བསོད་ནམས་སྟོབས་རྒྱལ།
ཕྱི་ལོ་ ༢༠༢༡ དེ་ང་རང་ཚོ་སྐྱབས་བཅོལ་བོད་མི་ཡོངས་དང་དེ་ལས་བརྒྱུད་པའི་གཞིས་ལུས་བོད་མི་རྣམ་པ་། ཡང་ན་བོད་རྩམ་ཟན་ནམ་བོད་ཤ་རྩ་གདོང་དམར་བའམ་ཁ་བ་གངས་ཅན་པའི་སྐྱེ་འགྲོ་ཀུན་གྱི་མཐའ་མའི་བདེན་མཐའ་གསལ་རྒྱུ་ནས་གནས་སྐབས་བདེ་སྡུག་གཉིས་ཀྱི་མཐུད་ཟམ་དེ་གོང་ནས་གོང་རྒྱས་སམ་དེ་མིན་ལམ་བུ་དེ་འཛིན་ཐུབ་ཙམ་ཞིག་ཕྱོགས་སུ་གཏད་པ་བཅས་ལམ་གཉིས་དེ་གང་ཕྱོགས་སུ་གཉེར་རྒྱུའི་དུས་མཚམས་ཤིག་ཏུ་བབ་ཡོད། རྩ་བའི་རང་རེའི་བླ་ན་མེད་པའི་དབུ་ཁྲིད་༸ཁོང་ཉིད་ཞལ་བཞུགས་བཀྲིན་ལས་ཆེར་སྡུག་ས་ཞིག་ཏུ་གྱར་མི་སྲིད་ཀྱང་༸ཁོང་གིས་ཐུགས་བཞེད་ལ་ང་ཚོའི་འཐབ་རྩོད་ཀྱི་བང་རྩལ་དེ་བགྲོད་སྐྱོ་བའི་རམ་འདེགས་སྒོ་ཀུན་ནས་ཞུ་ལམ་དབེན་པས་ཉིན་འགྱངས་དུས་འགྱངས་སུ་གྱུར་བའི་གནས་ཡོད། དེ་འདྲའི་ཛ་དྲག་གི་གནས་ཆེར་མི་དགོས་པ་དང་མ་ཡོང་བ་གཙོ་འཛིན་ཞུ་བྱའི་འགན་འདི་ང་ཚོ་བྱེས་འབྱོར་བོད་མི་ཀུན་གྱི་རྩོད་དུ་མེད་པའི་འགན་ཡིན། འགན་དེ་ཤེས་པའམ་ངོས་ཟིན་པའི་ངང་ནས༸ཁོང་གི་བཀའ་དགོངས་བཞིན་བསྒྲུབ་རྒྱུར་ང་ཚོས་རང་རང་སོ་སོའི་འཁོད་འབབ་ཀྱི་ཞུ་བྱ་ཁག་དམ་གཙང་ཞུ་རྒྱུ་མ་ཟད་སྐབས་སུ་བབ་པའི་བོད་སྤྱི་བའི་འགན་བཞེས་ནས་༸ཁོང་ལ་དབུ་འོག་དཔུང་འདེགས་ཞུ་ཐུབ་མཁན་གྱི་སྲིད་སྐྱོང་འོས་ངེས་ཤིག་འདེམས་རྒྱུའི་དུས་འདིར་ཐུགས་བསམ་རྒྱ་མི་ཆུང་བ་ཞིག་དགོས་རྒྱུ་གནད་དུ་ངེས་པས་ཚང་མས་གཟབ་ཕེབས་ཤོག
མཚམས་འདིར་ངས་བོད་སྤྱི་པའི་འགན་དེ་ཞུས་ནས་སྲིད་སྐྱོང་དུ་འོས་པའི་ཆ་རྐྱེན་མང་ཤོས་ཀྱི་འོས་མི་དེ་བཀའ་ཟུར་རྒྱ་རི་སྒྲོལ་ལ་ལགས་མཐོང་གི་འདུག བཀའ་ཟུར་འབྲོང་ཆུང་ལགས་ཀྱང་འོས་ངེས་འདུག་ཀྱང་རྒྱ་རི་ལགས་ཕྲན་བུའི་འོས་བཟང་བ་ཡོད་གནས་སུ་འབྲེལ་བཤད་ཞུ་ཆོག དེ་ཡང་དོན་ཚན་འགའ་ཤས་ཐོག་ནས་ཞུ་རྒྱུ་ནས་ཐོག་མ་དེ་སྐྱབས་བཅོལ་བོད་མིའི་ཆིག་སྒྲིལ་དེ་ཡིན། ཆོལ་གསུམ་བོད་མི་མང་པའི་རྒྱ་སྒྲོལ་ལགས་སུ་མོས་མཐུན་མ་ཞུ་རྒྱུའི་རྒྱུ་མཚན་མེད་དགོས་པ་བཞིན་འབྲོང་ཆུས་ལགས་སུའང་དེ་ལྟར་ཡིན་ཀྱང་རྩོད་རྙོག་ཅིག་བྱུང་ན་མི་མང་བས་བུད་མེད་ལ་ཉན་ཆེ་བ་ཡོང་རྒྱུ་སྤྱི་ཚོགས་འགྲོ་ལམ་རེད་པས་ཕྲན་བཟང། གཞིས་ལུས་མི་མང་གི་དགོངས་ཚུལ་ལོས་གལ་ཆེ། ཁོང་ཚོ་བོད་ཀྱི་བདག་པོ་ངོ་མ་དེ་ཡིན་ཡང་ད་ལྟའི་འཆར་ཆོལ་གསུམ་རྒྱ་ཆེ་མི་མང་གི་དགོངས་གཞི་ཤེས་ཐབས་དཀའ་བས་ཞུ་མི་ཚོད། རྗེ་འབངས་མཐུན་ན་དགྲ་སྡེ་ལས་ཐུབ་དཀའ་སོ་སོར་གྱེས་ན་མིན་ཞེས་པའི་དོན་འདི་གནད་དུ་ལེན་ཡིན་ལགས།
