འབྲོང་བུ་ཟླ་བ་ཚེ་རིང།
ཕྱི་ལོ་ཉིས་སྟོང་བརྒྱད་ལོའི་བོད་ནང་གི་ཞི་རྒོལ་ཆེན་མོའི་རྗེས་ནས་མདོ་སྨད་གཅན་ཚ་རྫོང་གི་རྒན་ཡོལ་ལས་བྱེད་པ་དང་། ཤེས་ལྡན་མི་སྣ། སེར་མོ་བ་བཅས་ཀྱིས་མགོ་བཙུགས་ཏེ་མི་མང་བྱིངས་རྣམས་ཀྱི་ནང་དུ་མདོ་སྨད་ཁུལ་གྱི་ལོ་གསར་ལ་རོལ་སྟངས་ཀྱི་སྐོར་ལ་བགྲོ་གླེང་ཤུགས་ཆེན་བྱས་ཏེ། མདོ་སྨད་ཡུལ་ནས་༼རྒྱ་ལོའི་ལོ་གསར་༽ལ་འབོད་པའི་ཧོར་ཟླའི་ལུགས་ཀྱི་ལོ་གསར་ཏེ་རྒྱ་ཡིས་དཔྱིད་ཀའི་དུས་སྟོན་ལ་ངོས་འཛིན་བྱེད་པ་འདི་རྒྱ་ནག་གི་ལོ་གསར་སྟངས་ཤིག་ལས་བོད་རིགས་རང་ཉིད་ཀྱི་ངོ་བོ་མཚོན་པའི་དུས་ཆེན་ཞིག་མིན་པ་དང། འདི་ནི་བོད་མི་རིགས་ཀྱི་ལེགས་བྱང་རིག་གཞུང་གི་ནང་དུ་མདོ་སྨད་ཡུལ་ནས་ནོར་འཁྲུལ་ཆེ་ཤོས་དེ་ཤོར་བར་ངོས་འཛིན་ཐོབ་རྗེས། ཐོག་མར་ངང་རོང་དགོན་པ་དང་། ཀོའུ་བ་དགོན་པ། གསང་སྒྲོག་དགོན་པ། མགུར་དགོན་པ། ལ་མོ་བདེ་ཆེན་དགོན་པ་སོགས་ཀྱིས་དགུ་གཏོར་དང། སྨོན་ལམ་ཆེན་མོ་སོགས་བོད་རང་གི་རྩིས་གཞུང་ལ་གཏུགས་ཅིང། མདོ་སྨད་ཡུལ་ན་ཀུན་གྱིས་གལ་ཆེན་དུ་བརྩི་བཞིན་པའི་རྒྱའི་ལོ་གསར་ལ་མི་རོལ་རྒྱའི་དམ་བཅའ་བཞག་སྟེ། དགོན་པ་སོ་སོའི་འོག་ཏུ་ཡོད་པའི་སྡེ་བ་ཁག་ལ་ལོ་གསར་གྱི་ལེགས་སྐྱེས་སོགས་འཁྱེར་མི་ཡོང་བ་དང། ཡོང་ན་ཡང་དགོན་པའི་བླ་སྤྲུལ་དགེ་བཤེས་ཁག་ལ་མཇལ་ཁ་རེག་རྒྱུ་ཁག་པོ་ཡིན་པ་མ་ཟད། གྲྭ་བ་རྣམས་ནམ་རྒྱུན་ལྟར་སློབ་སྦྱོང་བྱེད་དུ་འགྲོ་དགོས་བ་དང་ཚོགས་ལ་འགྲོ་དགོས་བ་སོགས་བྱེད་དགོས་སྟབས་ལྷོད་ལྷོད་དང་སྐྱིད་པོ་བྱས་ནས་འདུག་ཁོམ་མེད། དེའི་ཕྱིར། ལོ་གསར་གྱི་ལེགས་སྐྱེས་སོགས་རྩ་ཆེར་རྩིས་ཏེ་དགོན་པར་མི་ཡོང་རྒྱུའི་རེ་སྐུལ་བྱས།
རིམ་གྱིས་སྡེ་བ་རེ་རེ་ནས་འདིའི་སྐོར་ལ་བགྲོ་གླེང་ཤུགས་ཆེན་བྱས་ཤིང། ཧོར་ཟླ་ ༡༢ ཚེས་༢༩ ཉིན་སྡེ་བ་སོ་སོའི་སྡེ་མི་རྣམས་ཀྱིས་སེམས་པ་གཅིག་ཏུ་མཐུན་ཏེ་རྒྱའི་ལོ་གསར་ལ་མི་རོལ་རྒྱུའི་ཐག་བཅད། ཚེས་གཅིག་གི་ཞོགས་པར་ཡང་ལྷོད་ལྷོད་བྱས་ནས་ཡར་ལ་ལངས་ཏེ་རྒྱུན་ལྡན་གྱི་ཟས་ལ་རོལ་ཞིང། འཆོར་གོས་སོགས་སྤངས་ཏེ་ཤོག་སྦག་མ་སྤར། གཞིས་བདག་གནས་ཡུལ་གྱི་རི་མགོར་ལབ་རྩེ་གཏོད་དུ་ཡང་སོང་མི་འདུག