་ལྷོང་ཡོང་མིན། མཐའ་མ་རྒྱ་ནག་གཞུང་ལ་གདོང་དང་གདོང་ཐུག་ནས་སྐད་ཆ་བཤད་པའི་སྐབས་རྒྱུ་མཚན་ལྡན་པའི་ཐོག་ནས་བདེན་པ་དག་འབུད་ཐུབ་པ་བྱ་རྒྱུ་བཅས་ཀྱི་གཞི་རྩའི་གནད་དོན་ཁག་ལ་བསམ་གཞིགས་གནང་དགོས།
དེར་བརྟེན་དབུ་མའི་ལམ་ལ་རྒྱལ་སྤྱིའི་ཐོག་ནས་རྒྱབ་སྐྱོར་གྱི་གནས་སྟངས་གང་འདྲ་ཡོད་པ་ང་ཚོ་ཚང་མས་གང་ཙམ་ཤེས་ཀྱི་ཡོད། ང་རང་ཡང་ལས་དོན་དངོས་ཀྱི་ཐོག་འགན་ཁུར་མྱོང་མཁན་ཞིག་ཡིན། རྒྱལ་སྤྱིའི་ཐོག་གི་གཞུང་དང་གྲོས་ཚོགས། དེ་བཞིན་ཆབ་སྲིད་ཀྱི་ནུས་པ་ལྡན་པའི་གང་ཟག་མང་པོ་ཞིག་གིས་གནས་ལུགས་རྒྱུ་མཚན་མཐོང་བའི་སྒོ་ནས་རྒྱབ་སྐྱོར་བྱས་པ་མ་ཟད། ལས་དོན་འདི་བཞིན་དོན་འབྲས་སོན་པ་ཡོང་ཆེད་ཐད་ཀར་ལས་དོན་ནང་མཉམ་ཞུགས་ཀྱང་གནང་གི་ཡོད།
དཔེར་ན། ཨ་རིའི་གཞུང་ལྟ་བུར་མཚོན་ན། ལོ་མང་སྔོན་ནས་བོད་རྒྱའི་དཀའ་ངལ་སེལ་ཆེད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་འདོན་གནང་མཛད་པའི་ཐབས་ལམ་དེར་རྒྱབ་སྐྱོར་ཡོད་པ་མ་ཟད། ལྷག་པར་དུ་ཕྱི་ལོ་༢༠༡༡ ལོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་ཨ་རིའི་སྲིད་འཛིན་ཨོ་བྷ་མ་རྣམ་གཉིས་མཇལ་འཕྲད་གནང་རྗེས་ཨ་རིའི་ཕོ་བྲང་དཀར་པོ་ནས་གཞུང་འབྲེལ་གསལ་བསྒྲགས་སྤེལ་བའི་ནང་དབུ་མའི་ལམ་དངོས་སུ་གསལ་སྟོན་གནང་སྟེ་ཆེས་བསྟོད་དང་རྒྱབ་སྐྱོར་ཡོད་པའི་གནས་ཚུལ་ཁ་གསལ་བཀོད་ཡོད།
འགའ་རེས་རྒྱ་ནག་གཞུང་གིས་ད་ལྟ་བར་ང་ཚོའི་རང་སྐྱོང་གི་དགོས་འདུན་ལ་ངོས་ལེན་བྱས་མེད་སྟབས་དབུ་མའི་ཐབས་ལམ་དེ་ཁུངས་འཁྱོལ་མ་སོང་ཟེར་གྱི་ཡོད། རྒྱ་ནག་གཞུང་དང་མཉམ་དུ་འབྲེལ་བ་བྱེད་སྐབས་ལོ་དང་ཟླ་བ་ཁ་ཤས་ནང་གྲུབ་འབྲས་ཐོན་གྱི་རེད་སྙམ་པ་སུ་ལའང་མེད། དེ་ལྟར་བསམ་མཁན་ཡོད་ན་ཆབ་སྲིད་ཀྱི་དངོས་ཡོད་གནས་ཚུལ་མ་རྟོགས་པ་རང་རེད། བོད་རྒྱའི་དཀའ་རྙོག་ནི་ལོ་ངོ་བརྒྱ་ཕྲག་ཁ་ཤས་ནས་བརྒྱུད་པའི་ལོ་རྒྱུས་ཀྱི་གནད་དོན་རྙོག་འཛིང་ཆེ་ལ་ནང་དོན་གཏིང་ཟབ་ལྡན་པ་ཞིག་རེད།
ལར་ནས་ད་བར་རྒྱ་ནག་གཞུང་གིས་རིགས་པ་དང་རྒྱུ་མཚན་དྲངས་ཏེ་དབུ་མའི་ལམ་ལ་དགག་པ་རྒྱག་མི་ཐུབ་པར་བརྟེན་ཧམ་བཤད་དང་། ཞྭ་མོ་ནག་པོ་གཡོག་ཐབས་བྱེད་ཀྱི་ཡོད། རྒྱ་གཞུང་གིས་དབུ་མའི་ལམ་ལ་དགག་པ་བརྒྱབ་པ་དེ་དག་ལ་རྒྱལ་སྤྱིའི་ཐོག་ནས་རྒྱུ་མཚན་འདུག་ཅེས་བརྗོད་མཁན་སུ་ཞིག་ཀྱང་མི་འདུག དེ་དང་དུས་མཚུངས་རྒྱ་རིགས་མང་ཚོགས་ཀྱི་ཁྲོད་དང་། ལྷག་པར་དུ་བོད་ཀྱི་དངོས་ཡོད་གནས་ཚུལ་ཤེས་མཁན་རྒྱ་རིགས་མཁས་དབང་དང་མི་རབས་གཞོན་པ་ཚོའི་ཁྲོད་བོད་མིའི་བདེན་དོན་ལ་ཤ་ཚ་རྒྱབ་སྐྱོར་བྱེད་མཁན་ཇེ་མང་ངུ་འགྲོ་བཞིན་པ་ཤེས་གསལ་རེད།
ངས་རང་བཙན་གྱི་ལྟ་བ་འཁྱེར་མཁན་ཚོར་སྐྱོན་བརྗོད་ཞུ་ཡི་མེད། མང་ཆེ་བ་ནི་དངོས་གནས་དྲང་གནས་སེམས་ཤུགས་ཡོད་པ་མ་ཟད། སྤྱི་དོན་གཉེར་མཁན་གཅིག་མཚུངས་རེད། ༧རྒྱལ་བ་རིན་པོ་ཆེར་དད་གུས་མ་གཏོགས་ཁ་གཏད་ལངས་ཀྱི་མེད། རང་ཉིད་ལམ་དབུ་མར་རྒྱབ་སྐྱོར་ཞུ་མཁན་ཡིན་ཁུལ་བྱས་ཏེ་རང་བཙན་རྩོད་མཁན་ཡོངས་ལ་ཞྭ་མོ་ནག་པོ་གཡོག་ན། དེ་ནི་དངོས་ཡོད་གནས་ཚུལ་དང་མི་མཐུན་པ་མ་ཟད། མང་གཙོའི་ལམ་ལུགས་དང་འགལ་ཞིང་། ཡ་རབས་སྤྱོད་བཟང་དང་མི་མཐུན་པ། ལས་རྒྱུ་འབྲས་ལའང་རྩིས་མེད་བཏང་བ་ཆགས་ཀྱི་རེད།
རང་བཙན་རྩོད་ཀྱི་ཡོད་ཟེར་མཁན་ཚོས་ཆོལ་གསུམ་བོད་མི་ཡོངས་རྫོགས་ཀྱི་ཁེ་ཕན་གཞི་ལ་བཞག་སྟེ་རྩོད་ཀྱིན་ཡོད་བཞག་རེད། བཀའ་མོལ་གནང་སྟངས་ལ་བལྟས་ན་ཕལ་ཆེར་དེ་ལྟར་ཡིན་པའི་རྣམ་པ་སྟོན་གྱི་འདུག དེ་འདྲ་སོང་ཙང་དམིགས་ཡུལ་དེ་དག་སྒྲུབ་ཐབས་སུ་རྒྱལ་སྤྱིའི་ཐོག་ནས་རྒྱབ་སྐྱོར་ཐོབ་པའི་རེ་བ་གང་འདྲ་འདུག སུ་ལ་གོ་བསྡུར་གནང་མྱོང་། གནས་ལུགས་རྒྱུ་མཚན་གང་དང་གང་དྲངས་པ་དེ་ཚོ་འགྲེལ་བཤད་གསལ་པོ་བྱེད་མཁན་ཞིག་དུས་ད་ལྟ་བར་མཐོང་ཐོས་མ་བྱུང་། གལ་ཏེ་ཡོད་ཚེ་དགོངས་དག་ཞུ་རྒྱུ་ཡིན། དེ་གནད་འགག་ཧ་ཅང་ཆེན་པོ་རེད།
དཔེར་ན། ཁག་གཅིག་ནས་སྔར་དགའ་ལྡན་ཕོ་བྲང་གཞུང་གིས་ཐད་ཀར་བསྐྱངས་པའི་བོད་ཀྱི་ས་ཁུལ་ཏེ། དེང་སང་གི་བོད་རང་སྐྱོང་ལྗོངས་ཟེར་བ་དེ་རྩོད་ན་རྒྱུ་མཚན་ཡོད། ཁྲིམས་ཀྱི་ཐོག་ནས་ཡིན་ནའང་འདྲ། ལོ་རྒྱུས་ཐོག་ནས་ཡིན་ནའང་འདྲ། རྩོད་ས་ཡོད་རེད་ཟེར་བ་དེ་འདྲ་བསམ་གྱི་ཡོད་ན། དེ་གསལ་པོ་བཤད་དགོས། དེ་ལྟར་བཤད་མ་ཆོག་པའི་གནས་ཚུལ་གང་ཡང་མ་རེད། དེ་འདྲ་བཤད་པ་ཙམ་གྱིས་བོད་ས་གཅིག་སྒྲིལ་དང་བོད་རིགས་མཉམ་གནས་ལ་མི་འདོད་པ་བྱེད་མཁན་ཡིན་པས་ཁྱབ་ཀྱི་མ་རེད།
ད་ལྟའི་ཆར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དབུ་ཁྲིད་ལམ་སྟོན་ལ་བརྟེན་ནས་བོད་མི་ཡོངས་རྫོགས་གཅིག་གྱུར་ངང་གནས་ཐུབ་པ་དང་མང་ཚོགས་ནང་ བོད་རིགས་གཅིག་གྱུར་གྱི་ལངས་ཕྱོགས་དང་ལྟ་བ་བྱུང་བ་རེད་མ་གཏོགས་གཅིག་ལ་ཁེ་དང་གཞན་དེར་གྱོང་ཕོག་པ་ལྟ་བུའི་ཐོབ་ཤོར་གྱི་གནས་ཚུལ་མིན། འགའ་རེས་བོད་རང་སྐྱོང་ལྗོངས་ཟེར་བ་དེ་ཚད་མཐོ་པོ་ཡིན་པ་དང་བོད་པའི་ས་ཁུལ་གཞན་རྣམས་དེའི་ཁོངས་སུ་ཚུད་ཨེ་ཐུབ་ལྟ་ཡི་ཡོད་པའི་བཟོ་འདྲ་བསམ་གྱི་འདུག དེ་འདྲ་མ་རེད། བོད་པའི་ས་ཁུལ་གཞན་མང་ཆེ་བར་ཡང་མིང་ཙམ་གྱི་རང་སྐྱོང་འདྲ་མཚུངས་བཟོས་ཡོད་པ་མ་ཟད། ས་བབས་དང་ལས་བྱེད་པའི་ཤེས་འཇོན། འཛིན་སྐྱོང་བྱེད་སྟངས་སོགས་ཀྱི་རྐྱེན་པས་དེ་ཚོ་མང་ཆེ་བའི་ནང་བོད་རང་སྐྱོང་ལྗོངས་ཟེར་བ་ལས་གནས་སྟངས་བཟང་བ་འདུག
དེ་སྔ་དགའ་ལྡན་ཕོ་བྲང་གཞུང་གིས་ཐད་ཀར་བསྐྱངས་པའི་བོད་ཀྱི་ས་མཚམས་ཀྱི་གནས་སྟངས་དེ་ང་ཚོའི་སེམས་ནང་བཟོས་བཞག་པ་ནང་བཞིན་ཡོད་མ་རེད། འགའ་རེས་ཕྱི་ལོ་༡༩༤༠ ཞེ་གྲངས་གོང་བོད་ཆོལ་ཁ་གསུམ་ཡོངས་རྫོགས་གོང་བུ་གཅིག་གྱུར་ངང་རང་བཙན་རྒྱལ་ཁབ་ཅིག་ཡིན་པའི་བཟོ་འདྲ་བསམ་བློའི་ནང་འཁོར་གྱི་ཡོད། ང་ཚོར་རྒྱབ་སྐྱོར་བྱེད་མཁན་མི་མང་པོའི་སེམས་ལ་ཡང་དེ་ལྟར་ཡིན་ཚུལ་གོམས་ཡོད།
འོན་ཀྱང་དངོས་ཡོད་གནས་ཚུལ་དེ་འདྲ་རང་མ་རེད། གོང་ཞུས་ལྟར་ང་ཚོའི་སྐྱོན་ཆ་ཆེ་ཤོས་དེ་ལོ་རྒྱུས་ལ་དོ་སྣང་མ་བྱས་པར། སོ་སོའི་སྣང་བ་དག་སྟེ་སྙིང་རྗེ་པོ་དང་སེམས་པ་སྐྱིད་པོ་འདྲ་ཡོང་བ་བཟོ་ཡི་ཡོད། དེ་རང་གཞི་ལ་བཞག་སྟེ་ཕྱིན་ན་དོན་ཐོག་ཏུ་ཁུངས་འཁྱོལ་དཀའ་བ་ཞིག་རེད། ནམ་ཞིག་རྒྱལ་སྤྱིའི་ཁྲོད་ཐོན་ནས་འབད་བརྩོན་བྱ་དགོས་ལ། རྒྱ་གུང་བྲན་དང་མཉམ་དུ་གདོང་ཐུག་ནས་འབད་བརྩོན་བྱ་དགོས་ཀྱི་ཡོད་སྟབས། གནད་འགག་ཆེ་ཤོས་འདི་མཐའ་མ་གང་ལྟར་བོད་རྒྱ་ཆེའི་མི་མང་ལ་གང་ཡིན་ནའང་ཁ་གསལ་གཅིག་བསྟན་རྒྱུ་ཡོད་དགོས་པ་ལས་མི་འདྲ་བ་ཞིག་ཡོད་མདོག་མདོག་གི་ཟོམ་འཇོགས་སུ་བཞག་ན་འགན་བློས་བཟོད་ཀྱི་མ་རེད།
དཔེར་ན། རང་བཙན་རྩོད་མཁན་འགའ་རེའི་བཤད་ཚུལ་འདི་འདྲ་ཞིག་དེ་སྔ་ངས་ཐོས་མྱོང་ཡོད་པ་སྟེ། ང་ཚོས་ཅིའི་ཕྱིར་རང་བཙན་རྩོད་ཀྱི་མེད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བོད་དོན་སྐོར་གྲོས་ཆོད་ཐེངས་གསུམ་བཞག་པའི་ནང་རང་ཐག་རང་གཅོད་བཀོད་ཡོད་ཅེས་བརྗོད་ཀྱི་འདུག གྲོས་ཆོད་གསུམ་ཡོད་པ་དེ་བདེན་པ་རེད། ལྷག་པར་དུ་གྲོས་ཆོད་གཉིས་པའི་ནང་རང་ཐག་རང་གཅོད་སྐོར་བཤད་ཡོད་པའང་དངོས་ཡོད་རེད། འོན་ཀྱང་གྲོས་ཆོད་དེ་གཞི་ལ་བཞག་ནས་རང་བཙན་སྐོར་གླེང་སྐབས་བསམ་བློའི་ནང་དོགས་པ་ཐེ་ཚོམ་ཡོང་གི་འདུག གཅིག་ནས་ལོ་རྒྱུས་ཀྱི་ས་མཚམས་ཤེས་ཀྱི་ཡོད་མེད། གཉིས་ནས་དེ་ལྟར་བཤད་པའི་སྐབས་སུ་ཕལ་ཆེར་རྩོད་གཞིའི་དམིགས་ཡུལ་ཏོག་ཙམ་མ་འདྲ་བ་ཞིག་མིན་ནམ་སྙམ་པ་ཡོང་གི་འདུག
གང་ཡིན་ཞེ་ན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲོས་ཆོད་ནང་གསལ་བའི་བོད་དེ་ད་ལྟ་ང་ཚོའི་དམིགས་ཡུལ་དུ་ཡོད་པའི་བོད་དང་གཅིག་མཚུངས་མ་རེད། དེ་ནི་རྒྱ་དམར་གྱིས་བཙན་འཛུལ་མ་བྱས་གོང་གི་དགའ་ལྡན་ཕོ་བྲང་གཞུང་གིས་འཛིན་ སྐྱོང་བྱས་པའི་བོད་དེ་རེད། ས་ཁྱོན་གྱི་ཆ་ནས་ཀྱང་ད་ལྟའི་བོད་རང་སྐྱོང་ལྗོངས་ཟེར་བ་དེ་ཙམ་རེད། རྒྱུ་མཚན་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲོས་ཆོད་དེ་སྐབས་དེའི་བོད་གཞུང་གི་དབུ་ཁྲིད་རྣམ་པས་འབོད་སྐུལ་ཞུས་པའི་འབད་བརྩོན་ལ་བརྟེན་ནས་བྱུང་བ་རེད་མ་གཏོགས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ངོས་ནས་རང་འགུལ་གྱིས་བཞག་པ་གང་ཡང་མ་རེད།
སྐབས་དེ་དུས་བོད་ཀྱི་བདེ་སྡུག་ཞུ་མཁན་ཚོའི་ངོས་ནས་ད་ལྟ་ང་ཚོའི་རེ་འདུན་ནང་ཡོད་པའི་བོད་དེ་བཤད་ཀྱི་ཡོད་མ་རེད། དཔེར་ན། སྐབས་དེར་བོད་གཞུང་གིས་ཀ་སྦུག་ཞྭ་སྒབ་པའི་གཟིམ་ཤག་ནས་ཕྱི་ལོ་ ༡༩༥༠ ལོའི་ཟླ་༡༡ ཚེས་༧ ཉིན་མཉམ་འབྲེལ་རྒྱལ་ཚོགས་ལ་ཕུལ་བའི་ཞུ་ཡིག་ནང་འདི་ལྟར་བཀོད་པ་སྟེ། “རྒྱ་མིའི་དཔུང་དམག་རྣམས་ནས་ས་གནས་ཁག་མང་ནས་འབྲི་ཆུ་བརྒལ་བགྲོད་བྱས་ཤིང་། འབྲི་ཆུ་ནི་དུས་ཡུན་གང་འཚམས་རིང་རྒྱ་བོད་ཀྱི་ས་མཚམས་ཡིན།” ཞེས་གསལ་པོ་བྲིས་ཡོད། དེ་དུས་བོད་གཞུང་གི་ངོས་ནས་སྐབས་དེའི་དགའ་ལྡན་ཕོ་བྲང་གཞུང་གི་ཆབ་སྲིད་ཀྱི་དབང་འོག་ཏུ་གནས་པའི་བོད་ཙམ་མ་གཏོགས་ད་ལྟ་ང་ཚོས་བསམ་བཞིན་པའི་བོད་དེ་བཤད་ཀྱི་མེད། དེ་ཡང་ཆེད་དུ་གཉེར་ནས་དབྱེ་འབྱེད་བྱས་པ་ཞིག་མ་རེད། སྐབས་དེ་དུས་ཆབ་སྲིད་ཀྱི་དངོས་ཡོད་གནས་སྟངས་དེ་འདྲ་རང་ཆགས་ཡོད།
ད་དུང་འགའ་རེས་བོད་དེ་རྒྱལ་སྤྱིའི་ནང་ཚད་ལྡན་གྱི་རང་བཙན་རྒྱལ་ཁབ་ཅིག་ལ་ངོས་ལེན་ཡོད་བཞིན་པ་དེ་མེད་པ་བཟོས་སོང་ཟེར་ནས་བརྗོད་ཀྱི་ཡོད། རྒྱལ་སྤྱིའི་ཁྲིམས་ལ་མཁས་པའི་མི་སྣ་ཁག་གཅིག་དང་ང་ཚོར་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་དེ་ཚོས་ཀྱང་བོད་འདི་རྒྱལ་སྤྱིའི་ཁྲིམས་དང་མཐུན་པའི་རྩོད་མེད་ཀྱི་རང་བཙན་ཚད་ལྡན་(Sovereign State) གྱི་རྒྱལ་ཁབ་ཅིག་ཡིན་པའི་ངོ་སྤྲོད་གཙང་མ་ཞིག་བྱེད་ཐུབ་མེད། འོན་ཀྱང་༧རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པས་ཕྱི་ལོ་༡༩༡༣ ལོར་རང་བཙན་བསྐྱར་ནན་གྱི་གསལ་བསྒྲགས་གནང་བ་ནས་ཕྱི་ལོ་༡༩༥༡ ལོར་གྲོས་མཐུན་དོན་ཚན་ ༡༧ ཟེར་བ་མ་བཞག་བར་དུ་ལོ་ངོ་བཞི་བཅུ་ཙམ་རིང་བོད་འདི་དོན་དངོས་ཐོག་རང་བཙན་གྱི་ངོ་བོ་དང་ལྡན་པ་(de-facto independence) ཞིག་རེད་འདུག་ཅེས་ངོས་ལེན་བྱེད་ཀྱི་ཡོད།
དེའི་གོ་དོན་གང་རེད་ཅེ་ན། མཉམ་འབྲེལ་རྒྱལ་ཚོགས་དང་། ཐ་ན་ཁྱིམ་མཚེས་རྒྱལ་ཁབ་སུ་ལའང་རྒྱལ་ཁབ་དང་རྒྱལ་ཁབ་ཀྱི་འབྲེལ་བ་ཁ་གསལ་བཙུགས་མ་ཐུབ་ཀྱང་རྒྱལ་ཁབ་སུ་གང་གི་འོག་ལ་ཡང་མ་ཡིན་པར་སོ་སོའི་ཐག་གཅོད་ཚང་མ་སོ་སོས་བྱས་འདུག་ཅེས་བརྗོད་ཀྱི་ཡོད། དེར་བརྟེན་བོད་འདི་དོན་དངོས་ཐོག་རང་བཙན་གྱི་ངོ་བོ་དང་ལྡན་པ་ཞིག་ཡིན་པ་ངོས་ ལེན་བྱས་ཡོད། དེ་ལྟར་དོན་དངོས་ཐོག་རང་བཙན་(de-facto independence) རེད་འདུག་ཟེར་བ་དེ་ཡང་ས་ཁྱོན་གྱི་ཆ་ནས་ད་ལྟ་གོང་ཞུས་བཞིན་སྔར་བོད་གཞུང་གི་ཐད་ཀར་འཛིན་སྐྱོང་འོག་ཏུ་ཡོད་པའི་བོད་ཀྱི་ས་ཁུལ་ཁོ་ན་ལ་བརྗོད་ཀྱི་ཡོད།
དེར་བརྟེན་དེ་འདྲའི་རྒྱུ་མཚན་གཞི་ལ་བཞག་ནས་རང་བཙན་རྩོད་དགོས་རེད་གསུངས་དུས་ཕལ་ཆེར་སྔོན་མ་དགའ་ལྡན་ཕོ་བྲང་གཞུང་གིས་འཛིན་སྐྱོང་བྱས་པའི་བོད་དེའི་སྐོར་ཁོ་ན་བཤད་ཀྱི་མེད་དམ་སྙམ་པའི་དོགས་པ་ཡོང་ཆོག་པ་རེད།
དྲུག་པ། མཇུག་སྡོམ།
རང་དབང་དང་མང་གཙོའི་སྤྱི་ཚོགས་ནང་བགྲོ་གླེང་བྱ་ཆོག་པ་མ་ཟད། བགྲོ་གླེང་ངེས་པར་དུ་ཡོད་དགོས་པ་ཞིག་ཀྱང་རེད། དཔེར་ན། ད་ལྟའི་ཆར་བོད་མིའི་སྤྱི་ཚོགས་ནང་རང་བཙན་དང་ལམ་དབུ་མའི་ལངས་ཕྱོགས་དབར་བགྲོ་གླེང་ཡོང་བཞིན་པ་རེད། གཞི་རྩའི་ཆ་ནས་ཞུས་ན། ཚང་མས་ངར་ངར་ཤུགས་ཤུགས་བྱས་ཏེ་རྩོམ་ཡིག་བྲིས་པ་དང་། རྒྱུ་མཚན་བཀོད་པའི་ཐོག་ནས་རྩོད་པ་བརྒྱབ་པ་དང་བསམ་འཆར་སྤེལ་རེས་བྱེད་ཀྱི་ཡོད། བོད་བསྟན་པ་ཆབ་སྲིད་ཀྱི་འགན་དབང་བོད་མི་མང་གིས་ཁུར་དགོས་ཀྱི་ཡོད་སྟབས་དེ་ལྟར་མ་བྱས་ན་འགྲིག་ཐབས་ག་ལ་ཡོད།
འོན་ཀྱང་གོ་བསྡུར་སྦྱང་བཤད་བྱེད་སྐབས་ལུགས་དང་མཐུན་ཞིང་། ལོ་རྒྱུས་ཁུངས་ལུང་ལྡན་པ། ཡ་རབས་སྤྱོད་བཟང་དགོས་ཀྱི་ཡོད་ལ། ལྷག་པར་དུ་བོད་མི་རིགས་ཀྱི་ལ་རྒྱ་གཅེས་འཛིན་གྱི་ཐོག་ནས་བྱ་ཐུབ་ན་བསམ་པའི་ རེ་བ་བྱེད་བཞིན་ཡོད། འགན་ཁུར་གྱི་བསམ་བློ་ཏིལ་འབྲུ་ཙམ་ཡང་མེད་པར་མང་གཙོའི་ཐོབ་ཐང་ཡིན་ཁུལ་གྱིས་གང་བྱུང་ཕོག་ཐུག་བཏང་ཐུབ་ཙམ་བྱས་ན་མང་གཙོའི་ཁེ་དབང་བེད་སྤྱོད་ལོག་སྒྲུབ་བྱས་པ་གོར་མ་ཆག
ཡང་ང་ཚོའི་བྱེད་སྟངས་ཁ་ཤས་ཐབས་སྡུག་པོ་མཐོང་གི་འདུག དཔེར་ན། ཁ་ཤས་ཀྱིས་རྒྱ་གུང་བྲན་ལ་ཕར་ཚིག་གཅིག་མ་གཏོགས་བཤད་ཐུབ་ཀྱི་མེད་ནའང་༧རྒྱལ་བ་རིན་པོ་ཆེས་དབུས་པའི་སོ་སོའི་སྒྲིག་འཛུགས་ཐོག་ལ་ཚིག་དགུ་བཤད་ཐུབ་ཀྱི་འདུག དེ་འདྲ་བྱས་ན་ངོ་ཚོ་པོ་རེད། སོ་སོས་གང་བྱེད་ཐུབ་པ་དེ་འགྱོད་པ་མེད་པ་བྱས་ཡོད་མིན་ལ་མ་བལྟས་པར་སྟབས་བདེ་བྱུས་ཀྱིས་གཞན་ལ་སྐྱོན་བརྗོད་རྐྱང་རྐྱང་བྱས་ན་འགན་ཁུར་གྱི་བསམ་ཤེས་མེད་པ་མ་ཟད། མི་རིགས་ཀྱི་ལ་རྒྱ་ཡང་མེད་པའི་རྟགས་མཚན་གསལ་པོ་རེད།
རྒྱལ་སྤྱིའི་ཐོག་བོད་མིར་ཤ་ཚ་རྒྱབ་སྐྱོར་དང་། བོད་ཀྱི་བདེན་དོན་ལ་གཞན་ལས་ལྷག་པའི་དོ་ཁུར་དང་རྒྱབ་སྐྱོར་བྱེད་བཞིན་པ་དེ་དག་རྒྱུ་རྐྱེན་གང་ལ་བརྟེན་ནས་བྱུང་མིན་ང་ཚོས་ངེས་པར་དུ་ཤེས་རྟོགས་ཐུབ་པ་བྱ་དགོས།
འཛམ་གླིང་ཐོག་རྒྱུ་མཚན་ལྡན་པའི་འཐབ་རྩོད་བྱེད་མཁན་ང་ཚོ་གཅིག་པུ་མ་རེད། གཞན་མང་པོ་ཡོད། ཕྱོགས་གཅིག་ནས་བལྟས་ན། ཁ་ཤས་ཀྱི་གནས་ཚུལ་ང་ཚོ་ལས་ཛ་དྲག་པ་དང་ཉམ་ཐག་པ་ཡོད། ཡིན་ནའང་ང་ཚོར་གཞན་དང་མི་འདྲ་བའི་དམིགས་བསལ་ཁྱད་ཆོས་དང་ནུས་པ་ཞིག་ཡོད་པ་དེ་ནི། གཞན་སུ་ཞིག་ལའང་མེད་པའི་བླ་ན་མེད་པའི་དབུ་ཁྲིད་ཅིག་ཡོད་པ་དང་། ང་ཚོའི་འཐབ་རྩོད་འདི་ཡ་རབས་བཟང་སྤྱོད་དང་དྲང་བདེན་གཞི་རྩར་བཞག་པ་ཞིག་ཡིན་སྟབས་མི་ཚོས་དགའ་མོས་དང་རྒྱབ་སྐྱོར་གནང་གི་ཡོད། བཟང་པོའི་ཁྱད་ཆོས་དེ་དག་བརླག་ན། བོད་མི་རིགས་ཀྱི་བླ་སྲོག་བརླག་པ་དང་གཅིག་མཚུངས་ཡིན་པས། རང་བཙན་དང་དབུ་མའི་ལམ་གྱི་རྩོད་པ་དེ་ཚོ་ལས་ཀྱང་མཐར་ཐུག་གྱོང་གུན་ཆེ་བར་སྣང་། རང་རེའི་སྒྲིག་འཛུགས་དང་ཆོས་སྲིད་ཀྱི་མཛད་འགན་བཞེས་མཁན་ཚོས་ཁ་མིག་ཡར་བལྟའི་ཚུལ་དུ་མང་ཚོགས་ལ་ཡ་རབས་སྤྱོད་བཟང་སྐོར་སློབ་གསོ་མང་ཙམ་གནང་རྒྱུ་གལ་ཆེན་པོ་ཆགས་ཀྱི་མེད་དམ་སྙམ་པ་ཡོང་གི་འདུག
