འབའ་སྲས།
རྒྱུས་མེད་མི་ཡུལ་ས་མཐའ་ཞིག་ནས།།
སེམས་པ་རྒྱུས་མེད་འཚོ་བའི་བར་ནས།།
དཀའ་སྡུག་ཞིག་གི་སྣེ་མོར་འཇུས་ནས།།
ཁྱེད་ནི་བདག་གི་བདག་མོར་གྱུར་སོང་།།
ལོ་ངོ་བཅོ་བརྒྱད་ཡར་སྔོན་ཞིག་ལ།།
ཁྱོད་ནི་བུ་མོ་གཞོན་ནུ་མ་ཞིག །
བདག་ཀྱང་སྟག་ཤར་གཞོན་ནུ་ཞིག་སྟེ།།
ཕོ་རྒོད་ཅིག་གི་རང་ཚུགས་ངོམས་ཡོད།།
ཁྱིམ་ཚང་ཞིག་གི་ཐབ་ཀའི་འགྲམ་ནས།།
ངན་ངོན་འཚོ་བའི་བར་ཁུག་ཅིག་ནས།།
དཀའ་སྡུག་ཅིག་གི་རྐུབ་སྟེགས་སྟེང་ནས།།
ད་ནི་ངེད་གཉིས་ཅི་འདྲའི་རྒས་འདུག །
བསྟེན་ས་མེད་པའི་ཡུལ་མཐའ་ཞིག་ནས།།
ངེད་གཉིས་གཅིག་ལ་གཅིག་བསྟེན་བྱས་ནས།།
དཀའ་སྡུག་འཚོ་བའི་ཕྲེང་ལམ་རིང་མོ།།
སྡུག་རུས་ཆེ་བའི་རྐང་པས་བརྫིས་ཡོད།།
མཉམ་གཤིབ་རྐང་པའི་རྩ་བ་བརྟན་པས།།
འཚོ་བའི་མགོ་བོ་ཐུར་དུ་མ་དཔྱངས།།
ལྷད་མེད་བརྩེ་བའི་འོ་མ་དཀར་བས།།
བུ་གསུམ་སྐྱེས་པའི་མར་ལོ་འཁྲུངས་ཡོད།།
དེ་རིང་བདག་ནི་རྒྱང་ན་ཡོད་པས།།
བརྩེ་ལྡན་མ་ཁྱོད་ཤིན་ཏུ་དྲན་སོང་།།
དྲན་པའི་སེམས་པ་ཁོག་ལ་མ་ཤོང་།།
དྭངས་གཙང་ཤོག་ངོས་འདི་ལ་སྐྱུགས་སོང་།།
རྡ་སའི་རི་ངོགས་ཆུང་ཆུང་དེ་རུ།།
ཤྭ་བོ་བོར་བའི་ཡུ་མོ་བཞིན་དུ།།
– Show quoted text –
མདོར་ན་སྐྱེས་པ་གཅིག་གི་བཟའ་ཚང་།།
ནམ་ཡང་ཐུགས་ལ་ཟུངས་ནས་སྡོད་དང་།
ཚེ་འཇུག་འཚོ་བའི་བདེ་སྐྱིད་ཡོད་ན།།
བདག་གི་ལག་པའི་མཐིལ་ནས་ཁྱོད་སྟེར།།
དེ་རིང་དུས་ཚོད་འདི་ལས་མེད་པས།།
སེམས་ཀྱི་ཡོད་ཚད་བཤད་ལེ་མ་ཚར།།
སང་ཉིན་ཁ་པར་ཁ་སྒོ་ཕྱེས་དང་།།
སྙིང་གི་སེམས་གཏམ་ཡོད་ཚད་བཤད་ཆོག །
བརྒྱ་བཤད་ཚིག་གི་སྟོང་གི་རྩ་བ།།
རང་གི་ལུས་ཕུང་བདག་གཅེས་མཛོད་ཅིག །
སྟོང་དཀྲིགས་འོ་མ་འཕྱུར་བའི་མར་ལོ།།
བུ་ཕྲུག་གསུམ་པོར་བོད་ཡིག་འཁྲིད་རོགས།།
རྒྱང་རིང་ཆུང་མ།