གཉིས་པ་དེ་གནས་ཡུལ་རྒྱལ་ཁབ་ཀྱི་གཞུང་འཛིན་པ་དང་ཡུལ་མིས་མཛའ་འབྲེལ་ཐོག་ཞུས་ན། གནས་དོན་འདི་ང་ཚོར་གནད་ཆེན་པོ་ཡིན། རྩ་བའི་༸གོང་ས་མཆོག་བཞུགས་པའི་ཛ་དྲག་གནས་སུ་གྱར་མི་སྲིད་ཀྱང། ཉིན་རེ་ཉིན་རེའི་ལས་དོན་སྐབས་རྒྱ་རི་ལགས་སྤྱི་ཡོངས་རྒྱ་གར་གཞུང་འཛིན་ཆབ་སྲིད་པའི་མཉམ་འབྲེལ་ཉེ་བ་དང་གཟབ་པ། དེ་བཞིན་བུད་མེད་ཞིག་ཡིན་པའི་ཆབ་སྲིད་པ་དང་མི་མང་མཉམ་བཀའ་མོལ་སེམས་ཁམས་སུ་འཇུག་ཆེ་བའི་མཁར་རྒྱ་གར་གསུངས་སྐད་ཀྱང་ཕལ་ཆེར་བདེ་བ་ཡོད་པའི་ལེགས་ཆ་ཞིག་ཀྱང་ཡོད་སྙམ། ཁོང་བཀའ་བློན་སོགས་ལས་སྣེར་བཞུགས་སྐབས་ཀྱི་གནས་ཚུལ་ལ་ཞིབ་ན་ཞུ་དོན་དུ་ངེས་ཤེས།
འཛམ་གླིང་ཆབ་སྲིད་ལམ་ལས་བོད་ཀྱི་གནད་དོན་དེ་བསེལ་རྒྱུ་ལས་གནད་གསུམ་པ་དེ་རེད་སྙམ། ༸གོང་ས་མཆོག་གིས་ཐུགས་རྗེ་ལས་ལྷག་པ་ཞིག་གནས་དོན་གང་ལའང་མེད་ཀྱང་༸ཁོང་གིས་དབུ་འོག་དཔུང་འདེགས་ཞུ་མཁན་དམངས་གཙོའི་ལམ་ནས་འོས་ཐོབ་པ་ཙམ་མིན་པའི་ཐུགས་རེས་གསོས་ངེས་ཤིག་དགོས་པའི་ཆ་རྐྱེན་དེ་ཁོང་གཉིས་ནས་རྒྱ་སྒྲོལ་ལགས་སུ་འོས་ཆེ་མངོན། གཅིག་ནས་རྒྱ་རི་ལགས་སུ་འབྱུང་རིམ་ཐོག་ལས་ཕྱི་རྒྱལ་དཔོན་རིགས་སུ་འབྲེལ་ཆེ་བ་ཡོད་པ་མ་ཟད་བོད་པའི་ཆབ་སྲིད་ལས་འགུལ་ནང་རྒྱ་རི་རིན་པོ་ཆེའི་མཚན་གནད་གང་མཚམས་བྱུང་པའི་ལམ་བདེའི་ཁེ་ཕན་ཞིག་ལེན་ཐབས་ཡོད་ཆེ། དེ་མིན་རྒྱ་སྒྲོལ་ལགས་སུ་མིའི་སེམས་འགུག་ཆེད་ཀྱི་ཕྱིའི་རྣམ་བསྒྱུར་དང་ངག་གི་གསུངས་ཀྱང་ལྷག་པས་ནུས་ཕན་ཆེ།
བུད་མེད་ཀྱི་དཔལ་ཡོན་དེ་འབྲོང་ཆུང་ལགས་སུ་མེད་པའི་ཆ་རྐྱེན་གཅིག་པུ་དེ་རེད། དེའི་ནང་ལུས་ངག་ཡིད་གསུམ་གྱི་གནད་དོན་ཡོད། དེ་ཡང་བུད་མེད་ཚང་མར་སྤྱི་མཚུངས་སུ་མཆིས་པའི་དཔལ་ཞིག་མིན། རྒྱ་རི་ལགས་ངག་འཇམ་པ། སྨྲ་མཁས་པ། བཅོས་མེད་ལུས་ཀྱི་གུས་བཀུར་ལྡན་པ། བྱམས་དང་བརྩེ་བའི་ནུས་པ་དེ་ཡང་ཕོ་ལས་མོ་ཆེས་བས་ལས་དོན་དུ་ངེས་ཤེས་སྤེལ་སླ་བ་མ་ཟད་དོན་འབྲས་ཀྱང་སོན་བདེ་ཆེ་། དེ་མིན་འོས་ཆོས་ལྡན་པའི་རྒྱ་སྤྱིའི་བུད་མེད་ཁག་ནས་སྤྱི་ཚོགས་བདེ་འདོད་ཐོག་གཟེངས་སུ་ཐོན་པའི་ཞབས་འདེགས་ཇི་ཞུས་སྐོར་རྩོམ་ཡིག་གཞན་ནང་མང་པོ་བཀོད་གནང་འདུག་ན་ངས་ཞུ་ཡི་མིན།