གོང་དུ་ཞུས་པ་ལྟར། ཕྱི་ནང་གི་རྒྱུ་རྐྱེན་སྣ་ཚོགས་དང་། ལྷག་པར་དུ་༧རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་ཆེན་པོའི་དབུ་ཁྲིད་ལམ་སྟོན་ལ་བརྟེན་ནས་ལོ་ངོ་བརྒྱ་ཕྲག་མང་པོའི་རྗེས་སུ་ཆོལ་གསུམ་བོད་མི་ཡོངས་རྫོགས་གཅིག་སྒྲིལ་བྱ་རྒྱུའི་གོ་སྐབས་བཟང་པོ་ཞིག་བྱུང་བ་དེ་ནི་བོད་མི་རིགས་ཀྱི་གཟི་བརྗིད་འོད་སྟོང་འབར་བ་ཞིག་དང་། ལོ་རྒྱུས་ཀྱི་དེབ་ཐེར་ནང་གསེར་གྱི་ཡི་གེར་འབྲི་བར་འོས་པའི་མཛད་རྗེས་བླ་ན་མེད་པ་ཞིག་ཡིན་ཞིང་། ལྷག་པར་དུ་ད་ལྟའི་ཆར་གཞིས་བཞུགས་བོད་མིའི་ཁྲོད་མི་རབས་བརྗེས་ན་ཡང་ལྷག་བསམ་རྣམ་པར་དག་པའི་ངང་ལོ་རེ་བཞིན་གཅིག་སྒྲིལ་གྱི་འདུ་ཤེས་སྲ་བརྟན་ཐོག་གནས་པ་དང་། འདི་ལྟ་བུའི་གནས་སྟངས་ཐབས་སྡུག་གི་འོག་ཀྱང་སེམས་ཤུགས་དང་སྙིང་སྟོབས་ཞུམ་པ་མེད་པར་གནས་བཞིན་ཡོད་པ་ནི་ཀུན་གྱི་མཐོང་ཆོས་སུ་ཡོད།
བོད་ས་གཅིག་སྒྲིལ་དང་བོད་རིགས་མཉམ་གནས་ཀྱི་ཕུགས་འདུན་རྨི་ལམ་འདི་མངོན་འགྱུར་ཐུབ་མིན་གཙོ་བོ་བོད་ནང་གི་སྤུན་ཟླ་ཚོར་རག་ལས་ཡོད། སེམས་དགའ་བ་དང་བློ་བདེ་བ་ཞིག་ལ། ད་ལྟའི་ཆར་བོད་ས་སྟོད་སྨད་ཡོངས་སུ་བོད་མི་གཅིག་སྒྲིལ་གྱི་ལ་རྒྱ་དང་འདུ་ཤེས་སྲ་བརྟན་དུ་འགྲོ་བཞིན་ཡོད་པ་དེ་ནི་གཡོལ་ཐབས་དང་སྦས་གསང་ཐུབ་ཐབས་མེད་པའི་དངོས་ཡོད་གནས་ཚུལ་ཞིག་ཡིན་པས། བོད་ནང་གི་སྤུན་ཟླ་ཚོས་དབྱངས་སུ་གྱེར་བའི་གཞས་ཚིག་དང་པིར་རྩེ་ནས་ཐོན་པའི་རྩོམ་ཡིག་ཁག་གི་ཁྲོད་ནས་གསལ་བར་རྟོགས་ཐུབ། འདིར་དཔེ་མཚོན་རང་བཞིན་གྱི་གཞས་ཚིག་གཉིས་ངོ་སྤྲོད་ཞུ་འདོད་བྱུང་།
དེ་ཡང་། “གངས་རིའི་རྭ་བས་སྐོར་བའི་ཞིང་ཁམས་འདི།།
ལྷ་ཨོ་རྒྱན་པད་མའི་ཆོས་རྭ་རེད།།
བློན་ཐོན་མིའི་ཡི་གེ་སྤེལ་ས་རེད།།
གླིང་གེ་སར་རྒྱལ་པོ་འཁྲུངས་ས་རེད།།
སྟོད་ཉི་མ་ལྷ་སའི་མན་ཆད་དང་།།
བར་མང་ཡུལ་ཕྱུག་མོའི་ཚུན་ཆད་ནས།།
སྨད་མདོ་ཁམས་དར་མདོ་ཡན་ཆད་ཀྱི།།
ཆོལ་གསུམ་སྤུན་ཟླ་ཚོ།།
བསམ་པའི་ཁ་ཕྱོགས་གཅིག་དགོས།།
རྡོག་རྩ་གཅིག་སྒྲིལ་མཉམ་དུ་བསྐྱོད་དགོས།།
མ་འོངས་མདུན་ལམ་མཉམ་དུ་འཚོལ་དགོས།།
ཨ་རོགས་བོད་པ་ཚོ་མཉམ་དུ་འགྲོ།” ཞེས་དང་།
གཞན་ཡང་། “མཐུན་སྒྲིལ་གྱི་བརྩེ་སེམས་ཡོད་ན།།
གཞིས་བྱེས་ཀྱི་བོད་རིགས་སྤུན་ཟླ།།
ལྷན་འཛོམས་ཀྱི་ཉི་མ་བསྒུགས་ནས།།
ཆོལ་གསུམ་གྱི་ཕ་ས་ཟིན་ཡོང་།།” ཞེས་སོགས་གསལ།
བོད་མིའི་གཅིག་སྒྲིལ་གྱི་འདུ་ཤེས་འདི་ཉམས་ཆག་མེད་པར་མ་འོངས་པའི་མི་རབས་རྗེས་མ་ཚོར་རྩིས་སྤྲོད་ཐུབ་པ་བྱ་རྒྱུ་དེ་ད་ལྟའི་མི་རབས་འདིར་འཁྲིས་པའི་ལོ་རྒྱུས་ཀྱི་ལས་འགན་བླ་ན་མེད་པ་ཞིག་ཡིན་སྟབས། ཚང་མས་འཐུས་ཤོར་མེད་པར་སྒྲུབ་ཐབས་བྱ་རྒྱུ་ནི་གནད་ཀྱི་དོན་པོར་སྣང་།
མདོར་ན། ཕྲན་ལ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཐོག་མའི་ལངས་ཕྱོགས་ཀྱི་འབྱུང་ཁུངས་དང་། དབུ་མའི་ལམ་ཀྱི་དམིགས་ཡུལ་སྐོར་འགྲེལ་བརྗོད་བྱ་རྒྱུའི་ལས་འགན་དང་འོས་བབས་ ཡོད་སྙམ་པའི་ཚོར་བ་ཟབ་མོའི་སྒོ་ནས་གནད་དོན་འདི་རྣམས་སྙན་སྒྲོན་ཞུས་པ་ཡིན་ཞིང་། རང་ཉིད་ལོ་ངོ་བཅུ་ཕྲག་ལྔ་ལ་ཉེ་བའི་རིང་བོད་མིའི་སྒྲིག་འཛུགས་ནང་མཉམ་ཞུགས་བྱས་ཏེ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་བོད་མི་མང་ལ་ཞབས་ཕྱི་ཞུ་རྒྱུའི་སྐལ་བཟང་གོ་སྐབས་ཐོབ་པ་དང་ཉམས་མྱོང་ཡང་ཕྲན་བུ་བསགས་ཡོད་པར་བརྟེན་འབྲེལ་ཡོད་ཀྱི་གནས་ཚུལ་ཁག་གཅིག་གསལ་རྟོགས་ཡོང་ཆེད་ཁོ་ནར་དམིགས་ཏེ་ཞུས་པ་ལས། དེ་མིན་རྒྱུ་མཚན་གང་ཡང་མེད།
འདིར་སྐབས་འབྲེལ་གྱི་སེམས་ཚོར་གང་བྱུང་བ་ཁག་ཞུས་པ་རྣམས་དངོས་ཡོད་གནས་ཚུལ་གསལ་བཤད་ཡོང་ཆེད་ཞུས་པ་ལས། ཕྱོགས་གཅིག་ལ་རྒྱབ་སྐྱོར་དང་ཕྱོགས་གཞན་ཞིག་ལ་སྐྱོན་བརྗོད་བྱ་རྒྱུའི་དམིགས་ཡུལ་བཅངས་ནས་ཞུས་པ་ཞིག་རྩ་བ་ནས་མིན། གལ་ཏེ་འདི་འདྲའི་གཟིགས་ཚུལ་བྱུང་ན་བཟོད་གསོལ་ཞུ་རྒྱུ་ཡིན།
མཐའ་དོན་དུ་ཡང་བསྐྱར་གཞིས་བཞུགས་སྤུན་ཟླ་ཞིག་གི་གཞས་ཚིག་“ལ་རྒྱའི་རེ་འབོད་”ཅེས་པ་དེ་བཀོད་ནས་མཇུག་བསྡུ་བར་བྱའོ།
“སྤུན་ཟླ་ཚོ། ལ་རྒྱ་དགོས།།
སྔོན་ཐོན་དཔའ་བོའི་མཛད་རྗེས་བསམ་ན་ལ་རྒྱ་དགོས།།
སྤུན་ཟླ་ཚོ། ལ་རྒྱ་དགོས།།
མ་འོངས་བདེ་བའི་མདུན་ལམ་བསམ་ན་ལ་རྒྱ་དགོས།།
ལ་རྒྱ་ནི་མི་རིགས་ཤིག་གི་བླ་སྲོག་ཡིན།།
སྔོན་ཐོན་སྟོང་གི་འཇུག་སྒོ་ཡིན།།
སྤུན་ཟླ་ཚོ། ལ་རྒྱ་དགོས།།
རིམ་བྱོན་བཙན་པོའི་གདུང་རྒྱུད་བསམ་ན་ལ་རྒྱ་དགོས།།
སྤུན་ཟླ་ཚོ། ལ་རྒྱ་དགོས།།
རྒྱལ་པཎ་ཉི་ཟླའི་གཟི་བརྗིད་བསམ་ན་ལ་རྒྱ་དགོས།།
ལ་རྒྱ་ནི་དྲང་བདེན་འཚོལ་བའི་སྤོབས་པ་ཡིན།།
ཤེས་ལྡན་མི་ཡི་རྒྱན་ཆ་ཡིན།།
སྤུན་ཟླ་ཚོ། ལ་རྒྱ་དགོས།།
དམར་པོ་ཁྲག་གི་རྐང་རྗེས་བསམ་ན་ལ་རྒྱ་དགོས།།
སྤུན་ཟླ་ཚོ། ལ་རྒྱ་དགོས།།
ཚད་མེད་དགྲ་བོའི་བརྙས་སྨོད་བསམ་ན་ལ་རྒྱ་དགོས།།
ལ་རྒྱ་ནི་མི་རིགས་ཤིག་གི་སྙིང་སྲོག་ཡིན།།
མ་འོངས་བདེ་བའི་སྣ་འདྲེན་ཡིན།།”
ཟུར་མཆན། གོང་གསལ་བོད་ནང་གི་གཞས་ཚིག་རྩོམ་མཁན་དང་གཞས་གཏོང་མཁན་གྱི་མཚན་ཆེད་མངགས་བཀོད་མེད།
རྒྱ་རི་ཚང་གི་གསུང་འདི་ཉམས་མྱོང་ཅན་གྱི་གསུང་རང་རེད། གོ་རྒྱུ་ཆེན་པོ་འདུག
ཆབ་སྲིད་པའི་སྐད་ཆ་འདི་ཡག་པོ་ཞིག་རྟོགས་མ་སོང་མོད་། བརྗོད་འདོད་ངོ་མ་ནི་གཞོན་ལྷན་རང་བཙན་ནས་དབུ་མའི་ལམ་ཏུ་ཕྱིན་ན་ཡང་ཁོང་གིས་དེ་སྐྱོན་དུ་མི་མཐོང་ཟེར་བ་ཡིན་འདུག
ཚང་མ་ཀློག་ཐུབ་མ་སོང་རིང་དྲགས་ནས། གང་ལྟར་བཀླགས་པའི་ནང་དུ་ལྟས་ན། བོད་རང་བཙན་ཡིན་ཟེར་མཁན་ཚོས་བཅད་སོང་བཙོང་སོང་བབས་སོང་ཟེར་ནས་འཇོན་རྒྱུ་མེད་པའི་སྐད་ཆད་བཤད་སོང་ཟེར། དོན་ལ་མི་དེའི་རིགས་བོད་ཀྱི་ལོ་རྒྱུས་ལ་རྒྱུས་མངའ་མེད་པ་དང་མ་ཐ་ལོ་བརྒྱ་ཕྲག་གོང་གི་ལོ་རྒྱུས་ཀྱང་ཤེས་ཀྱི་མ་རེད་ཅེས་བཤད་འདུག རྒྱ་རིས་དོན་དམ་བཤད་འདོད་པ་ནི། རང་བཙན་ཟེར་ནས་སྐད་བརྒྱབ་མཁན་དེ་ཚོས་ལོ་བརྒྱ་ཕྲག་གི་གོང་ནས་བོད་རང་བཙན་མ་ཡིན་པར་ཤེས་མི་འདུག་ཟེར་བ་དེ་རེད། དེ་ནི་ཟམ་གདོང་བླ་མས་བཤད་སྟངས་དང་གཅིག་མཚུངས་རེད། ཟམ་གདོང་བླ་མས་ལྔ་བཅུ་ང་དགུའི་གོང་དུ་བོད་རང་བཙན་ཡིན་པའི་ཚིག་བོད་ཀྱི་ཚིག་མཛོད་དེ་རིགས་ཀྱི་ནང་དུ་ཡོད་པ་མ་རེད་ཅེས་བཤད་པ་རེད། བབས་སོང་བཅད་སོང་བཙོང་སོང་ཟེར་དོན་ནི། དང་པོ་བོད་རང་བཙན་ཡིན་ཞེས་བཤད་པ་རེད་་་་དེ་ནས་དེ་ལས་བབས་ན་བོད་རང་སྐྱོངས་ལྗོངས་ཞེས་དང་བོད་གཞུང་ཞེས་པར
བབས་པ་རེད། དེ་ནས་བཅད་ཚུལ་ནི། རྒྱ་བོད་འབྲེལ་མཐུད་པ་ནས་འབྲི་ཆུའི་ཡན་མན་བྱུང་ན་འགྲིག་ཚུལ་བཤད་ནས་བོད་དུམ་བུར་བཅད་པ་རེད། བཙོང་ཟེར་བ་ནི་སྔར་ནས་བཙོང་ཟིན་པ་རེད་དངུལ་དྷ་གཡང་ཆར་བ་ཕབ་ཕབ་པ་ཟེར་བ་བོད་ཀྱི་གཏམ་དཔེར་གྲགས་པ་རེད།
མ་གཞི་ནས་བོད་ཀྱི་གཞོན་ནུའི་སྒྲིགས་འཛུགས་འདི་ཡང་ལས་རླུང་མར་མར་འབབ་བཞིན་ཡོད་པ་འདྲ། བོད་རང་བཙན་གྱི་ལྟ་བར་དགའ་ཞེན་ཅན་གྱི་མི་སྣ་མགྲོན་འབོད་ཀྱིས་སློབ་སྟོན་ཞུ་རྒྱུའི་ཚབ་ཏུ་ལམ་དབུ་མར་ལོ་མང་རིང་ལས་ཀ་བྱས་མྱོང་བའི་མི་རབས་རྒན་པོ་དེ་ཚོ་སྐད་བཏང་ནས་་་་ད་ཡིན་ན་ཕོ་ཟད་མོ་ལ་ཐུག་པ་ཡིན་ནམ། ཡང་ན་བོད་ཀྱི་གཞོན་ལྷན་རྣམས་རིམ་གྱིས་དབུ་མར་འབབ་འདོད་ཡོད་པར་ལམ་དབུ་མའི་སློབ་སྟོན་ཞུ་གི་ཡོད་དམ། ཀླད་ཆུང་ཁྱེད་རྣམས་སྔར་གཞོན་ནུའི་ལག་པས་བཟོས་པ་དེ་ཁྱེད་ཚོའི་རྐང་པས་མ་བསུབ་རོགས་ཞུ་ཡ་ཡིན། མ་གཞི་ནས་ཁོང་ཚོར་ཅི་ཁག དེང་སང་བོད་རང་བཙན་ཡིན་ལབ་མཁན་དེ་ཚོར་བོད་ཀྱི་སྤྱི་ཚོགས་སུ་ལྷ་བརྟེན་མཁན་དང་ནད་ངན་མཛེས་མནར་བར་ལྟ་ཚུལ་དང་ཕྱོགས་འདྲ་བར་འདུག་ཟེར། བདེན་པ་ཡིན་མིན་མི་ཤེས། དྲ་གྲོགས་ཚོས་དེའི་སྐོར་ལ་དགོངས་འཆར་གསུང་རོགས།
༧གོང་ས་༧སྐྱབས་མགོན་ཆེན་པོའི་བཀའ་དགོངས་བཞིན།བསྟན་སྲིད་མི་རིགས་ཀྱི་དོན་དུ་ལོ་མང་རིང་དུ་ལྷག་བསམ་ཟོར་མེད་ཀྱི་ངང་ནས་སྐུ་ངལ་སྐྱོན་མྱོང་མཁན་གྱི་མི་རབ་རྒན་པ་ཁ་ཤས་ཡོད་པའི་ནང་རྒྱལ་རི་རིན་པོ་ཆེ་ནི་གཅིག་ཡིན། ཕྱོགས་རིས་འཐེན་འཁྱེར་གྱིས་དབང་ལས་སུ་ཞིག་སྙིང་མ་དགའ་རུང་བདེན་གཏམ་རང་ཡིན། མདོར་ན་རྩོམ་ཡིག་འདི་ནི་ལོ་རྒྱུས་དང་ཉམས་མྱོང་ཟུང་དུ་འབྲེལ་བའི་སྒོ་ནས་སྤེལ་འདུག་པས། སྤྱི་ཚོགས་དྲྭ་བའི་འབུ་ངན་ཚོ་ལ་ནི་ཚེ་འདིར་མི་དགོས་སྐྱེ་བ་ཕྱི་མ་རྣམས་སུ་ཡང་འདི་ལྟ་བུ་སྤེལ་ནུས་པའི་རྣམ་དཔྱོད་དང་། བཟང་སྤྱོད། ཤེས་ཡོན་དང་སྙིང་སྟོབས་སོགས་གང་ཅིའི་ཐད་ནས་ཡོང་སྲིད་པ་དེ་ཡང་ངས་ཚིག་ཐག་ཆོད་པོའི་སྒོ་ནས་བཤད་ཕོད་དོ།།
བཀའ་ཟུར་རྒྱ་རི་བློ་གྲོས་མཆོག
ཁྱོད་ཀྱིས་་་རང་དབང་དང་མང་གཙོའི་སྤྱི་ཚོགས་ནང་བགྲོ་གླེང་བྱ་ཆོག་པ་མ་ཟད། བགྲོ་གླེང་ངེས་པར་དུ་ཡོད་དགོས་པ་ཞིག་ཀྱང་རེད། དཔེར་ན། ད་ལྟའི་ཆར་བོད་མིའི་སྤྱི་ཚོགས་ནང་རང་བཙན་དང་ལམ་དབུ་མའི་ལངས་ཕྱོགས་དབར་བགྲོ་གླེང་ཡོང་བཞིན་པ་རེད། གཞི་རྩའི་ཆ་ནས་ཞུས་ན། ཚང་མས་ངར་ངར་ཤུགས་ཤུགས་བྱས་ཏེ་རྩོམ་ཡིག་བྲིས་པ་དང་། རྒྱུ་མཚན་བཀོད་པའི་ཐོག་ནས་རྩོད་པ་བརྒྱབ་པ་དང་བསམ་འཆར་སྤེལ་རེས་བྱེད་ཀྱི་ཡོད། བོད་བསྟན་པ་ཆབ་སྲིད་ཀྱི་འགན་དབང་བོད་མི་མང་གིས་ཁུར་དགོས་ཀྱི་ཡོད་སྟབས་དེ་ལྟར་མ་བྱས་ན་འགྲིག་ཐབས་ག་ལ་ཡོད།
འོན་ཀྱང་གོ་བསྡུར་སྦྱང་བཤད་བྱེད་སྐབས་ལུགས་དང་མཐུན་ཞིང་། ལོ་རྒྱུས་ཁུངས་ལུང་ལྡན་པ། ཡ་རབས་སྤྱོད་བཟང་དགོས་ཀྱི་ཡོད་ལ། ལྷག་པར་དུ་བོད་མི་རིགས་ཀྱི་ལ་རྒྱ་གཅེས་འཛིན་གྱི་ཐོག་ནས་བྱ་ཐུབ་ན་བསམ་པའི་རེ་བ་བྱེད་བཞིན་ཡོད།་་་་ཅེས་གསུངས་ཡོད་པ་ལྟར་་ངས་ངོས་ནས་ཀྱང་བསམ་ཚུལ་བཤད་འདོད་ཡོད།
དེ་ཡང་ང་ལྟ་བུའི་བོད་མི་ཉམ་ཆུང་ཞིག་ཡིན་ནའང་མི་ལ་མི་ཞིག་གི་རིན་ཐང་མ་གཏོགས་ཁྱི་ཞིག་གི་རིན་ཐང་བརྩིས་ནས་མི་རིགས་ཀྱི་ལ་རྒྱ་མེད་པའི་ཁྱི་འབོད་དང་སྐྱག་འབོད་ཀྱིས་གནམ་སར་ཁེངས་བསྡད་ན་དེ་ཡང་ལུགས་མཐུན་ཞིག་མིན་སྟབས་མཐོ་དམན་སུ་ཡིན་ན་ཁྱི་འབོད་མི་འཐེན་པའི་རེ་བ་ཡོད།
མ་ཟད་བོད་མི་ཞིག་གིས་བོད་རྒྱལ་ཁབ་ཀྱི་སྤྱི་དོན་བཤད་དུས་བཀའ་དྲིན་བསམ་ཤེས་ཀྱི་དར་ཆ་ཕྱར་ནས་མི་དེའི་བཤད་པའི་བདེན་པའི་གནས་ལུགས་རྡོག་རོལ་མི་གཏོང་བ་དང་། དྲིན་ལན་ལོག་འཇལ་ཞེས་པའི་རལ་གྲི་ཕྱར་ནས་དྲང་བདེན་གྱི་མགོ་སྐེ་མི་གཅོད་པའི་རེ་བ་ཡོད།
རྩ་བའི་བཀའ་ཟུར་རྒྱ་རི་མཆོག་གི་རྩོམ་ཡིག་ནང་དུ་་་དང་པོ། བོད་རིགས་ཡོངས་རྫོགས་རྡོག་རྩ་གཅིག་སྒྲིལ་བྱ་རྒྱུའི་མནའ་གན་ཆེན་མོ་ཕུལ་བ།་་་ཞེས་པའི་སྐོར་ལ་དོགས་འདྲི་ཏོག་ཙམ་ཡོད་ལ་མཐོང་ཚུལ་ཡང་ཡོད།
༡་་་་་ཕྱི་ལོ་ ༡༩༦༠ ལོའི་ཟླ་ ༢ ཚེས་ ༣ ཉིན་གནས་མཆོག་རྡོ་རྗེ་གདན་ལ་བཙན་བྱོལ་དུ་ཕེབས་པའི་བོད་ས་སྟོད་སྨད་ཀྱི་བླ་ཆེན་མི་ཆེན་རྣམས་དང་། སྐབས་དེའི་གཞུང་ཞབས་མི་སྣ། ཆུ་བཞི་སྒང་དྲུག་གི་དབུ་འཛིན་ཁག་བཅས་ནས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དབུ་ཁྲིད་འོག་ཆོལ་གསུམ་བོད་མི་ཡོངས་རྫོགས་དམ་ཚིག་རྡོག་རྩ་གཅིག་སྒྲིལ་བྱ་རྒྱུའི་མནའ་གན་མཐུ་མོ་ཆེ་ཕུལ་བའི་གནའ་ཚིག་དམ་བཅའ་ནང་དུ་བོད་རང་དབང་རང་བཙན་སླར་གསོ་བྱེད་ཡིན་ཞེས་ཡོད་དམ་མེད། འདིར་ཁ་གསལ་པོ་བྱུང་ན་ཡག་པོ་འདུག
༢་་་ང་ལྟ་བུ་གསར་འབྱོར་བ་ཞིག་གིས་ངོས་ནས་མནའ་གན་བཞག་མཁན་གྱི་མི་རེ་གཉིས་ཀྱི་ཞལ་ནས་གོ་མྱངས་བ་ནི་་་་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དབུ་ཁྲིད་འོག་ཆོལ་གསུམ་བོད་མི་ཡོངས་རྫོགས་དམ་ཚིག་རྡོག་རྩ་གཅིག་སྒྲིལ་གྱིས་ཐོག་ནས་བོད་རང་དབང་རང་བཙན་གཙང་མ་སླར་གསོ་བྱེད་ཀྱི་ཡིན་ཞེས་མནའ་གན་བཞག་རེད་ཅེས་གསུངས་ཀྱིན་འདུག འདིར་བདེན་པ་ཨེ་རེད་དམ།
༣་་་་མདོ་ཁམས་ཆུ་སྒང་དྲུག་གི་སྒྲིག་གཞི་རྙིང་པའི་ནང་དུ་ཚིག་ཇི་བཞིན་མི་དྲན་ཀྱང་། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དབུ་ཁྲིད་འོག་དམ་ཚིག་རྡོག་རྩ་གཅིག་སྒྲིལ་གྱིས་ཐོག་ནས་བོད་རང་དབང་རང་བཙན་གཙང་མ་སླར་གསོ་བྱེད་རྒྱུ་ཡིན་ཞེས་གསལ་ཡོད་པར་འདོད།
དེ་བཞིན་དབུས་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་གཞིའི་ནང་རང་བཙན་བཀོད་པ་ཡོད་འདི་དག་མནའ་གན་བཞག་པ་ལ་བརྟེན་ནས་བྱུང་ཡོད་པར་འདོད།
༤་་་་རང་གིས་མཐོང་ཚུལ་བཤད་ན་༡༩༩༥་ལོར་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཁང་མཐའ་སྐོར་ནས་རྡོ་རྡུངས་བྱས་ཀྱི་པར་མཐོང་མྱངས་ཡོད། བོད་མི་ཁག་གཅིག་གིས་ཆུ་སྒང་ཚོགས་ཁང་ལ་རྡོ་ཡིས་བརྒྱབ། ་སྒེའུ་ཁུང་བཅགས་ནས་རྡོ་ནང་དུ་བསླེབས་པ་རེད། རྡོ་ཡིས་ཚོགས་ཁང་ནང་གི་༧གོང་ས་ཏ་ལའི་བླ་མའི་སྐུ་དཔར་ལ་བརྒྱབ་ནས་བཅགས་བཞག་པ་རེད། བཞུགས་ཁྲིའི་འོག་ཏུ་གཡོགས་བཞག་པ་རེད།
ངས་མཐོང་ཚུལ་བྱས་ན་་སྐབས་དེར་དུས་ཆུ་སྒང་ཚོགས་གཙོ་ལི་ཐང་ཨ་ཐར་དང་། རྒྱུན་ལས་བྲའུ་དཔོན་རིན་ཆེན་ཚེ་རིང་། བྱ་རྒོད་སྲས་དོན་ཡོད། དཀར་མཛེས་གསོད་དགའ། ཀོང་པོ་ཐུབ་བསྟན། ཆབ་མདོ་དྲུང་ཡིག་བཅས་གཙོ་བོ་གྱུར་པའི་ཆུ་སྒང་རྒྱུན་ལས་རྣམས་པ་དེར་དུས་དཀའ་ངལ་མྱངས་མཁན་རྣམས་རེད།
ཆུ་སྒང་གསར་རྙིང་གཉིས་ཕྱེས་ནས་རྙིང་པ་རྡོ་རྡུངས་བྱས་དུས་མནའ་གན་དམ་བཅའ་ག་པ་ཕྱིན་པ་རེད་དམ། དེར་དུས་བཀའ་ཟུར་རྒྱ་རི་ལགས་རྡོ་རྡུངས་བྱེད་མཁན་ཚོའི་ཕྱོགས་ཁག་ཡིན་ནམ། རྡོ་རྡུངས་རེག་མཁན་ཚོའི་ཕྱོགས་ཁག་ཡིན། འདིར་གསལ་པོ་ཞིག་གསུངས་ན་ཕན་ཐོགས་ཡོང་བ།