རྒྱུས་མེད་མི་ཡུལ་ས་མཐའ་ཞིག་ནས།།
སེམས་པ་རྒྱུས་མེད་འཚོ་བའི་བར་ནས།།
དཀའ་སྡུག་ཅིག་གི་སྣེ་མོར་འཇུས་ནས།།
ཁྱེད་ནི་བདག་གི་བདག་མོར་གྱུར་སོང་།།
ལོ་ངོ་བཅོ་བརྒྱད་ཡར་སྔོན་ཞིག་ལ།།
ཁྱོད་ནི་བུ་མོ་གཞོན་ནུ་མ་ཞིག །
བདག་ཀྱང་སྟག་ཤར་གཞོན་ནུ་ཞིག་སྟེ།།
ཕོ་རྒོད་ཅིག་གི་རང་ཚུགས་ངོམས་ཡོད།།
ཁྱིམ་ཚང་ཞིག་གི་ཐབ་ཀའི་འགྲམ་ནས།།
ངན་ངོན་འཚོ་བའི་བར་ཁུག་ཅིག་ནས།།
དཀའ་སྡུག་ཅིག་གི་རྐུབ་སྟེགས་སྟེང་ནས།།
ད་ནི་ངེད་གཉིས་ཅི་འདྲའི་རྒས་འདུག །
བསྟེན་ས་མེད་པའི་ཡུལ་མཐའ་ཞིག་ནས།།
ངེད་གཉིས་གཅིག་ལ་གཅིག་བསྟེན་བྱས་ནས།།
དཀའ་སྡུག་འཚོ་བའི་ཕྲེང་ལམ་རིང་མོ།།
སྡུག་རུས་ཆེ་བའི་རྐང་པས་བརྫིས་ཡོད།།
མཉམ་གཤིབ་རྐང་པའི་རྩ་བ་བརྟན་པས།།
འཚོ་བའི་མགོ་བོ་ཐུར་དུ་མ་དཔྱངས།།
ལྷད་མེད་བརྩེ་བའི་འོ་མ་དཀར་བས།།
བུ་གསུམ་སྐྱེས་པའི་མར་ལོ་འཁྲུངས་ཡོད།།
དེ་རིང་བདག་ནི་རྒྱང་ན་ཡོད་པས།།
བརྩེ་ལྡན་མ་ཁྱོད་ཤིན་ཏུ་དྲན་སོང་།།
དྲན་པའི་སེམས་པ་ཁོག་ལ་མ་ཤོང་།།
དྭངས་གཙང་ཤོག་ངོས་འདི་ལ་སྐྱུགས་སོང་།།
རྡ་སའི་རི་ངོགས་ཆུང་ཆུང་དེ་རུ།།
ཤྭ་བོ་བོར་བའི་ཡུ་མོ་བཞིན་དུ།།
དྲན་པའི་གཞུ་མོ་ནང་ལ་བཀུགས་ནས།།
བུ་ཕྲུག་གསུམ་གྱི་མཐའ་ནས་བདེ་སམ།།
ཞོགས་པར་སྔ་མོ་ཡར་ལངས་བྱས་ནས།།
བུ་ཕྲུག་གསུམ་པོ་སློབ་གྲྭར་བསྐྱེལ་དགོས།།
ཉིན་མོ་ཟ་ཁང་ཟས་ལས་བྱས་ནས།།
དཀའ་ལས་མ་ཁག་བདེ་མོ་ཡིན་ནམ།།
ཨ་ཕ་མེད་ན་བུ་ཕྲུག་གསུམ་པོས།།
ཨ་མའི་ཁ་ལེན་ཚིག་བརྩི་ཨེ་བྱེད།།
ཅ་དངོས་འདི་ཉོས་གན་ཉོས་ཟེར་ནས།།
ཨ་མ་ཁྱེད་ལ་སུན་པོ་བཟོས་སམ།།
ཁ་སྔོན་ཡོབ་སྒོར་སུམ་བརྒྱ་བསྐུར་བ།།
ཟླ་བ་གཅིག་གི་འཚོ་བ་ཨེ་འགྲིག །
འདང་ལ་མ་འདང་སེར་སྣ་མ་བྱེད།།
རྗེས་མ་སུམ་བརྒྱ་ཁ་སྣོན་བྱེད་ཆོག །