གཞན་ཁོང་གཉིས་ནས་རང་རེའི་སྤྱི་ཚོགས་ནང་ལོ་མང་ཞབས་སྤྱི་ཞུས་པའི་ཕྱི་ནང་གསང་གསུམ་གྱི་གནས་དོན། ལྷག་པར་དུ་རང་རེའི་དབུ་ཁྲིད་མཆོག་གི་དགོངས་གཞི་སོགས་ལ་ཐུགས་མངའ་ཆེ་བ་མ་ཟད་དེ་དག་ཕྱག་དོན་དུ་འཁེལ་ཐབས་སུ་འབད་སྤུང་ལའང་ཁྱད་པར་མེད་ནའང་། རྒྱ་རི་ལགས་ཀྱི་མངོན་འདོད་གསལ་བསྒྲགས་གནང་བའི་ནང་། རྒྱ་ཕྱོགས་ནས་རང་རེའི་དབུ་ཁྲིད་མཆོག་གིས་བོད་རྒྱ་གཉིས་སྨན་དབུ་མིའི་ལམ་ལ་དོན་འབྲས་ལྡན་པའི་སྲིད་བྱུས་ཤིག་འདོན་རྒྱུ་ལས་འདས་ཏེ་ད་ཆ་དབུ་མའི་ལམ་གྱི་བདག་ཉིད་གང་གི་སྐུ་ཚེ་ལ་ཚད་ཚོད་ངང་གནས་ཚོད་ལ་སོང་ང་ཚོས་ངོས་ནས་ཀྱང་རྔ་བརྡུངས་སྟངས་ལ་ཞིབ་པའི་སྲིད་བྱུས་འཛིན་དགོས་གནད་གསུངས་འདུག སྲིད་བྱུས་དེ་གང་ཡིན་རྗེས་སུ་ཤེས་ཚོད་ཀྱང་༸གང་ལ་མངགས་པའི་དགོངས་འཆར་འདི་ཤ་རྩའི་ཁ་ལ་སྙན་ཆ་མེད་ཞུ་བ་དེ་ཡིན་ཆེས། དེ་ནི་དངོས་ཡོད་སེམས་འཚོར་ཞིག་ལོས་ཡིན། རྐུབ་བཀྱག་རྔམ་པའི་འོས་མི་ཡིན་ན་དེ་འདྲ་གསུང་ཕོད་དཀའ། མི་ལོ་༣༠ འགལ་རིང་རེ་འདོད་ཞུས་པའི་ཐབས་བྱུས་ལ་རེ་བསམ་ཆེར་མི་མངོན་ན་མུ་འཐུད་ཀྱི་ལམ་ཕྱོགས་སུ་ངར་རྩེ་རྣོ་རུ་གཏོང་བའམ་དེ་མིན་བསམ་ཞིབ་དཔེ་ན་ལམ་དབུ་མར་བོད་པའི་ངོས་ནས་ལོ་མང་རིང་གཡོ་མེད་དོན་དུ་གནས་ཐབས་ཞུས་ཀྱང་རྒྱ་ཕྱོགས་ནས་བརྡ་ལན་གསལ་བ་མེད་སྟབས་འབྱུང་གྱུར་ལོ་ལྔའི་ནང་ཚུད་མོས་མཐུན་མ་བྱུང་ན་དེ་རྗེས་གནས་དོན་ལ་འཕོ་འགྱུར་གང་བྱུང་བ་དེའི་འགན་རྒྱ་ནག་ནས་ལེན་དགོས་ཅེས་པའང་ལམ་ཞིག་རེད་སྙམ།
དེ་མཚུངས་ཕྱི་རྒྱལ་ཁག་ཏུ་གནས་བསྡོད་བོད་མིའི་སྤྱི་མཐུན་ཚོགས་པ་ཁག་གི་ངོ་བོ་ད་གནས་ལས་ཆེར་འཕགས་པ་ཞིག་ཡོང་ཐབས་ཀྱི་དགོངས་འཆར་ལའང་དགའ་བསུ་ཡོད། དགོངས་གཞིའི་ནང་རང་རེའི་རིགས་གཞུང་གོང་འཕེལ་སྤེལ་ཐབས་ཞུ་རྒྱུ་སོགས་་བཀའ་གནང་འདུག དེ་དག་མཉམ་བོད་རིགས་ནང་འཁུལ་དཔལ་འབྱོར་གྱི་ལ་རྒྱ། ཐོག་མར་བོད་མི་ཕྱི་རྒྱལ་ཡུལ་དུ་སྤོ་རྒྱུའི་དམིགས་ཡུལ་གཙོ་བོ་བོད་སྤྱི་བའི་གནད་དོན་རང་བཙན་ཀྱི་ལས་འགུལ་སོགས་ཨ་རི་དང་དེ་མིན་ཕྱི་རྒྱལ་ཡུལ་ཁག་ཏུ་སྤེལ་ཐུབ་ན་ནུས་ལྡན་ཞུ་རྒྱུ་ཡོད་པའི་རེ་བསམ་ཞུས་པ་ད་ལྟ་དེ་ཙམ་ཐོན་མིན་ལས་དེ་དག་དང་པོའི་རེ་འདུན་ལྟར་ཡོང་ཐབས་ཀྱང་ཅི་ནས་ཡོད་གཤའ་ལ།