༥་་་དེ་ནས་བཀའ་ཟུར་རྒྱ་རི་མཆོག་གིས་་ང་རང་སྒེར་གྱི་ལྟ་སྟངས་ཐོག་ནས་ཞུས་ན། བོད་མི་ཚོས་གཅིག་སྒྲིལ་གྱི་དམ་བཅའ་དེ་༧གོང་ས་མཆོག་ལ་ཕུལ་བ་མ་གཏོགས་བོད་མི་ནང་ཁུལ་ཕན་ཚུན་དབར་བཞག་པ་ཞིག་མིན་སྙམ།་་་ཞེས་གསུངས་འདུག
གོང་དུ་བཀའ་ཟུར་མཆོག་གིས་་་ཕྱི་ལོ་ ༡༩༦༠ ལོའི་ཟླ་ ༢ ཚེས་ ༣ ཉིན་གནས་མཆོག་རྡོ་རྗེ་གདན་ལ་བཙན་བྱོལ་དུ་ཕེབས་པའི་བོད་ས་སྟོད་སྨད་ཀྱི་བླ་ཆེན་མི་ཆེན་རྣམས་དང་། སྐབས་དེའི་གཞུང་ཞབས་མི་སྣ། ཆུ་བཞི་སྒང་དྲུག་གི་དབུ་འཛིན་ཁག་བཅས་ནས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དབུ་ཁྲིད་འོག་ཆོལ་གསུམ་བོད་མི་ཡོངས་རྫོགས་དམ་ཚིག་རྡོག་རྩ་གཅིག་སྒྲིལ་བྱ་རྒྱུའི་མནའ་གན་མཐུ་མོ་ཆེ་ཕུལ་བའི་ནང་། ཞེས་གསུངས་འདུག
སྐད་ཆ་འདི་གཉིས་ལ་གོ་བ་ག་འདྲ་བྱས་ནས་ལེན་དགོས་པ་རེད་དམ། ཁྱོད་རང་སྒེར་གྱི་བལྟ་སྟངས་ཐོག་ནས་བྱས་ན་བོད་མི་ནང་ཁུལ་ཕན་ཚུན་དབར་བཞག་པ་ཞིག་མིན་འདུག ཡིན་ཀྱང་མནའ་གད་ནང་དུ་ཆོལ་གསུམ་བོད་མི་ཡོངས་རྫོགས་དམ་ཚིག་རྡོག་རྩ་གཅིག་སྒྲིལ་བྱ་རྒྱུའི་མནའ་གན་མཐུ་མོ་ཆེ་ཕུལ་ཡོད་འདུག འདི་གཉིས་བར་གྱི་འགལ་ཟླ་གསལ་བཤད་ཡོད་ན་ཕན་ཐོགས་ཡོང་བ།
བར་སྐབས་ཀྱི་ཚིག་སུ་བཅས་པ།
གཅིག་གིས་གཅིག་ལ་རྡོ་རྡུང་གཏོང་བཞིན་དུ།
དམ་ཚིག་རྡོག་རྩ་ཆིག་སྒྲིལ་མནའ་གན་ཤིག
ཡུལ་ཤོར་བཙན་བྱོལ་བ་ལ་ཡོད་སྐད་འདིར།
མི་རིགས་གཞན་གྱིས་གོ་ན་ངོ་ཚ་རེད།།
འབྲི་ཆུའི་མན་ཆན་གྱི་ཁམས་དང་ཨ་མདོ་གཉིས་བོད་སྡེ་བ་གཞུང་གི་མངའ་འོག་ཡིན་པའི་སྒྲུབ་བྱེད་ག་ལེ་བྱས་ནས་འགོད་གྱི་ཡིན། ང་ཚོ་ལ་དྲང་བདེན་གྱི་ལོ་རྒྱུས་ཡོད་པ་ལས་ཁ་ཧམ་ཧམ་ནང་ནས་གཏམ་ཕད་ཕད་བཤད་ཀྱི་མེད།
བཀའ་ཟུར་རྒྱ་རིས་་་་འོན་ཀྱང་གོ་བསྡུར་སྦྱང་བཤད་བྱེད་སྐབས་ལུགས་དང་མཐུན་ཞིང་། ལོ་རྒྱུས་ཁུངས་ལུང་ལྡན་པ། ཡ་རབས་སྤྱོད་བཟང་དགོས་ཀྱི་ཡོད་ལ།་་་་ཞེས་གསུངས་འདུག
བཀའ་ཟུར་རྒྱ་རི་མཆོག་གིས་་ང་རང་སྒེར་གྱི་ལྟ་སྟངས་ཐོག་ནས་ཞུས་ན། བོད་མི་ཚོས་གཅིག་སྒྲིལ་གྱི་དམ་བཅའ་དེ་༧གོང་ས་མཆོག་ལ་ཕུལ་བ་མ་གཏོགས་བོད་མི་ནང་ཁུལ་ཕན་ཚུན་དབར་བཞག་པ་ཞིག་མིན་སྙམ།་་་ཞེས་གསུངས་འདུག་་་འདི་ལ་ཁུངས་ལུང་ག་རེ་ཡོད་དམ།
བོད་མི་ནང་ཕན་ཚུན་དབར་ལ་མཐུན་ལམ་མེད་ན་་བོད་མི་ཆིག་སྒྲིལ་ཟེར་བ་ཞིག་ག་ནས་སླེབས་འོང་རེད་དམ། བོད་མི་རྣམས་ཆིག་སྒྲིལ་མེད་ན་༧གོང་ས་ཏ་ལའི་བླ་མའི་དབུ་འོག་ཏུ་ཆིག་སྒྲིལ་ཡོང་ཐབས་ཤིག་མེད་པར་གཏན་ཚིགས་རིག་པས་གྲུབ་འདུག་པས་་་ཁྱོད་རང་སྒེར་གྱི་ལྟ་སྟངས་དེ་ལ་ཁུངས་ལུང་ཡོད་པར་མི་སྣང་།
འདིར་རང་བཙན་པ་ཡིན་མདོག་བྱེད་མཁན་འདི་ཚོ་ནི་རང་བཙན་རྩོད་མཁན་མིན་པ་ཐུག་པ་བཀོལ་མཁན་ཡིན་པ་ཁོང་ཚོའི་འདས་པའི་བྱ་སྤྱོད་ནས་ཤེས་པས་འདི་རིག་ལ་ཡ་མ་བྱེད། བཀའ་ཟུར་རྒྱ་རི་རིན་པོ་ཆེས་ཕ་གཏམ་བུ་ལ་གདམས་འདུག་པས་ཉན་ཤེས་ན་མི་རིགས་ཉམ་ཐག་འདིར་ཕན་པའི་སླབ་བྱ་ངོ་མ་རེད།
ལུང་རྟོགས་ཆེན་པོ་མཆོག བོད་མིའི་ཆིག་སྒྲིལ་ལ་འགྲེལ་བཤད་ཤིག་རྒྱོབ་དང་། ཆིག་སྒྲིལ་བྱེད་ན་ནང་ཕན་ཚུན་མཐུན་དགོས་པ་རེད་དམ་མ་རེད། ང་ཚོ་ཐུག་པ་སྐོལ་མཁན་ཚོས་ལྟད་མོ་ཞིག་མཐོང་བ།་་་ཧཧ
ལུང་རྟོགས་དེ་xxxx་ག་དུས་ཡིན་ནའང་ཟུར་ཟ་རྐྱང་བྱེད་བསྡད་ཀྱི་འདུག སྤྱི་ལ་ཤ་ཞེན་ཡོད་མདོག་དང་ལྷག་བསམ་ཡོད་མདོག་སྟོན་ཀྱང་དོན་དུ་བྱེ་བྲག་རེ་རེ་བཞིན་དུ་དམའ་འབེབ་འཁྲུག་རྩོད་སློང་མཁན་ཞིག་རེད་འདུག བྱེ་བྲག་མེད་ན་སྤྱི་གང་ནས་གྲུབ།
ཅོ་རུ་ལགས། རྡོ་རྡུང་ཕར་བཏང་བ་མ་རེད་ཚུར་བཏང་བ་རེད། རྒྱ་ཆེའི་མི་མང་ལ་བཏང་བ་རེད། སྐབས་དེར་ལི་ཐང་ཨ་ཐར་སོགས་ཀྱི་སྐུ་སྲུང་ཡིན་ཟེར་ནས་གསར་བུ་བརྒྱ་སྐོར་ཙམ་ཉར་ཞིང་ཟློས་གར་འཁྲབ་མཁན་ཟེར་ནས་བུ་མོ་མང་པོ་ཞིག་ཉར་ཡོད། བྲ་འུ་དཔོན་སོགས་ཀྱིས་གསར་འབྱོར་བུ་མོ་དེ་ཚོར་འདྲ་མིན་བྱེད། མི་མང་གིས་ཆུ་སྒང་དབུས་རྒྱུན་གསར་བ་བདམས་པ་རྣམས་ལ་རྙིང་པས་མཁྲེགས་འཛིན་བྱས་ནས་རྩིས་མ་སྤྲད་པར་རྒན་མགོ་སེ་སོགས་རྒྱུན་ལས་གསར་པ་དང་མི་མང་རྩིས་ལེན་དུ་འོང་མཁན་ཚོར་རྡོ་རྡུང་བྱས་པ་རེད། མཐར་རྩིས་ལེན་མ་ཐུབ་པར་ལོག་དགོས་ཆགས་པ་རེད། དེ་ནས་བཟུང་ཆུ་སྒང་གསར་རྙིང་གི་སྐད་ཆ་བྱུང་བ་རེད།
ཨ་ལེ་་་་རྡོ་ཡིས་བརྒྱབ་ནས་ཆུ་སྒང་ཚོགས་ཁང་གི་སྒེ་ཁུང་བཅགས་བཞག་པའི་རྡོ་དེ་སུ་ཡིས་བརྒྱབ་པ་རེད་དམ། ཆུ་སྒང་གིས་ཁྱོད་ཚོའི་ཁང་པ་སྐོར་ནས་རྡོ་རྡུང་བྱས་པ་རེད་པེ།
མདོ་ཁམས་རྒྱ་ཆེན་མི་དམངས་ལ་རྡོ་རྡུང་བཏང་ཡོད་ན་་་རྗེས་སུ་མདོ་ཁམས་རྒྱ་མི་དམངས་ཀྱིས་འོས་བསྡུ་བྱས་དུས་ཆུ་སྒང་རྙིང་པ་ལ་རྒྱབ་སྐྱོར་འོས་ཐོབ་སོང་བ་དང་། གསར་པ་ཤོར་སོང་བ་འདི་ཆུ་སྒང་རྒྱ་ཆེན་མི་དམངས་སུ་ཡི་ཕྱོགས་ཡོད་མེད་གསལ་བསྟན་བྱས་པ་མ་རེད་པེ།་་་་ཧཧཧ
སྔོན་དགུ་བཅུ་གོ་གྲངས་ནང་གི་སྐད་ཆ་དང་དེའི་ཕྱིས་ཀྱི་སྐད་ཆ་ཚང་མ་ཉ་ཉུང་མཉམ་བསྲེས་བྱེད་མ་ཡོང་། བྱུང་བ་དེ་ཚོ་སྐབས་ཐོག་སྐབས་ཐོག་གི་གནས་བབས་ལ་ལྟ་དགོས་རེད། སྔ་རྗེས་མཉམ་བསྲེས་བྱས་ན་འཁྲུགས་འགྲོ་གི་རེད། གུང་ཁྲན་ཏང་ཐོག་མར་མི་མང་གི་རྒྱབ་སྐྱོར་འོག་ནས་འཚར་ལོང་བྱུང་ཡང་ད་ཆ་མི་མང་གི་གཤེད་མ་ཆགས་ཚར་ཡོད་རེད། ཧ་ཨེ་གོ་ཅོ་རུ
ཨ་ར་དཀར་པོ་དབུ་སྐྲ་དཀར་པོ་ལགས།
ཁྱོད་རང་རྒད་པོ་ཞིག་ཡིན་དུས་རྡོ་གདན་གྱི་མནའ་གན་ཆེན་མོ་བཞག་དུས་་་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དབུ་ཁྲིད་འོག་ཆོལ་གསུམ་བོད་མི་ཡོངས་རྫོགས་དམ་ཚིག་རྡོག་རྩ་གཅིག་སྒྲིལ་བྱ་རྒྱུའི་མནའ་གན་མཐུ་མོ་ཆེ་ཕུལ་བའི་གནའ་ཚིག་དམ་བཅའ་ནང་དུ་བོད་རང་དབང་རང་བཙན་སླར་གསོ་བྱེད་ཡིན་ཞེས་དམ་བཅའ་ཡོད་དམ་མེད། ལན་ཞིག་གནང་རོགས་བྱོས།
མདོ་ཁམས་ཆུ་སྒང་དྲུག་གི་ལོ་རྒྱུས་མ་བཤད་པར་བོད་བཙན་བྱོལ་བའི་ལོ་རྒྱུས་ཤིག་བཤད་ཤེས་ཐབས་མེད། མདོ་ཁམས་ཆུ་བཞི་སྒང་དྲུག་གི་རྒྱལ་གཅེས་དཔའ་བོ་རྣམས་མ་གླེང་པར་བོད་རང་བཙན་གྱི་འཐབ་རྩོད་ཤིག་གླེང་ཤེས་ཐབས་མེད། མདོ་ཁམས་ཆུ་བཞི་སྒང་དྲུག་གི་དམག་དཔོན་རྣམས་མ་གླེང་པར་རྒྱ་བོད་གཉིས་ཀྱི་དམག་འཐབ་ཤིག་གླེང་ཤེས་ཐབས་མེད། མདོ་ཁམས་ཆུ་བཞི་སྒང་དྲུག་གི་དཔའ་བོ་ཚོ་མ་གླེང་པར་རང་ཡུལ་དགྲ་བོས་ཕྲོགས་དུས་ཀྱི་དཔའ་བོ་ཞིག་བཤད་ཤེས་མདོག་མེད།
ཚེ་སྲོག་བློས་བཏང་བྱས་པའི་མདོ་ཁམས་ཀྱི་དཔའ་བོ་དཔའ་མོ་ཚོ་མ་གླེང་པར་བོད་ཀྱི་དཔའ་བོ་དཔའ་མོ་ཞིག་བཤད་ཤེས་མདོག་མེད་དོ།་་་་ཧཧཧ ཨ་འབྲུག་མགོན་པོ་བཀྲ་ཤིས་མཆོག་ལ་མ་གླེང་པར་རང་ཡུལ་དགྲ་བོས་ཕྲོགས་དུས་ཀྱི་དམག་དཔོན་ཞིག་བཤད་ཤེས་མདོག་མེད། ཨ་མདོ་སྤྱིན་པ་རྒྱལ་མཚན་མཆོག་མ་གླེང་པར་༧རྒྱལ་བ་རིན་པོ་ཆེན་གདན་འདྲེན་ཞུ་མཁན་ཞིག་བཤད་ཤེས་མདོག་མེད་་་་ད
སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེན་མཆོག་གིས་རྩོམ་པའི་རྒྱལ་་གླུ་དེར་མ་ལེན་པར་བོད་ཀྱི་རྒྱལ་གླུ་ཞིག་ལེན་གྱི་མེད། རྒྱལ་དར་སེང་གེ་ཁ་སྤྲོད་དེ་མ་ཕྱར་པར་བོད་ཀྱི་རྒྱལ་དར་ཞིག་འཕྱར་གྱི་མེད། ཤེས་སོང་ངམ།
༼མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཐོག་མའི་བྱུང་བ།༽ཞེས་པའི་དྲ་རྩོམ་ནང་གསལ་དོན། ༼ད་ཆ་བོད་རིགས་སེར་སྐྱ་ཡོངས་རྫོགས་བློ་ལྷོད་བག་ཕེབས་སུ་སྡོད་པའི་དུས་སྐབས་ མིན་ཅིང༌། ཚང་མས་ནུས་ཤུགས་གཅིག་སྒྲིལ་གྱི་སྒོ་ནས་རང་ཡུལ་སྲུང་སྐྱོབ་དང༌། བསྟན་དོན་ཐོག་ཞབས་འདེགས་ཞུ་སླད་ལྷོ་ཁར་མཚོ་གྲི་གུ་འདྲ་བའི་འགྲམ་དུ་འཕྲལ་ སྐྱོད་དགོས་ལུགས་དང༌། ཨ་འབྲུག་མགོན་པོ་བཀྲིས་ཀྱང་འདི་ཟླའི་ཚེས་ ༢༥ བར་ཉེས་སྐྱོན་མི་ཡོང་བའི་ཁས་ལེན་ཡོད། དེ་ནས་ཅི་ཡོང་མི་ཤེས་སྟབས་འཕྲལ་དུ་ཕྱིར་ཐོན་དགོས་ཞེས་བཀའ་སྩལ་ཐོག དམ་རྫས་སྲུང་མདུད་བཅས་གནང་བར་བརྟེན་འགོ་འཐུས་ཚང་མར་ཧ་ལས་དགོས་པ་བྱུང༌། དེ་ནས་གྲའུ་དཔོན་རིན་ཆེན་ཚེ་རིང་ ༡༩༥༧ ལོ་ནས་མགོ་ལོག་ཁང་རྒན་དཔོན་འཆི་མེད་དང༌། རྐང་ཚ་ཀོ་ལོ་སོགས་དཔོན་ཁག་རྣམས་དང་གྲོས་བསྡུར་གྱིས་བསྟན་དགྲ་རྒྱ་དམར་ལ་ངོ་ རྒོལ་བྱ་རྒྱུའི་མནའ་ཚིགས་བཞག་ཏེ་བོད་གཞུང་ལ་གང་ཅིའི་ཐད་འབྲེལ་བ་ཞུ་ཆེད་ལྷ་ སར་ཆེད་འབྱོར་ཡོད་ནའང༌། བོད་གཞུང་ནས་ཕན་ཐོགས་ཡོད་པ་དེ་ཙམ་གནང་ཐབས་མ་བདེ་བར་བརྟེན་ཨ་འབྲུག་མགོན་པོ་ བཀྲིས་དང༌། གྲའུ་དཔོན་གཉིས་ཕན་ཚུན་ལོ་རྒྱུས་ཞིབ་ཕྲ་ནང་མོལ་སྐབས། ཨ་མདོ་དང༌། མགོ་ལོག་བཅས་ནས་མནའ་ཚིག་སྔོན་བཞག་ཟིན་དོན་ལྟར་གྲའུ་དཔོན་ཕྱིར་ལོག་ཀྱིས་བྱང་རྒྱུད་འཁོད་ལམ་གཅད་རྒྱུ་དང༌། ལི་ཐང་བསོད་ནམས་ཚེ་རིང༌། ཕུ་གྲོང་བསྟན་འཛིན། ཚེ་དབང་དངོས་གྲུབ།ལྕགས་འགུ་ཚུལ་ཁྲིམས། བུ་གསར་སྟོབས་རྒྱལ། བུ་ཚེ་ལྷ། ངག་དབང་ཆོས་མཆོག ཡར་གླིང་བསྟན་དར། སྒ་པ་སངས་བཅས་ནས་ཁམས་ཁུལ་དུ་ཆུ་བཞི་སྒང་དྲུག་བསྟན་སྲུང་དྭང་བླངས་དམག་གི་ སྒྲིག་འཛུགས་ཡོད་ཚུལ་སྐོར་ངོ་སྤྲོད་ཆེད་བཀོད་གཏོང་བྱས། བྱ་རྒོད་རྣམ་རྒྱལ་རྡོ་རྗེས་སྡེ་དགེ་དང༌། སྤོ་ཀོང་གཉིས། ཁྱུང་པོ་དཀར་རུ་དཔོན་སོགས་ལ་བང་མི་ཆེད་གཏོང་གིས་སྔར་བཞིན་མི་མང་སེར་སྐྱ་ རྣམས་ཀྱིས་བསྟན་དགྲ་རྒྱ་དམར་ལ་ཕར་རྒོལ་ཤུགས་ཆེ་ཡོང་བར་ཆེད་བསྐུལ་བྱས། ལྷ་སྡོད་ཚོང་རིགས་རྣམས་གོ་ལག་དང་བཞོན་རྟ་གྲ་སྒྲིག་གིས་རིམ་བཞིན་ལྷོ་ཁ་ བརྒྱུད་ས་ཁུལ་ཞིག་ཏུ་དྲག་པོའི་རྟེན་གཞི་སྲ་བརྟན་བཙུགས་ཐོག་བསྟན་དགྲ་རྒྱ་ དམར་ལ་ངེས་མེད་རྒོལ་བརྡུང་ཟམ་མི་ཆད་པ་བྱེད་རྒྱུ་བཅས་ལ་སྔ་འཕྲོས་གྲོས་འཆམ་ བྱུང༌། གྲོས་ཆོད་ཀྱི་ྋསྙན་ཞུ་ཞིག་བྲིས་ཏེ་རྩེ་མཁན་མགྲོན་ཆེ་བ་ཕ་ལྷ་བརྒྱུད་ྋགོང་ས་ ཆེན་པོར་ཕུལ་ཞིང༌། མི་རྗེ་ཕ་ལྷ་མཆོག་ཀྱང་རྒྱལ་གཅེས་ལྷག་བསམ་གྱིས་ཕྱུག་པའི་དཔའ་བོ་ཞིག་ཡིན་ སྟབས་གནས་ལུགས་ཞིབ་གསོལ་དང་འབྲེལ་ནང་མའི་བཀའ་སློབ་ཞུས། དེ་ནས་སྐུའི་ཡོངས་འཛིན་རྣམ་གཉིས་ལའང་རེ་བ་ཇི་བཞིན་འགྲུབ་པའི་ཐུགས་སྨོན་ ྋསྐྱབས་འཇུག་ཞུས་ཤིང༌། ལྷག་པར་སྐུའི་ཡོངས་འཛིན་གཞོན་པ་མཆོག་ལ་ནང་མའི་བཀའ་སློབ་ཀྱང་ཞུས། དེ་མིན་གཞུང་ཞབས་རྒྱལ་གཅེས་ལྷག་བསམ་ཅན་མང་དུ་ཡོད་ཀྱང་གསང་བ་གྱར་དྭོགས་ཀྱིས་ ནང་མོལ་བཀའ་འབྲེལ་སུ་ལའང་མ་བྱས།༽ འདིར་ལྟ་སྐབས། རྡོར་གདན་མནའ་གན་དེ་ཐེངས་གསུམ་པ་མིན་འགྲོ་བསམ།
གོ་སོང་། ཚང་མ་གོ་སོང་། ངའི་ཆབ་སྲིད་ཀྱི་གོ་རིམ་གོ་རྟོག་དང་ཁྱེད་ཀྱི་བྲིས་བ་གཉིས་ལ་ཁྱད་པར་མི་འདུག། ང་རང་ང་རང་ལ་སྤོབས་པ་ཞིག་སྐྱེས་སོང་།
ང་ཚོ་རྡོག་རྡོག་ལ་ཡོད། ཕྱི་ནང་གཉིས་ཀ་རྡོག་རྡོག་ལ་ཡོད། སྐབས་འཚོལ་བ་རེ་ཟུང་དང་དྲ་འབུ་རེ་ཟུང་གིས། ཡོད་ཡོད་པ་དེ་མེད་རབས་ཀྱིས་གཏོར་འདོད་པ། ཡང་འགའ་རེ་ཡིས་ཡོད་ཡོད་པ་དེ་མེད་པར་བསྒྲུབས་ནས་ཡོད་པར་བཏང་བའི་ཁ་རིན་འཚོལ་ཐབས་སོགས། བྱ་ཆུང་གི་ལས་ཀ་དག་ཙམ་རེ་མཐོང་རྒྱུ་ཡོད་རུང་། རྒྱལ་ཁབ་ཞིག་གི་ངོ་བོ་ལ་མཚོན་ན། ང་ཚོ་ལ་རྡོག་རྡོག་ཡོད་ཡོད་པ་ཡིན། མང་གཙོའི་རྒྱལ་ཁབ་ལ་མཚོན་ན། ང་ཚོ་ལ་རྙོག་ཟིང་མེད་པའི་མང་མོས་འོས་བསྡུ་ཡང་ཡོད་ཡོད་པ་ཡིན།
རྡོག་རྡོག་གིས་ཆོལ་གསུམ་རྡོག་རྡོག་ལ་ལེན་ཐུབ་པར་བྱེད་པ་ནི། བོད་གངས་ཅན་ཚང་ལ་བབས་པའི་བགོས་སྐལ་ཡིན། ཚང་མ་ཤུགས་སྲོངས། རྒན་པ་ཚོ་ལ་བཀའ་དྲིན་ཞུ།
ཉིད་ཀྱིས་དངུལ་དག་ཙམ་བཟས་ཡོད་པ་རེད་ཟེར། དེ་བདེན་པ་ཡིན་ནམ། ཞོར་འཕྲོས་ཙམ་ཡིན། སྐུ་མཁྱེན་ཁ་ཞིག་གསལ་དང་།
རྒྱལ་སྤྱིའི་རོགས་སྐྱོར་འཚོལ་ས་ན།
དགྱ་ནག་སྟོབས་འབྱོར་ངོམ་ས་ན།
གཡག་སྣ་ཁུ་ཚུར་འགྲོ་ས་མེད།
ཁ་ཕོ་དོན་ལ་གནས་ས་མེད།
དགྲ་ལ་སྡང་བའི་བློ་སྟོབས་འདི།
དགྲ་ཤ་མེད་པའི་སྙིང་ནད་ཡིན།
བདེ་སྐྱིད་ལྡན་པའི་ཕ་ས་ནི།
ཞི་བདེ་ཕྱོགས་ལ་ཁ་སྣོན་ཡིན།
ཧ་ཧ་ཧ། གནས་ཆུང་སླེབས་འདུག ད་ཡག་པོ་ཞེ་དྲག་རེད།
མཁས་དབང་རྒན་པ་རྒྱ་རི་ལ་འགྲན་ཡ་མི་འདུག xརྩོམ་བརྒྱ་ལས་ལྷག་པ་གསུང་འདུག། མི་རྒན་འདི་ལ་ཚེ་རིང་པོ་ཡོང་བར་ཤོག
xxxའདི་ཚོས་རུབ་བརྒྱབ་ནས་མ་བསད་ན་ཁོང་གིས་ད་དུང་བྱས་རྗེས་ཆེན་པོ་འཇོག་ཤག་ཤག་རེད།
བོད་པ་རྒྱ་འོག་ཡིན་པ་ལས་མ་ཡིན་པའི་སྒྲུབ་བྱེད་མང་བ་ཡོད་བ་རེད། ༡༩༡༤ལོའི་སྔོན་གྱི་བོད་ཕྱི་ནང་མ་ཕྱེ་བའི་སྔོན་དུ་དགའ་ལྡན་ཕོ་བྲང་གིས་ཀྱང་བོད་པ་ཡོད་ཚད་རྒྱ་དང་ཐ་དད་ལས་རྒྱ་འོག་ཏུ་ཡོད་པའི་འདོད་ཀྱིན་མེད། ཤིམ་ལའི་མཆན་ཡིག་གིས་བོད་ས་མང་པོ་ཞིག་རྒྱ་ལག་ཏུ་སྤྲད་པའི་དབང་དུ་བཏང་ཡང་། དོན་དངོས་བོད་ཤར་ཕྱོགས་སུ་གཅིག་གྱུར་གྱི་རྒྱལ་བོའི་མེད་པའི་དབང་ལས། ཤར་་ཕྱོགས་པ་ཡོད་ཚད་རྒྱ་ལག་ཏུ་ཤོར་མེད། དེ་ལྟར་ཡིན་ཡང་། ལོ་བརྒྱ་ཙམ་གྱི་གོང་དུ་བོད་ས་ཆ་མང་པོ་ཞིག་རྒྱ་ལག་ཏུ་ཤོར་བ་ལས། ལོ་ངོ་སུམ་བརྒྱ་དང་བཞི་བརྒྱ་ཡི་ལོ་རྒྱུས་མིན། གལ་སྲིད་དེ་ལྟར་ཡིན་དུ་བྱས་ཀྱང་། གསི་ལོ་ཝི་ནི་ཡ་སོགས་ཨ་རི་ཁྲི་རིའི་འོག་ནས་ལོ་ངོ་བདུན་བརྒྱད་བརྒྱ་རང་བཙན་ཐོབ་ཡོད་ལ། སི་ཁོ་དྲི་དབྱིན་ཇུས་ལྷན་ངོ་ལོ་སུམ་བརྒྱ་ལྷག་སྡད་ཡོད་ཀྱང་། རང་བཙན་བྱེད་མིན་གྱི་གདམ་ཁ་རེག་ཡོད། དེ་དག་ཐམས་ཅད་རྩོད་ཅིང་། འབད་ནས་ཐོབ་པ་ལས། ལོ་རྒྱུས་བྱེ་བྲག་པ་ཞིག་དང་། གནས་ཚུལ་བྲག་པ་ཞིག་ལ་གཞི་བཞག་གིས་ཕྱིན་པ་མ་རེད། རྒྱལ་ཚོགས་ཀྱི་ཁྲིམསས་ཀྱང་གནས་ཚུལ་ལ་བརྟེན་ནས་བཟོ་བ་ལས་རྟག་བརྟན་ཐེར་ཟུག་ཅིག་མིན་ཁར། འཇོན་ཐང་ཅན་གྱི་འཐབ་རྩོད་པ་དང་འཕྲད་སྐབས། ཁྲིམས་ཀྱང་གསར་བ་བཟོ་བཞིན་ཡོད་ལ། འཇོན་ཐང་མེད་མཁན་གྱི་བོད་ལྟ་བུ་དང་འཕྲད་སྐབས། མི་རིགས་ཤིག་ལ་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཡོད་ཚུལ་བཟོས་ཡོད་ཀྱང་། དེ་དོན་གནས་ཐུབ་མེད། རྒྱུ་མཚན་ནི། བོད་ལ་རྒྱ་སྲིད་སོགས་བླ་སྤྲུལ་ཕྱོོགས་ཁག་གི་མི་དཔོན་འདི་དག་ཡོད་པས། འདི་དག་མཐའ་ཐུག་ན་རང་དོན་དང་། རང་གི་་བླ་མ་ལས་ཅི་ཡང་བསམ་གྱིན་མེད་པས། བོད་འདི་ནད་པ་ཆགས་པ་རེད། ནད་འབུ་ནི་རྒྱ་རི་སོགས་ཡིན་ལ། ལོ་རྒྱུས་མི་ཤེས་ཀྱང་། བཤད་ཁུལ་བྱས་བ་ནི་རང་མགོ་རྡུང་བའི་ཐོ་བ་ལས་གཞན་དུ་མ་མཐོང་། རྒྱ་རིའི་དེ་སྔོན་སྐུ་མདུན་གྱི་དགོངས་པ་ཞུས་བ་ཡིན་ན་ཚོགས་པ་བྱེ་བྲག་གི་ནང་དུ་སྡད་ནས་ལས་དོན་བྱེད་འདོད་མེད་ཚུལ་བསྒྲགས་ཡོད་ཀྱང་། དེང་སྐབས་དེ་དོན་ལ་མ་གནས་བ་བོད་པ་ཡོད་ཚད་དབུ་མར་སྒྱུར་བྱེད་ཀྱི་སྐད་ཆ་གསུངས་ཀྱིན་འདུག་ག
