མཁས་པ་བླ་རྒན་གྲྭ་རྒན་མི་རྒན་རྣམས།།
ཁ་བརྡ་ཚང་ལ་ཡོང་ནས་ཁ་བརྡ་བྱེད།།
ནང་བསྟན་རིག་གནས་བློ་སྐྱེད་གང་མང་སྦྱིན།།
དགག་སྒྲུབ་བློ་ཡི་ཉམས་མྱོང་འཕེལ་དུ་བཅུག།
སེམས་ཁམས་རིག་པའི་སློབ་གསོའི་རྨང་གཞི་སྐྲུན།།
བརྡ་སྤྲོད་རིག་གནས་སྦྱོང་བའི་སེམས་འགུལ་ཐེབས།།
རྒྱབ་ལ་ལྟ་བའི་མཆན་གྱི་རྣམ་པའོ།།
ནང་བསྟན་རིག་གནས་བློ་སྐྱེད་གང་
དགག་སྒྲུབ་བློ་ཡི་ཉམས་མྱོང་འཕེ
སེམས་ཁམས་རིག་པའི་སློབ་གསོའི་རྨ
བརྡ་སྤྲོད་རིག་གནས་སྦྱོང་བའི་སེ
རྒྱབ་ལ་ལྟ་བའི་མཆན་གྱི་རྣམ་པའོ།
གསར་བུ་མང་པོ་འཚང་ཁ་ཤིག་ཤིག་གིས།།
རྣོ་ངར་ཅན་གྱི་ཆབ་སྲིད་བགྲོ་གླེང་བྱེད།།
སེམས་ཚོར་ཡོད་པའི་འགན་འཁྲི་དང་དུ་བླངས།།
བླ་མ་གྲྭ་བར་ལེ་གདའ་སྐྱོན་བརྗོད་བྱེད།།
རྣོ་ངར་ཅན་གྱི་ཆབ་སྲིད་བགྲོ་གླེ
སེམས་ཚོར་ཡོད་པའི་འགན་འཁྲི་དང་
བླ་མ་གྲྭ་བར་ལེ་གདའ་སྐྱོན་བརྗོ
མདུན་ལ་ལྟ་བའི་མཆན་གྱི་རྣམ་པའོ།།
རྒན་གཞོན་གཉིས་ཀྱི་མཆན་གྱི་རྣམ་པ་ལ།།
མདུན་རྒྱབ་འགལ་བ་ཡོད་པ་བསམ་བློའི་ཁྱད།།་
མཆན་གྱི་རྣམ་པ་མི་འདྲ་དེ་གཉིས་ནི།།
ཆོས་སྲིད་གཉིས་ཀྱི་འགལ་འདུ་མ་ཡིན་ནམ།།
མདུན་རྒྱབ་འགལ་བ་ཡོད་པ་བསམ་བློ
མཆན་གྱི་རྣམ་པ་མི་འདྲ་དེ་གཉིས་
ཆོས་སྲིད་གཉིས་ཀྱི་འགལ་འདུ་མ་ཡི
ལེགས་བཤད་ འགལ་འདུ་དེ་རང་ཉིད་རྨོངས་པའི་འགལ་འདུ་རེད་མ་གཏོགས་ཆོས་སྲིད་གཉིས་ལ་འགལ་འདུ་མེད།
མདུན་གྱི་མཆན་བུ་དངོས་ཡོད་རིག་པ་གློག་ལྟ་བུར།
རྒྱབ་ཀྱི་མཆན་བུ་རྣམ་རྟོག་རྨོངས་དད་སྤྲིན་དང་མཚུངས།
མདུན་གྱི་མཆན་བུ་མི་རིགས་འཁུར་བུ་རི་རབ་ལ།
རྒྱབ་ཀྱི་མཆན་བུ་གྲུབ་མཐའ་ཞེན་ཁོག་བྲག་ཁུང་བཞིན།
རྒྱབ་མདུན་གཉིས་ཀྱི་ཁྱད་ཆོས་འདི་ལྟར་སྣང་།
མདུན་གྱི་མཆན་བུ་བློ་གསར་ཤེས་བྱའི་རྩལ་ལ་ངོམས།
རྒྱབ་ཀྱི་མཆན་བུ་བླ་རྒན་རྨོངས་བཞེན་དུར་ཁྲོད་བསྔོགས།
མདུན་གྱི་མཆན་བུ་ན་གཞོན་དགའ་བའི་བརྩེ་བ་མངོན།
རྒྱབ་ཀྱི་མཆན་བུ་བླ་རྒན་ཕྲག་དོག་གཉེར་མ་གཟེངས།
ཆོས་སྲིད་གཉིས་འགལ་བ་མིན་པར་སེམས་ཤིང། བླ་རྒན་གྭ་རྒན་མི་རྒན་རྣམས་ནི་ང་ཚོས་ཕ་མེས་དང་མཚུངས་ཞིང་དད་པ་དག་སྣང་ཁོ་ན་ཙམ་མ་ཡིན་པར་ཤེས་བྱ་ཡོན་དན་གྱི་སྡོང་པོ་ལུགས་གཉིས་ཀྱིས་མངའ་བདག་མཁས་དབང་ཟམ་མདོང་རིན་པོ་ཆེ་ལྟ་བུ་ཡང་མང་པོ་ཡོད་པའི་མདུན་ལམ་ལ་མི་ལྟ་བ་ཞིག་གང་ནས་ཡིན། ཚན་རིགས་དགག་མཁན་ཞིག་དེ་བས་ཀྱང་མིན་པར་སེམས།
སྐུ་ཞབས་རང་གྲོལ་ལགས་ཀྱིས་ཆོས་སྲིད་གཉིས་ལ་འགལ་འདུ་མེད་ཅེས་བཤད་ཀྱི་འདུག །སློབ་དཔོན་རྣ་བ་བརྒྱད་པས་ཀྱང་དེ་ལྟར་གསུང་གི་འདུག །བསམ་ཤེས་ཀྱིས་འགལ་བ་ལྟག་སྤྲོད་བྱས་སོང་། ཆོས་སྲིད་གཉིས་ཀྱི་ངོ་བོ་ལ་བསམ་བློའི་འགལ་འདུ་ཞིག་ཡོད་མུས་རེད། ཆོས་སྲིད་མཉམ་གནས་ཡོང་ཐུབ་མིན་ཐད་དགོངས་ཚུལ་གསུང་རོགས།
ལེགས་བཤད་ལགས། མི་དགེ་བཅུའི་ཁྲིམས་འདི་སྲིད་ཀྱི་རྩ་ཁྲིམས་དང་རྒྱབ་འགལ་ཡིན་ནམ། འོ་ན་ལྡི་ལེར་བཙན་གཡེམ་མམ་ལོག་གཡེམ་གྱི་དོན་རྐྱེན་དེ་དག་ཆོས་སྲིད་གང་གི་ཁྲིམས་ལ་འགལ་མེད། ལེགས་པར་ཕྱེ་ནས་གསུང་ཤོག
ལེགས་བཤད་ལགས་ཀྱིས། ཇི་སྐད་དུ། ཆོས་སྲིད་མཉམ་གནས་ཡོང་ཐུབ་མིན་ཐད་དགོངས་ཚུལ་གསུང་རོགས་ཟེར།
གསལ་བཤད་ཞུ་དགོས་པ་ཞིག་ལ། ཁྱེད་ཀྱི་འདྲི་བ་དེ་རྩོད་ཅན་རེད། ཆོས་དང་སྲིད་ག་པར་མཉམ་གནས་བྱེད་དགོས་ཟེར། མི་ཚང་གཅིག་གི་ནང་ལ་མཉམ་གནས་ཡོང་འཐུས། གཞུང་གི་ཁྲིམས་འཛིན་དང་། སྲིད་གཞུང་གི་ཐག་གཅོད་སྐབས་ལ་དེ་གཉིས་མཉམ་གནས་མི་ཐུབ།
རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་། གཞུང་འཛིན། སྤྱི་འབངས་ཀྱི་གནད་དོན་སོགས་ཐག་གཅོད་བྱེད་སྐབས། དེའི་ནང་ལ་ཆོས་རྩ་བ་ནས་མེད་ན་ལེགས་ཆ་ཆེ། ལོ་ངོ་སྟོང་ཕྲག་ལྷག་ཆོས་གཙོ་བོར་འཛིན་པའི་ང་ཚོའི་གནས་ཚང་རྒྱ་གར་ལུང་པ་ཡང་། རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་གཞུང་འཛིན་བཅའ་ཁྲིམས་ནང་ལ་ཆོས་དང་ཆོས་ཀྱི་གཞུང་ཕྱོགས་ནས་ཡོང་བའི་ལྟ་བ་རྣམས་དོར་ཡོད།
ང་ཚོས་སྤྱི་དོན་སྒྲུབ་སྐབས། ཆོས་མིན་པར། མི་སྐྱ་བོའི་སྣང་བ་དང་སེམས་ཁམས་ཀྱི་གཞི་ལ་ལྟོས་ནས། ཚན་རིག་དང་སློབ་གསོ། ཞིབ་འཇུག་གཙོ་བོར་བརྟེན་པའི་ཐག་གཅོད་ལམ་ལུགས་ཡོད་ན་ལེགས་ཆ་ཆེ། དཔེར་ན། སྤྱི་འབངས་ཀྱི་བདེ་རྩའི་མདུན་ལམ་ཐག་གཅོད་བྱེད་སྐབས། འབངས་ཀྱི་རྣམ་དཔྱོད་དང་དངོས་ཡོད་ཀྱི་ཉམ་མྱོང་གཙོ་བོར་གཞི་བཞག་པ་ལས། ལྷ་སྲུང་མ་ཆོས་སྐྱོང་གི་ལུང་བསྟན་དང་དག་སྣང་ཁུར་ཡོང་ན་འདི་རྩ་བ་ནས་མ་འགྲིག་པ་ཡིན།