རང་བཙན་རྩོད་ལེན་པ་དང་དབུ་མའི་ལམ་དུ་མོས་གུས་ཞུ་བའི་ཕྱོགས་གཉིས་དབར་མཐུན་སྒྲིལ་བསྐྲུན་རྒྱུའི་དགོངས་འཆར་ཡོད་པའི་གསུངས་མོལ་ཡང་གནང་སོང་སྙམ་པ་ཡིན་ངེས་ན་དེ་ཡང་རང་རེའི་འཐབ་རྩོད་ཀྱི་ནུས་ཤུགས་གོང་ནས་གོང་དུ་འཕེལ་ཐབས་ཤིག་ཡིན། ཡིན་ཀྱང་ཕྱོགས་གཉིས་ཀྱི་དགོས་མེད་འཐེན་བཤེད་ལས་དགོས་པའི་ལས་འཆར་ཆེར་དཀོན་པའི་གནས་དོན་ལའང་དགོངས་བཞེས་ལོས་ཡོད། རང་བཙན་དང་དབུ་མ་གཉིས་ནི་ཉི་མ་མེ་གྲོགས་ཀྱི་ལམ་བཟང་དེ་ཡིན། ང་རང་ཡང་ལམ་དབུ་མ་ལ་རྒྱལ་ཁ་ཐོབ་རྒྱུ་དེ་རང་བཙན་རག་པ་ལས་མོས་མོས་ཆེ་མཁན་ཞིག་ཡིན་ཀྱང་རང་བཙན་རྩོད་མཁན་ལ་སྨད་སྨྲ་ཞུ་མཁན་མིན་ཁར་རང་གིས་ཀྱང་རྩོད་བྱེད། ཡིན་ཀྱང་རང་བཙན་ཁ་ལ་འཁྱེར་ནས་བྱ་ལམ་མེད་ཐོག་༸གོང་ས་མཆོག་དང་བོད་གཞུང་ལ་ཁ་གཏོང་པ་པོར་ངོ་བརྒོལ་ཡོད་ལ་དགའ་ཡང་མི་དགའོ། །
ངས་རང་ཕྱོགས་ཀྱི་འདོད་ཚུལ་དེ་གོང་ཞུས་ནས་མཐའ་བསྡོམས་ཟིན་བསམ་ཀྱང་ཁ་སང་གཉིད་མ་ཁུག་གོང་བསམ་ལོ་གསར་པ་ཞིག་འཁོར་སོང་། དེ་ཡང་གནད་ཁག་ཏུ་མཐོང་སོང་། དེ་ནི་འོས་མི་རྣམ་གཉིས་ཀྱི་ཞབས་ལོའི་ཡུན་དེ་ཡིན། རྩ་བའི་སུ་ལ་ག་དུས་གང་ཡོང་མི་ཞུ་དཀའ་ཡང་ང་ཚོའི་ཤེས་པ་དེ་འབྲོང་ཆུང་ལགས་དགུང་ན་མཐོ་བས་ད་རེས་འོས་ཐོབ་ནའང་སྐབས་དུས་གཅིག་ལས་ལྷག་པ་ཞུ་ཐུབ་རྒྱུ་དཀའ་གནས་མ་རེད་དམ། དེ་ནས་མི་གསར་པ་ཞིག་འོང་དགོས་ངེས་སྟབས་སྲིད་བྱུས་སམ་ལས་རིམ་སྤེལ་འཆར་རྒྱུན་མཐུད་མེད་པའི་སྐྱོན་གནད་ཡོང་ཆེར། དེ་ལས་རྒྱལ་རི་ལགས་ད་རེས་ཐོབ་ན་མུ་མཐུད་སྐབས་དུས་གཉིས་འཛིན་ངེས་ལ་སོང་རང་རེའི་རྩོད་གཞིའི་ལམ་ཕྱོགས་དེ་མུ་མཐུད་རྒྱང་བསྲིང་གིས་ཁེ་ཕན་ཞིག་འདུག་པའང་ཁོང་གཉིས་སུ་ཕན་རན་ཆེ་བའི་ལེགས་སྤེལ་འདོད་ཚུལ་ནས་དགོངས་བཞེས་དོར་མི་ཤེས་པའི་གནད་གལ་ཞིག་ཏུ་ངོས་འཛིན་ནས་སྐྱར་ལོག་གཅིག་ཞུས་ལགས་སོ།།
འདས་པའི་མི་ལོ་བཅུ་ཕྲག་གཉིས་རིང་སྐྱ་སེར་གཉིས་ནས་བཀའ་ཁྲི་འམ་སྲིད་སྐྱོང་གནང་ནས་ལས་དོན་ལ་སྒྲུབ་འབྲས་ག་རེ་ཐོན་ཡོད་མེད་བཙན་བྱོལ་བོད་མིའི་ལོ་རྒྱུས་དེབ་ཐེར་ནང་གསལ་ཡོད་ན་རྗེས་ལོ ་ ༢༠༢༡ ལོའི་སྲིད་སྐྱོང་ལ་བུད་མེད་སླེབ་དགོས་པ་དེ་གནས་ལུགས་དང་རྒྱུ་ཚན་ཁྲིམས་ལུགས་སོགས་ལ་འགན་ཁུར་ཞུ་གི་ཡོད།
