རྔ་བ་ཀུན་བཟང་།
དེ་རིང་གློ་བུར་དུ་གཤོག་མེད་ཀྱི་མཁན་རླུང་བརྒྱུད་ནས་ཆ་མེད་ཞིག་གི་ཁ་པར་ཐོན་ཐལ། ངས་དང་པོ་ནས་རྒྱུ་མཆན་གང་ཡིན་འདྲི་མ་ཐུབ། རང་ཉིད་ཡང་ཡ་མཚན་དུ་གྱུར་ནས་ཁོང་གི་སྐད་ཆ་ལ་ཉན། ཧ་ལམ་ལོ་མང་པོའི་གོང་ནས་ངོ་ཤེས་པའི་རྣམ་པ་ཞིག་བསྟན་ན་ཡང་། ང་ཡིད་འཛིན་མི་སྲ་བས་སྐད་ངོ་མ་ཆོད་ཐ། གང་ལྟར་ཁོང་གིས་མེ་འཁོར་འབབ་ཚུགས་ཆེན་པོ་ཞིག་ནས་ཁ་པར་གཏོང་གིན་ཡོད་པ་གཡས་གཡོན་གྱི་འུར་སྒྲ་དང་ལྡུར་སྒྲ་ལས་ཤེས།
ཅིག་བྱས་ན་མེ་འཁོར་ཚུགས་མལ་དུ་འགྲུལ་པ་མང་པོས་སོ་སོའི་དགའ་ཉེ་སྤུན་ཆེན་བསུ་བར་ཡོང་གི་ཡོད་པ་ལྟར་ཁོང་གིས་ང་མི་གཞན་ལ་ནོར་བ་ཡིན་ན་ཡང་ཐང་། ཡང་ན་འབབ་ས་ནོར་ནས་ཆ་མེད་ཞིག་ལ་སླེབས་ཡོད་པའི་སྐད་ཆ་འདྲི་འདོད་ཡོད་ནའང་ཐང་། སྤྱིར་ཡིན་ན་མེ་འཁོར་ལས་མར་བབས་ཚར་ན་ཡང་ཡར་འཛུལ་རྒྱུའི་ཁོམ་པ་ཡོད།
མ་གཞིར། འུར་འུར་ཟང་ཟིང་གི་ཁྲོད་ནས་ང་ལ་ཁ་པར་གཏོང་དོན་ཇི་ཡིན་ནམ།དེའི་ཁར་གཡས་གཡོན་ན་སྐད་ཅོར་ཅི་འདྲའི་ཆེ་ཨང་། ད་དུང་ང་ལ་སྐད་གདངས་དམའ་མོའི་ཐོག་ནས་ཞི་མོ་ཞོགས་པའི་སྐྱ་རེངས་ལ་ལྟ་ཐུབ་ན་ཉིན་གཅིག་གི་འཚོ་བ་མི་འདྭ་ཅེས་བཤད། གང་ལྟར་ངས་ཁོང་གི་ཁ་བརྡར་ཉན་ཞོར་དུ་ཡང་དང་བསྐྱུར་ཏུ་བསམ་བློ་བཏང་ཡང་། མི་དེ་དང་དེའི་སྐད་གདངས་གཏན་ནས་ངོ་མ་ཆོད། ད་དུང་འགྲུལ་པ་དག་གི་སྐད་ཅོར་གྱིས། ཁོང་གི་སྐད་ཆ་མང་དག་ཅིག་གོ་ཡང་མི་གོ།
ཡང་གཅིག་བཤད་ན། སྐྱ་རེངས་ཀྱི་མཛེས་ཉམས་ལ་རོལ་མཁན་ཞིག་ཡིན་ན། མི་དེ་ལ་མཛེས་རྟོགས་ཀྱི་རྣམ་རིག་བཟང་ལ། མཁའ་དབྱིངས་ཀྱི་ཆར་རྒྱུན་བཞིན་དྭངས་གཙད་ལྷད་མེད་ཅིག་གི་རྣམ་པ་ཡོད་ནི་རེད། ཡིན་ན་ཡང་། སྐབས་དེ་དུས་ཚོར་སྣང་འདི་ལྟ་བུ་ཞིག་བྱུང་ཞེས་ངས་ཁོང་ལ་བཤད་མེད། རྒྱུ་མཚན། ཉི་མའི་གཞུག་ན་སྤྲིན་དང་། སྐྱིད་ཀྱི་གཞུག་ན་སྡུག་ཅིག་ཡོང་བ་ནི་ཆོས་ཉིད་རེད་ཨང་། ད་དུང་རྡོ་དང་ཤིང་ལས་བཟོས་པའི་རྩེད་ཆས་ཤིག་གི་རྣམ་པ་ཙམ་ལས། རང་བྱུང་གི་མཛེས་ཉམས་ལ་དགའ་བའི་མྱོང་བ་ཡོད་ཚད་གསང་དགོས་བྱུང་།