དེ་བཞིན། རྩ་ཁྲིམས་སོགས་ཀྱི་ནང་ལ། མི་དམངས་ཀྱི་ཐོབ་ཐང་དེ་གཙོ་བོར་གཞི་བཞག་པ་ལས། ཆོས་ཀྱི་བཀའ་འཁུར་ཡོང་ན་མི་འགྲིགས། རྒྱུ་མཚན་ནི་ཆོས་ལུགས་འདུ་མ་ཡོད་པའི་ཕྱིར། ཁྱོད་ཀྱི་ཆོས་འདི་ཆོས་གང་ཤོད་ཀྱི་ཡོད་དམ་ཟེར་ན་ལན་ཇི་ལྟར་བརྒྱབ། དཔེར་ན། ནང་ཆོས་གཙོ་བོར་འཛིན་པའི་རྩ་ཁྲིམས་བཟོས་ན། བོན་པོ་དང་ཁ་ཆེ། དེ་བཞིན་ཡེ་ཤུའི་ཆོས་ཉམས་ལེན་བྱེད་མཁན་གྱི་བོད་པ་རྣམས་ཀྱི་འདུན་པ་ཇི་ལྟར་སྒྲུབ།
མཐའ་དོན། ཆོས་ཟེར་ན་བྱེ་བྲག་ཅིག་རེད། ཆབ་སྲིད་ཟེར་དུས་སྤྱི་ལ་ཁྱབ་ཀྱི་ཡོད་སྟབས། མི་དམངས་ཀྱི་མངོན་འདོད་སྒྲུབ་སྐབས། སྤྱི་གཙོ་བོར་འཛིན་དགོས། དེར་བརྟེན་ཆོས་ཡང་དོར་དགོས།
ཆོས་ཀྱི་སྐྱོན་ཆ་འདི་ཁུངས་དང་དཔང་རྟགས་མཐའ་སྐྱེལ་ཐུབ་པ་སྟོན་རྒྱུ་མེད་པའི་ཐོག་ལ། སྒེར་གྱི་འདོད་མོས་དང་དབང་ཤུགས་གཙོ་བོར་འགྲོ། དཔེར་ན། དགེ་ལུགས་པའི་ནང་ལ་དོལ་རྒྱལ་འདི་བདུད་ཀྱི་བར་ཆད་རེད། དེ་དག་སྣང་མ་རེད་ཅེས་སྲུང་མ་གཅིག་གིས་ཤོད་སྐབས། ཚང་མ་དེའི་འོག་ལ་ཕྱིན་ནས་དོལ་རྒྱལ་སྡུག་པ་རེད་ཟེར། དེའི་གོང་ལ་བླ་མ་དབང་ཤུགས་ཆེན་པོ་ཞིག་གིས་དོལ་རྒྱལ་དེ་བདུད་མ་རེད། འཇམ་དཔལ་དབྱངས་ཀྱི་སྤྲུལ་པ་རེད་ཟེར་དུས། ཚང་མས་དེ་ལྷ་ལ་བརྟེན། རྗེས་མ་ཡང་བླ་མ་རྩ་ཆེན་པོ་ཞིག་ཡོང་ནས། འོ་སྐུ་གོང་མ་དེ་ནོར་བ་རེད། དོལ་རྒྱལ་འདི་ས་ཐོབ་པའི་སྲུང་མ་ཡང་དག་གཅིག་རེད་ཟེར་ན། ཡང་དོལ་རྒྱལ་འདི་ལྷ་ལ་འགྱུར་གྱི་རེད། རྒྱུ་མཚན་གཙོ་བོ་འདི་ཆོས་ཤོད་མཁན་གྱི་མི་རྣམས་མཐའ་སྐྱེལ་ཐུབ་པ་དང་རང་སྐྱ་ཐུབ་པའི་དཔང་པོ་མིག་སྟོན་ལག་ཟིན་ཐུབ་པ་སྟོན་རྒྱུ་མེད་པ་དང་། རྣམ་རྟོག་དང་མོས་པ། རྨི་ལམ། དེ་བཞིན་ལུང་བསྟན་ལ་བརྟེན་ནས་འགྲོ་དགོས། དེ་དག་བསྟན་པོ་མ་རེད།
ནོར་བཅོས། དེ་དག་བསྟན་པོ་མ་རེད། ཅེས་པ། དེ་དག་བརྟན་པོ་མ་རེད་ཅེས་པར་གྱུར་རོགས།
བསམ་ཤེས་ཀྱིས་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་། གཞུང་འཛིན། སྤྱི་འབངས་ཀྱི་གནད་དོན་སོགས་ཐག་གཅོད་བྱེད་སྐབས། ཆོས་སྲིད་ཁ་ཁ་འགྲོ་དགོས་བར་བཤད་ཀྱི་འདུག །ཆོས་ཟེར་ན་བྱེ་བྲག་ཅིག་རེད། ཆབ་སྲིད་ཟེར་དུས་སྤྱི་ལ་ཁྱབ་ཀྱི་ཡོད་སྟབས། མི་དམངས་ཀྱི་མངོན་འདོད་སྒྲུབ་སྐབས། སྤྱི་གཙོ་བོར་འཛིན་དགོས། དེར་བརྟེན་ཆོས་ཡང་དོར་དགོས་ཟེར། ད་འོ་ན་རང་གྲོལ་གྱིས་བཤད་པ་ལྟར་མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་ལྟ་བུ་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་གནད་དོན་ཐག་གཅོད་བྱེད་པར་དོར་དགོས་པ་རེད་དམ།
བསམ་ཤེས་ལགས། ཚིག་ཁ་ཤས་ཤིག་ཞུ་འདོད་བྱུང་དགོངས་འགལ་མེད་པ་མཁྱེན། སྐྱེ་བ་སྔ་ཕྱི་དང་ལས་རྒྱུ་འབྲས་སོགས་ཀྱི་སྐད་ཆ་མེད་སྤྱིར་སངས་རྒྱས་ཆོས་ལས་གསུངས་པའི་མི་དགེ་བཅུ་སྤོང་གི་ཁྲིམས་དེ་སྤྱིའི་རྩ་ཁྲིམས་དང་མཐུན་ནམ་མི་མཐུན། མི་མཐུན་ན་ནང་པའི་གྲ་བ་འདི་ཐམས་ཅད་ཁྲིམས་འགལ་གྱི་ལས་ལ་ཞུགས་ཟིན་པས་ཐམས་ཅད་བཙོན་ཁང་དུ་འགྲོ་དགོས་སམ། མཐུན་ན་དེ་དག་སངས་རྒྱས་ཆོས་ཡིན་པས་འདོར་དགོས་སོ།། ད་དུང་འདི་ལྟར་༼ཆོས་ཀྱི་སྐྱོན་ཆ་འདི་ཁུངས་དང་དཔང་རྟགས་མཐའ་སྐྱེལ་ཐུབ་པ་སྟོན་རྒྱུ་མེད་པའི་ཐོག་ལ།༽ཞེས་པའི་སངས་རྒྱས་ཆོས་ཀྱི་སྐྱོན་ཆ་དེ་སྟོན་རོགས་ཞུ། དེང་སྐབས་ཐམས་ཅད་རྨོངས་ལས་གྲོལ་འགོ་ཚུགས་ཡོད་པས་མ་འོངས་ན་བླ་ཆེན་སོགས་ཇི་འདྲ་ཞིག་བྱོན་ཀྱང་རྒྱུ་མཚན་མེད་པའི་རྗེས་སུ་འབྲངས་མི་སྲིད་པ་དང་སྔར་བཞིན་འཇིག་རྟེན་པའི་ལྷ་འདྲེ་སོགས་སྐྱབས་སུ་འཚོལ་བའི་རྨོངས་དད་ཀྱི་ངལ་བ་དེ་དག་༧གོང་ས་མཆོག་གི་ཐུགས་རྗེ་ལས་གཞི་ནས་བསེལ་འགོ་བརྩམས་ཡོད།
ནང་པའི་ཆོས་ཟེར་བ་སེམས་ཁམས་ཀྱི་སློབ་གསོ་དང་འབྲེལ་བ་ཡོད་པ་ཚིག་ཐག་ཆོད་པོས་བཤད་ཐུབ་ཀྱི་འདུག ། རྒྱལ་ཁབ་དང་དབུལ་ཕྱུག །མིང་གོ་ས་ཡོད་མེད་ལ་ཐུག་མེད་པར་སྤྱི་འབངས་ལ་སེམས་ཁམས་ཀྱི་སློབ་གསོ་དེ་གལ་ཆེན་པོ་མཐོང་གི་འདུག །ངས་ཁྲིམས་ལུགས་མི་ཤེས་རུང་། མ་གཞི་ནས་རྒྱལ་ཁབ་ཀྱི་རྩ་ཁྲིམས་དེ་གལ་ཆེན་པོ་རེད་དེ། ཡིན་ན་ཡང་གང་ཟག་གིས་དབང་བསྒྱུར་བྱེད་པའི་སྐབས་ལ་རྩ་ཁྲིམས་དེ་ཡང་ནུས་མེད་དུ་འགྲོ་བ་བཤད་མ་དགོས་པ་རེད། ཁྲིམས་ནི་མིས་བཟོས་པ་དང་མི་ནི་ཁྲིམས་ཀྱིས་བཟོ་དགོས་པ་རེད། ཡིན་ན་ཡང་ཆགས་སྡང་གི་གཞན་དབང་དུ་གྱུར་ཚེ་རྒྱལ་ཁབ་གང་འདྲ་གང་འདྲ་ཡིན་རུང་ཁྲིམས་ལུགས་ནུས་མེད་དུ་འགྱུར་གྱི་ཡོད་པ་རེད།