རྒྱ་རི་སྒྲོལ་མ་བཀའ་ཟུར་ཡིན་ན་ཡང་། །
བཀའ་ཟུར་ཆགས་ནས་རང་དོན་གཞན་དོན་མེད། །
འབྲོང་ཆུང་དངོས་གྲུབ་བཀའ་ཤག་དགོངས་ཞུ་བྱས། །
ཁོང་གཉིས་ལས་ལྷག་སྤེན་ཚེ་སྲིད་སྐྱོང་འོས། །
་
སྤེན་ཚེ་མི་རྒོད་ཚོགས་ཟུར་འཇོན་ཐང་ཆེ། །
མི་དཀར་ཞྭ་ནག་ཕུད་པའི་ཁྲིམས་རྩོད་རྒྱལ། །
ད་ལོ་༸གོང་ས་མཆོག་གི་དུས་དྲན་ལོར། །
ཨ་མདོ་སྤེན་ཚེ་སྲིད་སྐྱོང་ངེས་འཁོད་དགོས། །
ཉེར་གཅིག་སྲིད་སྐྱོང་ཨ་མདོ་འོངས་ན་བཟང་། །
ཉེར་དྲུག་སྲིད་སྐྱོང་བུད་མེད་འོངས་ན་བཟང་། །
དེ་ནས་དབུས་གཙང་ཆབ་སྲིད་བཟུང་ན་བཟང་། །
དེ་དུས་དབུས་ལམ་ཐོབ་པར་ཐེ་ཚོམས་མེད། །
ཨ་མདོ་དེ་ནི་སྤེན་ཚེ་ལས་ལྷག་མེད། །
བུད་མེད་སུ་འོངས་ང་ཚོས་སྒྲུགས་ནས་སྡོད། །
དབུས་གཙང་མཁས་པ་མི་དྲག་འོངས་ངེས་པས། །
བོད་རྒྱ་ཞི་མོལ་འོངས་བར་ཐེ་ཚོམས་མེད། །
་
ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས། །
བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས། །
ཀརྡོ་རབ་འབྱམས་པ་ལགས།
སྲིད་སྐྱོང་དབུས་པ་མ་རེད།
སྲིད་སྐྱོང་ཁམས་མདོ་བ་མ་རེད།
སྲིད་སྐྱོང་ཆོལ་གསུམ་པ་རེད།
སྲིད་སྐྱོང་ཆིག་སྒྲིལ་གྱི་ངོ་བོ་དེ་རེད།།
སྤེན་ཚེ་འཁོད་ན་ཆིག་སྒྲིལ་ངོ་བོ་མེད།
སྤེན་ཚེ་འཁོད་ན་རྙོག་ཁྲས་རྫོགས་མཚམས་མེད།
མེད་པ་མང་ལས་ཡོད་པ་ཕལ་ཆེར་མེད།
ཆོལ་གསུམ་སྤུན་ཟླས་དོན་ལ་གཟབ་པར་ཤོག།
༢༠༡༦ དང་དོན་གཟུར་རྙོག་ཁྲ་དག
བརྗེད་པར་འཕོད་པའི་གནས་ཤིག་ག་ལ་ཡིན།
རང་དང་གཞུང་ལ་དེ་འདྲ་མི་དགོས་ན།
སྤེན་ཚེ་སྲིད་སྐྱོང་འཁོད་པའི་རེ་བ་མི་གཏེར་བའི།
ཆོལ་གསུམ་སྤུན་ཟླས་དོན་ལ་གཟབ་ལ་ཤོག།
ཆོལ་གསུམ་རྒྱལ་བའི་བཀྲིས་མཐུན་སྒྲིལ་ཤོག།
དེ་རིང་ང་། མཐོ་སློབ་ལ་གཏམ་བཤད་ཡོད། རྗེས་སུ་མཆན་ལ་ཡིག་ལན་འབུལ་ཆོག་པ་ཞུའོ། ཚེ་འགྱུར་ལགས།
ཚེ་བརྟན་འགྱུར་མེད་ལགས་སུ།
ཟབ་གདོང་བླ་མའི་རྗེས་ལ་སྤེན་ཚེ་ལགས་དང་། བཀྲས་མཐོང་མཆོག སྲིད་སྐྱོང་འོས་མིར་ལངས་སྐབས། བློ་ེང་ལགས་ཀྱང་། ལངས་པ་རེད། མཐའ་མར་སྤེན་ཚེ་བློ་ཁ་གཏད་དུ་སྲིད་སྐྱོངམཐའ་མའི་་འོས་མིར་མ་བླངས་ཀ་མེད་ཆགས་པ་རེད།
