ཁྲོ་གཏུམ།
མགོ་བོ་དགྱེ་དགྱེ་ཞེས་པའི་བར་སྣང་དུ
ཉི་རྡུལ་གྱི་ཚོགས་ཀྱིས་རི་བོ་གཏུབ་ཅིང་འགྲོ
རེ་བའི་མིག་ཟུང་གི་མཐའ་མཚམས་སུ
ལས་དབང་གི་ལམ་ཁ་ཧ་ཅང་གྱ་གྱུར་འཐེན
ཐེ་ཚོམ་གྱིས་ལེ་ལོར་རོགས་འདེགས་བྱས་པའི་གོམ་ཁ་ན
ཕྱིར་མིག་གི་དབུགས་རིང་ཧལ་ཧལ
རྒྱང་དུ་ཅེར་བའི་མཐོང་བ་དག་བསྡུ་ལེན་བྱས
༢༠༢༡།༩།༢༢ཉིན།