ཆོས་ཞེས་པ་ནི། ཆོས་ནི་ཤེས་བྱ་ལམ་དང་ནི། ཞེས་སོགས་དོན་དགུ་ལ་འཇུག་པར་གསུངས་ཀྱང། འདིར་ནི་ལས་ངག་ཡིད་གསུམ་འཆོས་པ་འམ། ལེགས་པར་བཅོས་པ་དང། གཙོ་བོ་སེམས་ཉོན་མོངས་ལས་དགེ་བའི་ཕྱོགས་སུ་བཅོས་པ་ལ་བྱེད་ལ། དེ་ལ་ཟག་བཅས་དགེ་བ་དང། ཟག་མེད་དགེ་བ་གཉིས་ཡོད་པ་ཡིན། སྲིད་ཞེས་པ་སྒྲ་ཡང་བའི་དབང་དུ་བྱེད་ན། སྲིད་པ་ནི་འཁོར་སྟེ། ཞེས་ཟག་བཅས་ཀྱི་རྣམས་གྲངས་ལྟ་བུ་ཡང་བསུངས་མོད། འདིར་ནི་རྒྱལ་ཁབ་ཞིག་ལ་མཚོན་ན། རྩ་ཁྲིམས་དང། དམགས་དོན། དཔལ་འབྱོར་དང། རིགས་བཞུང་སོགས་དང་མི་ཉམས་རྒྱུན་འཛིན་དང་འཕེལ་རྒྱས་སུ་གཏོང་བའི་ཐབས་ལམ་ཅིག་ལ་སྲིད་ཅེས་ཟེར་བ་མིན་ནམ་སྙམ། གང་ཟག་དགེར་ཅིག་ལ་བསམ་ན་ཡང། རང་ཉིད་འཚོ་བའི་ཐབས་ལམ་ནི་རང་ཉིད་ཀྱི་སྲིད་ཡིན་པར་འདོད། དེ་ལྟར་ན་རྒྱལ་ཁབ་གཅིག་དང་གང་ཟག་གཅིག་གི་རྒྱུད་ལ་ཆོས་སྲིད་གཉིས་ག་ཡོད་པར་མ་ཟད་དེ་གཉིས་གྱི་ཡིན་པ་ཡང་ཡོད་པར་སེགས་དེ། དཔེར་ན་རྒྱལ་པོ་ཨིན་དྲ་བྷོ་དྷི་ལྟ་བུ་རྒྱལ་སྲིད་སྐྱོང་བཞིན་དུ་སངས་རྒྱས་པ་ཡིན་པར་གྲགས་པའི་ཁོང་གི་རྒྱུད་ལ་མི་དགེ་བ་ཕྲ་མོ་ཙམ་ཡང་མེད་ལ། ང་ཚོས་དང་པོ་ཀུན་སློང་བཅོས་ནས་བར་དུ་ཉོན་མོང་ཤུགས་དྲག་པོ་འམ་ལོག་ལྟ་སོགས་གྱི་མ་བཅོམ་ན། ལས་ཅི་བྱེད་ཐམས་ཅད་དགེ་བར་འགྱུར་བར་གསུངས་ལ། སད་པའི་སྐབས་སུ་ཀུན་སློང་དགེ་བ་སྔོན་དུ་བཏང་ན་རྨི་ལམ་ཡང་དགེ་བར་འགྱུར་བ་ལྟ་བུ་ཡོད། བཅོམ་ལྡན་འདུས་ཀྱི།
འདི་ལྟར་སེར་སྐྱེས་གནས་ཀྱིས་མི་གཙང་ལུད།
དེ་ནི་བུ་རམ་ཤིང་བའི་ཞིང་ལ་ཕན།
དེ་བཞིན་བྱང་ཆུབ་སེམས་དཔའི་ཉོན་མོངས་ལུད།
དེ་ནི་སངས་རྒྱས་ཆོས་རྣམས་བསྐྱེད་ལ་ཕན།
ཞེས་གསུངས་པ་དང། སྤྱད་པ་ལས་བདེ་བ་འབྱུང་བ་། དཀར་ཆོས་ཀྱི་མཚན་ཉིད་དུ་ངོས་ཟིན་དགོས་པའི། ཆོས་ཁས་མི་ལེན་པའི་རྒྱལ་ཁབ་ན་ཆོས་ཡོད་པར་འདོད་དགོས་དེ། དེ་ན་བསམ་བཟང་བྱས་ནས་གཞན་ལ་ཕན་པ་བསྒྲིབས་པའི་སྐྱེ་བུ་ཡོད་པར་ཁས་ལེན་དགོས་པས་སོ། དཔེར་ན་རྒྱང་ཕན་པའི་རྗེ་དཔག་ཁས་མི་ལེན་ཅིང་དེས་རྒྱུད་ན་རྗེས་དཔག་ཡོད་པ་མི་འགལ་བ་བཞིན་ནོ།
བསམ་པ་དང་ནི་མི་དགེས་བྱེ་བྲག་གིས།།
དགེ་སྡིག་གཟུགས་སྙན་ཆེ་ཆུང་རྗེས་མི་འགྲོ།
ཞེས་གསུངས་བས་རང་གི་ཆབ་སྲིད་དེ་འཛམ་ལང་གི་མི་རིགས་ལ་ཕན་པར་ཁས་ལེན་བཞིན་དུ་དཀར་བོའི་མིན་པར་ཁས་ལེན་ན་ནང་འགལ་མིན་སྙམ།
འོན་ཀྱང་ཆོས་སྲིད་ཟུང་འབྲེལ་ཞེས་པ་ནི། དེ་ཙམ་གྱིས་མི་ཆོག་པར་གང་ཟག་རང་གི་ཀུན་སློང་གི་བསམ་པའི་སྟེང་ནས་འཇོག་དགོས་པས། རང་དོན་དང། ཕྱོགས་རིས་སོགས། མི་དགེ་བའི་ཀུན་སློང་གིས་ཆོས་སྲིད་ཟུང་འབྲེལ་བྱེད་པའི་ཐབས་མེད་པར་སེམས། ་ཡོང་གྲགས་ལ་དགེ་བ་བཅུ་ཞེས་འབོད་པ་ནི་རིགས་བསྡུས་ཀྱི་དྲང་ངེས་ཡིན་པའི་དེར་ངེས་པ་མིན་དེ། ས་ཐོབ་སེམས་དཔའ་རྣམས་ལ་སྲོག་གཅོད་པ་སོགས་མི་དགེ་བ་ཡང་གནང་བ་དང། དེད་དཔོན་སྙིང་རྗེ་ཅན་གི་མི་ནག་མདུང་ཐུང་ཅན་བསད་པའི་སྐལ་བ་བརྒྱའི་ཚོགས་བརྫོག་པ་དང། ཕ་མའི་བུ་ལ་ཚིག་རྩུབ་སྨྲ་བ་དང་དགེ་རྒེན་གྱི་དགེ་བྲུག་ལ་དང། གནས་ཀྱི་བླ་མའི་རང་གི་སློབ་མ་ལེགས་པར་བཀྲི་བའི་ཆེད་ཆད་ལས་ལྔ་ལ་སོགས་སྦྱིན་པ་ལྟ་བུ་འོ།
བོད་ཀྱི་ཆབ་སྲིད་ཀྱི་འཐབ་རྩོད་ལ་ཆོས་ལུགས་མཁོ་བ་རེད་དམ། ཞེས་པ་འདི་ངའི་དོགས་པ་ཆེ་ཤོས་ཡིན། རྣམ་དཔྱོད་དང་ལྡན་པ་རྣམས་ཀྱིས་གསུང་རོགས་ཞུ།
བོད་ཀྱི་ཆབ་སྲིད་ཀྱི་འཐབ་རྩོད་ལ་ཆོས་ལུགས་དགོས་དང་དགོས། དོན་དོ་མའི་ཆབ་སྲིད་པ་ཚོའི་སེམས་ལ་ཆོས་ལུགས་ཀྱི་དྲི་ཙམ་ཀྱང་མེད། དེ་འཐབ་རྩོད་བྱེད་པར་དགོས་པ་ནི། དཔེར་ན། རྒྱ་གར་བའི་ཆབ་སྲིད་པ་དེ་ཚོས་རང་ཉིད་ལ་མི་མང་གིས་རྒྱབ་སྐྱོར་ཐོབ་བྱེད་དུ་ཧིན་དྷུའི་རིགས་ཞེན་ཚོགས་པར་འཛུལ་ཞུགས་་ཀྱིས་ཧིན་དྷུའི་ཆོས་ལུགས་ལ་ཤ་ཞེན་ཡོད་མདོག་སྟོན་པ་དང། མ་ཟད་འོས་ཐོབ་ཕྱིར་ཁ་ཧིན་གཉིས་རྩོད་ཉོག་ཡོད་སའི་ཁ་ཆེའི་ལྷ་ཁང་དེ་གཏོར་ཙམ་གཏོར་ཙམ་བྱེད་བཞིན་ཡོད། དེ་བཞིན་ཨོ་བྷ་མ་རང་ཉིད་ཡེ་ཤུ་ཡིན་ཀྱང་རུང་མིན་ཀྱང་རུང་གཟའ་ཉི་མའི་ཉིན་ཡེ་ཤུའི་ལྷ་ཁང་ལ་འགྲོ་ཙམ་བྱེད་ཀྱི་ཡོད། དེ་ཚོ་ཚང་མ་ཆབ་སྲིད་པས་ཆོས་བྱེད་སྟངས་ཞིག་རེད།
གོང་གི་འཆན་དུ། (དཀར་པོའི་མིན་པར་ཁས་ལེན་ན་ནང་འགལ་མིན་སྙམ་)ཞེས་པ་དཀར་པོའི་ཆོས་མིན་པར་ཁས་ལེན་ན་ནང་འགལ་ཡིན་ཞེས་བཅོས།
ཆོས་དང་འཇིག་རྟེན་ཁག་ཁག་རེད་ཅེས་རྗེ་མི་ལས་གསལ་པོ་གསུངས་འདུག། དེ་བཞིན་བཀའ་གདམ་པའི་དགེ་བཤེས་ཚོས་ཀྱང་ཆོས་ལ་གཞན་དང་ཕྱི་མ་གཙོ་བོ། འཇིག་རྟེན་པར་ཚེ་འདི་དང་བདག་གཙོ་བོ། དེ་གཉིས་ཉ་ཉུང་བསྲེས་ཐབས་མེད་གསུངས་པར་གཞིགས་ནས་མཉམ་གནས་ཡོང་རྒྱུ་ཁག་པོ་རེད།
ཟུར་གནས་ལགས། དངོས་ཡོད་གནས་ཚུལ་གཙོ་བ་ལས་གཞན་གྱི་ཟེར་ཚད་ཐམས་ཅད་སྐྱབས་སུ་བཟུང་པ་དེ་རང་ཉིད་བསམ་བློ་པ་ཞིག་ཡིན་པ་ལས་རྣམ་པར་འཁྱམས་པ་མིན་ནམ།
བོད་ཀྱི་ཆབ་སྲིད་འཐབ་རྩོད་པས་ཆོས་ལུགས་འདོར་དགོས་ཞེས་པའི་བསམ་ཚུལ་དེ་ལ་དགོངས་ཚུལ་ག་རེ་ཡོད་མེད་དང་མདུན་གཅིག་བུས་གནད་དོན་ཐག་གཅོད་བྱེད་པའི་ནུས་པ་ཡོད་དམ་ཞུ།