དེ་ལྟར་ཁ་བརྡ་བྱས་ནས་སྐར་མ་འགའ་འགོར་རྗེས། གློ་བུར་ཏུ་མེ་འཁོར་གྱི་འགུལ་སྒྲ་གྲག་སོང་ལ། ཁ་པར་ཡང་རྒྱང་རིང་གི་སྐར་མ་པ་སངས་བཞིན་སྤྲིན་དཀར་གྱི་བར་ན་འཐིམ་སོང་། འོན་ཀྱང་། དེ་མ་ཐག་ལ་ཧ་ཅང་སྐྱ་སེང་ངེར། དབེན་ཐེང་ངེར། ཁུ་སིམ་མེེར་ཞིག་ཏུ་གྱུར། གློ་བུར་དུ་སྨུག་ལོང་འཐིབས་པའི་ནགས་ཀློང་སྟུག་པོའི་ཁྲོད་ནས་གསལ་ཁ་མེད་པའི་བྱ་སྐད་ཅིག་གྲག་པ་དང་འདྲ་ལ། སྐར་མ་འགའི་དྲན་གསོ་ནི་ནམ་ཡང་ལྐོག་གྱུར་དང་། མཛེས་སྡུག་ལྡན་པའི་འཆར་སྣང་གི་ཁེངས།
ཡིད་སྐྱོ་ནི་ཞིག་ལ། ང་ནི་ལང་ཚོ་ཡོལ་བའི་རྒད་མོ་ཞིག་ཡིན་པས་ཚར་དཀར་གོང་བུའི་ནང་ནས་ཁྱེད་ལ་དགའ་བའི་གཏམ་ཞིག་བཤད་མ་ཐུབ་ལ།། སྐྱེ་གཟུགས་མཚར་ཞིང་ལང་ཚོ་འབར་བའི་ཀུན་ཏུ་བཟང་མོ་ཞིག་ཡིན་ན། དུས་ཀྱི་འཕེལ་འགྲོས་དང་བསྟུན་ནས་ཁ་བརྡ་མང་ན་ཐང་།
ཕྱི་ལོ། ༢༠༢༡། ཟླ་བ་༡ཚེས་༢༦།སྲང་ལམ་གྱི་ཇ་ཁང་ནས་བྲིས།
ཁ་བར།་ཞེས་བོད་སྐད་ཡིན་ནམ༏ ཡིན་ན༏ གནས་ཚུལ་ལ་ལས་ཀ་ཤོར་འདུག
དུས་ཀྱི་འཕེལ་འགྲོས་དང་བསྟུན་ནས། ཞེས་པར་དུས་ཀྱི་འཕེལ་འགྲོས་དང་བསྟུན་ནས། ཞེས་པར། དུས་ཀྱི་འཕེལ་འགྲིབ་དང་བསྟུན་ནས། ཞེས་འབྲི་བ་ཡོད་པས། འགྲིབ་ལ་ཡང་ལས་ཀ་ཤོར་བཀྲབས་འདུག
ལ་དྭགས་པ་ལགས། འཕེལ་འགྲོས་དང་འཕེལ་འགྲིབ་གཉིས་གཅིག་པ་མ་རེད། འཕེལ་འགྲོས་ཀྱང་འཕེལ་འགྲིབ་ཡིན་དགོས་དོན་ཅི་རེད། ཁྱེད་ཀྱིས་འགྲོས་ཀྱི་ལས་ཀ་འགྲིབ་ལ་སྤྲད་པ་ཡིན་ནམ། ལ་དྭགས་ཡང་དག་དགེ་བཤེས་ལགས།། འཕེལ་བའི་འགྲོས་ནི་འགྲིབ་པ་མིན།། འགྲིབ་པར་གྱུར་ན་འཕེལ་བ་མིན།། འཕེལ་འགྲིབ་གཉིས་ནི་གོ་ལྡོག་ཡིན།།
ཀློག་པ་པོ་ཡོངས་ལ་བཀའ་དྲིན་ཆེ། ཁ་དྲོད། ཚེ་རིང།
ཡང་ཞི་མོ་ཟིག་གིས་རྩོམ་བྲིས་དང་ན་ཆགས་རྒན་ལོ་ལོན་ཆ་ག་འུར་འུར་ཆོབ་ཆོབ་ལྕེབ་ཡོང་གི་འདུག་ཨང་།