ཁྱིམ་གྱི་ཕུག་ན་བདག་པོ་མེད་ན།།
ཁྱིམ་གྱི་བདག་མོ་བདག་མེད་གྱུར་བས།།
མན་ལོར་སྲང་གི་ཟ་ལེ་རྒྱ་ཚོས།།
རྒྱ་སྒོ་བརྡུངས་ནས་ཉལ་དུ་འཇུག་གམ།།
ཁོ་བོ་འདི་ནས་ཁེར་རྐྱང་བསྡད་ན།།
བུ་མོ་ཞིག་གི་དགོས་མཁོ་ཆེ་ཡང་།།
བཟའ་ཚང་རྙིང་པ་ཞེ་འདང་ཟབ་པས།།
ཁྱེད་ཀྱི་མིང་ལ་ནག་ཐིག་བཀོད་མེད།།
རྒྱ་གར་བྷ་བྷོ་འདོད་ཆགས་ཆེ་བས།།
རྡེ་རྡེ་ཟེར་ཡང་ཁ་ལ་མ་ཉན།།
ཨ་མདོ་ཡོད་ཚད་ཡོང་གི་མ་འཇུག །
ཨ་མདོ་བ་ལ་ཨོང་འདོང་མེད་སྐད།།
ཁྱོད་ཀྱི་ཕ་ཡུལ་གཅིག་པ་ཟེར་ནས།།
ཁམས་པ་ཡོད་ཚད་ཁ་ཡ་མ་བྱེད།།
དེ་ཚོའི་སེམས་ན་གྲི་མདུང་ཡོད་པས།།
ཁྱོད་ཀྱི་བརླ་བར་མདུང་ཞིག་ཚད་ཡོད།།
བདག་གི་སློབ་མ་ཡིན་ཟེར་མང་ཡང་།།
ཁྱེད་ལ་འབྲེལ་བ་ཅི་ཡང་མེད་པས།།
ཇ་ཐུན་གཅིག་གི་སྣེ་ལེན་མི་དགོས།།
ལྷ་སའི་མི་ཡི་སེམས་པ་རྣག་ཡིན།།
མདོར་ན་མགོ་ནག་མི་ཡི་ཡོད་ཚད།།
མི་གཟུགས་ཙམ་ལས་འདྲེ་རྒོད་རྐྱང་རྐྱང་།།
རང་གི་ལས་དབང་ཡིད་ཆེས་མ་གཏོགས།།
སུ་དང་གང་ལ་བློ་སེམས་མ་དཀར།།
ཁྱོད་ནི་བདག་གི་ཡ་ཆུང་སེམས་ཡིན།།
ཚེ་གཅིག་སེམས་པ་ཁྱེད་ལ་དཀར་ཡོད།།
ང་ནི་ཁྱེད་ཀྱི་སྙིང་གི་ཚིལ་ཡིན།།
ཚིལ་ལོ་མེ་ལ་མ་བསྲེགས་སྙིང་སྡུག །
མདོར་ན་སྐྱེས་པ་གཅིག་གི་བཟའ་ཚང་།།
ནམ་ཡང་ཐུགས་ལ་ཟུངས་ནས་སྡོད་དང་།
ཚེ་མཇུག་འཚོ་བའི་བདེ་སྐྱིད་ཡོད་ན།།
བདག་གི་ལག་པའི་མཐིལ་ནས་ཁྱོད་སྟེར།།
དེ་རིང་དུས་ཚོད་འདི་ལས་མེད་པས།།
སེམས་ཀྱི་ཡོད་ཚད་བཤད་ལེ་མ་ཚར།།
སང་ཉིན་ཁ་པར་ཁ་སྒོ་ཕྱེས་དང་།།
སྙིང་གི་སེམས་གཏམ་ཡོད་ཚད་བཤད་ཆོག །
བརྒྱ་བཤད་ཚིག་གི་སྟོང་གི་རྩ་བ།།
རང་གི་ལུས་ཕུང་བདག་གཅེས་མཛོད་ཅིག །
སྟོང་དཀྲིགས་འོ་མ་འཕྱུར་བའི་མར་ལོ།།
བུ་ཕྲུག་གསུམ་པོར་བོད་ཡིག་འཁྲིད་རོགས།།
རྒྱང་རིང་ཆུང་མ།