བོད་བརྒྱུད་ནང་བསྟན་ཆོས་ལུགས་རིག་པའི་གཞུང་ལུགས་ནང་གི་དཔྱད་པ་ཡང་དག་གིས་ཕན་ཐོག་རང་བཞིན་གྱི་ལེགས་ཆ་མང་པོ་ཞིག་རྒྱལ་ཁབ་སྐྱོང་བའི་སྲིད་ཁྲིམས་ནང་འཁྱེར་ཡོང་ན་འགལ་བ་ཅང་ཡོད་རྒྱུ་མ་རེད། འོན་ཀྱང་ཆོས་ལུགས་ཀྱི་མི་སྣ་དེ་ཚོ་ཆབ་སྲིད་ཀྱི་སྡིང་ཆའི་སྟེང་དུ་ཐོན་པའི་ལམ་ལུགས་དང་ཆོས་ལུགས་ཀྱི་ལྟ་གྲུབ་ཆབ་སྲིད་དང་བསྲེས་ལྷད་བྱེད་པའི་ལམ་ལུགས་དེ་ངེས་པར་དུ་བསྒྱུར་བཅོས་བྱེད་དགོས་པ་ཞིག་རེད། འདུལ་བའི་སྡེ་སྣོད་ནང་ནས་ཀྱང་འགག་བྱ་མཛད་ཡོད་ངེས་རེད། བྱས་ཙང་བོད་ཀྱི་བཙན་པོས་ལྷ་ཆོས་དགེ་བ་བཅུ་དང་མི་ཆོས་གཙང་མ་བཅུ་དྲུག་ཞེས་དམིགས་བསལ་གྱི་ལྷ་ཆོས་དང་མི་ཆོས་ཞེས་སོ་སོར་ཁྲིམས་བཟོས་ཡོད་པ་རེད། འོན་ཀྱང་ལྷ་ཆོས་དགེ་བའི་ཁྲིམས་ཀྱི་ཁྱབ་ཁོངས་ནང་གི་དང་པོ་སྲོག་གཅོད་ལྟ་བུར་མཚོན་ན། སྲོག་གཅོད་པ་པོ་གང་ཟག་དེ་དགེ་སྡིག་གི་རྒྱུ་འབྲས་རྣམ་གཞག་སྟེང་ནས་རང་རང་སོ་སོས་འཇུག་ལྡོག་བྱེད་དགོས་པ་ཞིག་བཤད་ཡོད་པ་རེད་མ་གཏོག། ཁོ་ལ་སྲོག་ཁྲིམས་དང་བཙོན་ཁྲིམས་སོགས་གཅོད་རྒྱུ་ཞིག་ལྷ་ཆོས་ཀྱི་སྡེ་ནང་ནས་ཡོང་ཐབས་ཡོད་པ་མ་རེད། དེ་ནི་འཇིག་རྟེན་མི་ཆོས་ཀྱི་སྲིད་ཁྲིམས་ཀྱི་ཁྱབ་ཁོངས་ནས་བྱེད་རྒྱུ་མ་གཏོག་མེད་པ་རེད། དེ་བཞིན་རྐུན་མ་དང་ལོག་གཡེམ་མམ་བཙན་གཡེམ་ལྟ་བུ་ཡང་དེ་དེ་བཞིན་ནོ། བྱས་ཙང་མའོ་ཀྲུ་ཞིས་གུང་ཁྲན་ཏང་ཡོན་ཡིན་ན་ངེས་པར་དུ་རང་རྟིང་བརྗེད་བྱེད་དགོས་པ་བཤད་ཡོད་པ་རེད། དེའི་གོ་དོན་བདག་ལས་གཞན་གཅེས་འདྲ་པོ་ཞིག་བཤད་ནས་དམངས་ལ་བདེ་སྐྱིད་བསྐྲུན་དགོས་པ་དང་དམངས་ལ་ཞབས་འདེགས་ཞུ་དགོས་པ་བཤད་ཡོད་པ་རེད། དེ་ཚོ་ཆོས་ལུགས་དང་མ་འབྲེལ་ཡང་དགེ་བའི་ལས་འདྲ་པོ་ཆགས་ཡོད་པ་རེད།
དེས་ན་བོད་ཀྱི་ཆབ་སྲིད་འཐབ་རྩོད་པས་ངེས་པར་དུ་ཆོས་ལུགས་ཀྱི་ལྟ་གྲུབ་མི་འཛིན་པའི་ཐོག་ནས་དྲང་བདེན་དང་འབྲེལ་བའི་དགེ་བའི་བྱ་བ་བསྒྲུབ་རྒྱུ་ཡོད་པ་རེད་ལ་སྐབས་རེ་རྒྱལ་ཁབ་དང་མི་རིགས་ཀྱི་དོན་དུ་དགེ་སྡིག་ལ་མི་འཛེམས་པའི་བྱ་བ་བསྒྲུབ་དགོས་ངེས་ཅན་ཡང་མང་པོ་ཡོད་པ་རེད། དཔེར་ན་དགེ་ཆོས་ཀྱིས། མི་བསྲུན་བརླང་པོར་སྤྱོད་པའི་སྐྱེ་བོ་ལ། མགོ་བོ་གཅོད་པའི་ཁྲིམས་ལུགས་མ་མཛད་ན། སྙིང་རྗེའི་ལམ་ནས་དེ་ཉིད་ལྡོག་པ་ལས། དམྱལ་བའི་སྡུག་བསྔལ་བསྟན་ལས་ཐབས་གཞན་ཅི། ཞེས་གསུངས་པ་ལྟར་རོ།
སྐུ་ཞབས་གསེར་འབྲུག་སྡེར་ལྔས། བོད་བརྒྱུད་ནང་བསྟན་ཆོས་ལུགས་རིག་པའི་གཞུང་ལུགས་ནང་གི་དཔྱད་པ་ཡང་དག་གིས་ཕན་ཐོག་རང་བཞིན་གྱི་ལེགས་ཆ་མང་པོ་ཞིག་རྒྱལ་ཁབ་སྐྱོང་བའི་སྲིད་ཁྲིམས་ནང་འཁྱེར་ཡོང་ན་འགལ་བ་ཅང་ཡོད་རྒྱུ་མ་རེད། འོན་ཀྱང་ཆོས་ལུགས་ཀྱི་མི་སྣ་དེ་ཚོ་ཆབ་སྲིད་ཀྱི་སྡིང་ཆའི་སྟེང་དུ་ཐོན་པའི་ལམ་ལུགས་དང་ཆོས་ལུགས་ཀྱི་ལྟ་གྲུབ་ཆབ་སྲིད་དང་བསྲེས་ལྷད་བྱེད་པའི་ལམ་ལུགས་དེ་ངེས་པར་དུ་བསྒྱུར་བཅོས་བྱེད་དགོས་པ་ཞིག་རེད། །ཞེས་པ་བོད་ཀྱི་ཆབ་སྲིད་འཐབ་རྩོད་ལ་དགོས་ངེས་ཀྱི་དགོངས་ཚུལ་ཡག་པོ་གསུངས་འདུག །ཆབ་སྲིད་ཀྱི་སྟེགས་བུའི་སྟེང་དུ་ཆོས་བཤད་མི་ཆོག་པ་དང་ལྟ་གྲུབ་གླེང་མི་ཆོག་པ། ཆོས་སྲིད་མཉམ་གནས་ཡོང་མི་ཐུབ་པར་བཤད་ཀྱི་འདུག །རྒྱལ་ཁབ་སོ་སོར་སྲིད་ཀྱི་ལམ་ལུགས་དང་ཁྲིམས་ལུགས་སོ་སོ་ཡོད་པ་དང་། རྒྱལ་ཁབ་ཁ་ཤས་ལ་སྲིད་ཀྱི་སྟེགས་བུའི་སྟེང་ཆོས་ལུགས་ཀྱི་བྱེད་སྒོ་ཡོད་པ་མཐོང་གསལ་རེད།
ཆབ་སྲིད་ཅེས་བ་དང་སྲིད་པ་འཁོར་བ་གཉིས་ཁ་ཁ་རེད། བདག་གིས་གོ་ཚོད་ལྟར་ན་རྒྱལ་འབངས་སྐྱོང་བའི་ཐབས་ལ་ཆབ་སྲིད་ཅེས་བྱ། མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་ལ་ཆོས་ཞེས་བྱ་བ་ཡིན། ཚུལ་ཁྲིམས་དེ་གཞིར་བཟུང་གིས་ལྟ་སྤྱོད་ཀྱི་རྣམ་བཞག་འདི་ལ་ཆོས་ལུགས་ཞེས་བ་ཡིན།
རང་གྲོལ་ལགས་ཀྱི་མཆན་གྲངས་༡༧གྱི་ལན་དུ།
ངས་ཆོས་པ་རྣམ་དག་བོད་པའི་སྤྱི་ཚོགས་ནང་གི་གྲུབ་མཐའ་ཚང་མས་ཆ་འཇོག་བྱེད་པའི་མི་རེ་འགའི་གསུང་ལུང་དུ་དྲངས་ནས། ཆོས་སྲིད་ཀྱི་མ་འདྲེས་ན་བཟང་བའི་སྐད་ཆ་ཤོད་ཀྱི་ཡོད། བསམ་བློ་བ་ཞིག་ཡིན་ན། ངེས་པར་དུ་གང་བསམ་གང་ཤར་དཔྱད་པ་མེད་པར་་ཁ་ནས་མ་གློད་པར། ཞིབ་འཇུག་བྱེད་དགོས། ཞིབ་འཇུག་པ་ཚོས། ནམ་ཡིན་ནང་། ཁུངས་དང་ལུང་ལ་གཞིར་བཞག་པ་ནི་ཆེས་ཚན་རིག་དང་མཐུན་ནོ།
དཔེར་ན། ནུབ་ཕྱོགས་པའི་བསམ་བློ་བ་ཚོས། སྤྱི་ཚོགས་ཀྱི་དངོས་ཡོད་དང་། དེའི་ཁ་ཕྱོགས་གླེང་སྐབས། ཁོང་ཚོས་རང་དང་གཞན་གྱི་རྒྱུ་མཚན་རྣལ་མ་རྣམས་ལ་སྡོམ་རྩིས་བརྒྱབ་ནས་རང་གི་ལྟ་བ་ཤོད་པ་ནི་དངོས་ཡོད་རེད་ལགས། རང་གཞན་གྱི་རྒྱུ་མཚན་རྣལ་མ་རྣམས་ལ་སྡོམ་རྩིས་རྒྱག་སྐབས། སྔོན་ལ་རྒྱུ་མཚན་རྣམས་ལུང་དྲངས་པར་བྱེད་པ་ནི་ཆེས་དེང་དུས་དངོས་ཡོད་ཀྱི་སྙན་ཞུ་འབྲི་སྟངས་དང་མཐུན་ནོ།
