བསྟན་འཛིན་ཤེས་རབ།
བུ་མོ་ཆུང་ཆུང་དེ་ལ་ཁ་བརྡ་བྱས་རྗེས་ནས་བཟུང་བདག་གི་སེམས་པ་ཀློང་ཀློང་བོ་ཞིག་ཏུ་གྱུར་འདུག བདག་ལྟོས་དབང་གིས་གནས་འདིར་སླེབས་རྗེས་ཐོག་དང་བོར་རྙོག་ལྷད་ཀྱི་དྲི་མས་མ་གོས་པའི་སེམས་པ་དྭངས་བཙང་ཅན་ཞིག་དང་ལྷན་ཁ་བརྡ་རྒྱུན་རིང་ཀློད་པ་ནི་བུ་མོ་ཆུང་ཆུང་དེ་ཡིན། བུ་མོ་ཆུང་ཆུང་དེ་ནི་འབྲོག་ས་འདིའི་འབྲོག་པ་བཟའ་མི་གཉིས་ཀྱི་དཀྲུས་ན་མི་དག་པའི་བུ་མོ་གཅིག་བུ་དེ་རེད། ཁོ་མོས་ད་ལྟ་ར་རྒྱ་སློབ་གྲྭ་རུ་སློབ་སྦྱོང་བྱེད་བཞིན་ཡོད་ལ་འཛིན་གྲྭ་དང་བོའི་ལོ་རིམ་གཉིས་པ་རེད། ད་ལོ་མོ་ལོ་བརྒྱད་ལ་བུད་ཡོད་པ་དང་ཁོ་མོའི་ཕུགས་བསམ་ནི་སྨན་པ་ཞིག་བྱེད་རྒྱུ་དེ་ཡིན་ཟེར། བདག་གིས་ཁོ་མོ་དང་གླེང་མོལ་བྱེད་སྐབས་ཁོ་མོའི་སྐད་ཆའི་མགོ་མཇུག་ཀུན་ཏུ་ཡང་དང་བསྐྱར་དུ་ཐོས་ཡོང་བ་ནི་ཁོ་མོ་བོད་ལ་མི་དགའ་ཚུལ་དང་རྒྱ་ལ་དགའ་ཚུལ་ཁོ་ན་རེད། རྒྱུ་མཚན་དྲིས་སྐབས་ཁོ་མོས་བཤད་རྒྱུར། རྒྱ་མི་རྣམས་ཀྱི་ངོ་གདོང་དཀར་ཞིང་མཛེས་པོ་ཡོད་པ་དང་ལག་པ་སོགས་གཙང་མ་འདུག་ཟེར་ལ། བོད་མི་རྣམས་ཀྱི་ལག་པ་ནག་སྟིག་སྟིག་རེད་ཟེར། བདག་གིས་ཕྱིར་ཁོ་མོར་དེ་ནི་ཕྱིའི་གནས་སྐབས་ཀྱི་སྣང་ཚུལ་ཙམ་ཡིན་ཏེ། ངོ་གདོང་མཛེས་ཤིང་ཤ་མདོག་དཀར་བ་བོད་ལ་ཡང་ཡོད་པ་མ་ཟད་རྒྱ་མི་ཡང་ཡོད་ཚད་དེ་འདྲ་མ་ཡིན་ལ། གཙང་སྦྲ་ནི་ང་ཚོས་ཀྱང་བྱེད་ཆོག་ཆོག་ཡོད་པ་མ་ཟད། མིའི་བཟང་ངན་ལ་བལྟ་ན་གཙོ་བོ་དེ་གཤིས་རྒྱུད་གཞུང་དྲང་མིན་དང་ཡ་རབས་སྤྱོད་གཙང་ཡིན་མིན་ལ་བལྟ་དགོས་པ་ཡིན། མང་བོ་ཞིག་བཤད་མི་དགོས་ཏེ་ན་ནིང་དོ་ཚིགས་ཀྱི་གནས་ཚུལ་ལས་ཀྱང་རྒྱ་མི་རྣམས་ཅི་འདྲ་ཞིག་ཡིན་མིན་གསལ་བོར་བསྟན་མི་འདུག་གམ་ཞེས་བཤད་པ་ཡིན།