བོད་རིགས་རྗེས་ལུས་ཨ་རི་བདེ་བ་ཅན་དང་། ཧ་ར་ཝར་མཐོ་སློབ་ན་ལེན་ཌ་གཉིས་པ་ལྟ་བུར་བརྩིས་ནས། བློ་སེང་ཁ་བདེ་དྲགས་པ་དང་། ཧམ་པ་ཆེ་བ་དང་། ཁྲིམས་ཀྱི་ས་མཁས་མདོག་གིས། བློ་སེང་ཐོབ་པ་རེད། སྤེན་ཚེ་ལགས། མི་འཇོན་ཐང་ཅན་དང་། ཡ་རབས་ལ་ཧམ་བཤད་མ་གནང་བས་ཁོང་ཤོར་བ་རེད་དེ།
མཐར་ཨ་རིའི་དོན་གཅོད་དུ་འཁོད་པར་། ཨ་རིར་དངུལ་དངོས་རྗེས་འབྲངས་པ་དོན་གཅོད་ཁ་ལས་བྱེད་སོགས་ཁག་ཅིག་གིས་ཌོ་ལར་ས་ཡ་གཅིག་དང་ཕྱེད་ཀའི་སྔ་ཕྱིའི་ཡིག་ཆ་མ་ཚང་བ་གླེང་དུས་། དྷ་ནས་བྱ་སྤུ་ནོན་མ་བྱུང་བར་བསྙད་ནས། སྔར་གྱི་ཁྲག་དོག་ཁ་གཏད་བྱེད་དུས་ཚིག་ངན་སོགས་ལ་དགྲ་ཤ་ལེན་ཕྱིར་དོན་གཅོད་ལས་སྣེ་ལས་། གནས་སྤོས་ཙམ་ཡང་མ་བྱས་པར། རྩ་བ་ལས་ཁོངས་ནས་གནས་དབྱུང་བཏང་པ་རེད།
གཏོང་མཁན་སྲིད་སྐྱོང་བློ་བློ་སེང་དང་། ཁོང་གི་བཀའ་ཤག་རེད། དེ་དུང་དེའི་མ་ཚད། བཀའ་ཤག་གིས་དྲང་པོ་བྱས་མི་འདུག་ན། གསུམ་བཅུའི་དུས་དྲན་གསུང་བཤད་ཀྱི་ཞོར་དུ་ཁྲིམས་ལ་གཏུགས་ཤོག་བཤད་པ་རེད།
སྤེན་ཚེ་ལགས་ལ། དྲང་བདེན་ཡོད་ཙང་ཁྲིམས་གཏུགས་པ་རེད། མཐའ་མ་བཀའ་ཤག་ཤོར་བ་རེད། ད་དུང་བཀའ་ཁྲིམས་ཁྲིབ་པར་དྲང་བདེན་མ་བྱུང་མདོག་མདོག་བཤད་ནས། ད་དུང་བཀའ་ཤག་གིས་ཞབས་འདྲེན་གཉིས་པ་དེ་ཞུས་པ་རེད།
དེ་ནས་སྤྲུལ་སྐུ་ཨོ་རྒྱན་སྟོབ་རྒྱལ་གྱིས་སྨྱོ་ལབ་བརྒྱབས་པ་ལ་ཡང་། ཆོས་དོན་བཀའ་བློན་གྱིས་ཀྱང་། ཡང་བསྐྱར་ཞབས་འདྲེན་གསུམ་པ་དེ་ཞུས་པ་རེད།
ད་ལན་སྤེན་ལགས་ལ་སྲིད་སྐྱོང་གི་གོ་གནས་མ་ཐོབ་ན། དྷ་སའི་སྒྲིག་འཛུགས་ཀྱང་གུས་ཞབས་འོས་པའི་སྒྲི་འཛུགས་ཞིག་ཏུ་ངོས་འཛིན་ཁག་པོ་ཆགས་འགྱུར་ངེས་པ་རེད།
ང་ནི་སྤེན་དངོས་སུ་མཐོང་ཡང་མ་མྱོང་ལ་མཐོང་འདོད་ཀྱང་དེ་ཙམ་མེད་ཀྱང་། ང་ལ་ཁ་ཐབས་མེད་ཀྱང་། བོད་མིའི་སྒྲིག་འཛུགས་ལ་ཤ་ཞེན་ཆ་དྲགས་ནས་། ཁ་བརྡར་མཆན་བུ་འདྲ་བྲིས་ཤོར་བ་རེད་དོ།།
སྐྱེས་མེད་འདི་འདྲ་སྲིད་སྐྱོང་ལ་ལང་ནས་ངོ་ཚ། བཙན་བྱོལ་ནང་ལ་མི་ཚར་བ་ཡིན་རྒྱུ་རེད། ད་པར་དུ་ང་ཚོས་མཐོང་མཐོང་པ་རེད། མོ་ངུ་རྒྱུ་ལས་ཅང་ཤེས་ལེ་མ་རེད།