དེ་ཡང་ནུབ་ཕྱོགས་པའི་ཚན་རིག་པ་ཚོས། དངོས་ཡོད་ཀྱི་སྙན་ཞུ་འབྲི་སྐབས། ལུང་འདྲེན་རྟགས་ཏེ། དབྱིན་ཡིག་ནང་ལ། “quotation mark” དང་ Footnoteསྤྱད་ནས་ལུང་འདྲེན་ཁུངས་དག་ཡིན་པ་མཚོན་པར་བྱེད་དོ།
བསམ་བློ་བར་མཚོན་ན། དེ་བས་རང་གི་བསམ་བློ་དེ་དག་རྒྱུ་མཚན་དང་དངོས་ཡོད་དང་མཐུན་པ་ཡིན་པ་དེ་ཁུངས་གསལ་པོར་སྐྱེལ་དགོས་སྟབས། ལུང་འདྲེན་པ་ནི་ཆེས་གལ་འགངས་ཆེའོ།
བཀྲིས་བདེ་ལེགས།
ལེགས་བཤད་ལགས་དང་ཁོང་གི་ལྟ་བར་རྒྱབ་སྐྱོར་གནང་མཁན་རྣམས་ལ་འདྲི་བ་ཞིག་ཡོད་པས་ལན་གནོངས་རོགས།
ཁྱེད་རྣམ་པས་གསུངས་པ་བཞིན་ཆོས་ཀྱི་བཟང་སྤྱོད་དཔེར་ན་མི་དགེ་བཅུ་སོགས་ཁྲིམས་དང་མ་མཐུན་པ་མེད་པས་དེ་དག་སྲིད་ཀྱི་ནང་ལ་ལེན་ན་སྐྱོན་མེད་གསུངས། ངས་འདྲི་རྒྱུར།
སྲིད་ཀྱི་ནང་ལ། དམག་འཁྲུག་རྒྱག་པ་དང་། སྲོག་ཐོག་གཏོང་བ། དེ་བཞིན་ཁྲིམས་ཀྱི་དགོས་དབང་ལ་བརྟེན་ནས། ཉེས་བཅད་སྤྱོད་པ་དང་། རྒྱལ་ཁབ་རང་སྲུང་ཆེད་དུ་བསླུ་བྲིད་བྱེད་པ་སོགས་ལག་བསྟར་བྱེད་དགོས་པས་ན། ཆོས་ཕྱོགས་ནས་དེ་དག་ཁས་ལེན་མི་ཐུབ་པས་ཇི་ལྟར་བྱ། ཁྱེད་རྣམས་ཆོས་ཕྱོགས་ལ་གཙིགས་མཁན་རྣམས་ཀྱིས་འོ་ན་དེ་དག་དོར་བ་མིན་ནམ།
ལྷག་པར་དུ། ཆོས་ལུགས་གཅིག་མིན་པའི་ཆོས་ལུགས་འདུ་མ་ལས་གྲུབ་པའི་རྒྱལ་ཁབ་ལ་མཚོན་ན། དཀོན་མཆོག་གསུམ་དང་སྐྱེ་བ་ཕྱི་མ་ཁས་ལེན་བྱེད་ཐབས་བྲལ་བས། ཁྱེད་རྣམས་ནང་པ་ཚོར་མཚོན་ན། དེ་ཁས་ལེན་ཐུབ་བམ།
དེར་བརྟེན། ཆོས་སྲིད་ལ་མཁས་པའི་མི་མང་པོས་དེ་གཉིས་ཁག་ཁག་འཇོག་ན་ལེགས་པའི་བསམ་འཆར་འདོན་བཞིན་ཡོད་པ་དང་། མཐའ་ན། རང་རེའི་གོང་ས་མཆོག་གིས་ཀྱང་། ཆོས་སྲིད་ཁག་ཁག་ཡིན་ན་ལེགས་པའི་གསུང་བཤད་གནང་བཞིན་པའོ།
ནང་པའི་གཞུང་ལྟར་རང་བཞིན་གྱི་ཁ་ན་མ་མ་ཐོ་བ་དང་བཅས་པའི་ཁ་ན་མ་ཐོ་བའི་ཁྲིམས་གཉིས་བཤད་པ་ལྟར་སྔ་མ་ནི་སངས་རྒྱས་ཀྱིས་བཅས་པ་ལ་མ་བལྟས་བར་བསམ་བློའི་ཁྲིམས་སམ་རང་བཞིན་གྱི་ཁྲིམས་ཟེར་གི་ཡོད་པ་རེད། དེ་ལ་ཉེས་ཆད་ཀྱི་ཁྲིམས་ལུགས་བཤད་དུ་མེད་ཅིང་ཕྱི་མ་ལ་ཉེས་ཆད་ཀྱི་ཁྲིམས་ལུགས་གཏོང་བ་ཡོད་པ་རེད། ཡིན་ཡང་སྲོག་ཐོག་གི་ཉེས་ཆད་གཏོང་བ་གཏན་ནས་ཡོད་པ་མ་རེད། གུས་བས་ཁྲིམས་ལུགས་མི་ཤེས་རུང་ཆོས་དང་སྲིད་ལུགས་གཉིས་ཀྱི་ཁྲིམས་ལུགས་གཞིར་བཟུང་ན་ཡང་སྲོག་གཅོད་མི་ཆོག་པ་གཅིག་མཚུངས་རེད། ཡིན་ཡང་རྒྱལ་ཁབ་ཀྱི་རྩ་ཁྲིམས་གཞིར་བཟུང་གིས་མི་ཞིག་ལ་སྲོག་ཐོག་གི་ཉེས་ཆད་ཕོག་ན་ཡང་ཁྲིམས་ཞིབ་པ་དང་ཁྲིམས་གཅོད་པས་ངེས་བར་ཐག་ཆོད་བྱེད་པ་ལས་གཞན་གྱིས་སྲོག་གཅད་མི་ཆོག་པ་གཅིག་མཚུངས་རེད། དེ་ལ་ཡང་བསླབ་བྱ་གོ་བསྐོན་གྱིས་གུ་ཡངས་གཏོང་ཆོག་གི་ཡོད་པ་གསལ་བོ་རེད།
ལེགས་བཤད་ལགས། ད་དུང་འདྲི་བ་གཅིག་ཡོད་པ་ནི། ང་ཚོ་བོད་ལ་མཚོན་ན། བོན་པོ་དང་ནང་པ། དེ་བཞིན་ཁ་ཆེ་དང་ཡེ་ཤུ་སོགས་ཆོས་ལུགས་མི་འདྲ་མཉམ་གནས་རེད། ད་དུང་ཆོས་ཁས་ལེན་མེད་མཁན་ཡང་ཇེ་མང་ཇེ་མང་རེད། དེ་ན་ཁྱེད་ཀྱིས་ཆོས་སྲིད་གསུངས་དུས། ཆོས་འདི་གང་བཞག་དགོས་སམ།
ད་དུང་འདྲི་བ་གཞན་ཞིག་ཡོད་པ་ནི། གལ་ཏེ་ཁྱེད་ཀྱིས་ཆོས་དེ་ནང་པའི་ཆོས་གསུང་བཞིན་ཡོད་ན། དེ་ཡང་བོད་རྒྱུད་ནང་པའི་གྲུབ་མཐའ་གང་གསུང་གི་ཡོད། གསར་མ་དང་རྙིང་་མའི་དབར་ལ་སྡོམ་པར་ལྟ་ཚུལ་མི་གཅིག དཔེར་ན་རྙིང་མ་བས་བླ་ཆེན་རྣམས་ཀྱིས་བདག་མོ་བཞེས་པ་དང་གྲྭ་ཆས་གྱོན་པ། དགོན་པའི་ཁྲིའི་སྟེང་ལ་ཞུགས་ཀྱི་ཡོད་པ་དང་། དགེ་ལུགས་ཀྱིས་དེ་དག་རྩ་བ་ནས་ཡང་དག་པར་མི་བརྩི་བས། ཆོས་སྲིད་མཉམ་གནས་ཀྱི་གཞུང་ཞིག་གི་ནང་ལ། ཆོས་ལུགས་གྲུབ་མཐའ་སུའི་ལྟ་བ་བཅུག་གམ།
ཆོས་དང་འཇིག་རྟེན།
ཆོས་དང་འཇིག་རྟེན་སོ་སོར་ཡིན་ཆུགས་ཀྱང་། །
ཆོས་ལ་བརྟེན་ནས་སེམས་ཀྱི་བདེ་སྐྱིད་དང་། །
འཇིག་རྟེན་ལག་ནས་ཁ་ནང་བག་ལེབ་ལོན། །
དེ་མཚུངས་རྒྱལ་ཁྲིམས་ལ་ཡང་རིགས་སྒྲེས་གྱིས། །
ཟུར་གནས་ལགས། ནང་པ་ལ་མཚོན་ན་བཅོམ་ལྡན་འདས་ཀྱིས་གདམས་པའི་བསླབ་བྱ་ལ་ཆོས་ཟེར། དེའི་དོན་སྙིང་ནི་འཚེ་བ་བྱེད་མི་ཆོག་པ་འདི་ཡིན་པས་སྲིད་དང་རྒྱབ་འགལ་ཡིན་ན་འཚེ་བ་བྱེད་ཆོག་པ་སྲིད་ཀྱི་རྩ་བར་སོང་འདུག་པས་རང་ཉིད་ལ་གནོད་བྱེད་སྟན་པ་ལས་གཞན་མེད། ད་དུང་གྲུབ་མཐའི་ལྟ་བ་གང་ཆོས་སུ་འཛིན་ཞེས་འདྲི་བ་ནི་སྤྱི་བྱེ་བྲག་གི་རྣམ་གཞག་དང་འཇིག་རྟེན་རགས་པའི་གོ་བ་མ་ཆགས་པའི་གཏམ་མོ།།
གོང་དུ་ཆོས་སྲིད་ཚ་གྲང་ལྟ་བུར་འདོད་པ་དག་ལ་ཞུ་རྒྱུ། མི་དགེ་བཅུ་པོ་ནང་གི་གང་ཞིག་རྩི་སྲུང་བྱས་ན་སྲིད་ཀྱི་རྩ་ཁྲིམས་གང་དང་འགལ་གྱིན་འདུག་པ་དང་། འཚེ་བ་མེད་པ་སྲིད་དང་མཉམ་གནས་མི་ཐུབ་པའི་རྒྱུ་མཚན་གསུང་བར་ཞུ། དེ་དག་ནི་ཆོས་ཡིན་པས་སོ།