རྒྱ་རིའི་གསུངས་བཤད་ཀྱི་གནད་དོན་ནི་རང་བཙན་པ་རྩ་མེད་བཟོ་ཡ་དང་། བོད་ཀྱི་འཐབ་རྩོད་ཟེར་ཡང་མཐའ་ཐུག་ཏཱ་ལའི་བླ་མའི་སྐུ་སྒེར་གྱི་གནད་དོན་དང་བདག་དབང་རེད་འདུག གལ་སྲིད་བོད་པ་ཡོད་ཚད་ཀྱི་ཏཱ་ལའི་བླ་མའི་གསུངས་ལ་ཉན་མཁན་འགྱུར་དགོས་ན། རྒྱ་རིའི་གསུངས་བ་བཞིན་མང་གཙོ་དགོས་དོན་མེད་པ་བདེན་པ་རེད། ཡིན་ཡང་། རྒྱ་ནག་གིས་བོད་པ་ཐམས་ཅད་ཏཱ་ལའི་བླ་མའི་གསུངས་ལ་ཉན་མཁན་འགྱུར་རྒྱུར་འདོད་མོས་བྱེད་མི་སྲིད་དེ། བྱས་བ་ཡིན་ན་རྒྱ་ནག་གི་བཀའ་ལ་མི་ཉན་མཁན་ཉུང་དུ་འགྲོ་པས་རྒྱ་ནག་གི་ལག་ནས་བོད་ཀྱི་བདག་དབང་གནས་བར་འགོག་རྐྱེན་འཕྲད་པས་ཡིན། དེ་ལྟར་ན་བོད་དོན་ཟེར་ཡང་། མཐའ་དེད་ན་རྒྱ་ནག་དང་ཏཱ་ལའི་བླ་མའི་བདག་དབང་གི་འཐབ་རྩོད་ཡིན་འདུག་ཅིང་། འཐབ་རྩོད་བྱེད་ཡུལ་དེ་བོད་དང་བོད་མི་རིགས་རེད་འདུག གལ་སྲིད་ཏཱ་ལའི་བླ་མ་དང་གུང་ཁྲན་གཉིས་ཞི་འགྲིག་ཡོང་དགོས་ན། ཏཱ་ལའི་བླ་མ་གུང་ཁྲན་གྱི་ངག་ལ་ཉན་མཁན་ཞིག་ཏུ་ཆགས་དགོས། ཡང་མིན་ན། གུང་ཁྲན་ཏཱ་ལའི་བླ་མའི་བཀའ་ལ་ཉན་མཁན་ཞིག་ཏུ་འགྱུར་དགོས། འོན་ཀྱང་། གུང་ཁྲན་ཏཱ་གསུངས་ལ་ཉན་མཁན་ཞིག་ལ་ཆགས་རྒྱུ་ཁག་པོ་རེད།
ཅོ་རི་བུ། ཆིག་སྒྲིལ་དགོས་ན་ཆིག་སྒྲིལ་ལ་གཏོར་བཤིིག་གཏོང་མཁན་ཚོས་བསམ་བློ་བཏང་དགོས་པ་རེད། རང་ཉིད་ཀྱིས་བོད་རྒྱ་ཆེའི་མི་མང་གི་རྣ་ལ་མི་འགྲོ་བའི་སྐད་ཆ་བཤད། བློ་ལ་མི་བབ་པའི་ལས་ཀ་བྱེད་བཞིན་ཆིག་སྒྲིལ་དགོས་པ་རེད་ཟེར་ན་སྨྱོན་པའི་སྐད་ཆ་རེད། དེ་ཅོ་རིའི་ལན་ཡིན། ཁྱུང་སེ་ཞེས་པ་འདི་ལ་ད་ནས་བཟུང་སྟེ་xxཞེས་འབོད་རོག མི་འདིས་xxxརྟག་པར་རང་ཅོ་རིའི་རྗེས་སུ་འབྲང་ནས་རང་ཉིད་ཀྱི་གཞུང་དང་དབུ་ཁྲིད་ལ་གཞི་མེད་སྐྱོན་འཛུག་བྱེད་རྒྱུར་དགའ་མཁན་ཞིག་རེད། དེ་ཁྱུང་སེའི་ལན་ཡིན། ཆུ་བཞི་སྒང་དྲུག་གི་ལོ་རྒྱུས་དེ་ཚོ་བཤད་ཉན་མེད། ལི་ཐང་ཨ་ཐར་སོགས་ཀྱིས་དོལ་རྒྱལ་ཆེད་དུ་གོང་ས་མཆོག་དང་བོད་གཞུང་ལ་ངོ་རྒོལ་གྱི་གཏམ་བཤད་སྤེལ་ཏེ། དཔའ་བོ་མགོན་པོ་བཀྲ་ཤིས་སོགས་ཀྱིས་བོད་ཀྱི་བསྟན་སྲིད་ཆེད་བྱས་རྗེས་ཆེན་པོ་བཞག་མྱོང་བ་དེ་རྐང་རྗེས་ལག་བསུབས་བྱས་ཡོད། དེས་རྐྱེན་པས་བསམ་ཡོད་ཤེས་ལྡན་གྱི་ཁམས་པའི་མི་མང་མང་པོ་ཞིག་ཞེན་པ་ལོག་སྟེ་ཟུར་དུ་ཐོན་པས་ཆུ་བཞི་སྒང་དྲུག་གསར་གཉིས་ཞེས་པ་དེ་བྱུང་བ་རེད། ད་དུང་ཚོ་ཁག་བཅུ་གསུམ་ཞེས་པའི་ལོ་རྒྱུས་སྐྱུག་བྲོ་པོ་དེ་ཚོ་ང་ལ་བཤད་རྒྱུ་ཡོད་ཀྱང་གནས་སྐབས་བཞག
xx་ཨ་ནུ་ཐང་པ་བྱོན་ལེགས། རང་གི་ཌི་ཝུས་ཌི་དེ་གང་མགྱོགས་སྤྱི་ཚོགས་བགོ་འགྲེམས་ཡོང་བའི་རེ་བ་ཆེ།
ང་ལ་མཚོན་ན་བོད་པ་རྣམས་དབུ་རང་གང་ཞིག་ཏུ་ཕྱིན་ཡང་ཁྱད་པ་མེད་ཀྱང་། འདོད་པ་མེད་ཤོས་ནི་ལས་ཀྱི་སྣེ་མོ་བ་འདི་དག་གིས་དགོས་བའི་ཆེད་དུ་སྐད་ཆ་བཤད་པ་ལས་དོན་དངོས་མི་མང་ལ་མི་བརྗོད་པ་སྦ་གསང་བྱེད་པ་དེ་རེད། ༡༩༧༤ལོ་ནས་དབུ་མ་གཏན་འཁེལ་ཡོད་ན་སྐུ་མདུན་གྱི་༡༩༧༦ལོའི་སུམ་ཅུའི་དུས་དྲན་གྱི་གསུང་བཤད་རང་བཙན་ཡིན་པ་ག་རེ་རེད། མ་ཟད་ལོ་བཞི་ཙམ་གྱི་སྔོན་དུ་སྐུ་མདུན་གྱིས་ཀྱང་ཡོ་རོབ་ནས་། དབུ་མའི་ལམ་གྱི་འབྱུང་ཁུང་རྒྱ་ནག་ཡིན་པ་གསལ་བཤད་བྱས་འདུག དེ་དག་རྒྱ་རི་ཡིས་མ་གོ་བ་ཡིན་ནམ། མ་ཟད་བླ་བྲང་དུ་རྒྱལ་སྤྱིའི་གསར་འགོད་པའི་མདུན་དུ་བླ་བྲང་དགོན་པའི་གྲྭ་བ་འགའ་ཐོན་ནས་བོད་ལ་འགྲོ་བ་མིའི་ཐོབ་ཐང་དགོས་ཞེས་བརྗོད་ཡོད། འགྲོ་བ་མིའི་ཐོབ་ཐང་ནི་མང་གཙོའི་ཆ་ཤས་གལ་ཆེན་ཞིག་མ་ཡིན་ནམ། འདི་དག་ལ་མངོན་སུམ་འཛེམ་མེད་ཀྱིས་རྟོགས་བཟོ་དང་ཞེན་འདོད་ཀྱིས་འགྲེལ་བ་ནི་རྒྱ་རི་ལ་སྐུ་མདུན་དང་གུང་ཁྲན་གཉིས་མ་གཏོགས་གཞན་རྣམས་ཁོང་གི་མིག་ལམ་ན་མེད་པ་གསལ་སྟོན་བྱས་འདུག་ལ། མཐའ་དེད་ན་བོད་མི་རྣམས་ལ་ཐོན་ཆུང་བྱས་བའི་མཚོན་དོན་གལ་ཆེན་ཞིག་རེད། རྒྱུ་མཚན་ནི། ཁོང་ཚོས་ཞེན་འདོད་ཀྱིས་ག་ཚོད་སྒྲུབ་ཅིང་། ཅི་འདོད་བྱས་ཀྱང་བོད་མིའི་ཁྲོད་ནས་ཁོང་ལ་ངོ་རྒོལ་བྱེད་མཁན་མ་བྱུང་བས་རེད། རྒྱ་བོད་ཞི་མོལ་ཇི་ལྟར་བྱས་ཀྱང་གྲུབ་འབྲས་སྤུ་ཙམ་མ་ཐོན་པ་ནི་ཁོང་གི་ཞེན་ཆ་ཆེ་ཤོས་དང་། གཞུང་ལས་འཐུས་ཤོར་དུ་བཏང་བའི་ཉེས་མིང་ཕོགས་པས་ཚད་ལྡན་གྱི་གཞུང་དང་། ཚོགས་པ་ཞིག་ཡིན་ན་མི་འདི་རིགས་ཆབ་སྲིད་གར་སྟེགས་ཐོག་ནས་གནས་དབྱུང་བཏང་ངེས་རེད། གཅིག་བྱས་ན་སྲིད་སྐྱོང་གི་ཁོང་ལས་གནས་ནས་འཕོ་འགྱུར་བཏང་བའང་གནད་དོན་དེ་དང་འབྲེལ་བ་ཡོད་ཤས་ཆེ།
ཨ་ནུ་ཐང་བསོད་ནམས་ལགས་ཀྱི་བསམ་ཚུལ་དག་ལ་མངོན་པར་བསྟོད་དོ།
ཧཧ་xx་ལ་ཏག་ཏག་ཕོག་ཤག ཡག་པོ་བྱུང་མི་འདི་རིགས་གོང་ས་མཆོག་ཁ་ལ་ཁྱེར་ནས་སྤྱི་ཚོགས་ནང་དུ་བསྡེབ་བསིག་བཟོས་ཡོང་གི་འདུག རང་གི་ལྟ་བ་དང་མ་མཐུན་ན་ལམ་སང་གོང་ས་མཆོག་གོང་ས་མཆོག་ཟེར་ནས་གོང་ས་མཆོག་གསང་སྤྱོད་ཡན་ཆོད་ལ་ཁྱེར་ཡོང་གི་འདུག་ཡག་པོ་རྩ་བ་ཉིད་ནས་མ་རེད། ཕྲུག་གུ་དཔའ་མེད་ནུས་འཇོན་མེད་མཁན་དེ་ཚོས་མིག་གིས་བལྟ་ཕྱོགས་ཙམ་ལ་སྙིང་འདར་ནས་ཨ་མ་ཨ་མ་ཨ་མ་ཟེར་ནས་ངུ་སྐད་བརྒྱབ་ཀྱི་རེད་དེ་འདྲ་བུར་མཐོང་།
ཁྱེད་ཚོས་རང་གི་རིགས་པས་བཤད་རྒྱུ་མེད་དུས་ལམ་སང་རྒྱ་ཁྱི་དོལ་ཁྱི་ཟེར་ནས་ཆམ་ལ་ཕབ་རྩིས་བྱེད་ཅིང་གོང་ས་མཆོག་གིས་བཀའ་རེད་གོང་ས་མཆོག་གི་དགོངས་གཞི་དང་འགལ་ཚུལ་རྐྱང་བཤད་ནས་མི་ཚོས་བཤད་ཤོར་འདུག་ཤོར་ལ་གོང་ས་མཆོག་ལ་སྐུར་བ་འདེབས་འདོད་མེད་རུང་འདེབ་དུ་བཅུག་གི་ཡོད། ཁྱེད་ཚོས་རྟག་པར་གོང་ས་མཆོག་ཚྭ་ནང་བཞིན་ཟ་མ་གང་སར་མ་བཏབ་ན་་་་་་མི་ཚོས་སྐུར་འདེབས་བྱེད་དོན་མེད། xx་ལགས་དགོངས་པ་རྒྱ་ཆེ་ཙམ་གནང་་་་རྟག་པར་གོང་ས་མཆོག་འདྲུད་མ་ཡོང་རོགས་བུ་དང་བུ་ཐུག་ནས་བཀའ་མོལ་གནང་ན་འགྲིག་གི་རེད།
བོད་པ་ཚོས་གཱན་དྷི་མཆོག་ལ་་་་མེས་པོ་དམ་པ་་་་ཞེས་འབོད་ཀྱིན་འདུག་པས་ཁོང་བོད་མི་རིགས་ཀྱི་་་མེས་པོ་་་དངོས་གནས་ཡིན་ནམ། ཡང་ན་ཁ་མིག་ཡར་ལྟ་བྱེད་ས་དེ་འདྲ་ཡིན། །
ང་ནི་ཨ་ནུ་དང་ཅོ་རི་སྤོབས་པ་སོགས་ལ་ཡིད་སྨོན་ཡོད། ང་ཚོའི་སྤྱི་ཚོགས་ནང་དུ་ཡག་ཉེས་སྐྱོན་ཆ་ཤོད་ཕོད་པའི་མི་བུ་དགོས་པ་རེད། དེ་ལྟར་མེད་ན་ཡར་རྒྱས་འབྱུང་གི་མ་རེད། ཨིན་དྷར་གྷན་དྷི་ལ་ངོ་རྒོལ་བ་ཞིག་གིས་མེ་མདའ་འཕེན་པར་མོས་མི་དེ་ལ་ཆད་པ་གཅོད་རྒྱུ་ཕར་བཞག་ནས་མི་དེ་མེ་མདའ་ཚ་བོ་འདུག་ཟེར་ནས་དམག་དཔོན་ལ་བསྐོས་པ་རེད། མི་ཚོས་ཧ་ལས་པ་རེད་དེ་འདྲའི་བུད་མེད་ཀྱི་བློ་རྒྱར། འོན་ཀྱང་ང་ཚོའི་སྤྱི་ཚོགས་ནི་དེ་ལྟར་མིན་པར་སྔར་ནས་་་་་་ལྷན་རྒྱས་སུམ་ཅུ་ཐམ་པ། བཀའ་གནང་ཉི་ཤུ་རྩ་དགུ། ཞེས་བོད་ཀྱི་གཏམ་དཔེར་གྲགས་པ་བཞིན་རེད་ད་དུང་ཡང་འདི་མུར་འགྲོ་རྒྱུ་ཡིན་ནམ། རྨོངས་དད་པ་ཚོས་སོམ་ཤིག
་
ཁ་ཚ་དགོས་གཏུགས་ཀྱི་བོད་ཀྱི་མངོན་འདོད་དངོས་ནི་འགྲོ་བ་མིའི་ཐང་མེད་པ་ནས་ཡོད་པར་བཟོ་རྒྱུ་འདི་ཡིན། འདི་འགྲུབ་ཆེད་དུ་རང་བཙན་དང་དབུ་མའི་ལམ་གང་བཤད་ཀྱང་། འདོར་མི་རིགས་པའི་ཐབས་ལམ་ནི་རང་ཉིད་ཀྱི་ལྕེ་ཡི་རྫུན་མི་བཤད་པའི་སྤྱོད་ལམ་ལ་ང་རང་ངོས་གུས་བརྩི་ཞུ་བཞིན་ཡོད། བོད་མིའི་འགྲོ་བ་མིའི་ཐང་འདི་༧གོང་ས་མཆོག་དང་རྒྱ་རི་ཪིན་པོ་ཆེ་གཉིས་ལས་འདེམས་དགོས་བྱུང་བའི་དོགས་པ་ནི། ཨ་ནུ་ཐང་བ་ཐང་བ་ལྟ་བུའི་གུང་ཁྲན་པ་རེ་གཉིས་ཡོད་སྲིད།
སྙིང་ཉེ་བའི་བློ་མཐུན་ཨ་ནུ་དང་ཀརྨ་བློ་གསལ། ཁྱུང་སེ་གསུམ་གྱི་བཀའ་སློབ་ཟབ་མོ་གནང་བར་དགའ་པོ་བྱུང་། དེ་ནས་་ལུང་རྟོགས་མཆོག་གིས་སྤྲུལ་སྐུ་རྒྱ་རིའི་བཀའ་དང་འགལ་ནས་ཁྱི་འབོད་འཐེན་བཞིན་འདུག བསམ་བློ་ཐོངས་། ཕར་མི་གཞན་ལ་ཁྱིའི་རིན་ཐང་ཙམ་མ་གཏོགས་བརྩིས་ན་ཚུར་ལྷ་ལྟར་བཀུར་དགོས་ཡོད་ཟེར་ན་འདི་ནི་ཡོང་མི་སྲིད་པའི་ཤེས་བྱ་རེད། དེ་ཐུགས་ཞོག
མུ་མཐུད་ནས་སྒུག་གྱི་ཡིན། དྲི་བ་དེ་དག་གི་ལན་སྒུག་བསྡད་ཡོད། ལྷག་པ་ཏུ་རྡོ་གདན་མནའ་གན་མཐུ་བོ་ཆེན་བཞག་དུས་བོད་རང་དབང་རང་བཙན་སླར་གསོ་བྱེད་ཀྱི་ཡིན་ཟེར་ནས་མནའ་བསྐྱལ་དམ་བཅའ་བྱས་ཡོད་མེད་་་ལན་དགོས་ཀྱི་ཡོད། གལ་སྲིད་ལན་མ་བྱུང་ན་བོད་རང་བཙན་སླར་གསོ་བྱེད་ཀྱི་མནའ་གན་བཞག་ཡོད་པར་འཛིན་བྱ་གི་ཡིན།
ཕར་མི་གཞན་ལ་ཁྱིའི་རིན་ཐང་ཙམ་མ་གཏོགས་མ་བརྩིས་ན་ཚུར་ལྷ་ལྟར་བཀུར་དགོས་ཡོད་ཟེར་ན་འདི་ནི་ཡོང་མི་སྲིད་པའི་ཤེས་བྱ་རེད། དེ་ཐུགས་ཞོག་་་་ཅེས་བཅོས་རོགས།་་་ཧཧ
དྲན་དཔལ་གྱིས་གོ་ནོར་ཐེབས་འདུག ངའི་གོང་གི་ལན་ནི་རྒྱ་ཡིས་བོད་ཀྱིས་མང་གཙོ་རྩོད་ཀྱི་མེད་སྐོར་གྱི་ལན་ཡིན། ༼དེང་སྐབས་འགའ་རེས་མང་གཙོའི་ལམ་ལུགས་ཡང་དག་པ་ཞིག་ཡོང་ཐབས་བྱ་རྒྱུ་འདི་ང་ཚོའི་མཐར་ཐུག་གི་བསྒྲུབ་བྱ་ཡིན་པ་ལྟ་བུའི་བསམ་ཚུལ་བཏོན་གྱི་འདུག ལྟ་ཚུལ་འདི་ནི་ཡང་དག་པ་ཞིག་མ་རེད་སྙམ། བོད་མི་འབུམ་ཕྲག་མང་པོས་རང་གི་གཅེས་པའི་ལུས་སྲོག་བློས་བཏང་གནང་བ་དང་། བོད་མི་འབུམ་བརྒལ་བ་བཙན་བྱོལ་དུ་སྐྱོད་དགོས་བྱུང་བ་མ་ཟད། བོད་མི་ས་ཡ་མང་པོ་ད་དུང་ཡང་བཙན་གནོན་འོག་དཀའ་ངལ་དུ་མ་འཕྲད་ཅིང་སྡུག་བསྔལ་གྱི་རྒྱ་མཚོའི་ནང་གནས་ཡོད།
ལྷག་པར་དུ་བོད་ས་ཡོངས་ནང་ཕྱི་ལོ་༢༠༠༨ ལོ་ནས་བཟུང་དམིགས་བསལ་གྱི་དམ་བསྒྲགས་དང་དཀའ་ངལ་འཕྲད་པར་བརྟེན་ཕྱི་ལོ་༢༠༠༩ ལོ་ནས་གཞིས་བཞུགས་བོད་མི་ཚོས་སྙིང་སྟོབས་ཞུམ་པ་མེད་པར་རང་ལུས་མེར་སྲེག་ལ་སོགས་པ་བྱ་དགོས་བྱུང་བའི་རྒྱུ་མཚན་མཐར་ཐུག་ནས་ཞུས་ན་འཇིག་ལ་ཉེ་བའི་བོད་མིའི་ངོ་བོ་དང་ཁྱད་ཆོས་སྲུང་སྐྱོབ་བྱེད་ཆེད་ལས། མང་གཙོའམ་དམངས་གཙོའི་ཐོབ་ཐང་རྩོད་པའི་ཆེད་དུ་མིན་པ་གསལ་པོ་རེད། འོན་ཀྱང་གོང་ཞུས་ལྟར་བོད་མིའི་གཅིག་སྒྲིལ་གྱི་ནུས་པ་དེ་ཆོལ་ཁ་དང་ཆོས་ལུགས་ སོ་སོའི་འདྲ་མཉམ་གྱི་ཐོབ་ཐང་དང་དབང་ཚད་ལ་བརྩི་བཀུར་བྱེད་པའི་སྒོ་ནས་ཡོང་དགོས་པ་ཡིན་སྟབས། དེ་ཡོང་བར་བྱེད་པའི་ཐབས་ལམ་ཡག་ཤོས་ནི་མང་གཙོའི་ལམ་ལུགས་དེ་ཉིད་ཡིན་པ་བརྗོད་མ་དགོས་པ་རེད།༽ འདི་ནི་བདེན་པ་མ་རེད། བོད་ནང་གི་བོད་མི་མང་པོ་ཞིག་གིས་ང་ཚོ་ལ་འགྲོ་བ་མིའི་ཐོབ་ཐང་དང་སྨྲ་བརྗོད་རང་དབང་དགོས་ཞེས་བརྗོད་ཀྱིན་ཡོད་པའི་དཔེ་མཚོན་དུ་བླ་བྲང་གི་གནས་ཚུལ་བཀོད་པ་ཡིན་ལགས།
xx ཁྱོད་xxxཚོས་གོང་ས་ཡིད་བཞིན་ནོར་བུའི་མཚན་ཙམ་ཡང་ཐོས་འདོད་མེད་པ་ཤེས་ཀྱི་ཡོད། འོན་ཀྱང་ས་འདི་ནི་རང་དབང་ལུང་པ་ཡིན་པ་ལས་དབང་ཆ་ཅིག་སྡུད་ཀྱི་ཁྱོད་ཚོའི་སྦྱིན་བདག་རྒྱ་ནག་ལུང་པ་མ་རེད། ཁྱོད་ཚོས་འདོད་རུང་མ་འདོད་རུང་རྒྱལ་བ་བསྟན་འཛིན་རྒྱ་མཚོ་ནི་འཛམ་བུ་གླིང་གི་ཉི་མ་རེད་ལ། བོད་གངས་ཅན་པའི་དཔྲལ་བའི་མིག་དང་ཁོག་པའི་སྙིང་རེད།
ཁྱོད་xxཚོས་སྐུར་འདེབས་བྱས་ཀྱང་རང་ཉིད་ཀྱི་ཚེ་འདི་ཕྱི་གཉིས་ཕུང་སྐྱེད་ལས་ཕན་གནོད་གང་ཡང་མེད་པ་ཤེེས་པར་གྱིས།
གཉིས་ནས་ཅོ་རི་དང་ཨ་ནུ་སོགས་ཀྱིས་བཤད་ཕོད་པ་ཡག་པོ་རེད་ཟེར། བཤད་ཕོད་པ་ཞེས་པ་དེ་ཡང་གནས་ལུགས་རྒྱུ་མཚན་ལྡན་པ་ཞིག་དགོས་པ་རེད་མ་གཏོགས་གནས་ལུག་མེད་པའི་འུར་བཤད་བྱེད་ཕོད་པ་ཙམ་གྱིས་ཡག་པོ་ཅང་མ་རེད། དེ་ཡིན་ན་ངས་ང་རང་ཨ་ཕ་གསད་ཀྱི་ཡིན་ཞེས་བཤད་ན་དེ་ཡག་པོ་རེད་དམ། དེ་ཡན་ཆད་xསེའི་ལན་ཡིན།
ཅོ་རི་བུ། xxx འོན་ཀྱང་གནས་ལུག་ཀྱིས་སྟོང་པའི་སྒྲོ་བཀུར་ལ་ངས་ནམ་ཡང་དགག་བཞག་བྱེད་རྒྱུ་ཡིན།
གང་ལྟར་འཛམ་གླིང་འདིས་སྟེང་ལ་བོད་དོན་ཞེས་པ་མ་ནུབ་ཙམ་ཞིག་ཡོད་པ་འདི་རྒྱལ་བ་བསྟན་འཛིན་རྒྱ་མཚོ་དང་རྒྱ་རི་བློ་གྲོས་རྒྱ་མཚོ་སོགས་སོགས་བོད་ཀྱི་དབུ་ཁྲིད་རྒན་རབས་ཚོ་དང་། བཙན་བྱོལ་གཞུང་དམངས་གཉིས་ཀྱིས་དཀའ་ལས་རྒྱབ་པའི་འབྲས་བུ་ཡིན་པ་ལས་ཁམབརྡའི་ནང་ལ་ཁྱི་ཟུག་རྒྱག་མཁན་ཁྱོད་ཚོས་བྱེད་རྗེས་ཅི་ཡང་བཞག་མྱོང་མེད་པ་གསལ་པོ་རེད། ཁྱོད་ཚོས་ད་དུང་ཁོང་རྣམས་པ་ལ་མ་འགྲིག་མ་འཐུས་རྐྱང་བཤད་ཁུལ་བྱེད་པ་ནི། མགོ་ལ་རྭ་ཅོ་དང་རྐུབ་ལ་རྔ་མ་མེད་པ་མ་གཏོགས་ཁྱོད་ཚོ་གླང་གོག་དང་ཅིག་མཚུངས་རེད།
ལུངས་རྟོགས་ལགས་་་་ཚོ་ཁག་བཅུ་གསུམ་སྐོར་གསལ་བཤད་གནང་རོགས་ཁྱེད་ལ་ཡག་པོ་གསུང་ཡ་ཡོད་ས་རེད། ཚོ་ཁག་བཅུ་གསུམ་ཟེར་བ་དེ་བོད་གཞུང་གི་ཆོས་ལུགས་གཅིག་བསྒྱུར་བྱེད་ནས་ཚང་མ་དགེ་ལུགས་ལ་བསྒྱུར་དགོས་ཟེར་ནས་ནང་འཁྲུག་ཆེ་མོ་དེ་བྱུང་བ་དེ་ཨམ། ཧཧཧཧཧ་དེ་མ་བྱུང་བའི་སྔོན་་་ས་དགེ་་་བཀའ་་རྙིང་་བོན་་དང་ཆོལ་གསུམ་རེས་མེད་བཅས་པས་རང་ནུས་གང་ཡོད་ཀྱི་རྒྱ་དམར་གུང་ཁྲན་གཏང་ན་རང་སྲོག་བློས་གཏོང་གི་འཐབ་འཛིང་བྱས་པ་རེད། དེ་རྗེས་ཆོས་ལུགས་གཅིག་བསྒྱུར་དགོས་ཟེར་བའི་སྐྱག་དྲི་བྲོ་བའི་བྱ་ངན་ག་ཚོད་ཡོད་མ་རེད། བོད་གཞུང་གི་ད་ལྟའི་བོན་གྱི་མཁན་པོ་བསྟན་བ་གཡུང་དྲུང་རིན་པོ་ཆེའི་ཡབ་ལྐོག་གསོད་གཏོང། རྙིང་མའི་བླ་མ་ལྐོག་གསོད་གཏོང་བ་དང་ཀརྨ་པ་ལ་དུག་དྲངས། ས་སྐྱ་གོང་མ་དང་བདུད་འཇོམས་བཙོན་ལ་བཅུག། དེ་དག་གི་བྱ་ངན་བཤད་ན་རྫོག་མཐའ་མེད། དེ་དག་གི་བོད་མཐུན་སྒྲིལ་དང་ཆབ་སྲིད་རྩོད་ལེན་ནུས་པ་ལ་ཤུགས་སྐྱེན་ངན་པ་ཐེབ་འདུག། རྙིང་མ་དང་བཀའ་རྒྱུད་བོན་པོ་ས་སྐྱ་སོགས་ཀྱི་བོད་དོན་ཆབ་སྲིད་འཐབས་རྩོད་ལས་འགུལ་སྤེལ་མཁན་ཤིན་དུ་ནས་ཤིན་དུ་ཉུང་ཉུང་དེ་རེད། དེ་བོད་གཞུང་གི་བྱ་ངན་ལ་བརྟེན་ནས་བྱུང་བ་རེད། ད་སྐབས་རང་བཙན་རྩོད་ལེན་དགེ་ལུགས་གཅིག་པུས་བྱེད་མི་ཐུབ་པ་གོང་ས་མཆོག་གི་དོན་རྟོགས་ནས་དབུ་ལམ་ལ་སོང་བ་རེད། ད་རུང་མེ་ཚ་ཐོག་ཤིང་དགེ་ལུགས་པའི་ངན་འཁྲུང་ཆེ་མོ་བྱུང་དང་བྱུང་བཞིན་པ་རེད། ལུངས་རྟོགས་ལགས་་་་་ད་ག་འདྲ་བྱུང་འདུག་གམ།
མ་ཟད་ལོ་བཞི་ཙམ་གྱི་སྔོན་དུ་སྐུ་མདུན་གྱིས་ཀྱང་ཡོ་རོབ་ནས་། དབུ་མའི་ལམ་གྱི་འབྱུང་ཁུང་རྒྱ་ནག་ཡིན་པ་གསལ་བཤད་བྱས་འདུག ཅེས་ཨ་ནུ་ཐང་བས་བཤད་འདུག