དགུན་ཁའི་གུང་གསེང་གི་སྐབས་དང་བསྟུན་ནས་ནང་མི་ལྷན་འཛོམས་བྱུང་ཡོད་ན་ཡང་རྒྱའི་ལོ་གསར་བཏང་མི་འདུག ཉིན་མོ་འདི་ནི་རྒྱུན་ལྡན་དང་ཤིན་ཏུ་མཚུངས་ཤིང་ཀུན་ལ་སྤྲོ་སྣང་དེ་ཙམ་མི་འདུག ཆེས་སེམས་སྤྲོ་བ་ཞིག་ནི་ས་ཐག་ཉེ་རིང་ན་ཡོད་པའི་ཤ་ཉེ་སྤུན་མཆེད་དང་གྲོགས་པོ་གྲོགས་མོ་སོགས་ཀྱི་ཁ་པར་བཏང་སྟེ་ལོ་གསར་ལ་འཚམས་འདྲི་བྱེད་སྐབས། ༼ང་ཚོ་བོད་ཀྱི་ལོ་གསར་ད་དུང་སླེབས་ཡོད་པ་མ་རེད། རྒྱའི་ལོ་གསར་ལ་རོལ་གྱིན་མེད།༽ཅེས་སྤོབས་པ་དང་ལྡན་པའི་སྒོ་ནས་བཤད་པ་འདི་རེད། འདི་ལྟར་ལོ་ངོ་ལྔ་བཅུ་ལྷག་གི་རིང་གཞན་དབང་སྟབས་བསྟུན་གྱིས་མི་རིགས་གཞན་ཞིག་གི་དུས་ཆེན་ལ་དགའ་དགའ་སྤྲོ་སྤྲོའི་སྒོ་ནས་རོལ་མྱོང་བའི་དུས་ཡུན་སྐྱུག་བྲོ་བ་དེར་འདི་ལྟར་རྫོགས་ཚིག་བཀོད།
ཁོང་ཚོས་གསུངས་ན། ང་ཚོ་བོད་པ་ཞིག་ཡིན་པའི་ཆ་ནས་སེམས་བསམ་པའི་སྟེང་ནས་མཐུན་སྒྲིལ་དགོས་ཀྱི་འདུག་པ་མ་ཟད། མཐུན་སྒྲིལ་འདི་མིག་གི་མཐོང་ཡུལ་དུ་འགྱུར་ཐུབ་པའི་ལས་འགུལ་གྱི་སྒོ་ནས་ར་སྤྲོད་བྱེད་དགོས་ཀྱི་འདུག བོད་རིགས་ཡོངས་ཀྱིས་དུས་གཅིག་ལ་ལོ་གསར་གྱི་དགའ་སྟོན་ལ་རོལ་དགོས་ཀྱི་འདུག ང་ཚོ་གདོང་དམར་བོད་པ་ས་ཡ་དྲུག་པོ་ནི་སྐད་ཡིག་གཅིག་དང་། རིག་གཞུང་གཅིག ཆོས་ལུགས་གཅིག་གིས་དམ་དུ་སྦྲེལ་བའི་མི་རིགས་ཤིག་ཡིན་པས། ང་ཚོས་བོད་ཀྱི་ལོ་གསར་མཉམ་དུ་གཏོང་མི་ཐུབ་པའི་རྒྱུ་མཚན་གང་དུ་ཡོད། མདོ་སྟོད་སྨད་གཉིས་སུ་གནས་པའི་སེར་སྐྱ་མང་ཚོགས་ཀྱིས་མི་རིགས་ཀྱི་འདུ་ཤེས་གཙིགས་སུ་བཟུང་བའི་ཐོག་ནས། ནམ་རྒྱུན་གོམས་ལོབས་སུ་གྱུར་བའི་རྒྱའི་ལོ་གསར་སྤངས་ཏེ་བོད་ཀྱི་ལོ་གསར་གཏོང་བར་ཕེབས་དང། ང་ཚོ་དུས་ནམ་ཡིན་ཡང་ཁ་བ་གངས་ལྗོངས་ཀྱི་གདོང་དམར་བོད་པ་ཡིན་ལ། ཁྱིམ་ཚང་གཅིག་གི་ཁྱིམ་མི་ཡིན་ཟེར།
དེ་རྒྱའི་ལོ་གསར་མ་རེད
དེ་སོག་པོའི་ལོ་གསར་དང་བསྟུན་པ་ལས་རྒྱ་དང་འབྲེལ་བ་མེད
