ཕ་ཡུལ་ནས་ནང་མའི་འདྲ་པར་ཞིག་འབྱོར་རྫེས་སུ།
སྐྱོ་གདུང་དང་དྲན་གདུང་
གང་ལྟ་བཟོད་དཀའ་བའི་ན་ཟུག་ཅིག་དང་
དྲན་གདུང་གིས་བཞུར་བའི་མིག་ཆུ་རྡོག་པོ་ཞིག་
འདི་ལྟར་བདག་གི་ངོ་གདུང་ནས་ཆུ་བོ་བཞིན་བཞུར་སོང་ལ་
ངའི་སེམས་པའི་གཟབ་སར་ནས་ལྷོག་ལྷོག་ཏུ་འབར་བཞིན་པས་
དེ་རིང་ཡང་ སེམས་པ་ལྷག་མ་ཞིག་དང་
བཟོད་དཀའ་བའི་སྙིང་ནད
འབྲལ་ཐབས་མེད་པའི་སེམས་དགྱུ་རྣལ་མ་སོགས་
ཁྱོད་ཚོ་དང་ཁ་ཐག་རིང་བ་གཞི་ནས་ཚོར
དེ་རིང་ཡང་ཁྱེད་ཚོས་ངའི་སྙིང་ནད་ཅིག་སྡུག་ཏུ་བཏང་བས
ངས་གཏད་ནས་ མིག་ཕྱེ་མི་འདོད་ལ
དེ་བས་ཀྱང་སྐྲག་སྣང་དང་ཞེད་སྣང་གི་བར་ནས་
ད་གཟོད་ ངའི་སེམས་ནང་གི་མེ་ཏོག་རྐང་བུ་ཁྱོད་ཚོ་
ཧ་ཅང་རྒས་འདུག་པས་
ངའི་མི་ཚེའི་འཁོར་རྒྱུན་འདི་ནས་
ང་ཁྱོད་ཚོ་དང་མཉམ་ཏུ་འཁོར་ན་འདོད་པས་
ནམ་ཞིག་ང་ཁྱོད་ཚོའི་མིག་མདུན་ན་
བདེ་སྐྱིད་ཀྱི་འཚོ་བ་དང་མཉམ་ཏུ་འཚོ་ཐུབ་ཨང་།
རེད་དེ
འཚམས་འཚམས་སུ་ ཁྱོད་ཚོ་ནི
ཡིད་དུ་འོང་བའི་མེ་ཏོག་ཚོན་བོ་ཞིག་དང་འདྲ་ལ་
འཚམས་འཚམས་སུ་ ཁྱོད་ཚོ་ནི་
སྙིང་དུ་སྡུག་པའི་ཁུ་བྱུག་སྔོན་མོ་ཞིག་དང་འདྲ་པས་
ངའི་སེམས་པའི་ངལ་དུབ་ཡོད་ཚད་སྐད་ཅིག་གིས་ཡལ་འགྲོ་ལ་
ཁྱོད་ཚོ་ནི་ བདག་གི་སྙན་ངག་གི་རི་གྲོང་དུ་སླེབས་པའི་སྤྲིན་དཀར་བཞིན
ཉི་ཟེར་དེའི་ཕར་ཕྱོགས་སུ་
དྲོད་ཀྱིས་འཚེར་པའི
ངས་ཁྱོད་ཚོའི་རི་གྲོང་ན་མིག་ཟུང་ལྷོད་ཀྱི་བསྲིངས་ན་འདོད
ཁ་སང་ དེ་རིང་ སང་ཉིན་ ་
གང་ལྟར་ ལོ་ཟླ་ཡིས་འཁོར་བསྐྱོད་བར་ན་
སླར་ཡང་ ངའི་འཇིག་རྟེན་ཟླུམ་པོ་ཞིག་གི་རྒྱབ་རོལ་ན་
ངའི་མིག་མདུན་ན་
ལྷོད་ཀྱི་འགུལ་བཞིན་པ་
ཁ་སང་གི་ མངར་ལ་སྐྱུར་པའི་འཚོ་བ་ཡི་ཁ་དོག་ཡིན་ལ་
དེ་རིང་གི དྲན་རྟེན་གྱི་ཁ་དོག་མ་ཡལ་བའི་འདྲ་པར་རེ་ཟུང་ཡིན་པས་