དབུ་མའི་ལམ་གྱི་འབྱུང་ས་ཁུངས་ལ་འགྲོ་བ་མིའི་རིགས་ཡོངས་ཕན་ཚུན་རྟེན་ཅིང་འབྲེལ་བར་འབྱུང་བའི་འབྲེལ་ལམ་ལ་གཞི་བཅོལ་གྱིན་ཡོད་པ་ཧ་ཅང་གི་གསལ་བོ་ཡིན། ཏིན་གྱིས་བསླབས་བཞག་པ་ཏིན་མེད་ན་མི་འབྱུང་བ་དེ་འདྲ་མ་རེད་ལ། ཏིན་དང་འབྲེལ་བ་གང་ཡང་མེད་པ་དེ་འདྲ་ཡང་མ་རེད། ཏིན་ཞོ་ཕིན་ཙམ་མ་ཟད་རྒྱ་མི་ཡོངས་ཀྱི་འདུ་ཤེས་དང་འབྲེལ་བ་ཡོད་པ་ཅིག་རེད། དཀྲོགས་གཏམ་མི་དགོས་སར་དཀྲོགས་གཏམས་མ་ཤོད་ཨ།
བློ་མཐུན་ཚོ། ལུང་རྟོགས་ཟེར་བའི་མྱི་ངན་དེ་ལ་ཡ་བྱེད་ཀྱི་ཏོག་ཙམ་གཡུགས་ཞོག གནས་ལུགས་སྤུ་ཙམ་མེད་པར་ཁྱི་འབོད་སྐྱུག་འབོད་མ་གཏོགས་ཡོད་མ་རེད། བོད་མི་རིགས་ཀྱི་དགྲ་བོ་རེད། དྲང་བདེན་གྱི་གཉའ་གནོན་རེད། རོ་རྒན་ཁོ་ཏོག་ཙམ་གཡུགས་ཞོག་ཨ་ རེད་་་དམངས་གཙོའི་གལ་ཆེན་པོ་ཡིན་ཞེས་བཤད་མཁན་གཅིག་ང་ཅོ་རི་ཡིན། སྔར་ཡང་བཤད་ཡོད་ལ་འགྱུར་བ་གང་ཡང་མེད། བོད་མི་རིགས་ལ་རང་བཙན་དང་རང་སྐྱོང་གང་འཐོབ་ནའང་དམངས་གཙོའི་ཁྲིམས་ལུགས་དགོས་པ་ལས་དམར་ཕྱོགས་སྲིད་དབང་གཅིག་སྡུད་རིང་ལུགས་དང་བཀའ་བཀོད་རྒྱུད་འཛིན་གྱི་ཆོས་སྲིད་འབྲེལ་ལྟ་བུ་གཉིས་ཀྱི་འོག་ཏུ་བོད་མི་རིགས་ལ་བདེ་སྐྱིད་དང་རང་དབང་འཐོབ་མི་སྲིོད་པར་མྱོང་བའི་གྲུབ་ཡོད།
གལ་སྲིད་རང་བཙན་ཡོད་པའི་རྒྱལ་ཁབ་ནུབ་ཀོ་རི་ཡ་ལྟ་བུ་དང་རང་སྐྱོང་ཚད་མཐོ་པོ་ཡོད་པའི་ཧོང་ཀོང་ལྟ་བུ་ཡིན་ནའང་དམངས་གཙོ་མེད་ན་མི་དམངས་ལ་རང་དབང་དང་ཐོབ་ཐང་མེད། དེའི་ཕྱིར་དུ་བོད་མི་རིགས་ཀྱི་དམངས་གཙོ་གལ་ནང་གི་དོན་ཆེན་ཡིན། རྩ་བ་ཆེན་པོ་ཡིན། འགྲོ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་། སྨྲ་བརྗོད་རང་དབང་། རྒྱལ་ཁབ་སྤྱི་པའི་བྱ་བཞག་ལ་ཐག་གཅོད་ཆོག་པའི་ཐོབ་ཐང་སོགས་མང་པོ་ཞིག་དམངས་གཙོའི་ཁྲིམས་ལུགས་འོག་ནས་མི་དམངས་ཐོབ་ཀྱི་ཡོད། དམངས་གཙོ་འདི་ནི་མཐར་ཐུག་གི་མི་དམངས་ཀྱི་བདེ་སྐྱིད་འཐོབ་ཐུབ་པའི་རིག་གནས་ཤིག་ཡིན་པས་དུས་ནམ་ཡང་བློས་གཏོང་བྱ་ཐབས་མེད་དོ་་་་བཀའ་ཟུར་རྒྱ་རི་ལགས།
རྒྱ་རིས་བཤད་པ་རྣམས་གཞི་རྩའི་ཆ་ན་མི་རྒན་གྱི་གཏམ་དུ་ཟད་མོད། འདིར་ངོས་ལེན་བྱེད་མི་ཐུབ་པ་ནི། རྒྱ་མིས་བཤད་སྟངས་ལྟར་འབྲི་ཆུའི་ཕར་འདབས་རྒྱ་མིའི་ས་ཁོངས་ཡིན་པ་ལྟར་བརྗོད་འདུག་པ་འདི་རེད། ༡༩༡༨་ལོར་བཀའ་བློན་བླ་མ་བྱམས་པ་བསྟན་དར་གྱིས་མན་ཇུའི་བཙན་འཛུལ་བ་རྣམས་མཐར་ཀྲོད་བྱེད་སྐབས་ཨ་རིའི་ཡེ་ཤུའི་ཆོས་དཔོན་གཅིག་དང་དབྱིན་ཇིའི་ཚོང་པ་ཁ་ཅིག་ངོ་ཆེན་བརྒྱུད་དམག་མཚམས་འཇོག་རོགས་ཞེས་བཤད་པ་དང་། དབྱིན་གཞུང་གིས་བར་མི་བྱས་ཏེ་གནས་སྐབས་ཟླ་ཤས་རིང་དམག་མཚམས་འཇོག་རྒྱུ་བྱས་པ་རེད། སྐབས་དེར་རྒྱ་དམག་རྣམས་འབྲི་ཆུའི་ཕར་འདབས་བར་སྐྲད་ཟིན་ཅིང་། དེ་ནས་མུ་མཐུད་ཉག་རོང་སོགས་ནས་དམག་བསྐུལ་གྱིས་དར་མདོའི་ཕར་རོལ་ཏུ་མཐའ་སྐྲོད་ཀྱི་དམག་གྲྭ་སྒྲིག་བཞིན་ཡོད་པ་རེད། འོན་ཀྱང་རྒྱ་དམག་གིས་མགོ་བདེ་འཁྲབས། དབྱིན་ཇིས་ཇུས་གཏོགས་བྱས། བོད་རྒན་རྨོངས་པས་སྙིང་རྗེ་རང་མགོར་ཆུ་འདྲེན་བྱས་ནས་གནས་སྐབས་ཟླ་ཤས་རིང་བོད་དམག་འབྲི་ཆུ་ཕར་རོལ་དུ་མི་ཡོང་བར་མཚམས་འཇོག་མཁས་ལེན་བྱས་པ་དེར་གནས་སྐབས་རྒྱ་བོད་གཉིས་ཀྱིས་དམག་མཚམས་བཞག་པའི་ས་མཚམས་ཞེས་གྲགས་པ་ལས་རྒྱ་བོད་གཉིས་ཀྱི་ས་མཚམས་རྩ་བ་ནི་མིན་པས་དེར་ངོས་ལེན་དུས་ནམ་ཡང་ཡོད་པ་མ་རེད། དེའི་དུས་བོད་དམག་གིས་རྒྱ་དམག་མཐར་སྐྲོད་ཐུབ་ཀྱི་ཡོད་ཀྱང་གནས་སྐབས་མཚམས་འཇོག་བྱས་པ་དང་རྗེས་སུ་མཇུག་སྐྱོང་མ་ཐུབ་པ་དེ་མུས་སུ་ལུས་པ་ནི་སྐུ་ཕྲེང་བཅུ་གསུམ་པའི་ཆབ་སྲིད་ཐོག་གི་འཐུས་ཤོར་གཅིག་རེད། འོན་ཀྱང་ལོ་རྒྱུས་ཐོག་ཏུ་ལོང་བས་བལྟས་ཀྱང་ཁམས་གསུམ་གྱི་དཔེ་བཞིན་ཚང་མས་ཤེས་གསལ་རེད་སུ་གཅིག་གིས་ཀྱང་ཁས་ལེན་ཡོད་པ་མ་རེད། རྒྱ་དམར་གྱིས་ཆབ་སྲིད་ཐོག་ནས་བེད་ལོག་དང་མགོ་བདེ་སྐྱག་རྫུན་གྱིས་འབྲི་ཆུ་ཕན་ཚུན་གྱི་འཁྱོག་གཏམ་བཤད་པ་བཞིན་རྒྱ་རིས་བུ་གླེན་པས་ཕ་ཡི་ཀླད་པ་བཅོམ་མི་རུང་། མ་གཞི་དེ་ནི་བོད་དང་མན་ཇུའི་བར་གྱི་གནད་དོན་ཡིན་པས་རྒྱ་མི་ལ་ཇུས་གཏོགས་དང་བཤད་རྒྱུའི་ཐོབ་ཐང་མེད། མན་ཇུ་ནི་རྒྱ་མི་དབང་བསྒྱུར་བྱེད་མཁན་གྱི་ཕྱི་རྒྱལ་བཙན་འཛུལ་བ་ཡིན་པས། དེའི་བྱ་སྤྱོད་རྣམས་ཧན་མི་རིགས་ལ་འགན་དང་ཐོབ་ཐང་གཉིས་ཀ་མེད། མདོར་ན་འབྲི་ཆུའི་ཕ་རོལ་གྱི་བོད་ས་རྣམས་༥༩་གོང་དུ་རྒྱ་ནག་ལ་རྡུལ་གཅིག་ཀྱང་ཐོབ་ཐང་ཡོད་པ་མ་རེད་ལ་༥༩་རྗེས་སུ་གུང་ཕྲན་གྱིས་འཕྲོག་པ་རེད། དེ་ནི་ཇག་པའི་བྱ་སྤྱོད་ཡིན་པ་ཀུན་གསལ་དང་གོ་མིན་ཏང་གི་རྨ་ཕུ་ཧང་སོགས་དེ་དང་གཅིག་པ་ཡིན་ཕྱིར་དུས་ནམ་ཡང་གུང་གུང་རྨེ་རུ་ཕན་ཆད་ཀྱི་རྒྱ་ས་རྣམས་ལས་མི་བདག་པར་མི་རིགས་ཀྱི་ལོ་རྒྱུས་དང་སྐད་ཡིག་ཆས་གོས། གོམས་གཤིས། ཤ་མདོག་གདོང་དབྱིབས་སོགས་ཀྱིས་ར་སྤྲོད་ཐུབ་ཀྱི་རེད། གུང་ཕྲན་གྱིས་མ་བདག་བདག་བཟུང་རྣམས་དུས་ནམ་ཡང་ཇག་པའི་བྱ་སྤྱོད་ལས་ཐོབ་ཐང་མིན་པར་ངེས་པར་བྱོས།།
རྡོག་རྡོག་བཤད་ན་པེ་ཅིང་དབུས་འཐབ་ཕྱོགས་གཅིག་གྱུར་པུའི་གསོལ་སྟོན་ཡང་ཡང་རོལ་བའི་རིན་པ་འཇལ་གྱིན་པ་འདྲ།
ནོར་བཅོས། ༡མཚམས་འཇོག་ཁས་ལེན། མན་ཇུ་ནི་རྒྱ་མིར་དབང་བསྒྱུར་་་་་
ཧཧཧ ཁ་བའི་ཡུལ་གྱར། ལི་ཐང་ཨ་ཐར་སོགས་དོལ་རྒྱལ་བ་དང་ཆུ་སྒང་རྙིང་པའི་མི་ཁག་ཅིག་གིས་མིམབདེན་རྫུན་སྒྲིག་བྱས་པ་རྣམས་འདིར་ཁྱེར་ཡོང་ནས་སུ་མགོ་སྐོར་གཏོང་བསམ་པ་ཡིན། ཚོ་ཁག་བཅུ་གསུམ་གྱི་རྙོག་གྲ་དེ་ཇི་ལྟར་བྱུང་ཡོད་པ་ཤེས་སམ། མ་ཤེས་ན་ངས་བཤད་ཆོག ཁམས་པའི་བླ་དཔོན་ཁག་ཅིག་གོང་ས་མཆོག་གི་མདུན་དུ་སོང་ནས་ང་ཚོས་ཕྱི་རྒྱལ་རོག་ཚོགས་ཁག་ལ་འབྲེལ་བ་བྱེད་ནས་བོད་སྤྱི་ལ་ཕན་པའི་ལས་ཀ་ཞིག་བྱེད་ཀྱི་ཡིན་དེ་ལ་གོང་ས་མཆོག་གིས་རྒྱབ་སྐྱོར་གནང་རོག་ཞུས་པ་རེད། གོང་ས་མཆོག་གིས་ཁོང་ཚོ་ལ་ཡིད་ཆེས་ཆེན་པོ་གནང་ནས་ཡིན་དང་ཡིན་ཞེས་རྒྱབ་སྐྱོར་གང་དགོས་གནང་བ་རེད། དེ་ནས་ཁོང་ཚོ་ཕྱི་རྒྱལ་ལ་སོང་ནས་རོག་དངུལ་མང་དག་ཅིག་རག་ཡོད་ཀྱང་རྒྱ་གར་ལ་ཚུར་ལོག་ནས། བླ་དཔོན་གཉིས་གཉིས་མཉམ་སྡེབ་ཀྱིས་དབུས་གཙང་དང་ཨམ་མདོ་མ་ཚུད་པའི་ཁམས་པ་རྐྱང་པའི་ཀེམ་ཁག་བཅུ་གསུམ་བཙུག་པ་རེད་ལ། དེའི་མིང་ལ་ཚོ་ཁག་བཅུ་གསུམ་ཟེར། དེ་དག་ནི་སྦིར་གཞིས་ཆགས་དང་ཀ་ཐོག་གཞིས་ཆགས་སོགས་རེད། མདོར་ན་ཁམས་པའི་བླ་དཔོན་དེ་ཚོས་རྒྱལ་བ་རིན་པོ་ཆེ་དབུ་སྐོར་གཏོང་ཡོད་པ་རེད། ད་ཁྱོད་ཚོས་བསམ་བློ་ཐོང་དང་ནང་འཁྲུག་སློངས་མཁན་སུ་རེད་འདུག་གསལ་པོ་ཆགས་ངེས།
གཞོན་ལྷན་གྱིས། རང་བཙན་ཁ་ནང་འཁྱེར་བ་ལས། དབུས་ལམ་སྙིང་ནས་བསྒྲུབས་ན་བཟང་ངོ་སྙམ་ལགས།
ཀརྡོ་་ལགས་་་་ཨ་ཕ་མའི་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག ཀྲུང་གོའི་གུན་ཁྲན་ཏང་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག ལམ་དབུ་མ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག་ དགོན་སྡེ་སྟོང་ཕྲག་གཏོེར་མཁན་ཚོ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག་ནས་བོས། དབུ་མ་ལམ་རྩོད་ཀྱི་ཡོད་ན་ཀྲུང་གོའི་ཁྱིམ་ཚང་ནང་ད་ལོགས་རྒྱུགས།
ཧ་ཧ་ཧ་ལུང་རྟོགས་འདི་འདྲ་རྫུན་ཆེན་པོ་ཞིག་བཤད་ཀྱི་འདུག་མི་གསོན་པོ་ལ་ཧམ་བཟོས་བྱེད་རྩིས་རེད། མ་ཤེས་ན་ཤེས་ཁུལ་མ་བྱས་ན་བཟང། ཚོགས་པ་བཅུ་གསུམ་ཞེས་བཤད་པ་ལས་ཚོ་ཁག་བཅུ་གསུམ་ཟེར་བ་གོ་མ་མྱོང་དེ་རིང་མ་གཏོགས། ཚོགས་པ་བཅུ་གསུམ་ཟེར་བ་ནི་གཞིས་ཆགས་དང་སྒྲིགས་འཛུགས་སོགས་བཅུ་གསུམ་ཡོད་པའི་དོན་མིན། མི་སྣ་བཅུ་གསུམ་ལས་གྲུབ་པའི་ཚོགས་པ་ཞིག་ཡིན་པས་ན་དེ་ལྟར་བཏགས་ཧཧཧཧབ་་་་ཡང་རྫུན་ཅིག་ལ་་་་བཅུ་གསུམ་པོའི་ནང་དུ་ཁམས་བླའམ་ཁམས་པ་རྐྱང་རྐྱང་རེད་ཟེར། ཚོགས་པ་བཅུ་གསུམ་གྱི་དྲུང་ཡིག་གུང་ཐང་ཚུལ་ཁྲིམས་རེད། ཚོགས་གཙོ་ཀརྨ་པ་རེད། བོད་གཞུང་གིས་ལྐོག་གསོད་བྱས་པར་གྲགས་པ་གུང་ཐང་ཚུལ་ཁྲིམས་ཁམས་པ་རེད་དམ། ཤི་མ་མྱོངས་པའི་དམྱལ་བའི་ལོ་རྒྱུས་མ་བཤད་ན་དགའ། ཧཧཧཧཧ་རེད་པ།
ཁྱུང་སེ། ཁྱེད་རང་གིས་གོ་མ་མྱོང་ན་མིན་པས་མ་ཁྱབ། ཚོ་ཁག་བཅུ་གསུམ་ཞེས་པ་ཡོང་གྲགས་རེད། དེ་ལ་ཁྱེད་རང་གིས་བཟོ་བཅོས་རྒྱག་ཐུབ་ཀྱི་མ་རེད། གཉིས་ནས་དེ་དག་གི་བྱེད་སྟེ་གཙོ་བོ་ཁམས་པའི་བླ་དཔོན་དེ་ཚོ་རེད་ཟེར་བ་ཡིན་ཀྱི་དེའི་ནང་ལ་མདོ་དབུས་ཀྱི་མི་ཅིག་ཀྱང་ཡོད་མ་རེད་སུས་ལབ་སོང་། ཆུ་བཞི་སྒང་དྲུག་ཅེས་པ་དེ་ཁམས་པའི་ཡུལ་དམག་ཡིན་ཞེས་ཁམས་ཞེན་ཅན་ཚོས་འུར་རྒྱག་གི་ཡོད་ཀྱང་དེའི་ནང་ལ་ཡང་ཨམ་མདོ་དང་དབུས་གཙང་གི་མི་ཧ་ཅང་མང་པོ་ཡོད་པ་རེད། དེ་དང་ཅིག་མཚུངས་རེད།
བཀའ་ཟུར་རྒྱ་རི་འཁོར་དང་བཅས་པས་སྙན་ངག་འདིར་ཚར་གཅིག་བཞེས་རོགས་བྱོས།
བཀའ་དྲིན་ཚིག་གི་དར་ཆ་དགུང་ལ་ཕྱར་བ་འདིས།
དྲིན་ཅན་འབངས་ཀྱི་མགོ་བོ་ག་ནས་སྐོར་སྐོར་རེད།
དྲིན་ལན་ལོག་འཇལ་ཟེར་བའི་ཤན་པའི་རལ་གྲི་འདིས།
རྒྱལ་གཅེས་བོད་མིའི་མགོ་སྐེ་ག་ནས་གཅོད་གཅོད་རེད།།
དད་པ་ཡིད་ཆེས་ཟེར་བའི་དབང་སྒྱུར་སྲིད་ཇུས་འདིས།
དད་ལྡན་མི་དམངས་རང་དབང་ག་ནས་འཕྲོག་འཕྲོག་རེད།
བླ་མའི་རྗེས་འབྲངས་ཟེར་བའི་གཅིག་རྗེས་གཅིག་མཐུད་འདིས།
དམར་པོའི་རྩ་ཁྲིམས་འོག་ཏུ་གཅིག་རྗེས་གཉིས་ཁྲིད་རེད།།
ཀྲུང་གོ་མོན་གོ་ངས་མི་ཤེས། མེས་རྒྱལ་ཁྱིམ་ཚང་ཡང་ངས་མི་ཤེས། ལ་དྭགས་སོགས་བོད་རིགས་ཡུལ་ལུང་ཚོ་རྒྱ་གར་དང་མཉམ་གནས་བྱུང་བ་ལྟར། བོད་ཆོལ་ཁ་གསུམ་ཡང་། རྒྱ་ནག་དང་མཉམ་གནས་བྱུང་ན་བསམ་ནས་བསྡད་ཡོད། ཅོ་་ཅོ་རི་ལགས།
ལུངས་རྟོག་ལགས། ཧཧཧཧཧཧ་ ཚོ་པ་བཅུ་གསུམ་ཟེར་བ་ཁམས་རྐྱང་རྐྱང་རེད་ཟེར། དེས་མ་ཚད་ཁུང་ལུང་མེད་པའི་རག་བཟི་ལྟར་བུས་འཆོལ་གཏམ་འདྲ་བཤད་འདུག། ངོ་ཚོ་ཟེར་བ་དེ་དང་དྲང་བདེན་ཟེར་བ་དེ་ཅུང་ཙམ་ཡང་ཡོད་བཟོ་མི་འདུག། ཚོ་པ་བཅུ་གསུམ་ཆགས་དགོས་དོན་གོང་ནས་ཞུས་ཟིན། ཡིན་ཡང་ཐོག་མ་ཚོགས་པ་བཅུ་གསུམ་ཆགས་དགོས་དོན་བོད་གཞུང་གི་ཆོས་ལུགས་གཅིག་བསྒྱུར་དགོས་ཟེར་ནས་། དེ་ལ་བློ་མ་མཐུན་ནས་ངན་ཁུལ་རྙོག་གླེང་ཆེ་པོ་བྱུང་ནས་། དགེ་ལུགས་མ་ཡིན་པའི་ཆོས་རྒྱུད་གཞན་དག་ཕྱོགས་གཅིག་དུ་བསྒྲིལ་ནས་ཚོགས་པ་འཛུག་པ་དེ་ལ་ཚོགས་པ་བཅུ་གསུམ་ཟེར། བོན་གྱི་བླ་ཆེན་ལུངས་རྟོགས་བསྟན་པའི་ཉི་མ་་་་ཨ་མདོ་ཤར་པ་ནས་རེད། ས་སྐྱ་གོང་མ་་་གཙང་ནས་རེད། བདུད་འཇོམས་བླ་རྙིང་མའི་བླ་ཆེན་ཀོང་པོ་ནས་རེད། གུང་ཐང་ཚུལ་ཁྲིམས་ཨ་འདོ་ནས་རེད། ཀརྨ་པ་ཁམས་པ་རེད།
ད་ཁྱོད་ཀྱི་སྨྱོ་བཤད་མ་བྱེད། དེ་དག་གི་ནང་ནས་་་ས་སྐྱ་གོང་མ་དང་་བདུད་འཇོམས་གཉིས་གཙོན་ལ་བཅུག་། གུང་ཐང་ཚུལ་ཁྲིམས་དང་ཀརྨ་པ་་་མཁན་བསྟན་པ་གཡུང་དྲུང་གི་ཡབ་སོགས་དམར་གསོད་གཏོང་ཡོད། ཁྱོད་ཀྱི་ཁུང་ལུང་མེད་པའི་སྐད་ཆ་གཅིག་བཤད་ནས་ཆོལ་ཁ་གསུམ་ངན་དབྱེན་སྦྱོར་ཞིག་བྱ་བསམ་འདུག། ཕྱིན་ཆད་ཁུང་ལུང་མེད་པའི་སྐད་ཆ་དང་ངན་སེམས་མ་འཆང་ལོ།
ད་སྐབ་དབུ་ལམ་ལ་སྤྱོད་དགོས་དོན་སྔོན་ཆོས་ལུགས་གཅིག་བསྒྱུར་དགོས་ཟེར་ནས་ཚོ་པ་བཅུ་གསུམ་གྱི་རྙོག་གླེང་ཤུགས་ཆེན་བྱུང་ནས་བོད་དོན་ནུས་པ་ཉམས་རྒུད་དུ་སོང་བ། ༢་ཆུ་བཞི་སྒོང་དྲུག་ལྷོ་དམག་སྒར་ནང་རྙོག་གྲ་བཟོས་ནས་འཁྲུགས་ཤོར་ནས་བོད་དོན་ཉམས་རྒུད་དུ་སོང་བ།
༣་ཆུ་བཞི་སྒོང་དྲུག་དང་བོད་གཞུང་གཉིས་མ་མཐུན་པར་གྱུར་ནས་བོད་དོན་ཉམས་རྒུད་དུ་སོང་བ་སོགས་ཀྱི་སྐྱེན་པས། བོད་དོན་སྣུམ་ཟད་མར་མེ་ལྟར་གྱུར་ནས་ནུས་པ་ཇེ་ཞན་དུ་གྱུར་ནས། མཐར་འཇུ་ས་ལྟ་ས་གང་ཡང་མེད་པའི་ལུངས་ཚིག་ཤི་བོ་ཞིག་བསྒྲངས་ནས་དབུ་ལམ་ཟེར་བའི་མགོ་མདོག་གི་ལམ་ལ་མི་འགྲོ་ཐབས་མེད་བྱུང་བ་རེད། ཧཧཧ
ལྟས་ངན་མིག་གིས་མི་རིག་རྒྱུ་འགའ་སླེབས་ཡོད་པ་འདྲ། ཁྱེད་ཚོས། བོད་རང་བཙན་ལ་ཕན་པའི་སྐད་ཆ། ལམ་སྟོན། སྐུལ་སློང་། ཐབས་འཚོལ། དབུ་ཁྲིད་སྟངས། བོད་རྒྱལ་སྟངས། དགྲ་བཅོམ་སྟངས་ཀྱི་སྐད་ཆའི་དཔྱོད་པ་ནི་སྣེ་གཅིག་ལ་མེད་པར།
ནང་དཀྲུག་སྟངས། གཏོར་སྟངས། དེའི་དོན་དུ། xxxxxསོགས་ལོ་རབས་བརྒྱད་ཅུའི་ནང་གི། མི་རྒན་མགོ་འཁོར་འགའ་ལ་ཡིད་དད་ཤོར་མདོག་གིས། བོད་དོན་ལ་རྒྱང་ལྟ་མེད་པར། མི་རྒན་དམ་ལོག་པ་འགའ་འི་xརྐུབ་བསྔོགས་ནས་བསྡད་འདུག་པ་ནི།
དུས་རབས་གསར་བའི་གོམ་སྒྲ་བ་ང་ཚོ་ལ་མཚོན་ན། ཁྱེད་ཚོ་ནི་མདུན་སྐྱོད་མེད་པའི་ཕུག་རོན་གཟའ་རོ་ལྟར་ལྷག་འདུག་ན། དྲིན་ཅན་ཚོ། དབུ་ལམ་གྱི་དགེ་དོན་ཤེས་ནས་རང་བཙན་གྱི་ལྟ་བ་ཤོད། རང་བཙན་གྱི་མདུན་རྒྱབ་རྟོགས་ནས་དབུ་ལམ་གྱི་ཐོབ་ཤོར་ཤོད།
ཁ་མདུན་སྐྱོད་ལ་ཕྱོགས། སེམས་རྡོག་རྩ་ལ་གཏོད། བོད་དོན་གཙིགས་ལ་བཟུང་། རྒྱལ་ཁ་གཞུག་ནས་ལེན། གོ་བྱུང་ངམ།
དཔལ་འབྱོར་གྱིས་བསླུས་བའི་སྒོར་དགའ་བ་ཚོ་མི་གླེང་། གཡོ་སྒྱུ་བས་བསླུས་བའི་དྲང་ལྡན་པ་ཚོ་མི་གླེང་། དགྱ་འདྲེ་ཚོས་དཀྲུག་པའི་ནང་འཁོན་མི་གླེང་། ཆོས་ལུགས་ཀྱི་དབང་བཤད་མི་གླེང་། ཆོལ་ཁའི་དབྱེ་འབྱེད་མི་གླེང་། གསར་རྙིང་གི་སྔ་གཞུག་མི་གླེང་།
ད་དུང་ང་ཚོ་ལ་རྒྱལ་ཁྲིམས་གསར་གྱི་ཀ་བ་མེད། ཉེས་ཅན་འཛུན་སའི་རྒྱལ་དུང་མེད། བདེན་དཔང་གཟི་མིག་དྲང་མོ་མེད། སྐབས་དེར། བོད་ལ་རྒྱལ་ཁ་ཞིག་ཐོབ་དུས། ཉི་ཟླ་དཔང་ལ་བཞག། མཆོག་གསུམ་མགོ་ལ་བཞག། ལྷ་ཀླུ་མདུན་ལ་བོས་ནས། ནག་ཅན་ལ་ནག་འདེད་བྱས་ཆོག་གི་རེད། དེའི་བར་དུ་ཁྱེད་ཚོས་སྒུག་ལ་སྡོད།
སྤྱིར་སྟངས་དབུ་རང་གཉིས་རང་རང་ས་ན་བདེན་པ་རེ་ཡོད། འོན་ཀྱང་ནང་འཁྲུགས་རྒྱབ་དགོས་པ་རེད། མཁས་དབང་མཆོག་ནས་གསུངས་པ་བཞིན་རྒྱ་གར་ནང་བདག་ཉིད་ཆེན་པོ་གྷན་དྷི་དང་། དྲག་འཐབ་པ་(སུ་བྷྴི་ཅན་དྲ་བྷོ་སི་)གཉིས་ལམ་ཕྱོགས་མི་མཐུན་རུང་། ཕན་ཚུན་སྐྱོན་བརྗོད་དང་དམའ་བེབས་རིགས་མེད་པར་རང་རང་ས་ནས་འཐབ་རྩོད་གནང་ཡོད་པ་རེད། གང་ཡིན་རུང་བརྒྱ་བཤད་སྟོང་ལ་འབབ་ཀྱང་། བོད་ཡིག་འབྲི་ཀློག་ཤེས་མཁན་མང་བ་དབུ་ལམ་པ་རེད། དབྱིན་ཇིའི་སྐད་ཡིག་འབད་བཅོས་བྱེད་མཁན་མང་བ་རང་བཙན་པ་རེད། དེ་གཉིས་ཀྱི་ཁྱད་པར་ལ་ལྟོས་ན་འཐབ་རྩོད་ཀྱི་ངོ་བོ་ཕུགས་ཐག་སུ་རིང་མིན་ཚོད་དཔག་ཐུབ།