སློབ་སྦྱོང་གི་གནས་ཚུལ་བཤད་སྐབས་ཁོ་མོས་བཤད་རྒྱུར། ཁོ་མོ་བོད་ཡིག་ལས་རྒྱ་ཡིག་ལ་དགའ་སྟེ་རྒྱུ་མཚན་ནི་བོད་ཡིག་ལས་རྒྱ་ཡིག་སྦྱོང་སླ་བ་རེད་ཟེར། ཁོ་མོས་མུ་མཐུད་བཤད་རྒྱུར་བོད་ཡིག་ལས་རྒྱ་ཡིག་སྔོན་ཐོན་ཡིན་ཞིང་བོད་སྐད་ལས་རྒྱ་སྐད་སྙན་མོ་འདུག་ཟེར། བདག་གིས་ཁོ་མོར་ཁྱོད་ཀྱི་ཨ་ཕ་དང་ཨ་མ་གཉིས་རྒྱ་ཡིན་ནམ་བོད་ཡིན་ཞེས་དྲིས་པ་ན། ཁོ་མོས་བོད་ཡིན་ཟེར། འོ་ན་ཁྱོད་རང་གི་ཕ་མ་གཉིས་ལ་དགའ་འམ་ཞེས་པ་ན། ཁོ་མོས་དགའ་ཟེར། འོ་ན་ཁོང་ཚོ་ཡང་བོད་ཡིན་པ་མ་ཡིན་ནམ་ཞེས་པ་ན། ཁོ་མོས་མགོ་བོ་གཡོན་བཞིན་གང་ལྟར་ལག་པ་ནག་པོ་ཅན་ཚོར་གཏན་ནས་མི་དགའ་གི་ཟེར། མཇུག་མཐར་བདག་གིས་གང་ལྟར་ཁྱོད་རང་ཉིད་ཀྱང་བོད་ཕྲུག་ཅིག་རེད་པས་རང་ཉིད་ཀྱིས་རང་ཉིད་ལ་དགའ་གཅེས་དང་སྤོབས་པ་ཡོད་དགོས་པ་རེད་ཅེས་བཤད་པ་ཡིན།
ལྷད་མ་གོས་པའི་བུ་མོ་ཆུང་ཆུང་དེའི་སྐད་ཆ་དག་གིས་བདག་གི་མགོ་བོའི་ནང་སིང་སྒྲ་ཞིག་འཁྱིལ་དུ་བཅུག སྔོན་ཆད་བདག་གིས་ཕྱི་གླིང་དུ་བོད་ཕྲུག་རྣམས་ཀྱིས་རང་གི་ཡོད་ཚད་གཞན་བསྒྱུར་བྱེད་ཀྱིན་པའི་སྣང་ཚུལ་མཐོང་མྱངས་མོད་བོད་ནང་ཁུལ་དང་ལྷག་དོན་འབྲོག་ཁུལ་དག་ཏུ་ཡང་འདི་འདྲའི་གནས་སྟངས་ཡོད་པ་ཡིད་ལའམ་ཤར་མ་མྱོང་། བུ་མོ་ཆུང་ཆུང་འདིའི་སྐད་ཆ་དག་གིས་བདག་ལ་ཡང་བསྐྱར་བོད་མི་རྣམས་ཀྱིས་འཕྲོད་བསྟེན་གཙང་སྦྲ་དང་ཕྱིའི་ཀུན་སྤྱོད་སོགས་ལ་དོ་སྣང་ཞིག་བྱེད་དགོས་པའི་བསམ་བློ་ཞིག་འཁོར་དུ་བཅུགས་བྱུང་།
འདི་ནི་དུས་ཀྱིས་བྱེད་པའི་བཅོས་དཀའ་བའི་ན་ཚ་ཞིག