རྒྱུས་མེད་མི་ཡུལ་ས་མཐའ་ཞིག་ནས།།
སེམས་པ་རྒྱུས་མེད་འཚོ་བའི་བར་ནས།།
དཀའ་སྡུག་ཅིག་གི་སྣེ་མོར་འཇུས་ནས།།
ཁྱེད་ནི་བདག་གི་བདག་མོར་གྱུར་སོང་།།
ལོ་ངོ་བཅོ་བརྒྱད་ཡར་སྔོན་ཞིག་ལ།།
ཁྱོད་ནི་བུ་མོ་གཞོན་ནུ་མ་ཞིག །
བདག་ཀྱང་སྟག་ཤར་གཞོན་ནུ་ཞིག་སྟེ།།
ཕོ་རྒོད་ཅིག་གི་རང་ཚུགས་ངོམས་ཡོད།།
ཁྱིམ་ཚང་ཞིག་གི་ཐབ་ཀའི་འགྲམ་ནས།།
ངན་ངོན་འཚོ་བའི་བར་ཁུག་ཅིག་ནས།།
དཀའ་སྡུག་ཅིག་གི་རྐུབ་སྟེགས་སྟེང་ནས།།
ད་ནི་ངེད་གཉིས་ཅི་འདྲའི་རྒས་འདུག །
བསྟེན་ས་མེད་པའི་ཡུལ་མཐའ་ཞིག་ནས།།
ངེད་གཉིས་གཅིག་ལ་གཅིག་བསྟེན་བྱས་ནས།།
དཀའ་སྡུག་འཚོ་བའི་ཕྲེང་ལམ་རིང་མོ།།
སྡུག་རུས་ཆེ་བའི་རྐང་པས་བརྫིས་ཡོད།།
མཉམ་གཤིབ་རྐང་པའི་རྩ་བ་བརྟན་པས།།
འཚོ་བའི་མགོ་བོ་ཐུར་དུ་མ་དཔྱངས།།
ལྷད་མེད་བརྩེ་བའི་འོ་མ་དཀར་བས།།
བུ་གསུམ་སྐྱེས་པའི་མར་ལོ་འཁྲུངས་ཡོད།།
དེ་རིང་བདག་ནི་རྒྱང་ན་ཡོད་པས།།
བརྩེ་ལྡན་མ་ཁྱོད་ཤིན་ཏུ་དྲན་སོང་།།
དྲན་པའི་སེམས་པ་ཁོག་ལ་མ་ཤོང་།།
དྭངས་གཙང་ཤོག་ངོས་འདི་ལ་སྐྱུགས་སོང་།།
རྡ་སའི་རི་ངོགས་ཆུང་ཆུང་དེ་རུ།།
ཤྭ་བོ་བོར་བའི་ཡུ་མོ་བཞིན་དུ།།
དྲན་པའི་གཞུ་མོ་ནང་ལ་བཀུགས་ནས།།
བུ་ཕྲུག་གསུམ་གྱི་མཐའ་ནས་བདེ་སམ།།
ཞོགས་པར་སྔ་མོ་ཡར་ལངས་བྱས་ནས།།
བུ་ཕྲུག་གསུམ་པོ་སློབ་གྲྭར་བསྐྱེལ་དགོས།།
ཉིན་མོ་ཟ་ཁང་ཟས་ལས་བྱས་ནས།།
དཀའ་ལས་མ་ཁག་བདེ་མོ་ཡིན་ནམ།།
ཨ་ཕ་མེད་ན་བུ་ཕྲུག་གསུམ་པོས།།
ཨ་མའི་ཁ་ལེན་ཚིག་བརྩི་ཨེ་བྱེད།།
ཅ་དངོས་འདི་ཉོས་གན་ཉོས་ཟེར་ནས།།
ཨ་མ་ཁྱེད་ལ་སུན་པོ་བཟོས་སམ།།
ཁ་སྔོན་ཡོབ་སྒོར་སུམ་བརྒྱ་བསྐུར་བ།།
ཟླ་བ་གཅིག་གི་འཚོ་བ་ཨེ་འགྲིག །
འདང་ལ་མ་འདང་སེར་སྣ་མ་བྱེད།།
རྗེས་མ་སུམ་བརྒྱ་ཁ་སྣོན་བྱེད་ཆོག །