ངས་དྲོད་མ་ཡལ་བའི་ཁྱོད་ཚོའི་ཁ་དོག་ལ་གྱེར་ནས་
ཁ་སང་དང་དེ་རིང་
སང་ཉིན་དང་གནངས་ཉིན་ ད་དུང་ཉི་མ་རེ་རེར་
མཛུབ་མོར་བགྲང་གིན་བགྲང་གིན་
རེ་སྒུག་གི་མིག་ཟུང་བར་ནས་
ལྷན་འཛོམས་དང་སྤྲོ་སྐྱིད་བསམ་ཞོར་
ང་ཁྱོད་ཚོ་དང་ ཁ་ཐག་གཏན་ནས་རིང་མ་མྱོང་ཨང་།
༢༠༡༣ ༣ ༥ དགོང་མོར་བྲིས།
རྔ་བ་ཀུན་བཟང་ལགས་ཚང་མ་བཀླགས་ཡིན་སྙན་པོ་བྱུང་འདི་ཡི་ནང་དུ་ཡིག་ནོར་ཤོར་བ་རེ་ཟུང་འདུག་པ་དེ་བཅོས་ཁུལ་ཡིན།
༼འདི་ལྟར་བདག་གི་ངོ་གདུང་ནས་ཆུ་བོ་བཞིན་བཞུར་སོང་ལ་༽ ངོ་གདོང།
༼འབྲལ་ཐབས་མེད་པའི་སེམས་དགྱུ་རྣལ་མ་སོགས་༽ སེམས་འགྱུ།
༼ང་ཁྱོད་ཚོ་དང་མཉམ་ཏུ་འཁོར་ན་འདོད་པས་༽ མཉམ་དུ།
༼བདེ་སྐྱིད་ཀྱི་འཚོ་བ་དང་མཉམ་ཏུ་འཚོ་ཐུབ་ཨང་།༽ མཉམ་དུ།
༼ཡིད་དུ་འོང་བའི་མེ་ཏོག་ཚོན་བོ་ཞིག་དང་འདྲ་ལ་༽ མེ་ཏོག་ཚོམ་བུ།
༼སྙིང་དུ་སྡུག་པའི་ཁུ་བྱུག་སྔོན་མོ་ཞིག་དང་འདྲ་པས་༽ འདྲ་བས།
༼ངས་གཏད་ནས་ མིག་ཕྱེ་མི་འདོད་༽གཏན་ནས།
གོང་དུ་དྲ་གྲོགས་བན་དེ་བ་ནས་ནོར་འཁྲུལ་དང་ལམ་སྟོན་བྱས་པར་ཐུགས་རྗེ་ཆེ། རྗེས་ཕྱོགས་ལམ་སྟོན་གང་མང་བྱེད་རོགས།
༼ཕ་ཡུལ་ནས་ནང་མའི་འདྲ་པར་ཞིག་འབྱོར་རྫེས་སུ༽ རྗེས་སུ་
རྩོམ་གང་ཞིག་བྲིས་རྗེས་་་མགོ་ནས་འཇུག་བར་ཚར་གཉིས་གསུམ་རེ་བལྟས་ནས་དག་ཆ་སོགས་བཅོས་དགོས་རིགས་རྣམས་བཅོས་ཏེ་གཞི་ནས་དྲྭ་རྒྱའི་ནང་ལ་བཅུགས་ན་ཡག་པོ་རེད། དེ་མིན་དེ་རིང་གི་རྔ་བའི་མཛེས་མའི་རྩོམ་ཡིག་འདི་ལྟ་བུའི་དག་ཆ་ནོར་བ་དང་་་བྱེད་སྒྲ་ཆད་པ་་་མང་དག་ཅིག་འབྱུང་གི་རེད་དོ།
ངའི་སེམས་པའི་གཟབ་སར་ནས་་་བྲིས་ན་་་་གོ་རྒྱུ་མི་འདུག་པས་་་་སེམས་པའི་ཟབ་ས་རུ་བྲིས་ན་བདེ་བར་མཐོང་། འཚམས་འཚམས་་་་མ་རེད་་་མཚམས་མཚམས་རེད། མིག་ཟུང་ལྷོད་ཀྱི་་་་ལྷོད་ཀྱིས་་་་་ལྷོད་ཀྱི་འགུལ་་་་ལྷོད་ཀྱིས་འགུལ་་་་