རྒན་ལགས། སྐུ་མཁྱེན།
དྲ་ཡིག་ལ་བྱི་དོར་གནང་རོགས། གཤམ་གྱི་ཐིག་ཕྲེང་བཞི་ལ་ཡིག་ནོར་ག་ཚོད་འདུག སྔོན་ལ་ཡི་གེ་སྦྱང་དེ་ནས་ཡིག་རྩོམ་བྲིས་ན་་་་་་་་་
བུ་མོ་ཆུང་ཆུང་དེ་ལ་ཁ་བརྡ་བྱས་༼དེ་ལ་ཁ་བརྡ་བྱས་དང་དེ་དང་ཁ་བརྡ་བྱས་ལ་ཁྱད་པར་ཆེ།༽རྗེས་ནས་བཟུང་༼བྱས་རྗེས་ནས་དང་ཡང་ན་བྱས་ནས་བཟུང་ཞེས་བྲིས་པས་འཐུས། ཉིས་རྩེག་མི་དགོས་སྙམ།༽བདག་གི་སེམས་པ་ཀློང་ཀློང་བོ་༼བློང་བློང༽ཞིག་ཏུ་གྱུར་འདུག ༼གྱུར་འདུག་ཞེས་པ་འདི་ནི་གང་ཟག་གཉིས་པ་དང་གསུམ་པ་། ཡང་ན་བེམ་པོ་དང་སྲོག་ཆགས་སོགས་སྤྱད་བྱ་ཡིན༽བདག་ལྟོས་དབང་༼སྟེས་དབང་ཟེར་དགོས༽གིས་གནས་འདིར་སླེབས་རྗེས་ཐོག་དང་བོར་རྙོག་ལྷད་ཀྱི་དྲི་མས་མ་གོས་པའི་སེམས་པ་
དྭངས་བཙང་༼གཙང༽ཅན་ཞིག་དང་ལྷན་ཁ་བརྡ་རྒྱུན་རིང་ཀློད་པ་༼གློད་ས༽ནི་བུ་མོ་ཆུང་ཆུང་དེ་ཡིན། བུ་མོ་ཆུང་ཆུང་དེ་ནི་འབྲོག་ས་འདིའི་འབྲོག་པ་བཟའ་མི་གཉིས་ཀྱི་དཀྲུས་༼བཀྲུས་༽ན་མི་དག་པའི་བུ་མོ་གཅིག་བུ་དེ་རེད།
ང་སྔོན་ཆད་ཕ་ཡུལ་དུ་ཡོད་དུས་ནས་རོང་བ་ལས་འབྲོག་པ་ཚོ་རྒྱ་སྐད་ལ་མཁས་མཁས་ཤིང་སྒྲ་གདངས་ཀྱང་ཁོ་ཚོ་དག་པ་འདུག རོང་བ་ང་འདྲ་བ་ཚོ་རྒྱུན་དུ་རྒྱ་དང་འདྲེས་ནས་བསྡད་ཡོད་རུང་རྒྱ་སྐད་མི་བཤད་པའི་ཁར་ཡག་པོ་ཞིག་ཤེས་ཀྱང་མི་ཤེས། མཚོ་སྔོན་པོའི་རྩྭ་ཐང་གི་འབྲོག་པ་ཚོར་ཟི་ལིང་མཁར་ནས་ཐུག་དང་དུས། རྒྱ་རྒན་ཚོའི་གསེང་གྱན་ན་འཛུལ་འགྲོ་གི་རེད། སྒྲ་གདངས་ནི་དག་ག་ཅིག་འདུག