ཁྱིམ་གྱི་ཕུག་ན་བདག་པོ་མེད་ན།།
ཁྱིམ་གྱི་བདག་མོ་བདག་མེད་གྱུར་བས།།
མན་ལོར་སྲང་གི་ཟ་ལེ་རྒྱ་ཚོས།།
རྒྱ་སྒོ་བརྡུངས་ནས་ཉལ་དུ་འཇུག་གམ།།
ཁོ་བོ་འདི་ནས་ཁེར་རྐྱང་བསྡད་ན།།
བུ་མོ་ཞིག་གི་དགོས་མཁོ་ཆེ་ཡང་།།
བཟའ་ཚང་རྙིང་པ་ཞེ་འདང་ཟབ་པས།།
ཁྱེད་ཀྱི་མིང་ལ་ནག་ཐིག་བཀོད་མེད།།
རྒྱ་གར་བྷ་བྷོ་འདོད་ཆགས་ཆེ་བས།།
རྡེ་རྡེ་ཟེར་ཡང་ཁ་ལ་མ་ཉན།།
ཨ་མདོ་ཡོད་ཚད་ཡོང་གི་མ་འཇུག །
ཨ་མདོ་བ་ལ་ཨོང་འདོང་མེད་སྐད།།
ཁྱོད་ཀྱི་ཕ་ཡུལ་གཅིག་པ་ཟེར་ནས།།
ཁམས་པ་ཡོད་ཚད་ཁ་ཡ་མ་བྱེད།།
དེ་ཚོའི་སེམས་ན་གྲི་མདུང་ཡོད་པས།།
ཁྱོད་ཀྱི་བརླ་བར་མདུང་ཞིག་ཚད་ཡོད།།
བདག་གི་སློབ་མ་ཡིན་ཟེར་མང་ཡང་།།
ཁྱེད་ལ་འབྲེལ་བ་ཅི་ཡང་མེད་པས།།
ཇ་ཐུན་གཅིག་གི་སྣེ་ལེན་མི་དགོས།།
ལྷ་སའི་མི་ཡི་སེམས་པ་རྣག་ཡིན།།
མདོར་ན་མགོ་ནག་མི་ཡི་ཡོད་ཚད།།
མི་གཟུགས་ཙམ་ལས་འདྲེ་རྒོད་རྐྱང་རྐྱང་།།
རང་གི་ལས་དབང་ཡིད་ཆེས་མ་གཏོགས།།
སུ་དང་གང་ལ་བློ་སེམས་མ་དཀར།།
ཁྱོད་ནི་བདག་གི་ཡ་ཆུང་སེམས་ཡིན།།
ཚེ་གཅིག་སེམས་པ་ཁྱེད་ལ་དཀར་ཡོད།།
ང་ནི་ཁྱེད་ཀྱི་སྙིང་གི་ཚིལ་ཡིན།།
ཚིལ་ལོ་མེ་ལ་མ་བསྲེགས་སྙིང་སྡུག །
མདོར་ན་སྐྱེས་པ་གཅིག་གི་བཟའ་ཚང་།།
ནམ་ཡང་ཐུགས་ལ་ཟུངས་ནས་སྡོད་དང་།
ཚེ་མཇུག་འཚོ་བའི་བདེ་སྐྱིད་ཡོད་ན།།
བདག་གི་ལག་པའི་མཐིལ་ནས་ཁྱོད་སྟེར།།
དེ་རིང་དུས་ཚོད་འདི་ལས་མེད་པས།།
སེམས་ཀྱི་ཡོད་ཚད་བཤད་ལེ་མ་ཚར།།
སང་ཉིན་ཁ་པར་ཁ་སྒོ་ཕྱེས་དང་།།
སྙིང་གི་སེམས་གཏམ་ཡོད་ཚད་བཤད་ཆོག །
བརྒྱ་བཤད་ཚིག་གི་སྟོང་གི་རྩ་བ།།
རང་གི་ལུས་ཕུང་བདག་གཅེས་མཛོད་ཅིག །
སྟོང་དཀྲིགས་འོ་མ་འཕྱུར་བའི་མར་ལོ།།
བུ་ཕྲུག་གསུམ་པོར་བོད་ཡིག་འཁྲིད་རོགས།།