ཀརྡོ་རབ་འབྱམས་ལགསྲ། ཁྱེད་ཀྱིས། ང་ནི་སྤེན་དངོས་སུ་མཐོང་ཡང་མ་མྱོང་ལ་མཐོང་འདོད་ཀྱང་དེ་ཙམ་མེད་ཀྱང་། ང་ལ་ཁ་ཐབས་མེད་ཀྱང་། བོད་མིའི་སྒྲིག་འཛུགས་ལ་ཤ་ཞེན་ཆ་དྲགས་ནས་། ཅེས་ཚབ་ཏུ། སྤེན་པ་ཚེ་རིང་ཨ་མདོ་པ་ཡིན་པའི་ཤ་ཞེན་ཆེ་དྲགས་ནས། ཁ་བརྡར་མཆན་བུ་འདྲ་བྲིས་ཤོར་བ་རེད་དོ།། ཅེས་ལབ་ན་བདེན་ཆེ།
བློ་སེང་ལགས་ཀྱི་སྐོར་ཡར་བསླངས་ནས་ནད་གཟུགས་རྒྱབ་རོགས་ལས་མེད་། ད་གནས་སྲིད་སྐྱོང་གི་ཞབས་ཡུན་ལོ་ ༡༠ དེ་རྫོགས་ལ་ཉེ་འདུག རང་ཉིད་ཡོན་ཏན་ལྡན་པས་ན་ཐམས་ཅད་མགུ་བ་དེ་ལ་ཉེ། ཅེས་སློབ་གྲྭའི་སྐབས་སྦྱང་བ་དེ་བདེན་ནམ་སྙམ།།
སྤེན་ཚེ་ལགས་ཡ་ཞག་མ་རིལ་གྱི་ལམ་དུ་འཇུག་མཁན་ཁྱེད་གྲོགས་ཆེན་རྣམས་དང་གཞན་དུ་ཁོ་བའི་མི་གཤིས་ལས་སུ་མཆིས་སམ།
འབྲོང་ཆུང་ལགས་སམ་རྒྱ་རི་སྒྲོལ་མ་ལགས་གང་རུང་ཞིག་ ༢༠༢༡ སྲིད་སྐྱོང་དུ་ངེས་ཆེ་རེད་འདུག་གོ།།
#8 ཚེ་བརྟན་འགྱུར་མེད། ་ལགས་སོ། ལགས། ད་ད་དུང་ལྟད་མོ་མང་པོ་མཐོང་རྒྱུ་འདུག་གོ།
བོད་ཀྱི་རྒྱལ་རབས་་༣༧ བྱུང་བ་མི་ལོ་་་༡༣༠༠་ཙམ་སོང་བའི་རིང་་ལ་་་བོད་གཞུང་བཀའ་ཤག་ལ་
ངོ་རྒོལ་བྱེད་མཁན་སྤེན་པ་ཚེ་རིང་མ་གཏོགས་བྱུང་མེད་པར་བརྟེན་་་༢༠༢༡ ལོའི་སྲིད་སྐྱོང་དེ་སྤེན་པ་ཚེ་
རིང་ལ་ནམ་ཡང་རག་གི་མ་རེད། བོད་མི་སེམས་ཡོད་ཤེས་ཡོན་ཅན་རྣམས་ནས་ནམ་ཡང་འོས་འཕེན་
སྲིད་ཀྱི་མ་རེད་ལ། ངེས་པར་སེམས་ལ་བཞག་དགོས།
བཀའ་ཤག་ལ་ངོ་རྒོལ་བྱེད་མཁན་དེ་བཀའ་ཤག་ནང་ལ་སླེབས་སོང་ན་་་ད་ག་འདྲ་ཡོ་གི་རེད།
དགྲ་དགའ། གཉེན་སྡུག་ཡོང་གི་མ་རེད་དམ། བསམ་བློ་གཏོང།
བློ་སེང་ཀྲོག་ཀྲོག་སྒམ་ཆུང་གི། ཁ་གཏད་ཨང་དང་པོ་ནི། ཤེས་འཇོན་གཉིས་ལྡན་དང་། ཉམས་ཆུང་འགོ་དཔོན་སྤེན་མཆོག་ལ་ངེས་པར་དུ་འོས་བླུགས་དགོས། ཛ
ད་ལན་སཻན་ཚེ་ལགས་ལ། འོས་མ་འཕེན་ན། བཙན་བྱོལ་བོད་མིར་ཆོལ་ཁ་དང་། ཆོས་བརྒྱུད་འཇེན་འཁྱེར་བྱེད་ཤེས་པ་མ་གཏོགས། ཁྲིམས་སྒྲིག་ལམ་མེད་པའི་སྤྲེལ་ཕྲུག་རྐྱང་རྐྱང་དུ་མཐོང་བར་ངེས་སོ།། །།
དུས་ཀྱིས་འཕོ་འགྱུར་འོག་ཏུ་སྲིད་སྐྱོང་བསྐོ་།
སྤྱི་ཚོགས་འཕེལ་རིམ་འོག་ཏུ་སྲིད་སྐྱོང་བསྐོོ་།
རྒྱལ་སྤྱིའི་གནས་བབ་འོག་ཏུ་སྲིད་སྐྱོང་བསྐོ་།
འདས་པའི་ལོ་རྒྱུས་འོག་ཏུ་སྲིད་སྐྱོང་བསྐོ་།
ཆོལ་གསུམ་མཐུན་འབྲེལ་འོག་ཏུ་སྲིད་སྐྱོང་བསྐོ་།
བོད་རྒྱའི་འབྲེལ་ལམ་འོག་ཏུ་སྲིད་སྐྱོང་བསྐོ་།
བོད་དོན་བདེན་མཐའ་གསལ་ལ་སྲིད་སྐྱོང་བསྐོ་།