ཆོས་ལུགས་མེད་པའི་རྒྱལ་ཁབ་ཞིག་ཡོད་མི་ཆོག་པ་དང་། བོད་ལ་ཡང་ཆོས་ལུགས་ཆོ་ག་ག་འདྲ་ཞིག་ཡོད་ན་ཡང་དེ་མི་ཉམ་རྒྱུ་འཛིན་བྱེད་པ་དང་དེ་ལ་མོས་གུས་བྱེད་པའི་སྐྱེ་བོ་ཚང་མར་གང་དགོས་གང་འདོད་ཀྱིས་བདེ་སྐྱིད་འཚོ་བའི་དབལ་ལ་རོལ་ཐུབ་པ་ཞིག་བྱེད་དགོས། དེ་ནི་རྒྱལ་ཁབ་དེ་ལ་བདེ་འཇགས་ཀྱི་རྩ་བ་རྒྱས་བའི་རྨང་གཞི་ཡིན། མི་མང་གི་མྱི་ཚེ་ལ་རིན་ཐང་གཞལ་བའི་སེམས་འཁམ་ཡིན། དེ་ན་རྒྱལ་ཁབ་ཀྱི་ལང་ཕྱོགས་སྐྱོང་བའི་སྲིད་ཇུས་ལ་ཆོས་ལུགས་ག་གེ་མོ་ལ་དམ་ཚིག་གི་དམ་བཅའ་ཅན་གྱི་ཕྱོགས་ཞེན་པ་རྩ་བ་ཉིད་ནས་འཛུལ་ཞུགས་བྱེད་མི་ཆོག་པ་དང་། ས་སྐྱ་དགེ་ལུགས་ལ་སོགས་སྔོན་མ་ལྟར། ད་ནས་བཟུང་། དེ་ལ་འདྲེ་ལོག་བྱེད་ཡ་མེད་པ་ཞིག་གི་ལམ་ལ་འགྲོ་ཐུབ་པའི་ཆོད་སེམས་དམ་པོ་ཅན་གྱི་མི་བུ་རེ་ལ་རེ་བ་རྒྱག་དགོས་བ་རེད། དེ་ནི་སྲིད་ཆོས་སྣ་མང་འཛོམས་པའི་རྒྱལ་ཁབ་ཞིག་ཡིན་པ་རེད། ཆོས་རིགས་དབྱེ་འབྱེད་དང་། སྡེ་ལུང་དབྱེ་འབྱེད་མི་ཡོང་ཕྱིར། བླ་མ་དང་ཆོས་བ་སྡོམ་ཁྲིམས་ཅན་ཚོ། དགོན་པ་དང་ལྷ་ཁང་དབེན་གནས་སོགས་གང་གི་ཡུལ་ནས་སོ་སོའི་མྱི་ཚེ་ཡི་དམ་ཚིག་དོན་ལྡན་དུ་སྐྱོང་ཐུབ་པར། བོད་རྒྱལ་ཁབ་སྐྱོང་བར་དམ་ཚིག་གཙང་བཞེས་ཅན་གྱི་དཔོན་པོ་ཚོས། འབངས་མི་དབྱེ་མེད་དང་། ཆོས་ལུགས་རིས་མེད་ངང་རྒྱལ་ཁབ་ཀྱི་ཕག་གསོ་གསོ་བྱེད་དགོས་པ་རེད། དེ་ལྟར་བྱུང་ན་ཆོས་སྲིད་ཟུང་འབྲེལ་གྱི་རྒྱལ་ཁབ་འདི་ལྷ་ཡུལ་ལྟ་བའི་གངས་ལྗོངས་ར་བ་ཞིག་དུ་ཡོང་བར་ཐེ་ཚོམ་མེད།
འཕགས་པ་ཀླུ་སྒྲུབ་ཀྱིས། མི་ཡི་ཆོས་ལུགས་ལེགས་སྤྱད་ན།།ལྷ་ཡུལ་བགྲོད་པ་ཐག་མི་རིང་།།ཞེས་པ་ལྟར་མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་ནི་མི་ཡི་ཆོས་ལུགས་སམ་མི་ཡི་བཟང་སྤྱོད་ལ་གསུང་གི་ཡོད་པ་རེད། དེ་ནི་ཆོས་ལུགས་པ་ཡིན་མིན་ལ་ཐུག་མེད། ཁ་ཆེ་ཧིན་དུ་སོགས་མི་སུ་འདྲ་ཞིག་ཡིན་རུང་དགོས་ངེས་ཤིག་ཆགས་ཡོད། མིག་སྔའི་རྒྱལ་སྤྱིའི་ནང་གི་ཆབ་སྲིད་ཀྱི་དཀའ་རྙོག་ཕལ་ཆེ་བ་མིའི་རྣམ་དཔྱོད་ཀྱི་ནུས་པ་དང་བཟང་སྤྱོད་ཀྱི་དཀའ་ངལ་ལ་ཐུག་ཡོད་པ་གསལ་བོ་རེད། ཆབ་སྲིད་ཀྱི་སྟེགས་བུའི་སྟེང་དུ་ཆོས་བཤད་མི་ཆོག་པ་དང་ལྟ་གྲུབ་གླེང་མི་ཆོག་པ། ཆོས་སྲིད་མཉམ་གནས་ཡོང་མི་ཆོག་ཟེར་བ་ལ་ད་དུང་བདག་གི་མགོ་བོ་འཐོམས་ནས་འདུག ། སྲིད་དོན་པས་ཆོས་བཤད་མི་ཆོག་པ་དང་ཆོས་པས་སྲིད་དོན་བཤད་ཆོག་མི་ཆོག་ནི་ནང་གི་བསམ་བློའི་འགལ་རྐྱེན་དང་ཆོས་ལུགས་ནི་ཕྱི་ཚུལ་ཙམ་ལ་ལྟ་བས་རེད། སུ་ཞིག་གིས་ཆོས་ལུགས་ཀྱི་ཐོག་ནས་རྒྱལ་འབངས་སྐྱོང་བའི་ནུས་པ་འདོན་ཐུབ་ན་མ་འགྲིག་པ་ག་རེ་ཡོད་ན་དགོངས་ཚུལ་གསུངས་རོགས་ཞུ།
འོ་ཆོས་སྲིད་འདྲེས་པར་སྤྱད་ན་བོད་ཀྱི་འདས་པའི་ལོ་རྒྱུས་ནས་ཤེས། སྲིད་དོན་པས་ཁོང་རང་གི་ཆེད་དུ་ཆོས་བེད་སྤྱད་པ་ལས་ཆོས་ཡང་དག་པ་ཞིག་སེམས་ལ་མེད། ལྷག་པར་དུ་རྒྱལ་ཁབ་གཞུང་ལ་ཆོས་ཟེར་བ་དེ་མེད་ན་བཟང། དེ་ཡོད་ན་ཆོས་ལུགས་ཀྱི་འཐེན་འཁྱེར་གྱིས་སྐྱིད་ཡོང་ཁག་པོ་རེད། དཔེར་ན་རྒྱ་གར་གཞུང་ལ་ཆོས་མེད། གཞུང་ལ་ཆོས་ཡོད་ན་བོད་ཀྱི་འདས་པའི་ལོ་རྒྱུས་ནང་ཆོས་ལུགས་གཏོར་བཅོམ་བྱེད་མཁན་མང་ཆེ་བ་དེ་ཡིས་རྐྱེན་གྱིས་བྱུང་ཡོད། ལྷག་པར་དུ་གཞུང་གི་དངུལ་མང་པོ་ཞིག་ཚན་རྩལ་དང་རྒྱལ་སྲུང་དམག་ལས་སོགས་ལ་མ་བཏང་བར་རང་གི་ཆོ་ལུགས་དེ་ཉིད་སྟོབས་ཤུགས་ཅན་དུ་གྱུར་རྒྱུ་ཁོ་ནར་དམིགས་ཀྱི་ཡོད། མ་ཟད་བོད་ཀྱི་དཀའ་སྙོག་འདི་རྒྱ་དཀར་ནག་གཉིས་ཀས་བོད་གཞུང་ཆོས་ལྡན་རྒྱལ་ཁབ་དེ་ཆོས་ཀྱི་ལམ་ནས་བསླུ་ཐནས་བྱས་ཡོད། གསེར་བུམ་སྤྲུགས་པ་དང་གསེར་ཡིག་སྤྲོད་པ་དང། ཞྭ་མོ་སྤྲད་པ་སོགས་བྱས་ཏེ་ད་ལྟའི་བོད་འཐོར་ཞིག་ཏུ་འགྲོ་བའི་རྐྱེན་བྱས་ཡོད། གལ་ཏེ་གླང་དར་མ་ལྟ་བུ་བཀྲོངས་མེད་ན་ད་ལྟ་བོད་འདི་ཨེ་ཤའི་རྒྱལ་ཁབ་སྟོབས་ཅན་རྒྱལ་ཁབ་ཞིག་ཏུ་གྱུར་བ་སོམ་ཉི་མི་དགོས་པ་ཞིག་རེད། བོད་རྒྱལ་བཀྲོངས་པའི་བྱ་ངན་དེ་རིགས་ཀྱང་གཞུང་ལ་ཆོས་ཡོད་པའི་རྐྱེན་རེད།
སྐུ་ཞབས་བན་དེ་བས་བཤད་པ་རྣོ་ངར་ལྡན་ཞིང་། གོང་ནས་བོད་ཀྱི་ཆབ་སྲིད་ཀྱི་འཐབ་རྩོད་ལ་ཆོས་ལུགས་དགོས་དང་དགོས་ཞེས་བཤད་ཀྱང་། སྐབས་འདིར་ཆོས་སྲིད་འདྲེས་པར་སྤྱད་ན་བོད་ཀྱི་འདས་པའི་ལོ་རྒྱུས་ནས་ཤེས། སྲིད་དོན་པས་ཁོང་རང་གི་ཆེད་དུ་ཆོས་བེད་སྤྱད་པ་ལས་ཆོས་ཡང་དག་པ་ཞིག་སེམས་ལ་མེད། ལྷག་པར་དུ་རྒྱལ་ཁབ་གཞུང་ལ་ཆོས་ཟེར་བ་དེ་མེད་ན་བཟང། ཞེས་པ་དེ་གཉིས་འགལ་བར་སྣང་ན་ཡང་འགལ་བ་མེད་དགོས་པས་གནད་དོན་གསེད་འགྲོལ་ཡོང་བར་ཞུ།
འོ་ལེགས་བཤད་ལགས་ངས་ཆ་་སྲིད་པར་ཆོས་དགོས་པ་ཡོད་ཆབ་སྲིད་འཁྲབ་པར་ཆོས་ལག་ཆར་བཟུང་སྟེ་རང་ཉིད་གོ་གནས་སོགས་ཐོབ་ཕྱིར་བེད་སྤྱོད་བྱེད་པར་མཁོ་བར་བཤད་ཡིན། གཞུང་ལ་ཆོས་མེད་ན་བཟང།
