—རྩོམ་པ་པོ། མི་གསལ།
བོད་ཀྱི་ཆོས་བསྒྱུར་ལོ་རྒྱུས་སྟེང་ང་ཚོས་ཁོང་ལ་ལྷ་བཙུན་ཆོས་ཀྱི་རིན་ཆེན་ཞེས་འབོད་དེ། རྒྱའི་རྒྱལ་རབས་སུང་ལྷོ་མ་ཡི་ཆེས་མཐའ་མཇུག་གི་རྒྱལ་པོ་དེ་ཡིན། ཁོང་ནི་སྤྱི་ལོ་1271 ལོར་ཡབ་ཏའོ་ཙུང་(度宗)དང་རྒྱལ་ཡུམ་རུས་ཆོན (全)་ཅན་གཉིས་ཀྱི་སྲས་འབྲིང་བར་འཁྲུངས་ཤིང་། སྤྱི་ལོ་ 1274ལོར་རྒྱལ་བོའི་ཁྲིར་བཀོད་པས་མཚན་ལ་ཡང་སུང་གུང་ཏི་(宋恭帝)ཞེས་འབོད། སྤྱི་ལོ་1276 ལོར་སོག་པོའི་དམག་དཔུང་སུང་ལྷོ་མའི་རྒྱལ་ས་ལིན་ཨན་(临安)དུ་འབྱོར་ཞིང་སུང་ལྷོ་མ་དབང་དུ་བསྒྱུར། ལོ་དེའི་ཟླ་ལྔ་པར་ཡོན་གོང་མ་ཆེན་པོས་སུང་གུང་ཏིར་དབྱིན་གོ་གུང་(瀛国公)ཞེས་པའི་བློན་གྱི་གོ་གནས་བསྩལ་བར་གྲགས།
སྤྱི་ལོ་1289ལོར་ཡོན་གོང་མ་སེ་ཆེན་རྒྱལ་པོས་སྲིད་དབང་སྲ་བརྟན་དང་མང་ཚོགས་ཀྱི་ངོ་རྒོལ་སྟོབས་ཤུགས་ཆུང་དུ་གཏོང་ཕྱིར་དབྱིན་གོ་གུང་ཀྲའོ་ཞན་བོད་ཡུལ་དུ་ཆོས་བསླབ་པར་བཏང་། དེ་ལྟར་དབྱིན་གོ་གུང་ཀྲའོ་ཞན་བོད་དུ་ཕེབས་པ་དང་། དཔལ་ལྡན་ས་སྐྱ་དགོན་པའི་ཆོས་སྒོར་ཞུགས་ནས་བོད་ཀྱི་སྐད་དང་ཡི་གེ་ལ་སྦྱངས་པ་མཛད་དེ་ཆོས་གཞུང་ཟབ་མོ་ལ་སློབ་གཉེར་བྱས། ས་སྐྱའི་ཆོས་སྒོར་ཞུགས་ཚུན་ཁོང་གི་མཚན་ལ་ལྷ་བཙུན་ཆོས་ཀྱི་རིན་ཆེན་དུ་གསོལ་བ་དང་། དཔལ་ས་སྐྱའི་གཙུག་ལག་ཁང་དུ་ལས་ཀྱི་རྣམ་པར་སྨིན་པའི་འབྲས་བུའི་མདོ་དང་། ཐེག་པ་ཆེན་པོའི་ཆོས་བརྒྱ་གསལ་བའི་སྒོའི་བསྟན་བཅོས། ཚད་མའི་བསྟན་བཅོས་རིགས་པ་ལ་འཇུག་པ་ཞེས་བྱ་བ་སོགས་རྒྱའི་ཆོས་གཞུང་ནས་བོད་སྐད་དུ་བསྒྱུར་བ་བཀའ་བསྟན་དཀར་ཆག་ཏུ་གསལ། ཁོང་གིས་བོད་ན་མེད་པའི་ཆོས་གཞུང་འགའ་རྒྱ་ཡིག་ནས་བོད་ཡིག་ཏུ་བསྒྱུར་བས་ལོ་ཙྭ་བ་ཆེན་པོར་གྱུར། ད་རུང་བོད་ཀྱི་ལོ་རྒྱུས་ཡིག་ཆ་ལ་ལར་ལྷ་བཙུན་གྱིས་ས་སྐྱ་དགོན་པ་ནས་སྤྱི་འཛིན་གྱི་འགན་བཞེས་པའང་བྲིས་འདུག
ཡོངས་གྲགས་སུ་ལྷ་བཙུན་གྱི་འདས་ལོ་ནི་སྤྱི་ལོ་1323ལོ་ཡིན་ལ། ལྷ་བཙུན་ཁོང་གི་བཀྲོངས་རྐྱེན་གྱི་སྐོར་ལ་ལྟ་ཚུལ་མི་མཐུན་པ་མང་པོ་ཡོད་ནའང་ཕལ་ཆེ་བས་ལོ་དེར་ལྷ་བཙུན་གྱིས་སྙན་ངག་ཅིག་བྲིས་ཤིང་ཤུགས་བསྟན་དུ་སུང་ལྷོ་མའི་རྒྱལ་རབས་དྲན་པའི་གདུང་བ་བརྗོད་ཡོད་པས་ཡོན་རྒྱལ་རབས་ཀྱི་སྲིད་དབང་འཛིན་མཁན་གྱིས་སྙན་ངག་འདིས་རྒྱ་རིགས་མི་དམངས་ཀྱི་བློ་ཁ་དཀྲུགས་ཏེ་གྱེན་ལོག་གི་ཉེན་ཁ་འབྱུང་བར་དོགས་ནས་ལྷ་བཙུན་ཁོང་ལྐོག་གསོད་བགྱིས་པར་འདོད་ཡོད།
