ཆང་སྐྱེས།
རི་ལུང་སྟོང་ཕྲག་མང་བོའི་ཕ་རོལ་ན་འཚོ་ཞིང་།།
བདག་སེམས་གཙང་ཆུ་སྔོན་མོའི་འགྲམ་ངོཊ་ན་འཕུར་བའི།།
འཛུམ་ལ་དམར་ཁ་ཚ་བའི་མཛེས་སྡུག་གི་བུ་མོ།།
ཟུར་གསུམ་དམར་ཆུང་སྙིང་གི་ཕྱེད་ཀ་དེ་ཡིན་སོང་།།
རི་ལ་མེ་ཏོག་བཞད་པའི་སྤང་ཁུགས་ན་འཛུམ་ཏེ།།
བདག་གི་རྨི་ལམ་ཞིང་ན་ཡིད་འོང་གིས་བརྩེན་པའི།།
བྱུ་རུ་རྣ་ཏོག་འཁུར་བའི་་རྒྱང་རིང་གི་བུ་མོ།།
ལོ་དང་ཟླ་བའི་་ལོ་རྒྱུས་དམར་པོ་དེ་ཡིན་སོང་།།
གཡང་དཀར་ཚེར་མོ་ལུག་གི་འབའ་སྒྲ་དང་འགྲོག་ནས།།
རྫི་གླུ་སང་སིང་རི་ལུང་ཐང་གསུམ་ལ་སྤུར་བའི།།
མེ་ཏོག་གསེར་ཆེན་འདྲ་བའི་ན་ཆུང་གི་བུ་མོ།།
འཁྲེང་སེམས་ཕྱིར་མིག་འཁོར་སའི་གཞི་མ་དེ་ཡིན་སོང་།།
མཚམས་སྤྲིན་ལང་ཚོ་འབར་བའི་ས་སྲོད་ཀྱི་ཀློང་ནས།།
རྟ་ནོར་ལུག་གསུམ་གཡང་གི་རྭ་བ་ལ་སྐྱིལ་བའི།།
ཕྱག་གཡས་ཐོད་ལ་འཁུར་བའི་བརྩེ་ལྡན་གྱི་བུ་མོ།།
ཁོ་བའི་སྙན་ངག་གཞུང་གི་ཁྲུང་ཁྲུང་དེ་ཡིན་སོང་།།
ཟླ་བ་མཁའ་ན་འཚེར་བའི་འོད་དཀར་གྱི་ངོགས་ནས།།
མིག་ཟུང་མཚན་ལྗོངས་རིང་མོའི་མཁའ་དབྱིངས་ལ་གཏད་དེ།།
སྐར་མའི་མཛེས་སྡུག་འཐུ་བའི་ཡིད་འོང་གི་བུ་མོ།།
ཁོ་བོའི་སྙིང་གི་ཡིད་འཕྲོག་ལྷ་མོ་དེ་ཡིན་སོང་།།
དྲན་པ་དགུ་བརྩེཊ་འཁུར་བའི་མིག་ཆུ་ཡི་ཐིགས་པ།།
ཕྱི་རོལ་སྐྱི་སེར་རླུང་གིས་རྒྱང་རིང་ལ་འཁུར་དུས།།
བདག་སེམས་སྙི་མོ་འདི་ཡི་གཏིང་རུམ་ན་བཞུཊ་པའི།།
ཆུང་ནས་འགྲོཊ་ཤིང་འདྲེས་པའི་བུ་མོ་དེ་དྲན་སོང་།།
ཐག་རིང་བུ་མོར་གཅེར་བས་ཅི་ལ་ཕན། །
ཁྱིམ་མཚེས་བུ་མོར་མག་པ་མི་འདུག་ཟེར། །
ཐག་རིང་བུ་མོར་དྲན་པས་ཅི་ལ་ཕན། །
སྔ་དགོངས་ཕྲད་ཚད་བུ་མོས་དགའ་རོགས་འཚོལ། །