སྲིད་པ་རྡོར་རྗེས་གཏམ་རྡོ་རྗེ་འདྲ་བ་ཞིག་བཤད་འདུག སྐད་ཆ་སྔོན་མ་ནསནགོ་མྱོང་མོད་ཁྱེད་རད་གིས་བཤད་པ་ལྟར་གསར་འགོད་པ་དང་དྲིལ་བསྒྲགས་པ་སྤྱི་འཐུས་པ་དེ་ཚོ་ངོ་སྲུང་ཙམ་བྱས་ནས་བསྡད་ཡོད། ཞི་མིས་སྐྱག་པ་སྦས་པ་ནང་བཞིན་རེད་་་་དེ་ལྟར་བཤད་མཁན་བྱུང་དོལ་ཁྱི་རྒྱ་ཁྱི་སྐྱག་པ་གོང་ས་མཆོག་ལ་དྲིན་ལན་ལོག་འཇལ་ཅེས་བཤད་ནས་སྐད་ཆ་ཤོད་ས་འགྲོ་ས་ཡོད་པ་མ་རེད་ད་དུང་ཡང་སྒེར་གཅོད་པའི་ལྟ་བའམ་རྨོངས་དད་མགོ་འཐོམ་ལུག་འདྲ་བའི་བསམ་བློ་དེ་ག་རང་རེད།
ཁ་བའི་ཡུལ་གྱར། ཁྱོད་རང་མི་གང་འདྲ་ཞིག་ཡིན་མིན་ཁ་བརྡ་དྲ་བའི་དྲ་གྲོགས་ཚང་མས་ཤེས་ཀྱི་རེད། དེས་ན་ཁྱེད་རང་གི་ཧམ་བཤད་དེ་དག་ལ་ཡིད་ཆེས་མཁན་སུ་ཡང་ཡོང་མི་སྲིད་མོད། འོན་ཀྱང་གཏམ་ལེན་པོ་མེད་ན་ལྐུགས་པའི་དཔེ་རུ་འགྱུར་བས་ངས་འདིར་ལེན་འདེབས་ཤིག་བྱེད་རྒྱུ་ཡིན། ཚོ་ཁག་བཅུ་གསུམ་ཁམས་པ་རྐྱང་ཡིན་མིན་འདིར་རིག་པས་སྒྲུབ་དགོས་པ་ཞིག་མ་རེད། ཁྱེད་རང་ཚོ་ཁག་བཅུ་གསུམ་གྱི་ནང་ཚན་སྦིར་གཞིས་ཆགས་ལ་ཅིག་ལྟ་རུ་སོང་དང་དངོས་སུ་མཐོང་རྒྱུ་མྱོང་རྒྱུ་ཡོད་པ་རེད། ཚོགས་པ་བཅུ་གསུམ་ཆག་ཚུལ་ངས་ཀྱང་གོང་དུ་བཤད་ཡོད་འདིར་སྐྱར་བཤད་དགོས་པ་མི་འདུག ས་སྐྱ་གོང་མ་དང་བདུད་འཇོམ་རིན་པོ་གཉིས་ནི་གོང་ས་མཆོག་ལ་དད་དམ་བརྟན་ཅིང་ཁོང་གི་ལམ་སྟོན་འོག་རྒྱག་ཅིག་མཆོང་ཅིག་གནང་མཁན་ཡིན་པ་ཀུན་གསལ་ཡིན་པས། ཁོང་གཉིས་པོ་ཚོ་ཁག་བཅུ་གསུམ་གྱི་ཁོངས་སུ་དྲུད་ཡོང་བ་འདིས་ཁྱེད་རང་ནི་ངོ་ཚ་མེད་པའི་ཧམ་བཤད་བྱེད་མཁན་ཞིག་ཡིན་པའི་རྟགས་གསལ་པོ་སྟན་འདུག གཉིས་ནས་ཀརྨ་པ་ལ་དུག་དྲང་བ་རེད་ཟེར་བ་དེ་ལ་ཁུང་ལུང་རྒྱུ་མཚན་སྣ་ཅིག་སྟན་རྒྱུ་མི་འདུག་ལ། གུང་ཐང་ཚུལ་ཁྲིམས་མེ་མདས་བསད་པ་དངོས་ཡོད་ཡིན་ཡང་གསོད་མཁན་བོད་གཞུང་ཡིན་པའི་རྒྱུ་མཚན་སྣ་ཅིག་མེད་པ་རེད། ཁུང་ལུང་མེད་པའི་སྐད་ཆ་བཤད་ནས་ཆོལ་གསུམ་དབྱེན་སྦྱོར་བྱེད་མཁན་ནི་ཁམས་ཞེན་ཆེ་མདོག་གིས། རྟག་པར་གོང་ས་མཆོག་དང་བོད་གཞུང་དེ་བཞིན་ཆོལ་ཁ་གཞན་གཉིས་ཀྱི་མི་བུ་འཇོན་ཐང་ཅན་ཚོར་ཁ་གཏོང་སྡད་མཁན་ཁྱོད་ཚོ་ཡིན་པ་ཤེས་པར་གྱིས། དབུ་ལམ་ལ་འགྲོ་དགོས་དོན་ཅི་ཡིན་གོང་ས་མཆོག་གིས་ཡང་ནས་བསྐྱར་དུ་གསུང་ཡོད་པ་རེད་ལ། བོད་མི་ཚང་མའི་སེམས་ནང་ལ་ནམ་ལང་ཉི་ཤར་ཡིན་པས་ཁྱོད་རང་གིས་ལོག་བཤད་ཅི་ཙམ་བྱས་ཀྱང་འདོད་དོན་སྣ་ཅིག་འགྲུབ་རྒྱུ་མེད་པ་ཤེས་པར་གྱིས།
སྲིད་པ་རྡོ་རྗེ་ཞེས་པ་འདི་ད་བར་དུ་དོང་ནག་པོའི་ཞབས་ལ་འཛུལ་སྡད་པ་ཡིན་ནམ། རྟ་རྒྱུག་ཟིན་ཐལ་འཚུབ་ཡལ་ཟིན་། སྐད་ཆ་བཤད་ཟིན་རྫུན་མ་ཆགས་ཟིན་པ་ཞིག་ཡང་བསྐྱར་འདིར་ཁྱེར་དགོས་དོན་ཅི་ཡིན་ནམ། ད་དུང་སྔོན་མའི་སྐད་ཆ་ལ་བཟོ་བཅོས་ཅུང་ཟད་རྒྱབ་ནས་ཁྱེར་ཡོང་སྟངས་ལ་ལྟས་ན་མི་འདི་ཡང་ཀུན་སློང་ངན་པ་ཁྱེར་མཁན་ཞིག་མིན་པའི་ངེས་པ་གཏན་ནས་མི་འདུག
ཙོ་ལ་རི་རྒྱབ་སྐྱོར་ཡོད་་་xxx
དེང་སྐབས་རྒྱལ་བ་རིིན་པོ་ཆེན་དང་ཟམ་གདོང་རིན་པོ་ཆེན་སོགས་བོད་མིའི་དབུ་ཁྲིད་ཚོར་ཟུར་ཟ་དང་མཚན་སྨོད་བྱེད་མཁན་མང་ནས་མང་དུ་འགྲོ་བའི་རྒྱུ་རྐྱེན་འགའ་ཡོད་པའི་ནང་ནས་ཁག་གཅིག་གིས་དེ་དག་ལ་སྟོད་པའི་ཚུལ་གྱིས་ཡོང་གི་འདུག་ལ་ཁག་གཅིག་གིས་ཁོང་དག་ལ་སྨོད་པའི་ཚུལ་གྱིས་གླེང་གཞི་བཟོ་བཞིན་འདུག། འོ་ན། སྟོད་པའི་ཚུལ་གྱིས་ཁོང་ཚོར་མཚན་སྨོད་དང་ཟུར་ཟ་སོགས་ཇི་ལྟར་འབྱུང་བའི་ཚུལ་ནི། གོང་ས་མཆོག་དང་ཟམ་གདོང་ཅན་ལ་སྐྱོན་ཆ་གཏི་འབྲུ་ཙམ་ཡང་གླེང་ས་མེད་པ་དང་། གལ་སྲིད་རང་གི་མཐོང་སྣང་ཙམ་གྱི་གླེང་ན། དེ་དག་ནི་ལྟ་ལོག་དང་སྤྱོད་ལོག། རྒྱའི་རྒྱུགས་ཁྱི་དང་སོ་པ། རྒྱ་འདྲེ་དང་དོལ་ཚོགས་སོགས་ངན་དགུ་སྣ་ཚོགས་ཀྱིས་བོད་མའི་སྤྱི་ཚོགས་ས་ནས་ཁ་བྲལ་གཏོང་ཐབས་དང་། གོང་ས་མཆོག་མེད་ན་བོད་འདི་འཛམ་གླིང་འདིའི་ཐོག་ཏུ་མིང་ཙམ་ཡང་གྲགས་མི་འབྱུང་བ་དང་། གོང་ས་མཆོག་མེད་ན་བོད་འདིས་གང་ཡང་མི་ཤེས་ལ་གང་ཡང་མི་འཇོན་པས་གོང་ས་མཆོག་མེད་ན་བོད་འདི་ཡོད་ན་ཡང་དགའ་རྒྱུ་རྐྱང་མེད་པའི་ལྟ་ཚུལ་དང་། གོང་ས་མཆོག་གི་བཀའ་དགོངས་ལྟར་ལས་གཞན་དག་འགའ་ཡང་བོད་འདི་ལ་འགྲོ་ས་མེད་པ་དང་། འགྲོ་ཡང་མི་ཆོག་པའི་ལྟ་ཚུལ་དང་བཤད་ཚུལ་འགའ་ཡིས་ཡོང་གི་ཡོད། མདོར་ན། གོང་ས་མཆོག་ནི་བོད་ཀྱི་བྱེད་པོ་དང། བོད་ཀྱི་འཇིག་རྟེན་བཀོད་པ་པོ་ཞིག་ཏུ་འདོད་བཞིན་པ་དེ་དག་གིས་ཡོང་གི་ཡོད། སྨོད་པའི་ཚུལ་གྱི་གླེང་གཞི་ནི། ཁོང་དག་གི་ལྟ་ཚུལ་དང་སྤྱོད་ཚུལ་དང་མི་མཐུན་པའམ་དེ་ལས་ལོག་པ་སོགས་ལྡོག་ཕྱོགས་ཀྱི་རྣམ་པ་སྣ་ཚོགས་འགས་ཡོང་གི་ཡོད།
ལུང་རྟོགས་ལགས་ཀྱིས་གསུང་པར་རྒྱབ་སྐྱོར་དང་ ཧམ་པ་དང་ངོ་ཚ་སྤུ་ཙམ་ཡང་མེད་པར་རྟག་ཏུ་དབྱེན་དཀྲུགས་བྱེད་སྡད་མཁན་གྱིས་ཅོ་རི་དང་ཁ་བའི་ཡུལ་གྱར་སོགས་ཉོན་ཨ་ མགོ་དེ་ནས་ཅོ་རི་བས་ཧམ་བཤད་བྱས་པའི་ནང་མདོ་ཁམས་ཆུ་སྒང་གི་ལོ་རྒྱུས་མ་བཤད་པར་བོད་བཙན་བྱོལ་བའི་ལོ་རྒྱུས་ཞིག་བཤད་ཐབས་མེད་ཟེར་བ་དེའི་ལན་དུ་བོད་བཙན་བྱོལ་བའི་ལོ་རྒྱུས་གླིང་དགོས་ན་མགོ་༧གོང་ས་མཆོག་དང་འབངས་སྟོད་པ་མི་མང་ཚོ་མེད་པར་བོད་བཙན་བྱོལ་བའི་ལོ་རྒྱུས་ཞིག་ཡོང་ཐུབ་ཐབས་མེད་ དེ་ཡང་ཨ་མདོ་བ་ནི་ལོ་རབ་དགུ་བཅུའི་བར་ཉིན་མོའི་སྐར་མ་བཞིན་ཡིན་པ་དང་ མདོ་སྟོད་མི་མང་བརྒྱ་ཆ་བདུན་བཅུ་ཙམ་ནི་བླ་སྤྲུལ་ཁ་ཤས་ཞིག་དང་ཆབ་སྲིད་པ་ཁ་ཤས་ཀྱིས་གཡོ་ཇུས་འོག་ལ་ཚུད་ནས་ཕན་ཚུན་དབྱེན་དཀྲུགས་ཁོ་ན་བྱས་ནས་སྡད་ཡོད་ ཚོ་ཁག་བཅུ་གསུམ་ཟེར་བ་ཡང་དེ་དུས་ནས་བྱུང་བ་ཞིག་གོ་
དེ་ནས་༧རྒྱལ་བ་རིན་པོ་ཆེ་གདན་འདྲེན་ཞུ་མཁན་གྱིས་སྐོར་ནས་བཤད་ན་གཙོ་བོ་ནི་སྡེ་བ་གཞུང་གི་སྐུ་སྲུང་སྡེ་དཔོན་སོགས་སྐུ་དྲག་ཁ་ཤས་ཀྱིས་བྱས་རྗེས་རང་ཡིན་ ལྷོ་ཁའི་ཡུལ་ལུང་ཞིག་ནས་བསྟན་སྲུང་དངས་བླང་དམག་མི་འགའ་མཉམ་དུ་ཡོང་བ་མ་གཏོགས་གཙོ་བྲས་མིན་པ་ཁོ་པ་ཚོའི་ལོ་རྒྱུས་ནང་ཁ་གཅིག་གྲགས་ཐོག་གསུང་འདུག་ དེ་ཡང་སྐུ་ངོས་ཀུན་ཟླ་གླིང་དང་ཁྲ་རིང་ཨ་མ་ལགས་སྐུ་སྲུང་སྡེ་དཔོན་ལྟག་བླ་སོགས་ཀྱི་ལོ་རྒྱུས་ཀློག་དང་ཤེས་ཐུབ་
བཀའ་ཟུར་རྒྱ་རི་ལ་ཁ་གསལ་པོའི་ཐོག་ནས་ཞུ་དགོས་པའི་གནད་དོན་གཅིག་ཡོད།
དེ་ཡང་བཀའ་ཟུར་རྒྱ་རིས་དབུ་མའི་ལམ་གྱིས་བོད་མི་རིགས་ཡོངས་རྫོགས་ཀྱི་ཐོབ་ཐང་ཞིག་རྩོད་ཀྱི་ཡོད་མདོག་དང་རང་བཙན་རྩོད་ན་བོད་མི་རིགས་ཡོངས་རྫོགས་ཀྱི་ཐོབ་ཐང་ཞིག་རྩོད་ཀྱི་མེད་པའི་ཟོལ་འདྲ་པོ་ཞིག་ཤུགས་བསྟན་བྱས་ཀྱི་འདུག
ང་ཚོས་བོད་རང་བཙན་ཡིན་པའི་ཁུངས་གཏུགས་སའི་ཡིག་ཆ་ནི་ཐང་བོད་རྒྱལ་ཁབ་གཉིས་ཀྱི་རྒྱལ་བློན་ཚོས་བཞག་པའི་རྡོ་རིང་གི་ཡིག་ཆ་ཡིན། ཡིག་ཆ་འདི་ནི་རྒྱལ་ཁབ་གཉིས་ཀྱི་བར་དུ་བཞག་པའི་མནའ་གན་ཞིག་ཡིན། ང་ཚོས་རྩ་བ་ཆེན་པོ་ལ་བརྩི་ཡི་ཡོད། གནད་འགག་ཆེན་པོ་བརྩི་ཡི་ཡོད། འདི་ནི་བོད་ཆེན་པོའི་རྒྱལ་ཁབ་འདི་རང་བཙན་ཡིན་པའི་དཔང་རྟགས་ཡིན། རྒྱ་ནག་གིས་བོད་ཆེན་པོའི་རྒྱལ་ཁབ་རང་བཙན་ཡིན་པར་ཁས་ལེན་པའི་དཔང་རྟགས་ཡིན།
གཉིས་པ། ང་ཚོས་ངོས་ནས་བལྟས་ན་དབུ་མའི་ལམ་པ་བ་ཚོ་དང་གུན་ཁྲན་ཏང་གཉིས་ནི་རྒྱ་བོད་མི་རིགས་ཀྱི་ལོ་རྒྱུས་ཀྱི་གནའ་གན་ལ་མ་བརྩི་མཁན། རྒྱལ་ཁབ་གཉིས་ཀྱི་ཕ་མེས་གོང་མ་ཚོའི་ལོ་རྒྱུས་ཀྱི་རུས་རྐང་བཅག་མཁན། ལོ་རྒྱུས་ཀྱི་རྡོ་རིང་ལ་རྡོག་རོལ་བཏང་མཁན། མནའ་ཟ་མཁན་ཞིག་ཡིན་པ་ནི་གནས་ལུགས་ཀྱི་ངོས་ནས་གསལ་བཤད་བྱས་ཡོད་པར་ངོས་འཛིན་བྱེད་བཞིན་ཡོད།
དེ་ཡང་ལོ་རྒྱུས་ཀྱི་རྡོ་རིང་ངོས་སུ་བོད་རྒྱ་གཉིས་ཕན་ཚུན་དམག་མི་འཐབ། ཡུལ་འཕྲོག་རེའི་མི་བྱེད། རྒྱ་རྒྱ་ཡུལ་ན་སྐྱིད། བོད་བོད་ཡུལ་ན་སྐྱིད། གཅིག་གི་ས་ཐོག་ཏུ་གཅིག་ཕྱོགས་ཀྱིས་དབང་སྒྱུར་བྱེད་མཁན་མི་ཡོང་བར་མནའ་གན་བཞག་ཀྱང་ཁྲེལ་མེད་གུན་ཁྲན་དམར་པོས་བོད་ཡུལ་བཙན་འཕྲོག་བྱས། མནའ་ཟན་དབུ་མའི་ལམ་པ་བ་ཚོས་རྒྱ་བོད་ཡུལ་ན་སྐྱིད། རྒྱ་བོད་མཉམ་གནས་བྱེད་ན་སྐྱིད་པའི་སྲིད་ཇུས་འཛིན་ནས་བོད་ཆེན་པོའི་རྒྱལ་ཁབ་ཀྱི་ལོ་རྒྱུས་ཀྱི་རྡོ་རིང་ལ་ངོ་རྒོལ་དང་ལོག་བཤད་བྱས་ཀྱི་ཡོད།
གསུམ་པ། རྒྱ་གར་རྡོ་རྗེ་གདན་དུ་མནའ་གན་ཆེན་མོ་བཞག་སྐབས་སུ་བོད་རང་བཙན་སླར་གསོ་བྱེད་ཀྱི་ཡིན་ཞེས་གནའ་བསྐྱེལ་དམ་བཅའ་བྱས་ཡོད་ནའང་དབུ་མའི་ལམ་པ་བ་ཚོས་མནའ་ཟས་པས་མ་ཚད་མནའ་གན་ལ་བརྩི་འཇོག་མཁན་མདོ་ཁམས་ཆུ་བཞི་སྒང་དྲུག་དང་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་གཉིས་ལ་དངོས་ཤུགས་རྒྱུད་གསུམ་ནས་དུམ་བུ་ཁ་བྲལ་བཟོས་པ་དང་། ཆུ་སྒང་གྱི་ཁང་མཐའ་སྐོར་ནས་རྡོ་རྡུང་བྱས་པ་སོགས་མི་འོས་དང་མི་འཚམས་པའི་ལས་ཀ་ཤ་དག་བྱས་ནས་ལས་མཐའ་འདི་ལ་ཐུག་བསྡད་ཡོད། ད་དུང་་བོད་རང་བཙན་འདོད་མཁན་དང་བོད་ཆེན་པོའི་ལོ་རྒྱུས་དང་མནའ་གན་ལ་བརྩི་འཇོག་བྱེད་མཁན་སྐྱེ་བོ་སྒེར་དང་གཞོན་ལྷན་གྱི་ཐོག་ཏུ་དྲིན་ལན་ལོག་འཇལ་གྱི་ཤན་པའི་རལ་གྲི་ཕྱར་ནས་མགོ་སྐེ་གཅོད་བརྩིས་བྱེད་བཞིན་ཡོད་པ་འདི་ནི་བོད་མི་རིགས་ཀྱི་ཆེད་དུ་ཡ་ང་ཡིད་སྐྱོ་དགོས་པའི་གནད་དོན་ཞིག་རེད།
བཞི་པ། ང་ཚོས་བོད་རང་བཙན་ལ་འབད་བརྩོན་བྱེད་བཞིན་ཡོད། དེ་ཡང་ལོ་རྒྱུས་ཀྱི་རྡོ་རིང་ངོས་སུ་གསལ་བའི་བོད་ཆེན་པོའི་རྒྱལ་ཁབ་ཀྱི་རང་དབང་རང་བཙན་ལ་འབད་བརྩོན་བྱེད་བཞིན་ཡོད་མ་གཏོགས་དེང་སང་གི་བོད་རང་སྐྱོང་ལྗོངས་གཅིག་པོ་ལ་རང་བཙན་འབད་བརྩོན་བྱེད་བཞིན་མེད། དེང་སང་གི་བོད་རང་སྐྱོང་ལྗོངས་གཅིག་པོ་ལ་རང་བཙན་བཤད་པ་ཡིན་ན་ལོ་རྒྱུས་ཀྱི་རྡོ་རིང་ལ་རྡོག་རོལ་གཏོང་དགོས། ལོ་རྒྱུས་ཀྱི་རྡོ་རིང་ལ་རྡོག་རོལ་མི་གཏོང་བ་ནི་བོད་ཆེན་པོའི་རང་བཙན་འཐབ་རྩོད་པ་ཚོས་ངོས་ནས་མིག་འབྲས་བཞིན་བརྩི་སྲུང་བྱ་དགོས་པའི་གནད་དོན་ཡིན།
ལྔ་པ། ནུབ་ཕྱོགས་ཀྱི་ཡང་དག་པ་བོད་ཆེན་པོའི་ཡུལ་གྱི་ས་མཚམས་ནི་སྟོད་ལ་དྭགས་ནས་སྨད་དར་རྩེ་མདོ་ཡི་བར་དུ་ཡིན། འདི་དག་བོད་རྒྱལ་ཁབ་ཀྱི་མངའ་ཁུངས་ཡིན་མིན་ནི་དེང་སང་གི་ཚན་རིག་ཚོས་ཞིབ་འཇུག་བྱེད་ན་ཤེས་ངེས་ཡིན། ཁང་པ་རྒྱབ་སྟངས། སྐད་དང་ཡི་གེ། འཚོ་བ་བསྐྱེལ་སྟངས། གོས་གོན་སྟངས། ཕྱོགས་གང་ནས་དཔྱོད་ཀྱང་བོད་ཆེན་པོའི་ས་མཚམས་ཀྱི་དབྱེ་བ་འབྱེད་མི་ཐུབ་པའི་དཀའ་ངལ་སྤུ་ཙམ་མེད། ངས་རེ་བ་བྱས་ན་ཁྱོད་ཚོས་ངོས་ནས་རྗེས་སུ་བོད་རང་བཙན་པ་ཁག་གཅིག་གིས་དེང་སང་གི་བོད་རང་སྐྱོང་ལྗོངས་གཅིག་པོ་ལ་རང་བཙན་རྩོད་ཡོད་མདོག་མདོག་བཤད་ཀྱི་དང་དབུ་མའི་ལམ་གྱིས་བོད་རིགས་ཡོངས་ལ་རང་སྐྱོང་རྩོད་ཀྱི་ཡོད་མདོག་མདོག་གིས་བཀའ་མོས་དོན་མེད་དེ་འདྲ་མི་གསུང་པའི་རེ་བ་ཡོད།
ལུངས་རྟོགས་ཟེར་བ་ཁ་ནས་བོད་དོན་བཤད་ཀྱི་ཡོད་མདོག་མདོག་བྱེད་ནས་། དོན་ངོ་མ་ཆོལ་ཁ་གསུམ་སྤྲུག་སྤྲུག་གཏོང་གི་འདུག། ཀླད་མེད་འགའ་དེས་རྗེས་རྒྱུད་བྱེད་མཁན་ཡང་འདུག། སྔོན་མ་དོལ་རྒྱལ་ཟེར་ནས་ལྷག་བསམ་ཡོད་མདོག་མདོག་གི་དོན་དངོས་ཐོག་བོད་ནང་ཁུལ་དབྱེན་སྦྱོར་བྱེད་གང་ཐུབ་རེད། དེང་སང་ཁམས་པ་ཟེར་ནས་གདོན་འདྲེ་མཐོང་བ་བཞིན་བྱེད་ཀྱི་འདུག། ཀླད་མེད་འགའ་ཡི་འདི་་་ཨ་མདོ་དང་་་དབུས་གཙང་ལ་སེམས་དཀར་བློ་དཀར་ཞིག་ཡིན་ས་རེད་བསམ་ནས་རྗེས་རྒྱུག་བྱེད་མཁན་དག་རི་དག་ཚ་ཁྲིད་ལྟར་ལོག་ལམ་དུ་ཁྲིད་ཀྱི་ཡོད་པ་ཤེས་པར་བྱོས། དེ་རེད་འདུ་མི་འདུག་དྲང་བདེན་ལ་གཟུར་བུར་ལྟོས་དང། ཁོའི་ཁ་ནས་ཚོ་པ་བཅུ་གསུམ་གླེང་ནས་དོན་དངོས་ཐོག་ཆོལ་གསུམ་ནང་འཁྲུག་གཏོང་ཡ་རེད་འདུག་བ། ཁྱེད་རང་གི་ཚོག་པ་བཅུ་གསུམ་གི་དྲུང་ཡིག་་གུང་ཐང་ཚུལ་ཁྲིམས་དང་མཁན་ཆེན་ལུངས་རྟོགས་བསྟན་པའི་ཉི་མ་་སོགས་ཨ་མདོ་མ་ཡིན་པའི་ཁས་ལེན་ཐུབ་བམ། ང་སྔོན་མ་ཀོང་པོ་ནང་བདུད་འཇོམས་རིན་པོ་ཆེའི་གདན་ས་ཟང་མདོག་དཔལ་རི་ལ་ཡོད་དུས། ཁོང་གི་སྲས་མོ་བདེ་ཆེན་ལགས་ཀྱི་ཁོང་གི་ཡབ་བདུད་འཇོམས་སྔོན་མ་ཚོག་པ་བཅུ་གསུམ་ཟེར་བའི་ཉེས་མིང་འོག་བཙོན་ལ་བཅུག་སོང་ཚུལ་མ་ནི་འདོན་འདོན་རེད། དེ་ཁྱོད་ཀྱི་གསེས་ཆེན་ཉི་མའི་སྔོན་ལ་མེ་འབུག་གི་སྒྲོན་མེ་གང་ཡང་གཏོང་མི་དགོས། སྦིས་རིས་་གཞིས་ཆག་ལ་ལྟོས་དང་ཟེར་ནས་མང་པོ་བཤད་ཀྱི་འདུག། དེ་ནི་ཁམས་སྡེ་དགེ་དང་་ནང་ཆེན་་ཨ་མདོ་་ཉུང་ཉུང་ཙམ་ཡོད་པའི་གཞིས་ཆག་ཞིག་རེད། ལྟས་ན་བཙན་བྱོལ་གཞིས་ཆག་ཁག་ནང་སྦི་རིས་དང་སྦེལ་ལོ་ཀོ་པའི་གཞིས་ཆགས་ཕྱུགས་ཤོས་དེ་རེད། དེ་ལ་ལྟོས་དང་ཟེར་བ་ཡིན་ནམ་གཞན་གང་ཡང་ལྟ་ཡ་མི་འདུག་བ།
ཅོ་རི་བ། ཁྱོད་ཁ་ལ་བདག་པོ་མི་འདུག ཡའ། ད་བར་དུ་རང་བཙན་གྱི་ཆེད་དུ་ལས་འགུལ་ཅི་ཞིག་སྤེལ་མྱོང་། བསམ་བློ་ཇི་ཙམ་གཏོང་མྱོང་། ཕྱི་ཡི་རྒྱལ་ཁབ་ཁག་དང་། གཞུང་ཁག མཉམ་འབྲེལ་རྒྱལ་ཚོགས་སོགས་ལ་ཡར་ཞུ་ཅི་ཞིག་བྱེད་མྱོང་། རྒྱབ་སྐྱོར་བྱེད་མཁན་གྱི་ཕྱི་མི་མགོ་སེར་དང་རྒྱ་མི་རྡོག་གཅིག་ཨེ་ཡོད། ཡང་ན། མ་འོངས་པ་རང་བཙན་རག་ཐབས་ཀྱི་ཐབས་ཤེས་ཅི་ཡོད། ལས་འགུལ་ཅི་ཞིག་སྤེལ་རྩིས་ཡོད། དྲི་བ་འདི་དག་གི་ལན་ཚང་མ་ཀླད་ཀོར་ཡིན་པ་ངས་ཤེས། འདི་ར་འཕྲོད་དུས་འདི་ཡན་ལ་ཁྱོད་ཀྱིས་བཤད་པའི་སྐད་ཅ་ཆ་ཚང་ཁ་སྟོང་ནང་གི་ཚིག་སྟོང་། ཀླད་སྟོང་ནང་གི་དོན་སྟོང་ཡིན་པ་ཤེས་དགོས། ད་ནས་བཟུང་འགན་ཁུར་མེད་པའི་xxxxསྐད་སོགས་རྒྱག་མ་ཡོང་།