དེང་སང་རྒྱ་གར་དྷ་སའི་སྲིང་ལམ་བོད་ནས་འབྱོར་བའི་གཞོན་ནུ་ལོ་ཆུང་རྒྱ་སྐད་ཁ་བརྡ་བྱེད་བཞིན་འགྲོ་མཁན་ཧ་ཅང་མང་པོ་འདུག ཟ་ཁང་དུ་འོང་ན་ཡང་རྒྱ་སྐད་ཀྱིས་ཟ་མ་མངགས་པ་དང་། ཆུ་ཚ་བོ་ལ་ཇོ་ཇོ། ཁེ་ཧྲེ་གཅིག་སྤྲད་དང་། ཁོའེ་ཙིས་ཅིག་སྤྲད་དང་། ང་ཁྲའོ་མན་ཟ་ཅིས། ཁྱོད་ཀན་ཅོའོ་ཟ་དང་ཧྭའོ་ཁྲིས། པའོ་ཙིས་ཡོད་པ་རེད་པས། ལྟ་བུ་རྒྱ་བོད་འདྲས་མ་ཞིག་བཤད་པང་སྒྲ་གདངས་ལ་ལྟ་སྲོལ་ཞིག་དང་ཉན་སྲོལ་ཞིག་མི་འདུག བོད་ནས་འདིར་ཡོང་མཁན་ཚོར་རྒྱའི་ཤན་ཤུགས་ཧ་ཅང་ཆེན་པོ་ཐེབས་འདུག བསྟན་འཛིན་ཤེས་རབ་ཁྱོད་བོད་ནང་དུ་མི་འདྲ་ཞིག་ལ་ཐུགས་པ་ནི་སྤྱིར་བཏང་ཙམ་ཞིག་མ་རེད་དམ།
གལ་ཏེ་ཕ་མ་གཉིས་རྒྱ་ཡིག་ལ་དགའ་མཁན་ཡིན་ན་སློབ་གྲྭ་དེར་འཇོག་དགོས་དོན་མེད། སློབ་གྲྭ་དེ་ན་ནི་གཙོ་བོ་ཡིག་སྦྱོང་གིན་ཡོད་པ་འདྲ།
བོད་པ་ཚོ་ཁག་ཅི་ཡོད། ཕྱི་རོལ་ན་རྒྱ་གར་དང་དབྱིན་ཇི་སོགས་ལ་འབྲེལ་བ་བྱེད་དགོས་པ་དང་། བོད་ནང་དུ་ཆ་མཚོན་ན་རྒྱ་མི་འབོར་ཆེ་ལ། སོ་སོའི་སྐད་དང་ཡི་གེ་ལ་སྲིད་གཞུང་རང་ནས་མཐོང་མི་སྤྲོད་པ་མ་ཟད། རྒྱ་མི་འབོར་ཆེ་བའི་དབང་གིས་རྒྱ་སྐད་བེད་སྤྱོད་བྱེད་དགོས་ས་ཧ་ཅང་མང་པོ་རེད། དེར་བརྟེན་ཚང་མ་ར་མ་ལུག་ཅིག་ཏུ་འགྱུར་བཞིན་པའི་གནས་ཚུལ་འདི་ཆགས་པ་རེད།
འོན་ཀྱང་བོད་མི་ཚོས་རིག་པ་བསྒྲིམས་ནས་གཙང་སྦྲ་དོད་ཙམ་དང་། སོ་སོའི་མི་རིགས་ཀྱི་སྤོབས་པ་དང་། རིག་གཞུང་གི་སྤོབས་པ་སོགས་དགོས་ཀྱི་འདུག
དེང་སང་གཞོན་སྐྱེས་ཚོས་སོ་སོའི་དེ་རྙིང་པ་ཞིག་དང་། ཆོ་མེད་པ། མཁྲེགས་པོ་སོགས་སྣ་ཚོགས་ཤིག་བསམ་ནས་སོ་སོའི་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་སྐད་ཡིག་དང་རིག་གཞུང་སོགས་ཀྱི་ནང་དུ་ཕར