ཆོས་སྲིད་གཉིས་པོ་འགལ་མི་འགལ་གསུང་ན་འདི་ལ་ཐག་ཆོད་པའི་སྐད་ཆ་ཞིག་དཀའ་མོ་ཡིན་རྒྱུ་རེད་བསམ། གང་ཡིན་ཞེ་ན་དེང་སང་གི་རྒྱལ་ཁབས་མང་ཆེ་བའི་སྲིད་ལུགས་དེ་དྲང་བདེན་དང་རང་དབང་འདྲ་མཉམ་བཅས་ཀྱི་ཕྱོགས་སུ་སྤྱོད་བཞིན་ཡོད། དེ་དག་གི་ཕྱོགས་ནས་བཤད་ན་ཆོས་སྲིད་གཉིས་པོ་འགལ་བ་རྩ་བ་ནས་མིན། ཡང་གཡོ་སྒྱུ་དང་ལྐོག་ཟ་རུལ་སྲུང་གནའ་བའི་བྲན་གཡོག་ལམ་ལུགས་ཀྱི་སྲིད་ལུགས་འཛིན་པའི་རྒྱལ་ཁབས་ཁ་ཤས་ཀྱི་ཆབ་སྲིད་ལ་བསམ་ན་ཆོས་སྲིད་གཉིས་པོའི་བར་ན་སྟོང་ཆ་ཆེན་པོ་ཞིག་ཡོད། དེས་ན་གོང་དུ་དྲྭ་གྲོགས་ཤིག་གིས་ལྡི་ལིའི་བུ་མོ་ཞིག་ལ་བཙན་གཡེམ་གྱིས་དོན་རྐྱེན་བྱུང་བ་དེ་ཆོས་སྲིད་གཉིས་གང་དང་འགལ་གྱི་རེད་ཅེས་གསུང་པ་དེ་ཡང་དེ་བཞིན་བསམ་རོགས།
འོ་ཡ། ཆོས་སྲིད་གཉིས་ཀྱི་རྩོད་པ་དེ་འགྱིག་བྱི་རིལ་ནང་བཞིན་ནར་འགྲོ་བ་དེ་ཆོས་མིན་སྲིད་མིན་གྱི་ལམ་ལུགས་མཇུག་མཐུད་སྐྱོང་བའི་སྔ་ལྟས་འདྲ་ཞིག་འདུག། དེས་ན་རང་ཅག་བོད་ཀྱི་བྱུང་རབས་ནང་ཆོས་པས་ཆོས་ཡང་དག་པ་ཞིག་མ་བྱས་པར་ཆབ་སྲིད་ལ་ལག་པ་སྐྱངས་བ་དང་། ཁྱིམ་པ་སྲིད་དོན་པ་ཚོས་དགོས་པའི་རང་སྲིད་དེ་ཡག་པོ་ཞིག་མ་བསྐྱངས་བར་མི་འཇོན་པས་ཆོས་བྱེད་ཁུལ་བྱས། དེའི་མཇུག་འབྲས་ད་ཆ་མངོན་འགྱུར་བྱུང་ནས་དཀའ་སྡུག་གི་དོང་ནང་དུ་ལྷུངས་བ་འདི་ཁོ་ནའོ། དོན་དངོས་བྱས་ན་ཆོས་བྱེད་ཀྱི་གང་ཟག་གིས་དགོས་པའི་ནང་ཆོས་ལ་ཐོས་བསམ་སྒོམ་གསུམ་ཐར་འཁྱོལ་བ་ཞིག་བྱས། ཁྱིམ་པ་སྲིད་དོན་པའི་གཞུང་འཛིན་མི་སྣ་ཚོས་འཇིག་རྟེན་མི་ཆོས་ཀྱི་རྒྱལ་ཁབ་སྐྱོང་བའི་སྲིད་ཀྱི་བྱ་གཞག་དེ་ཡག་པོ་ཞིག་སྐྱོང་བ་ཡིན་ན་ད་གཟོད་ང་ཚོ་ཆོས་མིན་སྲིད་མིན་གྱི་ལམ་ལུགས་ར་མ་ལུག་འདི་ཡོང་མི་སྲིད་ལ་ཆོས་སྲིད་གཉིས་བར་འགལ་འདུ་ཞིག་འབྱུང་མི་སྲིད་པ་རེད་ལ་དཀའ་སྡུག་གི་དོང་ནང་ལྷུངས་མི་སྲིད་པ་རེད།
ངས་ཆོས་དང་སྲིད་ལ་འགལ་བ་འདུག་ཟེར་བ་འདིར་ཡང་ཡང་བསམ་གཞིགས་བྱས་ནས་བཤད་པ་ཡིན། གཙོ་བོ་འདི་ལ་ཐུག
སྲིད་ཀྱི་ནང་ལ་མི་ཚང་མ་འདྲ་མཉམ། རིམེད། མི་ཚང་མར་རང་གི་མགོན་པོ་རང་གིས་བགྱིས་ནས་སྤྱི་ཚོགས་ལ་ཕན་པ་བསྒྲུབ།
ཆོས་ཀྱི་ནང་ལ། སྟེང་ལ་དཀོན་མཆོག་ཡོད་པ་དང་། ཁོང་གི་བཀའ་དེ་གཙོ་བོར་འཇོག་དགོས། ནང་ཆོས་ཐོག་ནས་བཤད་ན། སྟོན་པ་དང་བླ་མའི་བཀའ་དེ་གཙོ་བོ་དང་དེ་ནས་མི་དཔོན་ཚོ་རེད། རྟེན་འབྲེལ་དེ་ནས་མ་འགྲིག་པ་རེད།
སྲིད་ཀྱི་ནང་ལ་མི་གཙོ་བོ་རེད། ཆོས་ཀྱི་ནང་ལ་ལྷ་དང་བླ་མ་གཙོ་བོ་རེད། འགལ་བ་རེད། འདི་ལ་མ་རེད་ཟེར་དུས། ང་ཚོ་སྐད་ཆ་ཤོད་པའི་སྒྲོམ་གཞི་མེད།
དཔེར་ན། སྲིད་ཀྱི་ནང་ལ། བདེན་པ་དང་བརྡར་ཤ་བཅད་ནས་དངོས་ཡོད་འཚོལ། ཆོས་ཀྱི་ནང་ལ། རྟོག་པ་དང་། མོས་པ། དག་སྣང་དང་རྨི་ལམ་གཙོ་བོར་སྤྱོད་ནས་བདེན་པ་འཚོལ། འགལ་བ་ཆེན་པོ་རེད་ལོ།
སྲིད་ཀྱི་ནང་ལ་མི་ཚང་མར་ཆོས་དད་ཀྱི་རང་དབང་ཡོད་པ་དང་། ལྷ་སུ་བརྟེན་མ་བརྟེན་ཚང་མ་སྒེར་གྱི་རང་དབང་རེད། ཆོས་ཀྱི་ནང་ལ། བླ་མས་བཤད་པའི་ལྷ་ལས་བརྟེན་ཆོག་གི་མེད། དཔེ་གསོན་པོ་ངེད་ཚོའི་སྤྱི་ཚོགས་ནང་ལ་ཡོང་དང་ཡོང་བཞིན་པ་རེད། སྲིད་ཀྱི་ཕྱོགས་ནས་བལྟས་ན། དེ་སྒེར་གྱི་རང་དབང་ལ་ཐེ་བྱུས་བྱས་པ་དང་ཁྲིམས་དང་འགལ་བ་རེད། བོད་གཞུང་གིས་དོལ་རྒྱལ་རྟེན་མཁན་དང་ཟང་ཟིང་གི་འབྲེལ་ཐག་གཅོད་དགོས་ཟེར་དུས། རྙོག་འདྲ་ཆེན་པོ་བཟོས་འཚར་བ་རེད། ཨ་རི་དང་ཡོ་རོབ་ནང་ལ་ཡིན་ན། སྲིད་གཞུང་གི་འགོ་པ་ཁྲིམས་ལ་སྦྱར་ཆོག་གི་ཡོད། བོད་གཞུང་ལ་དེ་ལྟར་བྱེད་པའི་ཁྲིམས་མེད་པ།
དེར་རྟེན། ང་ཚོས་སྲིད་དང་ཆོས་གཉིས་ཁག་ཁག་བཟོས་ན་ལེགས་ཤོད་ཀྱི་ཡོད།
སྐུ་ཞབས་ཟུར་གནས་ཀྱིས་སྲིད་ཀྱི་ནང་ལ་མི་ཚང་མ་འདྲ་མཉམ། རིས་མེད། མི་ཚང་མར་རང་གི་མགོན་པོ་རང་གིས་བགྱིས་ནས་སྤྱི་ཚོགས་ལ་ཕན་པ་བསྒྲུབ།
ཆོས་ཀྱི་ནང་ལ། སྟེང་ལ་དཀོན་མཆོག་ཡོད་པ་དང་། ཁོང་གི་བཀའ་དེ་གཙོ་བོར་འཇོག་དགོས། ནང་ཆོས་ཐོག་ནས་བཤད་ན། སྟོན་པ་དང་བླ་མའི་བཀའ་དེ་གཙོ་བོ་དང་དེ་ནས་མི་དཔོན་ཚོ་རེད། རྟེན་འབྲེལ་དེ་ནས་མ་འགྲིག་པ་རེད། ཅེས་བཤད་པ་ནི་ཆོས་སྲིད་གཉིས་འགལ་འདུ་འབྱུང་བའི་རྒྱུ་རྐྱེན་དང་འོག་ནས་འགལ་འདུའི་གནད་དོན་གསེད་གྲོལ་བྱས་འདུག་པས་གསེར་འབྲུག་གིས་བཤད་པའི་གནད་འགག་གཅིག་འདི་རེད། རྣམ་པ་གཉིས་ཀས་ད་ལྟའི་བོད་ཀྱི་ཆབ་སྲིད་ལ་ཆོས་སྲིད་ཁ་ཁ་ཕྱེ་ན་དགོས་མཚན་ཆེ་བར་བཤད་ཀྱི་འདུག །གལ་ཏེ་སྲིད་གཞུང་ལ་ལ་དྲང་བདེན་གྱིས་སྐྱོང་བའི་ཁྲིམས་ལུགས་ནུས་མེད་དུ་གྱུར་ནས་དབང་བསྒྱུར་བྱེད་པའི་སྐབས་ལ་མི་ཚང་མ་འདྲ་མཉམ་དང་རང་གི་མགོན་པོ་རང་གིས་བགྱིས་བའི་ཐོབ་ཐང་ངམ་རང་དབང་མེད་པ་དང་། འབངས་མི་ལ་འདྲ་མཉམ་ཕར་ཞོག་བརྡབ་གསིག་ཆེན་པོ་བཟོ་གི་ཡོད་པ་གསལ་བོ་རེད། ཆོས་ལའང་དེ་མཚུངས་གནས་བབས་དེ་འདྲ་ལ་བསམ་བློའི་ཁྲིམས་སམ་མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་ལྟ་བུ་ཆོས་ཀྱི་རྩ་བའམ་མགོ་འཛུགས་ས་དེ་རེད། དབུ་མ་འཇུག་པ་ལས་མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་མེད་ན་བྱང་ཆུབ་སེམས་དཔའ་ཡིན་ཟེར་བ་དག་ཀྱང་རྫུན་ཡིན་པར་གསུངས་འདུག །