དེ་རེད་ད། ཆོལ་ཁ་གསུམ་ཐུག་པ་དཀྲུག་དཀྲུག་བྱེད་མཁན་སུ་ཡིན་ཚང་མས་ཤེས་གསལ་རེད། རྒྱ་ནག་དམར་པོའི་ལག་གཡོག་དོལ་རྒྱལ་ཚོགས་པའི་རྒྱབ་ལ་ལང་ནས་གོང་ས་མཆོག་དང་བཙན་བྱོལ་སྒྲིག་འཛུགས་ཀྱི་དབུ་ཁྲིད་ཡོད་ཚད་ལ་ཁ་གཏོང་ཅི་ཐུབ་བྱས་ནས་བོད་མི་མང་གི་སེམས་དཀྲུག རང་བཙན་ཁ་ལ་ཁྱེར་ནས་རྩོད་དགོས་ས་རྒྱ་གཞུང་ལ་རང་བཙན་མ་རྩོད་པར་རྩོད་མི་དགོས་ས་དབུ་མ་བ་ཚོར་རྩོད་ནས་བོད་མི་མང་དུབ་བུར་བཏང་། བཤད་དགོས་པ་བོད་སྤྱི་དོན་ཚིག་ཅིག་བཤད་རྒྱུ་མེད་པར་བཤད་མི་དགོས་པ་ནང་ཁུལ་གྱི་རྩོད་རྙོག་དེ་དག་བཤད་ནས་བོད་མི་རིགས་ཁ་བྲལ་གཏོང་མཁན་དེ་ཁྱོད་དང་ཁྱོད་ལྟ་བུ་དག་རེད་ད། ཁྱོད་རང་བདུད་འཇོམ་རིན་པོ་ཆེ་དང་འབྲེལ་ཡོད་ཅིག་ཡིན་མིན་ཅང་མི་ཤེས་ལ། གལ་ཏེ་ཡིན་པའི་དབང་དུ་བཏང་ན་ཁོང་ནི་བོད་གངས་ཅན་པའི་བསྟན་སྲིད་ལ་ལྷག་བསམ་དཀར་ཞིང་གོང་ས་མཆོག་ལ་དད་གུས་བླ་མེད་ཞུ་མཁན་ཞིག་ཡིན་པས་ཁྱེད་རང་ནི་ཁོང་གི་ཞབས་འདྲེན་ཞུ་མཁན་ཞིག་ཆགས་འདུག སྦིར་གཞིས་ཆགས་ལ་ལྟོས་ཟེར་དོན་ནི་དུས་ཕྱིས་སུ་གཞིས་ཆག་དེར་ཨ་མདོ་རེ་ཟུང་ཞིག་སླེབས་ཡོད་པ་ལས་སྔོན་མ་ཁམས་པ་རྐྱང་པའི་གཞིས་ཆག་ཅིག་རེད། འདིས་སྟེང་ནས་མཐོང་ཐུབ་པ་ནི་ངས་གོང་དུ་བཤད་པ་ལྟར་ཁམས་པའི་བླ་དཔོན་ཁག་ཅིག་གིས་གོང་ས་མཆོག་དབུ་སྐོར་ནས་ཁམས་པའི་གཞིས་ཆག་བཙུགས་ཡོད་པ་དེ་རེད།
རང་བཙན་མི་དགོས་ན་སྔོན་ཆིང་ཡིག་དོན་ཚན་བཅུ་བདུན་བཞག་བཟུང་བོད་ལ་བསྡད་མི་འདུག་བར་རྒྱ་གར་ནང་སྐྱག་པ་ཟ་ཡོང་ཡོད་རེད་བས། དེས་མ་ཚད་སྔ་ཕྱི་ཐོག་མ་བར་གསུམ་བོད་ཀྱི་དཔའ་བོ་དཔའ་མོ་རྣམ་ཆེ་ས་ནས་སྲོག་ཤོར། ཆུང་ས་ནས་བཙོན་དུ་ཚུད་པ་དག་ལ་འབྲེལ་བཤད་གང་འདྲ་བྲེད་ཀྱི་ཡིན། རང་བཙན་མི་དགོས་ན་སྔོན་མ་ནས་རང་བཙན་ཡིན་ཟེར་བ་དང་བོད་དོན་འཐབ་རྩོད་ཟེར་བ་དེ་ཚོ་བྱེད་རྒྱུ་ཡོད་མ་རེད། ཆེ་ས་མི་དང་ཆུང་ས་དུད་འགྲོ་གང་ཡིན་ཡང་ཚེ་སྲོག་ལ་རྩེད་མོ་རྩེས་ན་ག་འདྲས་སི།
རང་བཙན་གླེང་མཁན་ཚོས། སྲོག་གི་རྩེད་མོ་རྩེ་རྒྱུ་མིན་ཟེར་ན། ཁ་བའི་ཡུལ་གྱར་བ་ཀླད་པ་ཐང་ཐང་མེད་པའི་རྟགས་ཡིན་ནམ། ཡང་ན། རང་བཙན་རྩོད་པ་ལ་གཏོད་ཕོད་ཆེན་པོའི་དམ་བཅའ་མ་ཤེས་བ་ཡིན། ཨ་ཁ། ཁ་དེའི་ནང་ན་སེམས་དེ་མེད་ན། སྐད་ཆ་འདི་འདྲ་ལས་བཤད་རྒྱུ་ཅི་ཡོད།
དུས་དང་འགྲོག་ནས་འགྲོ་དགོས་བ་ལས། ཁ་སང་གིས་དེ་རང་གི་ཚབ་བྱེད་མི་ཐུབ་ལ། དེ་རང་ནི་དུས་གཏན་དུ་དེ་རང་བཞིན་གནས་མི་ཐུབ་པ་ནི་མ་མཐའ་ཡང་ཤེས་དགོས། འདི་ཙམ་གྱི་དཔྱོད་སྤོབས་མེད་ན། ཁ་ཁྱི་རྐོ་འདྲ་པོ་བཀབ་བཞག་ན་འགྲིག་པ་ཨ།
རང་བཙན་མིན་ན་གཞན་ཅི་གང་རྩོད་རྒྱུ་མེད་སོང་བ་ཨེ་རེད། རང་བཙན་དགོས་ཀྱང་ཅི་ཕན། རང་བཙན་ལེན་ཐུབ་པའི་ནུས་པ་མེད་སོང་བ་རེད། རང་བཙན་ཞེས་ཐོབ་རྒྱུ་མེད་པའི་ཁ་ཆེན་པོ་ཞིག་གདང་ནས་བོད་ཀྱི་སྐད་ཡིག་དང་རིག་གཞུང་སོག་རྩ་མེད་འགྲོ་བཅུག་པ་དང་། རང་སྐྱོང་གི་ཐོབ་ཐང་བླང་ནས་བོད་མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་བྱེད་པ་གཉིས་གང་ཁེ་ཕན་ཆེ་ཡི་རེད། ཆིང་ཡིག་དོན་ཚན་བཅུ་བདུན་ལ་མི་གནས་མཁན་རྒྱ་གཞུང་ཡིན་པ་ལས་བོད་པ་མ་རེད། བོད་ཀྱི་དཔའ་བོ་དཔའ་མོ་ཚོས་ཚེ་སྲོག་བློས་བཏང་གནང་བ་དེ་རང་བཙན་ཁོ་ནའི་ཆེད་དུ་ཡིན་པ་སུས་ཀྱང་སྒྲུབ་མི་ཐུབ། ཉེ་ལམ་རང་སྲེགས་གནང་མཁན་ཚོའི་ཁྲོད་ན་བོད་ལ་རང་དབང་དགོས། གོང་ས་མཆོག་བོད་ལ་ཕེབས་དགོས་ཟེར་མཁན་ལས་རང་བཙན་ཟེར་མཁན་ཉུང་ཤས་ལས་བྱུང་མེད་རྒྱུད་ལམ་ཁག་ནས་གསལ་པོ་རྟོག་ཐུབ། དཔའ་བོ་དཔའ་མོ་ཚོས་ལྷག་བསམ་རྣམ་དག་དང་རང་ཐག་རང་བཅོད་ཀྱིས་མི་རིགས་དང་རིག་གཞུང་གི་ཆེད་དུ་ཚེ་སྲོག་བློས་བཏང་གནང་བ་ལས་ཚེ་སྲོག་ལ་རྩེད་མོ་རྩེ་མཁན་རྒྱ་གཞུང་མ་བཏོགས་སུ་ཡང་མེད།
་ཁ་བའི་ཡུལ་གྱར་ལགས། བདུད འཇོམས་རིན་པོ་ཆེ་པདྨ་བཀོད་ནས་རེད། ཀོང་པོ་ནས་མ་རེད། བཙན་བྱོལ་བོད་་པའི་སློབ་དེབ་ནང་པད་བཀོད་བདུད་འཇོམས་སྤྲུལ་སྐུ་ཞེས་བྲིས་ཡོད། བཙན་བྱོལ་གཞིས་ཆགས་ནང་ཕྱུགས་ཤོས་སྦིར་དང་སྦེལ་ཀོབ་རེད་ཟེར་བ་དེར་དཔང་རྟགས་གང་ཡོད། ངའི་མཐོང་ཚུལ་ལ་བཙན་བྱོལ་གཞིས་ཆགས་ཚང་མ་སྐྱོ་བོ་རེད། བོད་མི་མང་ཆེ་བ་དགུན་ཁ་སུས་ཀྲར་བཙོང་། དབྱར་ཁ་ཁེ་ཕན་དེ་བཟས་ནས་བསྡད་ཡོད།
རྒྱ་རི་བློ་རྒྱམ་གྱིས་བོད་དང་བོད་ཆེན་པོ་དབྱེ་ཕྱེས་ནས་དབུ་རང་གི་འཐབ་རྩོད་མཚམས་ཕྱེ་བ་ནི་དོན་དུ་དབུ་མའི་ལམ་ལ་རྒྱབ་སྐྱོར་རག་ཐབས་དང་རང་བཙན་འཐབ་རྩོད་ཀྱི་ནུས་ཤུགས་ཉམས་རྒུད་གཏོང་ཐབས་ལ་དམིགས་པ་གསལ་པོ་ཡིན།
འདི་ནི་ཆབ་སྲིད་པའི་བྱ་ཐབས་ཞིག་ཡིན། འདི་ལ་དུམ་བུར་བཏང་ནས་དབང་དུ་འདུས་ divide and rule ཟེར། ཐབས་ལམ་འདི་དབང་སྒྱུར་མཁན་རྒྱལ་ཁབ་ཚང་མས་ལག་བསྟར་བྱེད་བཞིན་ཡོད། དཔེར་ན། དབྱིན་ཇི་དང་རྒྱ་ནག་བཙན་རྒྱལ་རིང་ལུགས་པ་ལྟ་བུ།
ང་ཚོའི་ལྟ་བ་རང་བཙན་དང་ཁྱེད་ཚོའི་ལྟ་བ་དབུ་མ་ཞེས་ཕྱོགས་བཟུང་འཁྲེགས་འཛིན་གྱི་བསམ་བློ་མ་སྨིན་པ་དེ་འཁུར་ནས་ནང་ཁུལ་ལ་ཤོར་ཁག་བཟོ་རྒྱུའི་ལྐོག་འཇུས་འཐེན་མཁན་ནི་སླར་ཡང་ཁྱི་གོག་དེ་དག་ལས་གཞན་སུ་ཞིག་ཡོད། བོད་རྒྱ་ཆེའི་མི་དམངས་ཀྱི་བདེ་སྡུག་དང་མངོན་འདོད་ལ་ཕན་ན་དབུ་རང་ཅི་ཞིག་ཡིན་ཀྱང་དགའ་བ་དང་སྤྲོ་བས་དང་དུ་ལེན་རྒྱུ་ཡིན་ལ་དེ་ལ་སྨན་པའི་ཕྱག་ལས་གནང་མཁན་གྱི་ཚོགས་པ་ཅི་ཞིག་མཆིས་ཀྱང་ཕྱོགས་རིས་མེད་པར་དང་བ་ཆེན་པོས་རྒྱབ་སྐྱོར་བྱེད་རྒྱུ་ལས་ཁྱོད་ཁ་དང་ང་སྣ་ཞེས་རིས་བཅད་ཀྱི་སྐད་གཟེངས་མཐོན་པོར་སྒྲོགས་པ་ནི་སླར་ཡང་ཁྱི་གོག་དེ་དག་ལས་གཞན་སུ་ཞིག་ཡོད། སྙིང་ནད་སླར་ཡང་སློང་བའི་འདས་དུས་ཀྱི་འབྱུང་བ་སྐྱུགས་བྲོ་བ་དེ་དག་ཆེད་དུ་བཤད་ནས་ད་ཆ་གྲ་སྒྲིག་པའི་ཆོལ་གསུམ་ཆོས་ལུགས་དང་བཅས་པ་ཕུན་སུམ་ཚོགས་པ་འདི་སླར་ཡང་དཀྲུག་པར་འདོད་པ་ནི་ཁྱི་གོག་དེ་དག་ལས་གཞན་སུ་ཞིག་ཡོད། མ་ཟད་རང་དབང་དང་མང་གཙོ་ཞེས་རང་ཁ་ནས་བཤད་བཞིན་ད་དུང་བོད་རྒྱ་ཆེའི་མི་མང་གིས་རང་དབང་དང་མང་གཙོ་བེད་སྤྱད་ནས་བསྐོས་པའི་དབུ་ཁྲིད་དང་དེས་གཏན་ལ་ཕབ་པའི་ལངས་ཕྱོགས་ལ་རྒོལ་མཁན་ནི་སླར་ཡང་ཁྱི་གོག་དེ་དག་ལས་གཞན་སུ་ཞིག་ཡོད། དེ་ན་བདག་པོ་དང་རང་རིགས་ངོ་མི་མཆོད་མཁན་གྱི་ཁྱི་ཞིག་ལ་གནས་ལུགས་དང་གཏན་ཚིག་བཤད་རྒྱུ་ནི་ཁྱི་ཁ་ལ་རྩ་བཞག་པ་རང་ཡིན་པས་དེ་རིགས་ལ་དང་པོ་ཉིད་ནས་ཚིག་བརྡུང་བྱེད་རྒྱུ་དེ་རང་ལེགས། སྤུན་ཟླ་ཚོ། གནས་ལུགས་དང་རྒྱུ་མཚན་གྱི་མདུན་ན་ཚང་མ་འདྲ་སྙམ་ཡིན་ཡང་ངོ་ལོག་པ་དང་རྒྱབ་གཏོད་པའི་མདུན་ན་ང་ཚོ་ནམ་ཡང་འདྲ་སྙམ་མིན།
རང་བཙན་བརྩད་ན་རྩོད་སྟངས་མི་ཤེས། དབུ་མའི་རང་སྐྱོང་བརྩད་ན་བསྟེར་སྟངས་ཀྱང་མི་ཤེས། འདི་གཉིས་བར་ན་སྐབས་འཚོལ་རིང་ལུགས་དང་སྲིད་དོན་ཚོང་པའི་ཤོག་ཁག་གིས་ཐབས་བརྒྱ་ཇུས་སྟོང་དང་། དབུས་འཐབ་ཕྱོགས་གཅིག་གྱུར་པུའི་བཀོད་འདོམས་ལག་བསྟར་འོག་འདོད་ཐོག་ཏུ་རྟ་རྒྱུགས་ཀྱིན་མིན་ནམ་སྙམ་པའི་དྭོགས་པ་ཇེ་ཆེ་རེད་ལ། བོད་དང་བོད་མི་རིགས་ཀྱི་ལྷན་སྐྱེས་རང་བཞིན་གྱི་ཐོབ་ཐང་དེ་གླེང་བར་ཡང་འཇིགས་སྣང་སྐྱེ་དགོས་པ་འདྲ་ཞིག་ཆགས་འདུག། ལར་ནས་རང་དབང་དང་དམངས་གཙོ་འགྲོ་བ་མིའི་ཐོབ་ཐང་ཟེར་བ་འདི་གང་ཟག་རེ་རེ་ནས་དམངས་དང་རྒྱལ་ཁབ་ལ་མཆེད་པ་ཞིག་ལས། ཚོགས་པ་བྱེ་བྲག་པ་ཞིག་དང་གང་ཟག་དམིགས་བསལ་བ་འགའ་ཞིག་ཁོ་ནར་ཐོབ་པ་ཞིག་ནམ་ཡང་མ་རེད་ལ། ལྷག་པར་དུ་གཞུང་འཛིན་མི་སྣ་དང་གཞུང་གིས་བྱེད་ཕྱོགས་ལ་སྐྱོན་བརྗོད་བྱེད་ཆོག་པ་ནི་དམངས་གཙོའི་གྲུབ་ཆ་ཡོད་ན་མེད་ན་ཞིག་རེད་ལ། གཞུང་གིས་མི་དམངས་ཀྱི་བསམ་ཚུལ་ལ་ཉན་དགོས་པ་དེ་ཡང་དམངས་གཙོའི་འགྲོ་སྟངས་འདུག་སྟངས་ཞིག་རེད།
དམངས་གཙོ་བཤད་དུས་འདྲ་མཉམ་རང་བཞིན་གྱི་ལྟ་བ་དེ་མེད་དུ་མི་རུང་བ་ཞིག་རེད་ལ། དད་གཙོ་སྨྲ་བ་རིང་ལུགས་འདི་དམངས་གཙོ་ལས་ཡོངས་སུ་བརྒལ་ཡོད་པ་རེད། དད་གཙོ་ནི་ཆོས་ལུགས་དད་མོས་རང་དབང་གི་འཐབ་རྩོད་བྱེ་བྲག་པ་ཞིག་ལས་རྒྱལ་ཁབ་གཅིག་དང་མི་རིགས་གཅིག་གི་རྩ་དོན་འཐབ་རྩོད་དང་བདག་དབང་གི་མཚོན་རྟགས་ཞིག་ནམ་ཡང་མ་རེད།
རང་བཙན་ལེན་ཐུབ་པའི་ཐབས་ཤེས་མེད་ན་རྡོ་གདན་དུ་མནའ་གན་མཐུ་བོ་ཆེན་བཞག་ནས་ག་རེ་ཡིན་པ། གུན་ཁྲན་དམར་པོའི་རྩ་ཁྲིམས་ཁུར་འདོད་ཡོད་ན་རྒྱ་གར་ལུང་པའི་ནང་དུ་ག་རེ་བྱས་ནས་བྲོས་ཡོང་བ་ཡིན་ཨ། ཧཧཧ ཐབས་ཇུས་དང་གཏན་ཚིགས་མེད་ན་ཁྱི་འབོད་བྱོས། འཇོན་པ་དེ་རེད། ཤེས་པ་དེ་རེད། ཀླད་པའི་ནང་དུ་ཡོད་པ་དེ་རེད། ཁྱི་ཁྱི་ཁྱི་་་མ་གཏོགས་ག་རེ་བཤད་ཀྱི་ཡོད་དམ།།
རྒྱ་རི་གསུངས་དེ་མགོ་གཉིས་ལྟ་བུ་རེད། ལག་པ་འཇུས་ས་མི་འདུག ཆབ་སྲིད་པའི་བཤད་སྟངས་རེད།
སྙིང་སྟོབས་མཆོག
ཕོ་ལ་ཚོད་མེད་ན་སྟག་ལ་མདའ་མི་འཐེན་ཟེར་བའི་དཔེར་ལྟར་་་ཐབས་ཇུས་སྣེ་གཅིག་མེད་ན་བོད་རང་བཙན་བརྩད་ཀྱི་ཡིན་ཞེས་ཟེར་གི་མ་རེད། སྨྱོན་པ་ནི་མིན། ཕྲུ་གུ་འདྲ་ནི་མིན། གཞིར་བཅོལ་ས་ཞིག་དང་ཐབས་ཇུས་ཤིག་མེད་ན་སུས་ཀྱང་ལབ་ཀིན་མ་རེད།
སོ་སོའི་ཀླད་པའི་ནང་དུ་ཐབས་ཇུས་མེད་པ་ཙམ་གྱིས་མི་གཞན་གྱི་ཀླད་པའི་ནང་དུ་འང་ཡོད་ཀྱི་མ་རེད་ཟེར་ནས་ཐག་མ་གཅོད། མི་ཚང་མ་འདྲ་འདྲ་མ་རེད། ཁྱོད་ཀྱིས་བསམ་བློ་ཇི་ཙམ་བཏང་མྱངས་ཡོད་དམ་ཞེས་འདྲི་འོང་དུས་ཚད་དམའ་མོ་བཞག་གི་ཡོད་པས་རྟགས།
ངས་མི་ཚེ་འདི་ལ་བོད་ཀྱི་དོན་དུ་བསམ་བློ་བཏང་ནས་མཚན་གང་པོ་གཉིད་མ་ཁུག་པའི་དུས་ཚོད་ཐེངས་ཧ་ཅང་མང་པོ་ཡོང་མྱངས་ཡོད། གྲངས་ཀ་བརྒྱབ་དགོས་ན་གྲངས་ཚོད་མེད། དེ་ཙམ་བསམ་བློ་བཏང་མྱངས་ཡོད། དེ་ཚོ་ཚང་མ་བདེན་པ་ཡིན། དཀོན་མཆོག་གསུམ་པོར་དཔང་དུ་བཙུགས། མཐོང་ཆུང་མ་བྱེད། ང་ཅོ་རི་ཀླད་མེད་ཤིག་རྩ་བ་ནས་མིན། ངའི་ཀླད་པ་འདིའི་ནང་དུ་འཆར་སྣང་ཧ་ཅང་མང་པོ་ཡོད།
བོད་ཀྱི་ཆེད་དུ་བསམ་བློ་བཏང་ནས་མཚན་གང་པོར་གཉིད་མ་ཁུག་པའི་དུས་ཚོད་ཐེངས་ག་ཚོད་ཁྱོད་ལ་ཡོང་མྱངས་ཡོད་དམ། སྙིང་སྟོབས་ལགས། དཀོན་མཆོག་དཔང་དུ་འཛུགས་ནས་གཅིག་གསུང་དང་། མི་ཁ་ཅིག་གིས་ཉིན་གང་པོར་བོད་ཀྱི་ཆེད་དུ་སྐར་མ་ལྔའི་རིང་དུ་ཡང་བསམ་བློ་བཏང་གི་མ་རེད། དེ་འདྲ་བའི་མི་དེ་ཚོ་ཅི་ཙམ་མཁས་ཀྱང་བོད་ལ་ཕན་ཐོགས་ཡོད་མ་རེད།།
སྐུ་ངོ་རྒྱ་རི་ཚང་གིས་གཞོན་ནུ་ལྷན་ཚོགས་བཙུགས་དགོས་དམིགས་གཙོ་བོ་སྤྱི་ཚོགས་ཞབས་ཞུ་གཙོར་འདོན་ཁོ་ནས་ལས། བོད་དང་བོད་མི་རིགས་ཀྱི་ལྷན་སྐྱེས་རང་བཞིན་གྱི་ཐོབ་ཐང་དང་རྩ་དོན་བརྩོད་རྒྱུ་ཁོ་ནའི་ཆེད་དུ་བཙུགས་པ་ཞིག་མིན་རབས་་ཞལ་གསལ་པོའི་ཐོག་ནས་གསུངས་སོང་། ཡང་ཕྱོགས་གཞན་ཞིག་ནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་འདི་ལོ་སྒྱུས་རང་བཞིན་དང་ཡུན་རིང་ལྡན་པའི་སྒྲིག་འཛུགས་གལ་ཆེན་པོ་ཞིག་ཡིན་རབས་གསུངས་སོང་། ད་བྱས་ན་བཙན་བྱོལ་ལ་སྤྱི་ཚོགས་ཞབས་ཞུས་དབུལ་སོང་བ་ཡིན་པ་འདྲ། འོ་ན་བུད་མེད་ལྷན་ཚོགས་བེད་མེད་དུ་སོང་བ་ཨེ་རེད། ནམ་རྒྱུན་བུད་མེད་ལྷན་ཚོགས་དེ་ཡང་སྤྱི་ཚོགས་ཞབས་ཞུ་ཐད་མདུན་གྲལ་དུ་མ་སླེབས་ན་ཡང་རྗེས་སུ་ལུས་པ་ཞིག་ཡིན་ཚོད་མེད། དེ་དེ་བཞིན་ལམ་དབུ་མའི་པེ་ཅིང་དང་རྡ་ས་དབར་གྱི་བང་ཆེན་གྱི་དབུ་འཁྲིད་གནང་བའི་ཉམས་མྱོང་བསྐོར་རྒྱས་ཐག་གཅོད་གསུངས་ཞོར། བོད་ཀྱི་ལོ་རྒྱུས་བྱུང་རབས་རྒྱང་ཐག་ཐུང་ཐུང་ཞིག་ལས་མ་གཟིགས་པའམ་ཡང་ན། ཀྲུང་གོ་དང་མགོ་སེར་ཚོས་བོད་རྒྱལ་ཁབ་དེ་ཚོང་རྫས་ལ་ཕབས་པའི་ལོ་རྒྱུས་ཁོ་ནར་ཡིད་རྟོན་བྱས་པ་ཅི་ཆ་མི་རྟོགས་ཀྱང་། གང་ལྟར་བོད་ཀྱི་བྱུང་རབས་དེ་ཡང་ཐང་ཐང་ཞིག་མེད་པར་མག་མོག་ཡིན་རབས་ཀྱིས་བོད་དང་བོད་མི་རིགས་ཀྱི་ལྷན་སྐྱེས་རང་བཞིན་གྱི་ཐོབ་ཐང་དང་། བདག་དབང་གི་རྩ་དོན་འཐབ་རྩོད་ལ་མདུན་ལམ་མེད་རབས་བཤད་མཁན་གཉིས་པ་དེ་ཆགས་ཡོད་པ་རེད། དང་པོ་དེ་སྐུ་ཞབས་ཟམ་གདོང་ཚང་རེད། གང་ལྟར་ཁོང་རྣམས་པ་ཆེད་དང་ཐོག་ངར་ཤུགས་ལྡན་པའི་མི་རིགས་ཀྱི་རྩ་དོན་བརྩོད་མཁན་སྟག་རྐྱང་གཟིག་རྐྱང་རང་བཙན་ད་ལྟ་རང་བླངས་མི་ཡོང་ངམ་སྙམ་སྙམ་གྱི་གཞོན་ནུ་དེ། ག་ལེར་ན་རྒས་རྫི་རྡིབ་དང་མཉམ་དུ་སྤུ་མདོག་འགྱུར་ནས་ད་ཆ་ལུག་ལ་གྱུར་སོང་བ་ནི་ཅི་ཁག།
དེས་ན་ལ་རྒྱབ་ལ་འཁྱར་སོང་བའི་ལུག་གུ་དེ་ཚོ་ལར་ནང་གི་ལྷས་རྭར་ལོག་འདོད་ཡོད་པ་རེད་ལ། ལུག་རྫིས་ཀྱང་ཆ་རྐྱེན་ཅི་ཡང་མེད་པར་བཤས་རྭར་ཕབས་རྩིས་ཡོད་རྒྱུ་རེད།
ཅོ་རི་བོད་ཞེན་ཡོད་ནའང་ད་ལྟའི་དངོས་ཡོད་གནས་ཚུལ་ག་འདྲ་ཡིན་མིན་ཤེས་དགོས་འདུག སྔོན་མ་གནའ་བསྐྱལ་ནས་ལོ་རྒན་དྲུག་བཅུ་སླེབས་ལ་ཉེ། དུས་དང་བསྟུན་ནས་འགྱུར་་བ་འགྲོ་གི་ཡོད་རེད། འགྱུར་བ་དེ་ལ་དཔག་ནས་བསམ་བློ་བཏང་དགོས། དེ་མིན་ན་དོལ་རྒྱལ་བའི་བཤད་སྟངས་བཞིན་སྔོན་མ་སྐུ་འདུན་ནས་བསྟེན་གྱི་ཡོད། ད་ཆ་ག་རེ་བྱས་ནས་བཀག་ཡིན་ཟེར་བ་་དང་མཚུངས། ཁྱེད་རང་གི་བདེན་པའི་ཨུ་ཚུགས་དེ་ལྐུགས་པའི་ཨུ་ཚུགས་ལ་འགྲོ་ཉེན་ཆེ།
དེ་དེ་བཞིན་ཆབ་སྲིད་ཐུགས་འགན་བགྲེས་ཡོལ་ལ་ཕེབས་པ་དང་དུས་མཉམ་མ་བྱུང་བ་དང་མ་འཇོན་པ་ཡོད་ཚད་པེ་ཅིང་སྲིད་གཞུང་སྟེང་དུ་གཡུགས་ཏེས་རྐུབ་བརྡབ་བརྡབ་བཏང་ནས་ཕེབས་ཟིན་སོང་ཡང་། ད་རེས་བློ་བུར་ཐོག་རྒྱག་ལམ་དབུ་མ་གླེང་ནས་རང་བཙན་ལ་འགྲམ་ལྕགས་བཞུ་སྟངས་དེ་ཡང་སྐྱར་རྡ་ས་དང་པེ་ཅིང་བར་སྲིད་སྐྱོང་སེངྒེ་ཚང་གི་བང་ཆེན་གནང་འདོད་ཀྱིས་དབུས་འཐབ་ཕྱོགས་གཅིག་གྱུར་པུའི་བློ་མཐུན་ཚོ་སྐྱར་མཇལ་གནང་འདོད་མེད་དམ་སྙམ།
ནུབ་ཕྱོགས་གངས་ཕྲུག་ལགས། དུས་དང་བསྟུན་ནས་འགྱུར་་བ་འགྲོ་ལ་བསམ་བློ་བཏང་གི་ཡོད་ལ། ལོ་༢༠་ནས་༥༠་ཡི་རྗེས་ཀྱི་འགྱུར་བ་ལ་དཔག་པའི་བསམ་བློ་བཏང་གི་ཡོད། འཛམ་གླིང་གི་ཁ་ཕྱོགས་འཁོར་སྟངས་དང་དམངས་གཙོའི་ལམ་ཕྱོགས་ལ་འགྱུར་སྟངས་ལ་བསྟུན་ནས་བསམ་བློ་གཏང་གི་ཡོད། འདུས་བྲལ་གྱི་ཆོས་ཉིད་ལ་གཞིར་བཅོལ་ནས་བསམ་བློ་གཏང་གི་ཡོད། འདུས་པའི་མཐའ་མ་བྲལ་དགོས་པའི་ཆོས་ཉིད་འདི་ནི་མི་ལོ་སྟོང་ཕྲག་གི་རིང་ནས་རྒྱུད་ཡོང་བའི་གནས་ལུགས་ཤིག་ཡིན་པས་ལྐུག་པའི་ཨུ་ཚུགས་ཆགས་དོགས་མེད།