དབུ་ལམ་ནུས་པ་འཐོན་ལ་སྲིད་སྐྱོང་བསྐོ་།
བཅའ་སྒྲིག་འགན་ཁུར་འོག་ཏུ་སྲིད་སྐྱོང་བསྐོ་།
ཕོ་མོ་འདྲ་མཉམ་འོག་ཏུ་སྲིད་སྐྱོང་བསྐོ་།
ཡ་རབས་བཟང་སྤྱོད་འོག་ཏུ་སྲིད་སྐྱོང་བསྐོ་།
ཁྲིམས་ལུགས་འགན་ཁུར་འོག་ཏུ་སྲིད་སྐྱོང་བསྐོ་།
བོད་ཀྱི་སྲིད་སྐྱོང་ཆ་རྐྱེན་འདི་རྣམས་དགོས་།
ཕྱི་རྒྱལ་ལ་སྡོད་བཞིན་པའི་བོད་མི་ཚོས། རྒྱ་བལ་འབྲུག་གསུམ་ལ་གནས་པའི་བོད་རིགས་རྣམས། རྒྱ་གར་དང་བལ་པོར་དཔེ་ངན་པ་ལ་བལྟས་ནས། ཁྲིམས་སྒྲིག་ལམ་ཡག་པོ་འཁྱེར་མི་ཤེས་མཁན་ཞིག་ཏུ་མཐོང་བཞིན་འདུག་ན། ཀུན་གྱི་གཟབ་དགོས་འདུག་གོ། །།
བློ་སེང་བོད་མིའི་སྒྲིག་འཛུགས་། བསྐྱངས་ནས་ལོ་བཅུ་ཕྱིན་སོང།
ལེགས་ཀྱང་ལོ་བཅུ་བསྐྱངས་སོང། ཞན་ཡང་ལོ་བསྐྱངས་སོང།
ཧུར་ཐག་བར་ཐག་གནང་སོང། བྱེས་རྗེས་གང་ལེགས་བཞག་སོང།
སྙིང་ནས་ཐུགས་རྗེ་ཆེ་ཞུ། སྐུ་གཟུགས་བདེ་ལྡན་ཡོང་བའི།
མཆོག་གསུམ་སྨོན་ལམ་འདེབས་ཞུ།
ཕྱི་ལོ་ཉེར་གཅིག་ལོ་ལ་བོད་ཀྱི་སྲིད་སྐྱོང་བུད་མེད་སླེབ་།
བཅའ་ཁྲིམས་ནང་གསལ་ཕོ་མོ་འདྲ་མཉམ་འགན་ཁུར་ཟབ་།
འདས་ལོ་བཅུ་ཕྲག་གཉིས་ལ་སྐྱ་སེར་སྲིད་སྐྱོང་གནང་།
ལས་འཐོན་སྒྲུབ་འབྲས་ལོ་རྒྱུས་དེབ་ཐེར་གསལ་།
བོད་རྒྱའི་འབྲེལ་ལམ་གོ་མེད་ཚོར་མེད་ལྷག་།
བཙན་བྱོལ་ཆིག་སྒྲིལ་ཉམས་ཆགས་རི་ལྟར་རྩེགས་།
རྗེས་ལོ་ཉེར་གཅིག་སྲིད་སྐྱོང་བུད་མེད་ལས་།
ལྷག་པའི་སྐྱ་སེར་མཐོང་བའི་ཡུལ་ལས་འདས་།
བློ་སེང་ཤེས་རིག་ལ་འབད་ཀྱང་། །
བོད་ཡིག་གྲལ་མཐའ་རུ་ལུས་འདུག །
་
བློ་སེང་བོད་དོན་ལ་འབད་ཀྱང་། །
རྒྱ་བོད་ཐག་རིང་དུ་སོང་འདུག །
་
བློ་སེང་ཡ་རབས་ལ་འབད་ཀྱང་། །
ཀྲོག་ཀྲོག་ཡུལ་ལུང་སྒང་བཀང་འདུག །
་
བློ་སེང་ཁྲིམས་ལུགས་ལ་མཁས་ཀྱང་། །
བཀའ་ཤག་བཙོན་གདོང་ལ་སྐྱུར་འདུག །
་
བློ་སེང་དད་དམ་ལ་འགྲུས་ཀྱང་། །
ཆོས་གསུམ་མཐུན་སྒྲིལ་དེ་ལྷག་འདུག །
་
སྤེན་ཚེ་སྲིད་སྐྱོང་དེ་ཐོབ་ན། །
མཐུན་སྒྲིལ་སེར་ཀ་སྒྲིག་དགོས། །
་
རྒྱ་རི་སྲིད་སྟེགས་ལ་འཛེགས་ན། །
ཡ་རབས་སྤྱོད་བཟང་དེ་སྤེལ་དགོས། །
་
འབྲོང་ཆུང་སྲིད་སྐྱོང་ལ་ཕེབས་ན། །
བོད་ཡིག་བོད་སྐད་དེ་སྤེལ་དགོས། །་
་
ང་རང་དེ་རིང་རང་ཤི་ན། །
སང་ཉིན་ཁ་ཆེམས་འདི་ཀློག་དགོས། །
་
ཀརྡོས།