ཆབ་སྲིད་པའི་ལམ་ལ་ཞུགས་པ་དག་སྲིད་ཡིན་དང་མིན་དྲི་བ་ཞུ་རྒྱུ་ཡིན་་་་
གལ་སྲིད་དེ་སྲིད་དོན་ཡིན་ན་་་ དེ་ལ་རང་ཕྱོགས་རྒྱལ་ཁ་ལོན་དགོས་པ་དང་
གཞན་ཕྱོགས་ཕམ་ཁ་ལོན་ན་དགའ་པའི་གྲོ་འཁྲབ་དགོས་ན་ དེ་འདྲ་བའི་ཆགས་གདང་གི་བློ་ཡི་མདུན་བསུས་ན་
ཆོས་དང་མི་འགལ་ལམ་བསམ་་་་་་ དཔལ་སྤྲུལ་རིན་པོ་མཆེས་་་་ འཇིག་རྟེན་མཐུན་འཇུག་གི་བསམ་པ་སྐད་ཅིག་མ་ཙམ་
ཡང་སེམས་ལ་མི་སྐྱེ་བར་ཤོག་ཅིག་ཅེས་ནན་པོས་གསུང་འདུག་ག་་་་
གལ་ཏེ་བག་ཆགས་ངན་པའི་དབང་གི་སྐྱེས་ན་ཡང་དེ་ཉིད་མི་འགྲུབ་པར་ཤག་ཅིག་ཞེས་གསུངས་འདུག་ག་
མ་ཟད་ཆོས་ཡང་དག་ཞིག་གྲུབ་ན་མཐར་པ་འཐོབ་པའི་རེ་བ་ཡོད་གི་་་་་
སྲིད་ཀྱི་མཐར་ལམ་བཀག་གི་མ་རེད་པས་་་་
སྤྱིར་ཡ་རབས་སྤྱོད་བཟང་དང་དྲང་བདེན། བྱམས་པ། སྙིང་རྗེ། བརྩེ་བ། ལྷག་བསམ། སེམས་བཟང་། ཕན་སེམས་ལ་སོགས་པའི་བཟང་སྤྱོད་མང་པོ་ཞིག་ཆོས་ལུགས་ཀྱི་ལྟ་གྲུབ་དང་མ་འབྲེལ་ཡང་འགྲོ་བ་མིའི་ལྷན་སྐྱེས་རང་བཞིན་དུ་ཡོད་ཡོད་པ་རེད། དེའི་ལྡོག་ཕྱོགས་ཡང་དེ་དེ་བཞིན་རེད། འོན་ཀྱང་སྲིད་ཁྲིམས་ནང་དྲང་ཕྱོགས་དང་ལྡོག་ཕྱོགས་གཉིས་ལས་དྲང་ཕྱོགས་དེར་རྒྱབ་སྐྱོར་ཡོད་ཡོད་པ་རེད། དེ་བཞིན་ང་འདུག་སའི་ཡུ་རོབ་གླིང་ཆེན་དབུས་མའི་རྒྱལ་ཁབ་ཆུང་གྲས་སུད་སི་ཞེས་པ་ཐབ་ཆུང་ཡང་མེ་ཚ་བའི་དཔེ་ལྟར་ཆུང་བ་ལ་ནི་དབུས་ནས་མེ་འཁོར་ལ་སྡད་དེས་ཕྱོགས་བཞི་ག་པར་ཕྱིན་ན་ཡང་ཆུ་ཚོད་བཞི་ལྔ་ནས་ས་འཚམས་གྲོལ་ཟིན་པ་རེད། འོན་ཀྱང་ནང་གི་ཆབ་དཔལ་རིག་གསུམ་ཧ་ཅང་ཕུན་གསུམ་ཚོགས་པོ་འདུག་ལ་དམངས་གཙོའི་ལྟ་གྲུབ་ཡང་དག་པའི་ཁྲིམས་སྒྲིག་ལ་ཨ་རིའི་སྲིད་འཛིན་ཨོ་བྷཱ་མ་དང་གྲགས་ཅན་འཁྲབ་སྟོན་པ་རཱི་ཅཱ་གྷིར་སོགས་ཡིད་སྨོན་ཤོར་མྱོང་ལ་དོན་དངོས་ཡང་འདི་ལྟར། དམངས་གཙོ་དང་རང་དབང་འགྲོ་བ་མིའི་ལྷན་སྐྱེས་རང་བཞིན་གྱི་ཐོབ་ཐང་ནི་ཨ་ཅང་ཅང་། འགྲོ་བ་མི་ལས་རྒལ་བའི་འགྲོ་བ་དུད་འགྲོར་གྱུར་པ་རྣམས་ལ་ཡང་ཐོབ་ཐང་བསྲུང་སྐྱོབ་ཐད་རྩ་ཁྲིམས་མི་ཉུང་བ་ཞིག་འདུག། དཔེར་ན་དུད་འགྲོར་ཚད་རྒལ་གྱི་བཀོལ་སྤྱོད་བྱས་ཆོག་གི་མེད་པ་རེད་ལ་ནད་པ་ཕྱུགས་རིགས་སྨན་པར་མ་བསྟེན་པར་བདག་མེད་དུ་བཞག་ཆོག་གི་མེད་པ་རེད། མཐའ་ན་བ་ཕྱུགས་དང་ཕག་པ་ལ་སོགས་པའི་རླིག་འབྲས་ཕྱུང་དགོས་པའི་རིགས་རྣམས་ལ་སྦྲིད་སྨན་མ་བརྒྱབ་པར་རླིག་འབྲས་ཕྱུང་ཆོག་གི་མེད་པ་རེད། གལ་ཏེ་བཤའ་སྐབས་སུ་ཡང་སྐྱེ་བཏུབ་པ་ལ་སོགས་པའི་མནར་གཅོད་གཏོང་མི་ཆོག་པར་ཞིབ་འཇུག་ངེས་ཅན་ཟིན་པའི་གསོད་ཐབས་ཞིག་བེད་སྤྱོད་པ་ནི། བཤའ་བྱའི་དུད་འགྲོ་དེའི་ཀླད་པའི་གནད་ས་ཞིག་ལ་གློག་འོད་ཀྱིས་མེ་མདའ་ཞིག་གཞུས་མ་ཐག་ཁྲག་དང་བུ་ག་སོགས་ཅི་ཡང་མེད་པ་མ་ཟད་སྐད་གཅིག་དྲན་རྫོགས་ལྟ་བུའི་མནར་གཅོད་སོགས་ཅི་ཡང་མེད་པའི་ཐབས་ལམ་བེད་སྤྱོད་གཏོང་གི་འདུག། ད་དུང་བྱ་གསོ་ཁང་ལ་སོགས་པའི་གསོད་ཤ་ལ་དམིགས་པའི་དུད་འགྲོ་དེ་ཚོ་ཚད་རྒལ་གྱིས་བར་སྟོང་མེད་པར་སྡེབས་བླུགས་བྱ་མི་ཆོག་པ་རེད་ལ། བཤས་རྭར་དབོར་འདྲེན་བྱེད་སྐབས་བར་སྟོང་མེད་པར་སྡེབས་བླུགས་བྱ་མི་ཆོག་པ་རེད། དེ་ལྟའི་བཅའ་ཁྲིམས་ནང་འཁོད་ཡོད་པའི་དུད་འགྲོར་དམིགས་པའི་བཅའ་ཁྲིམས་འདི་ལྟ་བུ་ཆོས་སྲིད་ལུགས་གཉིས་ལ་མཁས་ཆེ་བའི་གནའ་སྔ་མོའི་བོད་རྒྱལ་ཁབ་ལ་ཡང་མེད་པ་རེད་ལ་ཆོས་ལུགས་ཀྱི་ལྟ་གྲུབ་རང་བཞིན་གྱིས་བརྒྱུད་མ་རླན་ཡང་སྙིང་རྗེས་སེམས་ཅན་ལ་དམིགས་པ་ཞིག་ཡིན་ཐག་གཅོད་རེད། བྱས་ཙང་བཅའ་ཁྲིམས་འདི་ཚོ་ནང་བསྟན་ཆོས་ལུགས་ལ་མཁས་ཆེ་བའི་མ་འོངས་བོད་ལ་དགོས་མཁོ་ངེས་ཅན་རེད།
བྱས་ཙང་མི་ཞིག་ཡིན་ཚུན་ཆད་རང་རང་གི་ཐོབ་ཐང་བསྲུང་སྐྱོབ་དང་རག་ཐབས་ལ་ནུས་ཤུགས་ཡོད་རྒུ་འདོན་ངེས་པ་རེད། འོན་ཀྱང་ཉམས་ཐག་པའི་མིག་མདུན་དུ་རྒྱུ་བཞིན་པའི་དུད་འགྲོ་དེ་ཚོའི་ཐོབ་ཐང་བསྲུང་སྐྱོབ་སུས་བྱེད་ཀྱི་རེད། དེས་ན་མ་འོངས་པ་ན་བོད་རྒྱལ་ཁབ་བསླར་གསོ་བྱེད་ཀྱི་ཡོད་ན་འདྲ་ཀྲུང་ཧཱ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲོ་སྐྱིད་ཀྱི་རང་དབང་ཞིག་སྤྲོད་ཀྱི་ཡོད་ན་འདྲ་འཐོབ་ཀྱི་ཡོད་ན་འདྲ། གང་ལྟར་བོད་མི་རིགས་རང་གིས་རྩ་ཁྲིམས་དང་བཅའ་ཁྲིམས་ཞིག་བཟོ་དགོས་ཚེ་ཆོས་ལུགས་ཐོབ་ཐང་བསྲུང་སྐྱོབ་ཀྱི་གོང་དུ་དུད་འགྲོའི་ཐོབ་ཐང་བསྲུང་སྐྱོབ་དེ་འཇོག་རྒྱུའི་རེ་སྐུལ་ད་ལྟ་ནས་ཞུ་བཞིན་ཡོད།