གངས་སྨྱུག
གྲིབ་ནག་མུན་པ་རུབ་པའི་རི་རབ་ཀློང་།།
སྲིན་པོ་ཤ་ཁྲག་དགའ་བའི་གྲོང་པའི་ནང་།།
རྒྱོབ་གསོད་ཀི་སྒྲ་འཁོར་བའི་དུས་རབས་སུ།།
སྤུན་ཟླའི་ཚེ་སྲོག་ཤོར་བའི་གཏམ་རྒྱུད་ཡོད།།
གྲང་ངར་བུ་ཡུག་འཚུབ་པའི་ལྷས་རའི་འདབ།།
ཞུན་འཁྱག་གད་ཁ་ཤོར་བའི་གྲོག་རོང་ནང་།།
སྤྱང་ནག་དམར་འཛིང་ཤོར་བའི་མཚན་མོ་རུ།།
གཡང་དཀར་གསོན་བཟས་བྱས་པའི་སྐྱོ་སྒྲུང་ཡོད།།
དུས་བཞི་དམན་ལྷག་ལོག་པའི་སྟོན་འཇུག་ཏུ།།
གནམ་གྱི་འཇུ་ཐག་ཆད་པའི་སྨག་ནག་ཁྲོད།།
ཐོག་སེར་དྲག་ཆར་འཇོ་བའི་ཤྭ་འོད་ནང་།།
ཞིང་འབྲོག་འཚོ་རྟེན་བཅོམ་པའི་ལོ་རྒྱུས་ཡོད།།
མི་དབང་ལྷ་སྲས་སྔ་ལམ་བརྫངས་པའི་ཞིང་།།
དབུ་ནག་ལས་དབང་སྒྱིད་པར་བསྐྱུར་བའི་ཉིན།།
གོག་འགྲོའི་ཆོས་བྲོ་འཁྲབ་པའི་ལྟས་ངན་ནང་།།
ཉན་མི་འདོད་པའི་ལོ་རྒྱུས་སྐྱུར་མོ་ཡོད།།
གནམ་འོག་དབུ་ནག་བོད་མིའི་ཡ་ཐོད་ངོས།།
ཆོས་སྲིད་ཟུང་དུ་འབྲེལ་བའི་འཕྲང་རིང་ནང་།།
བསམ་བྲལ་གོ་ཆག་ཕོག་པའི་སེར་ཁའི་ཁྲོད།།
བོད་འབངས་སྐྱིད་སྡུག་རྒྱ་ལམ་ཤར་རེ་ཡོད།།
ཚན་རྩལ་རྡུལ་གྱི་ཨ་འཐས་དུས་རབས་ནང་།།
ལས་དབང་ཀློག་རྫས་འདྲེས་པའི་ཡིད་ཁ་ནས།།
མི་རིཊ་གཏིང་བརྗེད་ཤོར་བའི་སུངས་དྲིའི་ཁྲོད།།
མེས་པོའི་རྣམ་ཤེས་ཁྲེལ་བའི་ངུ་སྒྲུང་ཡོད།།
རྒྱ་ལམ། བརྒྱ་ལམ་མིན་ནམ། ལམ་ཆེན་ལ་བརྒྱ་རྒྱུགས་སྟོང་རྒྱུགས་རེད་ཅེས་བཤད།།
མི་དབང་ལྷ་སྲས་ལྔ་ལམ།།
བསམ་བྲལ་གོད་ཆག་ཕོག་པའི།།
ལས་དབང་གློག་རྫས་འདྲེས་པའི།།
བན་དེ་ལགས་ཀྱིས་མཁས་རྟགས་སྟོན་པར་ཧཧཧཧཧ།
འོན་ཀྱང་། རྒྱ་ལམ་ནི། ཚིག་མཛོད་ཆེན་མོ་ལས། མང་པོ་འགྲོ་སའི་ལམ་ཆེན། ཁོང་ཚོ་རྒྱ་ལམ་དུ་ཞལ་འཛོམས་པ། རི་ཀླུང་བཅད་ནས་རྒྱ་ལམ་གསར་དུ་བཟོས་པ། ཁལ་བོང་བུས་འཁུར་བར་རྒྱ་ལམ་སྐེད་པ་ན་དོན་མེད།
དག་ཡིག་གསར་བསྒྲིགས་ལས། ལམ་ཆེན་གྱི་མིང་།
ཁྱེད་ཀྱིས་རྨོང་འཆར་གྱིས་བརྒྱ་ལམ་ནི། ཚིག་མཛོད་ཆེན་མོ་ལས། ནམ་ཞིག་གམ་ལན་འགའ། སྲིད་མཐའ་ཙམ། ཕམ་པ་བྱུང་བ་བརྒྱ་ལམ་ཡིན། སངས་རྒྱས་བྱུང་བ་བརྒྱ་ལམ་རྙེད་པར་འགྱུར།
དེ་བཞིན་དག་ཡིག་གསར་བསྒྲིགས་ལས། བརྒྱ་ལམ་ནི། རྒྱ་ལ་དང་དོན་འདྲ།
ཐུགས་རྗེ་ཆེ་ཁྱེད་ཀྱིས་བསམ་འཆར་གནང་བར།
གངས་སྨྱུག་ལགས་ཁྱེད་ཀྱི་རྩོམ་ལ་ངས་མཆན་བུ་གཅིག་བཏབ་པར་བཀའ་བཀྱོན་ཆར་ལྟར་ཕབས་པ་འདི་ལ་བཀའ་དྲིན་ཆེ་རྗེས་སོར་ཁྱེད་ཀྱི་རྩོམ་ལ་མཆན་བུ་བཏབ་མི་ཡོང། ངས་བརྒྱ་ལམ་མིན་ནམ་ཞེས་པ་དེ་ཡིན་པར་ཐག་བཅད་འདུག་གམ། ངས་དཔེ་དང་བཅས་པ་དྲངས་ཡོད། བརྒྱ་རྒྱུགས་སྟོང་རྒྱུགས་བྱེད་པའི་ལམ་ཡིན་པས་ན་བརྒྱ་ལམ་ཞེས་པ་མིན་ནམ་ཞེས་བཤད་ཡོད། དེ་ལྟར་ན་རྒྱ་རྒྱུགས་སྟོང་རྒྱུགས་ཀྱི་ལམ་ཆེན་ཞེས་བརྗོད་དགོས་སམ། གང་ལྟར་རྩོད་འདོད་མེད།
ངས་མཁས་རྟགས་སྟོན་མིན་ད་མི་ཤེས། ངས་ཁྱེད་ཀྱི་རྩོམ་ནང་ནས་ནོར་འཁྲུལ་ཾཁ་ཤས་ཤིག་སྟོན་མོད་དེ་ཚོར་གསལ་བཤད་ཡི་གེ་ན་གཅིག་མེད་པར་་་་བརྒྱ་ལམ་མིན་ནམ་་་་ཞེས་ཐེ་ཚོམ་གྱི་དྲི་རྟགས་བཀོད་པར། ཡིན་པར་ངོས་འཛིན་གྱིས་བཀའ་བཀྱོན་ཚ་ཐག་ཆོད་ཅིག་གནང་བ་དེར་ངས་བཟོད་བསྒོམ་ཅིས་མི་ཐུབ། དགོངས་དག་མཆན་བུ་བཏབ་པར།