ནུབ་ཕྱོགས་གངས་ཕྲུག་བདུད་འཇོམས་པདྨ་བཀོད་ནས་རེད་། དེ་ངས་མ་ཤེས་པ་རེད་བསམ་སོང་བས་། ཁོང་སྐྱེ་ས་པདྨ་མ་བཀོད་ནས་ཡིན་ཡང་ཚར་ལོངས་བྱེད་ས་ཀོང་པོ་ནས་རེད། ཁོང་གི་བུ་མོ་དང་བུ་མོའི་མག་པ་ཆོས་ཉིད་ལགས་བཅས་ཀོང་པོ་ལ་བཞུགས་ཀྱི་ཡོད་རེད། སྦི་རི་དང་སྦེ་ཀོབ་ནང་གཞིས་ཆགས་ཕལ་ཆེ་བའི་ནང་ཚང་ལ་ཁོང་པ་ཐོག་རྩེག་གཉིས་གསུམ་དང། རླངས་འཁོར་རྫིག་པོ་མེད་མཁན་ཉུང་ཉུང་རེད་འདུག། དེས་མ་ཚད་ཁོ་ཚོའི་དངུལ་ཁང་ངན་དུ་ས་ཡ་དང་ས་ཡ་ཡོད་ཚུལ་བཤད་མཁན་རྐྱང་རྐྱང་རེད་འདུག། དེ་འདྲ་ཡོད་མཁན་ཕྱི་རྒྱལ་ལ་ཡིན་ཡང་ཕྱུགས་པོའི་གྲལ་རེད། གཞན་པ་གསར་འབྱོར་ལ་དེ་འདྲ་ག་བ་ག་བ་གཞིས་ཆག་ཁག་གཞན་པའི་ནང་དེ་འདྲ་ཡོད་མཁན་ཉུང་ཉུང་རེད་འདུག། དེ་ལ་ཕྱུགས་པོ་མི་ཟེར་སྤྲང་པོ་ཟེར་དགོས་རེད་བས། ལུངས་རྟོགས་ལགས་་་་ཁྱོད་ཀྱི་མི་དུས་གནམ་ལ་རྙོབ། མི་ཐིག་རི་བོ་ཁུར་མ་འདུག་རོགས་ཀུ་ཆེ། ད་ལྟོས་དང་ཧོང་ཁུང་ལ་ཁོ་ཚོ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་ཆིང་ཡིག་བཞག་ནས་ལོ་བཅུ་ལྷག་ཙམ་ལས་མ་འགྲོ་བར་ད་རྙོག་གྲ་འདི་འདྲ་རེད། ཧོང་ཀོང་གི་རང་དབང་ཕྱིར་བསྡུ་དང་མང་གཙོའི་རང་དབང་ཕྱིར་བསྡུ་བྱེད་དང་བྱེད་བཞིན་པ་འདི་རེད།
དབུ་ལམ་ལ་སོང་ན་བོད་ཀྱི་སྐད་ཡིག་ཤི་རྒྱུ་མ་ཟད་གསོན་རེ་མེད་པ་ནི་མཐོང་བཞིན་པས་ར་སྤྲོད་བྱེད་བཞིན་པ་འདི་རེད། ད་ཁྱོད་ཀྱི་སྔོན་༡༩༥༧་ཡས་མས་སུ་བོད་ཀྱི་བླ་མ་འགས་སྦས་ལུང་ཟེར་ནས་ཙམ་པའི་ཕུག་པ། འོ་མའི་ཆུ་མགོ་་་ཤི་གི་ཤ་་་དར་གོས་ཀྱི་ལ་བ། འཇིགས་བྲལ་མེད་པའི་གནས་མཆོག་ཁྱད་པར་བ་ཞིག་ཡོད་རེད་ལབ་ནས། མི་མང་དག་ཞིག་ཁྲིད་ནས་མཐར་འགྲོ་ས་འདུག་ས་མ་རག་པར་མུག་ཤི་དང་ལྟོག་ཤི་གང་མང་བྱུང་རྗེས་། ཀོང་པོ་རྒྱུད་ལ་གཞིས་ཆག་ནས་བསྡད་འདུག། ཁྱོད་ཀྱི་དེ་ནང་བཞིན་མ་བྱེད་རོགས།
ཤིང་གི་ཤ།
ཁ་བའི་ཡུལ་གྱར་ལགས། སྨྱོ་བཤད་མ་བྱེད་རོག རང་བཙན་ལ་སོང་ན་བོད་ཀྱི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་བྱེད་ཐུབ་པའི་གདེང་ཚོད་ཅི་ཡོད། རྒྱ་ནག་དང་བོད་བར་གྱི་ཆབ་དཔལ་རིག་གསུམ་གྱི་སྟོབས་ཤུགས་དང་མི་གྲངས་སོགས་ཕྱོགས་གང་ནས་ལྟས་ཀྱང་བོད་ལ་རང་བཙན་ཐོབ་ཟེར་རྒྱུ་དེ་ཧ་ཅང་ཁག་པོ་རེད། ཁ་རང་བཙན་དང་མི་འབྲལ་མཁན་ཁྱེད་ཚོ་ཡང་སེམས་གཏིང་ལ་རང་བཙན་ཐོབ་ཐུབ་པའི་གདེང་ཚོད་མེད་པ་ངས་ཐག་བཅད་ཐུབ་ལ། ཁྱེད་ཚོས་རང་བཙན་འབོད་པ་ཡང་དོན་ངོ་མ་གོང་ས་མཆོག་དང་བཙན་བྱོལ་གཞུང་ལ་རྒོལ་རྒྱུའི་ཆེད་དུ་མིན་ནམ། གལ་སྲིད་མཐར་ཐུག་རང་བཙན་ཐོབ་ཐུབ་པའི་དབང་དུ་བཏང་ཡང་རྒྱུན་རིང་པོ་ཞིག་འགོར་རྒྱུ་ཡིན་པ་ཟུར་ལྟས་ལེབ་མཐོང་རེད་ལ། དེའི་བར་ན་བོད་མི་རིགས་ཀྱི་སྐད་ཡིག་དང་རིག་གཞུང་ཤི་རྒྱུ་ཡིན་པ་ཡང་ཟུར་ལྟས་ལེབ་མཐོང་རེད།
འོཡ་ལུངས་རྟོགས་ལགས། ཁྱེད་ལ་དབུ་མའི་ལམ་ལ་སོང་ན་བོད་ཀྱི་རིག་གཞུང་མི་ཉམས་པའི་གདེང་ཚོད་ཀྱི་ཙམ་ཡོད། ངས་ལྟས་ན་དབུ་མ་ཞེས་ཆོས་ཚིག་སྙན་མོ་ཞིག་ལས་བོད་ཀྱི་རིག་གཞུང་སྲུང་སྐྱོབ་བྱེད་ཐུབ་པའི་ནུས་པ་ཡོད་སྣང་མི་ཤར། དེ་ལས་མགོ་འདོག་ཟེར་ནས་ཚིག་དམར་རྒྱན་མ་སྟོན་བཞག་ན་དེ་ཡག་ས་རེད། རྒྱ་བོད་བར་ཐག་ཆོད་སྔ་ཡི་རེད།
ངས་ལྟས་ན་ཆོས་ཚིག་དང་ཞེ་ས་་་ཨ་བུ་ཧོར་གྱི་སྟངས་བྱེད་ནས་འདོབ་བཤད་བསྡད་ན་ཕན་ཚུན་བར་གོ་བརྡ་མི་འཕྲོད་ནས་། ཡང་དེ་བར་བོད་མི་སྙིང་སྟོབས་ཅན་འགའི་སྲོག་ཤོར་འགྲོ་ན་ཐར། ཟོ་ལབ་ན་གསོལ་ལབ་ན་གཅིག་པ་རེད། དབུ་ལམ་ལབ་ན་མགོ་འདོག་ལབ་ན་གཅིག་པ་རེད། ད་ཕན་ཚུན་བར་ཁ་བསྲངས་ན་གོ་བདེ་ཟེར་བ་ལྟར་རྒྱ་ལ་མགོ་འདོག་གི་ཡིན་ལབ་བཞག་ན་ཐག་ཆོད་མགྱོགས་ཀྱི་རེད་ཡ། དེ་མིན་ཕན་ཚུན་བར་ལ་གོ་ལོག་ཐེབས་འགྲོ་ཡི་འདུག་བ།
དབུ་མའི་ལམ་གྱིས་བོད་ཀྱི་སྐད་ཡིག་དང་རིག་གཞུང་སྐྱོབ་ཐུབ་ཟེར་བའི་སྐད་ཆ་འདི་ལ་ཁུངས་ལུང་གང་ཡང་མེད། དབུ་མའི་ལམ་གྱི་བསྒྲུབ་བྱ་མ་གྲུབ་པའི་དུས་ཚོད་ནང་དུ་བོད་ཀྱི་སྐད་ཡིག་དང་རིག་གཞུང་ལ་ཕན་ཐོགས་པའི་བག་ཆགས་སྣེ་གཅིག་མེད།
དབུ་མའི་ལམ་འགོ་བཙུགས་ནས་ད་ལྟའི་བར་དུ་བོད་ཀྱི་སྐད་ཡིག་གི་ནང་དུ་ཁྱད་ལས་རིག་གནས་སྣེ་གཅིག་ནང་འདྲེན་བྱས་མེད། བོད་མི་རིགས་ཀྱི་འཚོ་གནས་ལ་ཕན་པའི་མི་ཆོས་རིག་གནས་ནང་འདྲེན་མ་བྱས་པ་འདིས་ཅི་ཞིག་མཚོན་ནམ་ཞེ་ན། མ་འོངས་བོད་ཀྱི་སྐད་ཡིག་གསོད་བརྩིས་ཡིན་པར་མཚོན།
གལ་སྲིད་དབུ་མའི་ལམ་གྱི་བསྒྲུབ་བྱ་གྲུབ་ནས་ཀྲུང་གོའི་རྩ་ཁྲིམས་འོག་གི་རང་སྐྱོང་ཞིག་འཐོབ་པའི་དབང་དུ་་ནའང་བོད་ཀྱི་སྐད་ཉམས་ཆག་འགྲོ་གྱི་བརྒྱ་ཆ་བརྒྱ་རེད། དབུ་མའི་ལམ་འགྲུབ་སོང་ན་བོད་ལ་རྒྱ་མི་མང་རེ་འགྲོ་གི་རེད། རྒྱ་སྐད་མ་ཤེས་ན་འཚོ་བ་སྐྱེལ་ཁག་རེ་འགྲོ་གི་རེད། ཀྲུང་གོའི་རྩ་ཁྲིམས་འོག་ཏུ་མི་ཚེ་སྐྱེལ་དུས་བཟོ་ལས་དང་ཚོང་ལས། གློག་ལས་དང་འཕྲུལ་ལས། གཞུང་ལས་དང་དམག་སོགས་ཀྱི་ལས་ཀ་གང་བྱེད་ཀྱང་རྒྱ་ཡིག་མ་གཏོགས་མེད་པས་བོད་ཡིག་གསོན་པའི་རེ་བ་ཉིན་རེ་ནས་ཉིན་རེར་ཆུང་རེ་རེད།
བོད་མི་དམངས་ཀྱི་འདུ་ཤེས་ནང་དུ་ཡང་བོད་རང་བཙན་མ་དགོས་ན། རྒྱ་ནག་དང་མཉམ་དུ་སྡོད་དགོས་ན། རྒྱལ་ཁབ་ཁ་ཁར་མིན་པར་གཅིག་གྱུར་ཡིན་ན་རྒྱ་ཡིག་མ་གཏོགས་བོད་ཡིག་སློབ་སྦྱོང་བྱེད་འདོད་ཀྱང་བྱེད་ཀྱི་མ་རེད། འཚོ་བ་སྐྱེལ་རྐྱེན་ནི་ཕན་ཐོགས་མེད།
དེ་ནས་བོད་ཡིག་གྲྭ་པ་བླ་མའི་སྐད་ཡིག་ཁོ་ནར་ཆགས་འགྲོ་གི་རེད། མཐའ་མ་བོད་ཀྱི་སྐད་ཡིག་འདི་དགོན་སྡེ་ལྷ་ཁང་ནང་དུ་རྒད་ནས་ཤི་འགྲོ་གི་རེད། ག་ལེ་བཀའ་བསྟན་ཀྱང་རྒྱ་ཡིན་ནང་དུ་ཡོང་གི་རེད། རྒྱ་ཡིག་ཤེས་མཁན་གྲྭ་པ་ཚོ་སྒོར་མོ་རེག་གི་རེད། དེར་དུས་གྲྭ་པ་ཚོས་ཡང་རྒྱ་ཡིག་སློབ་སྦྱོང་བྱེད་ཀྱི་རེད། དེ་ནས་བོད་ཟེར་བའི་མིང་ཡང་ལྷག་གི་མ་རེད། དབུ་མའི་ལམ་གྱི་མཐར་ཐུག་གི་དམིགས་ཡུལ་འགྲུབ་སོང་བ་རེད།
སྔོན་མ་ལོ་རབས་བརྒྱད་ཅུའི་ནང་དུ་ས་གནས་མི་རིགས་སྐྱོང་གི་བཅའ་ཁྲིམས་གཞིར་བཟུང་ནས་བོད་ལ་སྐད་ཡིག་གི་རང་དབང་ཡག་ཐག་ཆོད་ཡོད། ས་གནས་རང་སྐྱོང་གི་བཅའ་ཁྲིམས་འོག་གི་ཐོབ་ཐང་ལ་གཞི་ལུས་བོད་མིས་ལོངས་སྤྱོད་བཞིན་པའི་སྐབས་སུ་དབུ་མའི་ལམ་ཟེར་བའི་སྲིད་ཇུས་འདིར་འཛིན་མཁན་ཚོས་བོད་ཀྱི་སྐད་ཡིག་དང་རིག་གཞུང་ཉམས་ཆག་འགྲོ་བཞིན་ཡོད་རབས་དང་། ཛ་དྲག་གིས་ཉེ་སྐྱོབ་དགོས་རབས། བོད་ཀྱི་སྐད་ཡིག་དང་རིག་གཞུང་མ་གནས་ན་བོད་ཚར་འགྲོ་བའི་འདྲི་བསྒྲགས་བྱས། དེ་ནས་རྒྱ་གཞུང་གིས་ས་གནས་རང་སྐྱོང་གི་བཅའ་ཁྲིམས་ནང་དུ་ཡོད་པ་ཁག་ཀྱང་མིང་ཙམ་མ་གཏོགས་ལག་ལེན་མི་སྟར་བའི་སྲིད་ཇུས་འཛིན་ཡོད། མདོ་ན་དབུ་མའི་ལམ་གྱིས་ཕན་ཐོགས་ཀྱི་ལས་ལྡོག་ཏེ་གནོད་བསྐྱལ་བ་མང་།
བོད་རང་བཙན་འཐོབ་སོང་ན་བོད་ཀྱི་སྐད་ཡིག་དང་རིག་གཞུང་སྐྱོབ་ཐུབ་པ་བརྒྱ་ཆ་བརྒྱ་ཡིན། རང་བཙན་བརྩད་པའི་དུས་སྐབས་ལ་ཡང་བོད་ཀྱི་སྐད་ཡིག་དང་རིག་གཞུང་སྐྱོབ་ཐུབ་པའི་ནུས་པ་ཆེ་བ་ཡོད། རང་བཙན་ཐོག་ཏུ་ཕྱིན་པ་ཡིན་ན་བོད་མི་རང་གིས་རྒྱལ་ཁབ་སྐྱོང་ཡ་བསམ་བློ་གཏོང་དགོས། ཞིང་ལས་དང་འབྲོག་ལས། བཟོ་ལས་དང་ཚོང་ལས། འཕྲུལ་ལས་དང་གློག་ལས། ཉེན་རྟོག་པ་དང་དམག་སོགས་བོད་རང་དང་བོད་ཡིག་རང་གིས་ཐོག་ནས་བྱེད་དགོས། ཕྱོགས་གང་ལ་བསམས་ཀྱང་རང་བཙན་ལ་བོད་ཀྱི་སྐད་ཡིག་དང་གཞུང་སྐྱོབ་པའི་ནུས་པ་ཆེ་བ་ཡོད།
བོད་མི་དམངས་ཀྱིས་ཤེས་དགོས་པའི་གནད་དོན་གཅིག་ནི་་་དབུ་མའི་ལམ་པ་ཡིན་ཟེར་མཁན་ཚོའི་བུ་དང་བུ་མོ་ཚོས་བོད་ཡིག་སློབ་སྦྱོང་བྱེད་ཀྱི་འདུག་གམ་མི་འདུག དབུ་མའི་མ་པ་བ་ཚོའི་བུ་དང་བུ་མོ་རྣམས་ལ་བོད་ཡིག་དང་བོད་སྐད་ཤེས་ཚོད་གང་ཙམ་འདུག ཞིབ་འཇུག་བྱོས།
མྱི་འདི་ཚོས་གྲལ་གྱིས་སོ་སོའི་བུ་དང་བུ་མོ་ཚོ་ལ་བོད་ཡིག་སློབ་སྦྱོང་བྱེད་བཅུག་གྱི་ཕར་ཞོག བོད་སྐད་ཡང་ཡག་པོ་ཤེས་བཞིན་མེད། ད་དུང་་བོད་ཀྱི་སྐད་ཡིག་དང་རིག་གཞུང་ཟེར་ནས་བཤད་ཀྱིོ་རེད། བོད་མི་དམངས་ཀྱིས་ཡག་པོ་བྱས་ནས་བལྟོས། མགོ་སྐོར་ག་ནས་གཏོང་གིོ་འདུག་བལྟོས་ཤོག་ཨ་་་་ཡིད་ཆེས་མ་བྱེད་ཨ།
ཧཧཧ་་་གཏམ་དཔེར་ཡག་པོ་ཞིག་གསུངས་བྱུང་བ་་་ཁྱི་གཉིད་བསྡད་ན་རྐུ་མ་འགྲོ་བདེ་་་་ཅེས་པའི་གཏམ་དཔེར་འདི་དོན་གནས་ལ་སོང་། ཁྱི་རྒན་ཅོ་རིས་སྐད་བརྒྱབ་ནས་བདག་པོ་རྒྱ་ཆེན་མི་དམངས་གཉིད་སད་ན་རྐུ་མ་ཐར་ཁ་པོ་རེད་བ་་་་ཨོ་་་ཧཧཧ
བོད་གངས་རིའི་སྒོ་ཁྱི་བཙན་པོ་འདིས།
བོད་མི་རིགས་གཉིད་ལས་དཀྲོག་པར་ཤོག
དགྲ་འཕར་སྤྱང་ཁ་ནས་ཐར་པར་ཤོག
ལུག་གཡང་དཀར་བདེ་སྐྱིད་ལྡན་པར་ཤོག
བོད་མི་རིགས་ཁྱི་ཞིག་གསོས་ལེ་དེ།
དགྲ་རྐུ་མ་སླེབས་དུས་ཨེ་ཕན་བསམས།
དགྲ་རྐུ་མས་ལྐོག་འཇར་བྱེད་ཉིན་མོར།
ཁྱི་རྒྱ་བོ་གཉིད་ན་ག་ལ་འགྲིག
ལམ་དབུ་མའི་རྩ་བ་རྩོད་པ་རེད།།
རྩོད་ཤེས་ན་ཁ་ཕྱོགས་གང་སྐོར་རེད།
བུ་ཅོ་རིས་མི་བཤད་དགུ་བཤད་རེད།
མདོ་རྩ་བ་རང་མགོ་རྡུང་སྤྱད་རེད།
ཆོས་ཤེས་ན་སངས་རྒྱས་གོ་འཕང་རེད།
ཆོས་མ་ཤེས་འཁོར་བ་ཚགས་སྡུག་རེད།
བུ་ཅོ་རི་ཁ་ལད་ཚིག་ལད་རེད།
ལས་མཐའ་མ་དམྱལ་བའི་ཞིང་མཆོག་རེད།
སྲིད་ཤེས་ན་འབངས་སྣེ་འདྲེན་སྤྱད་རེད།
སྲིད་མ་ཤེས་དམངས་ཁས་དམུར་སྤྱད་རེད།
བུ་ཅོ་ལྟ་བ་ཕུག་མེད་རེད།
འབངས་མི་སེར་ལམ་གྱི་རྡོ་མདོང་རེད།
བློ་ནང་ལ་འཁོར་ནས་ཆོས་ཤིག་བྱོས།
ལག་ཐོད་པར་སྦྱར་ནས་འགྱོད་བཤགས་སྔོས།།
བློ་རྩེ་གཅིག་བླ་མའི་བཀའ་ལ་གསོན།
བོད་གཞིས་བྱེས་རྒན་གཞོན་ཀུན་ལ་བཀུར།
གང་ལྟར་རྒྱ་གཞུང་ལ་མཚོན་ན་བོད་རང་བཙན་དང་རང་སྐྱོང་གཉིས་ནས་རང་སྐྱོང་ཁས་ལེན་རྒྱ་ཧ་ཅང་གི་ལས་བསླ་བ་སུས་ལྟས་ཀྱང་ཤེས་གསལ་ཡིན་པས། རང་བཙན་དང་དབུ་མ་གཉིས་ནི་ས་གནས་ཤིག་ལ་འགྲོ་དགོས་པར་མཚོན་ན་ཅིག་ས་ཐག་རིང་པོ་སྐོར་ནས་འགྲོ་བ་དང་ཅིག་ཁ་བཏུག་འགྲོ་བ་ལྟ་བུ་རེད། དེས་ན་རང་བཙན་རྩོད་ན་རྒྱུན་རིང་པོ་འགོར་ངེས་པས་དེ་བར་དུ་བོད་མི་རིགས་ཀྱི་ངོ་བོ་བརླག་འགྲོ་ལ། དེ་ལས་དབུ་ལམ་ནས་རང་སྐྱོང་འགྱོག་ཙམ་ཐོབ་སོང་ན་རང་སྐྱོང་གི་ཐོབ་ཐང་དེ་དག་ལོངས་སུ་སྤྱོད་ཆོག་པས་མ་མཐའ་ཡང་བོད་རང་གི་སྐད་ཡིག་དང་རིག་གཞུང་སོགས་མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་བྱེད་ཐུབ་ཅིང་། དེ་ལྟར་ག་ལེར་རང་བཙན་རྩོད་པའི་གོ་སྐབས་ཀྱང་ཡོང་སྲིད་པ་རེད། གཞན་རང་བཙན་མ་ཐོབ་སྔོན་ལ་མི་རིགས་ཀྱི་ངོ་བོ་བརླག་སོང་ན་ཕུག་ལ་རང་བཙན་ཐོབ་པའི་དབང་དུ་བཏང་ཡང་བོད་ཀྱི་ས་ཆ་ཙམ་ལས་ཐོབ་བྱ་ཅི་ཡང་མེད་པ་རེད།
ངས་བསམ་ཚུལ་བྱས་ན་གུན་ཁྲན་ཏང་ཤི་མ་སོང་བར་དུ་བོད་ལ་རང་དབང་ཞིག་དང་རང་སྐྱོང་ཚད་ལྡན་ཞིག་འཐོབ་ཀྱི་ཕར་ཞོག རྒྱ་མི་རིགས་ལ་ཡང་རང་དབང་གཙང་མ་ཞིག་འཐོབ་མི་སྲིད། སྲིད་དབང་གཅིག་སྡུད་རིང་ལུགས་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ཏུ་མི་སེར་ཉེས་མེད་དམར་གསོད་གཏོང་གི་རེད་ལ་མི་སེར་གྱི་རྒྱུ་ནོར་ཇག་པ་ལྟར་འཕྲོག་འགྲོ་གི་རེད།
དེ་ལས་ཕྱི་ནས་བཙན་བྱོལ་བོད་མིས་རང་ཚུགས་བརྟན་པོ་བྱེད་ནས་འཛིན། རང་བཙན་བརྩད། ཁྱད་ལས་རིག་གནས་ནང་འདྲེན་བྱེད། བོད་ཀྱི་སྐད་ཡིག་ཇེ་ཕྱུག་ཏུ་གཏོང་། གཞོན་སྐྱེས་རྣམས་ཁྱད་ལས་པ་ཆགས་བཅུག བོད་ནང་ནས་གཞིར་ལུས་མི་དམངས་ཀྱིས་ས་གནས་མི་རིགས་རང་སྐྱོང་གི་བཅའ་ཁྲིམས་གཞིེར་བཟུང་ཐོག་ནས་ཐོབ་ཐང་ཡོད་པར་ཁག་ལོངས་སྤྱོད། རང་ཚུགས་བརྟན་པོ་འཛིན་ནས་བསྡད་ན་་་་བོད་མི་རིགས་ལ་གོ་སྐབས་ཤིག་ཡོང་རྒྱུ་ཡིན་པར་བརྒྱ་ཆ་བརྒྱ་རེད།
བལྟོས་དང་། བཙན་བྱོལ་དུ་བསླེབས་ནས་མི་ལོ་ལྔ་བཅུ་ལྷག་འགྲོ་ཚར་བ་རེད། གཞི་ལུས་བོད་མི་དམངས་ལ་ཕན་པའི་ཁྱད་ལས་རིག་གནས་སྣེ་གཅིག་ནང་འདྲེན་བྱས་མེད། དབུ་མའི་ལམ་ནས་ཕྱིར་ལོགས་རྒྱུའི་གོ་སྐབས་བྱུང་ན་གཞི་ལུས་མི་དམངས་ལ་ལེགས་སྐྱེས་ག་རེ་སྤྲོད་ཀྱི་ཡོད་དམ། བོད་ཡིག་བསླབ་དགོས་ཟེར་ནས་བོད་མི་ཚང་མ་དེང་རབས་ཀྱི་རྗེས་མི་ཟིན་པའི་མི་ཤ་དག་བཟོས་ན་གནས་ལུགས་དང་མཐུན་པ་ཨེ་རེད། བསམ་བློ་ཐོངས་དང་།
བོད་ཀྱི་སྐད་ཡིག་སྲུང་སྐྱོབ་བྱེད་དགོས་ན་བོད་ཡིག་འདིའི་ནང་དུ་དེང་རབས་ཀྱི་རིག་གནས་དགོས། དེང་རབས་ཀྱི་རིག་གནས་སྣེ་གཅིག་ནང་འདྲེན་མ་བྱས་པར་སྐད་བརྒྱབ་བསྡད་ན་ཕན་ཐོགས་སྤུ་ཙམ་མེད། བོད་ཡིག་ནང་དུ་ཆོས་ལུགས་ཀྱི་རིག་གནས་ཤིག་ཡོད་པ་ཙམ་གྱིས་ཕན་ཐོགས་མེད། ཆོས་ལུགས་ཀྱི་རིག་གནས་ཐོག་ནས་མི་ཚེ་སྐྱེལ་མི་ཐུབ། ཡུལ་ལུང་འཛིན་སྐྱོང་མི་ཐུབ། མི་ཚེ་སྐྱེལ་མི་ཐུབ་པའི་སྐད་ཡིག་ཞིག་བོད་མི་རིགས་ཀྱིས་སློབ་སྦྱོང་མུ་མཐུད་ནས་བྱེད་བསྡད་ན་བོད་མི་རིགས་འདི་དེང་རབས་ཀྱི་མི་ཚེ་སྐྱེལ་མི་ཐུབ་པའི་སྤྲང་པོ་སློང་མོ་བ་ཤ་དག་ཆགས་འགྲོ་ངེས་ཡིན།
ངས་རེ་བ་ལ་་ཁྱོད་ཚོས་ཐུགས་བསམ་རྒྱ་ཆེ་ས་ནས་བཞེས་པའི་རེ་བ་ཡོད། བོད་མི་རིགས་འདི་ཡང་འཛམ་གླིང་གི་མི་གཞན་དང་འདྲ་འདྲ་བྱས་ནས་མི་ཚེ་སྐྱེལ་ཐུབ་པ་དང་། སོ་སོའི་རྐང་པའི་ཐོག་ཏུ་ལངས་ནས་སོ་སོའི་སྐད་ཡིག་ཐོག་ནས་དེང་རབས་ཀྱི་རྗེས་ཟིན་ཐུབ་པའི་ཕྱོགས་ལ་ཐུགས་བསམ་བཞེས་རོགས་བྱོས། ཨི་ཟི་རི་ལི་ཡིས་ག་རེ་བྱས་མྱངས་ཡོད་མེད་སྐོར་ལ་ཞིབ་འཇུག་རེ་བྱོས། དཔེར་ལེན་རེ་བྱོས།
ཚང་མས་བརྒྱ་བཤད་སྟོང་བཤད་ན་བོད་མི་རིགས་གི་ཆེད་དུ་ཡིན་ལབ་ཀྱི་ཡོད་རེད། རྒྱ་ནག་ངོས་ནས་དབུ་མ་ཁས་ལེན་ལོས་བྱེད། ངོ་མ་མགྱོག་ལམ་ནས་སོང་པ་ལྟར་བུ་རེད། དབུ་མའི་ལམ་ནས་བོད་མི་
རིགས་འདི་ས་ཁོང་རང་སྐྱོང་བྱས་ཚར་ན་རྒྱ་གར་ནག་ཁག་གཅིག་ད་རུང་སྐྱབས་བཅོལ་ནས་རང་བཙན་རྩོད་ཀྱི་ཡིན་ཟེར་ན་འཁྲུལ་སྣང་ངོ་མ་རེད། ཡང་ན་བོད་ལ་ལོག་དགོས་པ་དང་ཡང་ན་འཛམ་གླིང་གང་དུ་ཡོད་ན་རྒྱལ་ཁབ་དེའི་མི་སེར་བྱེད་དགོས་པ་ལས། ད་རུང་སྐྱབ་བཅོལ་ནས་རང་བཙན་རྩོད་ཀྱི་ཡོད་མདོག་མདོག་དེ་རང་མགོ་རང་གི་སྐོར་བ་རེད། ད་ལྟ་བོད་དོན་རྒྱ་ནག་གི་ནང་སྲིད་ཡིན་ལབ་ནས་འཛམ་གླིང་རྒྱལ་ཁབ་ཁག་གི་ཐེ་ཇུས་བཟོ་དབང་མེད་ཟེར་ནས་ནུས་མེད་གཏོང་འགྲོ་གི་འདུག། བོད་རྒྱ་འོག་ལ་ཡོངས་སུ་རྫོགས་པ་འཛུལ་ཚར་ནས་ཡང་བསྐྱར་བོད་ཀྱི་རིགས་གཞུང་དང་སྲུང་སྐྱོབ་དང། རང་བཙན་ལེན་གྱི་ཡིན་ཟེར་ན་སྨྱོན་པ་རེད། དེ་མ་ཡིན་པར་ལི་ཡུལ་དང་བོད་པ་སོག་པོ་གསུམ་མཉམ་འབྲེལ་བྱེད་ནས་འཐབ་རྩོད་བྱས་ན་དོན་ཕན་ཆེན་པོ་ཡོང་མདོག་རེད་བསམ།
རྒྱ་རི་རིན་པོ་ཆེ་ལགས།
ཐུགས་རྗེ་ཆེ།