༼བརྩེ་བའི་ཀློག་མཁན་ལགས། ཁ་བརྡའི་སྟེང་བཀོད་པའི་བར་ནས་ཤོ་ལོ་ཀ་བཅུ་ཆད་འདུག་པས། འདིར་ཡོངས་བཀོད་བྱས་ཡོད།
འོ་འོ།ཐེངས་གཉིས་ལ་བསྐྱར་བཀོད་བྱས་འདུག
ཁྱེད་རང་གི་སྙན་དེབ་ནས་དེ་རིང་གི་རྩོམ་ཡིག་བར་དུ་དགའ་མར་བརྩེ་བ་ལྷད་མེད་པའི་སེམས་ཁམས་ཀྱིས་བྲིས་འདུག ཡག་པོ་འདུག མུ་མཐུད་སྙན་ངག་སྤེལ་བ་ཡིན་ན། སྙན་ངག་པ་ཞིག་ཆགས་པར་ཐག་རིང་པོ་མི་འདུག
ཁ་གསལ་གོ་བདེ་གི་སྙན་ཁག་འདི་འདྲ་ནི་ངོ་མ་ཧྲ་གི་ཡ། སྙན་ངག་ཟེར་ནོ་རེད།
སྙན་ངག་ཡིན་ལ་མིན་ལ་ཞིག་འབྲི་རྒྱུ་ནི་ངའི་མི་ཚེ་ནང་གི་འཚོ་བའི་ཆ་ཤས་ཤིག་ཏུ་གྱུར་ཡོད། སྙན་ངག་ཅིག་མ་བྲིས་ན་སེམས་པ་འདི་སྐྱིད་པོ་ཞིག་མི་ཡོང་གི་ཡ།
དེ་རིང་དགའ་རོགས་ཀྱི་དུས་ཆེན་རེད་ཟེར། དགའ་རོགས་མེད་ནི་ཚོས་རྒད་མོ་ལ་སྙན་ངག་བྲིས་ན་འདི་ཡང་ཅིག་ཡིན་ནི་རེད་ཡ།
རྒད་པོས་རྒད་མོར་བྲིས་པའི་སྙན་ངག་འདི།།
ཤ་དང་རུས་པའི་གསེང་ལ་ཟུག་པར་གྱུར།།
སྙན་ངག་བཟང་བ་ཁོ་ནས་ག་ལ་ཡིན།།
སེམས་པས་འོས་འགན་བླངས་པ་དེས་ཀྱང་ཡིན།།
གནས་སྐབས་ཁ་ཐག་རིང་པར་གྱུར་ན་ཡང་།།
རང་གི་རྒན་མོ་རྩ་ནས་མི་འདོར་བ།།
བརྩེ་དང་དགའ་བ་ཁོ་ནས་ག་ལ་ཡིན།།
རྒྱུ་འབྲས་རྒྱ་མས་ཡང་ལྕི་མཇལ་བས་ཡིན།།
རང་གི་ཁྱིམ་ཚང་འཁོར་བའི་གཞི་མ་ཡིན།།
བདེ་དང་དགའ་བ་ཀུན་གྱི་འབྱུང་གནས་ཡིན།།
རང་གི་རྒན་མོ་ཡིད་ལ་བསྒོམ་བཞིན་པའི།།
རྒད་པོ་ཁྱོད་ནི་བདག་གིས་བསྔགས་པར་འོས།།
དགའ་རོགས་སྤྲིངས་པའི་བརྩེ་འཕྲིན་ཤིན་ཏུ་མང་།།
རྒད་མོར་ཕུལ་བའི་ཞེ་གཏམ་ཧ་ཅང་ཉུང་།།
དྲང་མོར་བཤད་ན་གནས་སྐབས་དགའ་རོགས་ཤིག །
མི་ཚེ་རྒད་མོ་ཞིག་ལ་ཅི་ལྟར་དོ།།
ལོ་ངོ་བཅུ་ཕྲག་དུ་མའི་རིངཌྷ་ལ།།
ཤ་གྱོང་རྒད་མོའི་བྷབྷབྷབྷབྷབྷབྷབྷབྷབྷ་གའི་ནང་དུ།།
དཀར་ཐུག་རང་ནུས་བརྒྱབ་པའི་འབྲས་བུ།།
བུ་གསུམ་སྐལ་བར་ཐོབ་པ་བསོད་རེད།།