་འཛུལ་ནས་ཉམས་ལེན་བྱེད་ཀྱི་མེད་པ་རེད། དེར་བརྟེན་སེམས་ནང་དུ་ག་དུས་ཡིན་ཡང་ཆོ་མེད་པ་ཞིག་དང་། ཕན་ཐོགས་མེད་པ་ཞིག་འཁོར་ནས་དུས་ཚོད་རྫོགས་འགྲོ་གི་ཡོད། གལ་སྲིད་བསམ་བློ་ཡག་པོ་ཞིག་གཏོང་མཁན་ཡིན་ན། དང་པོ་ནས་ཆོ་མེད་པ་ཞིག་ཏུ་མ་བསམ་པར། རིག་གནས་དེ་དང་དེའི་ནང་དུ་བསམ་བློ་ཕར་བཅུག་ནས་ཉམས་ལེན་ཏོག་ཙམ་བྱས་ན་དེ་ལ་རིན་ཐང་ཡོད་པ་གཞི་ནས་ཧ་གོ་གི་རེད།
བོད་ཀྱི་འབྲོག་སྡེར་གནམ་གཤིས་གྲང་ངར་དང་ཕྱག་ལས་རྩུབ་པ་སོགས་ཐུགས་ཁག་མི་འདུག་ཀྱང་། སྔར་རབས་དར་ནང་བཞིན་མི་སྡོད་པར་མི་རབས་གསར་པ་རྣམས་ཀྱིས་ལག་པར་ལག་ཤུབས་དང་རྐང་པར་འགྱིག་ལྷམ་གྱོན་པ་སོགས་ཀྱིས་རང་སྲུང་དང་དེང་རབས་སྤྱི་མཚུངས་ལྟར་འགྲོ་ཤེས་པར་བརྩོན་དགོས་རེད། ཐབས་ཤེས་མེད་ན་འགྱོད་རྒྱུ་མེད་ཀྱང་། དེང་སང་ཐབས་ཤེས་ཡོད་བཞིན་མ་བྱས་ན་ང་ཚོ་ད་དུང་རྗེས་ལུས་པ་མ་རེད་པེ།
ཀ་རྡོ་རབ་འབྱམས་པ་ལགས། མ་རེད་པེ། གསུངས་པར་ཐུགས་རྗེ་ཆེ།
ཁམས་སྐད་རྒྱག་མཁན་ཡང་མང་འདུག །
དབུས་སྐད་གསུངས་མཁན་ཡང་འདུག་གོ །
ཨ་སྐད་བྲིས་མཁན་ནི་ཁང་འདུག །
གཙང་སྐད་བྲིས་མཁན་ཞིག་སུ་ཡོད། །
འདི་གནད་འགག་ཞིག་རེད་བཞག་། ཨ་ལེ་། གེ་ལེ་བསམ་ཚུལ་ཞིག་འབུལ་གི་ཡིན་ད།
ཨོ་ལོ་ཆུང་ཆུང་དེ་ག་། ཁག་མེད་པྰ།
གང་འདྲ་བྱས་ནས་གསུངས་པ། བདག་ཅི་གཙང་པའི་བི་ཛ།
དེ་ནི་ཕ་མ་གཉིས་རྒྱ་དགའ་མ་ཡིན་པས་རེད། ངས་ཁོ་བོའི་ཕ་ཡུལ་གཅིག་པའི་བུ་མོ་ལོ་༡༥ཅན་ཞིག་ལ་སྐད་ཆ་བཤད་སྐབས་མོ་རང་གིས་ཆེས་མི་འདོད་པའི་སློབ་ཚན་ནི་རྒྱ་ཡིག་རེད་ཟེར། དེ་ནི་ཕ་མ་དང་ས་གནས་དེའི་ཁོར་ཡུག་ལ་རག་ལས་བ་སྣང་།