ལྷ་བཙུན་ཆོས་ཀྱི་རིན་ཆེན་གྱི་མི་ཚེ་གང་བོར། གོ་གནས་ཀྱི་ཆ་ནས་ཆེས་ཐོག་མའི་སུང་ལྷོ་མའི་རྒྱལ་པོ་ནས་ཡོན་རྒྱལ་རབས་ཀྱི་བློན་པོར་གྱུར། དེ་ནས་བོད་ཀྱི་བཙུན་པའམ་ལོ་ཙཱ་བར་གྱུར། བཞུགས་ཡུལ་གྱི་ཆ་ནས་བོད་མི་རྣམས་ཀྱིས་སྨན་རྩེ་ཞེས་འབོད་པའི་རྒྱའི་གྲོང་ནས་སོག་པོ་ཡོན་རྒྱལ་རབས་ཀྱི་ཕོ་བྲང་། དེ་ནས་ནང་སོག་མཐོ་སྒང་གི་ཧྲང་ཏུའུ།(上都) མཐར་བོད་ལྗོངས་ཀྱི་ས་སྐྱ་སོགས་སུ་བཞུགས་པ་དང་། ད་རུང་རྒྱ་བོད་སོག་གསུམ་གྱི་མི་རིགས་དང་ལྷན་དུ་འཚོ་གནས་བྱས་པའི་རྐྱེན་གྱིས་རིག་གནས་ལའང་མཁས་པར་གྱུར། དེ་མིན་ལྷ་བཙུན་ཁོང་གི་རྒྱ་ཡིག་གི་ལམ་ནས་བྲིས་པའི་སྙན་ངག་ཁ་ཤས་ཀྱང་ལོ་རྒྱུས་ཡིག་ཆའི་ཁྲོད་དུ་བཞུགས་ཡོད་ལ། རྒྱའི་གནའ་རབས་ཀྱི་གོང་མ་རྣམས་དང་འདྲ་བར། སྙན་ངག་གི་རྩོམ་རྩལ་ཐད་ལ་ཡང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་ཡོད།
གཞན་ལས་བླངས།
(འདིར་མིག་དམར་རྡོ་རྗེའི་ངོ་དེབ་ལས་དྲངས།)
འདི་སྔོན་ཆད་མཐོང་མྱོང་ཡང་གང་ཞིག་ནས་མཐོང་བ་མི་དྲན།
སྐད་ཡིག་དང་རིག་གཞུང་མི་རིགས་སོགས་ལ་ས་
མཚམས་མེད་པས་འདི་དང་འདི་འདྲ་བ་ལུང་པ་མང་པོའི་
ལོ་རྒྱུས་ནང་མཐོང་ཐུབ་།
ངས་རྩོམ་ཡིག་འདི་ཀློག་སའི་དྲ་རྒྱ་འདི་རེད།
རྗེ་ཙོང་ཁ་པའི་དྲ་བ་རེད། http://bo.jetsongkhapa.org/gyunshes/2016-04-07/2988.html
༄༅།།བོད་ཀྱི་ལོ་ཙྭ་བ་ཆེན་པོར་གྱུར་བའི་རྒྱ་ནག་གི་རྒྱལ་པོ་སུང་གུང་ཏི།
1271 ལོར་སྐུ་འཁྲུངས། 1274 ལོར་ཁོང་རང་ལོ་གསུམ་གྱི་སྐབས་སུ་རྒྱའི་རྒྱལ་པོའི་ཁྲིར་བཀོད། 1276 ལོར་ཁོང་རང་ལོ་ལྔའི་སྐབས་སུ་སུང་གུང་ཏིར་དབྱིན་གོ་གུང་(瀛国公)ཞེས་པའི་བློན་གྱི་གོ་གནས་བསྩལ་བར་བཅས་པར་གཞིགས་ན་བྱིས་པ་ལོ་གསུམ་པ་དང་ལོ་ལྔ་པ་ཅན་གྱིས་རྒྱལ་པོ་དང་བློན་པོ་གནང་ཚུལ་འདི་ནི་རྒྱལ་བློན་མིང་ཙམ་ལས་མཐོང་རྒྱུ་མི་འདུག། དེས་ན་རྒྱ་ནག་གི་རྒྱལ་རབ་དེར་ཡང་དཔྱོད་རྒྱུའི་གཞི་རྩ་ཞིག་རེད།
འདི་ལ་བོད་ཀྱི་ལོ་ཙཱ་བ་ཟེར་དགོས་སམ། རྒྱའི་ལོ་ཙཱ་བ་ཟེར་དགོས་རེད།