རྒྱ་སོག་པོའི་འོག་ནས་ཕམ་ཡོད་དུས་བོད་པས་ད་དུང་སོག་པོའི་བརྡབ་གསིག་མྱོང་གི་མེད་པས་ང་ཚོས་ལོ་གསར་འདི་རོལ་ཡང་རྒྱ་དང་འབྲེལ་བ་མེད
དེ་དམིགས་བསལ་གྱིས་ནོར་འཁྲུལ་དེ་འདྲ་ཞིག་མ་རེད
གོ་རྟོགས་མེད་པའི་རྟགས་བསྟན་པ་ཙམ་རེད།
ཆེན་པོ་ཧོར་གྱི་ལོ་གསར་འདི་ད་རིང་རེབ་གོང་ན་གཏོང་གི་མེད་ཚུལ་ཞིག་མ་གོ་ཐ། ན་ནིང་གཞིས་ནིང་ཞིག་ཡིན་པ་ཡོད། ཧོར་ལུགས་འདི་དང་རྒྱ་ལུགས་གཉིས་ཉི་མ་གཅིག་ལ་འབབ་ཀི་མེད་པ་ཞིག་གོ་མྱོང།
བོད་པ་རང་ལ་རང་ལུགས་ལྟར་གྱི་ལོ་གསར་ཞིག་གཅིག་གྱུར་གྱིས་ཡོད་ན་ཕུན་སུམ་ཇེ་ཚོགས་རེད་མོད།
གནད་དོན་ཁ་ཤས་ཐོག་མ་སྔ་ན་གེ་ཡོད་པ་མ་རེད་བསམ་གི
སྔོན་མ་ལོ་སར་གྱི་སྐོར་འདི་ལ་བགྲོ་གླེང་ཤུགས་ཆེན་བྱས་མྱོངས་བ་རེད། བོད་པ་ཡིན་ཕྱིན་བོད་སྤྱི་ལ་གཅིག་གྱུར་གྱི་ལོ་སར་གཏོང་སྟངས་ཤིག་ཡོད་ན་དེ་ལས་དགའ་བ་ཞིག་གང་ན་ཡོད། དེ་ལས་ང་ཚོ་རྒྱ་ནག་དང་ཐ་དད་ཡིན་ལ་ལྷག་པར་རིག་གནས་ཐད་ནས་ཁྱད་པར་མངོན་གསལ་ཡོད་པ་ཁ་གྲགས་ཐུབ་ཡོད་རེད། ལས་འགུལ་འདིས་ད་ལྟའི་བོད་མི་ཙམ་མ་ཟད་མ་འོངས་བའི་བོད་མི་ཚོ་ཆིག་སྒྲིལ་ཡོང་བར་ཤུགས་རྐྱེན་ཆེན་པོ་ཐེབས་སྲིད་པ་རེད།
རྩོམ་པ་པོ་ལགས། ལོ་གསར་འདི་རྒྱའི་ལོ་གསར་མིན་བཞིན་དུ་ཁྱོད་ཀྱིས་རྒྱའི་ལོ་གསར་ལ་མི་རོལ་ཟེར་བ་དེ་བདེ་མོ་ཞིག་མ་རེད། ཅི་ཞིག་ལ་ཟེར་ན་མི་མང་བོ་ཞིག་གིས་དེ་ཧོར་ཟླ་ཡིན་པ་མ་ཤེས་བར་མདོ་སྟོད་སྨད་གཉིས་ཀྱི་ལོ་གསར་དེ་རྒྱའི་ལོ་གསར་ཟེར་བཞིན་ཡོད་པས
རྒྱ་མི་ཡོངས་ཀྱིས་བརྩི་སྲུང་བྱེད་ཀྱི་ཡོད་པའི་དཔྱིད་གསར་དུས་ཆེན་ཟེར་བ་དེ་རྒྱའི་ལོ་གསར་མིན་ན་སུའི་ལོ་གསར་རེད། རྒྱ་མི་རྣམས་ཀྱིས་སྲུང་བརྩི་བྱེད་རྒྱུ་ཡིན་ན་རྒྱའི་ལོ་གསར་ལབ་ཀྱང་མི་འགྲིག་པ་ཞིག་གང་ན་ཡོད། སོག་པོའི་ལོ་གསར་ག་འདྲ་ཞིག་ཆགས་པ་རེད།
སེམས་ཁྲལ་མ་བྱེད། བོད་པ་རང་ལ་སྔ་མོ་ནས་བོད་ཀྱི་ཐུན་མོང་མ་ཡིན་པའི་ལོ་གསར་ཡོད། དེ་བོད་ཟླ་བཅུ་གཉིས་པའི་ཚེས་གཅིག་ལ་རེད། བོད་ཀྱི་གཙང་ཁུལ་སོགས་ས་ཁུལ་མང་པོ་ཞིག་ལ་ལོ་གསར་འདི་གཙོ་བོར་བྱེད། འདི་ལ་དབུས་པས་སོ་ནམ་ལོ་གསར་ཟེར།
ལོ་གསར་མང་ན་ལས་ཀ་མང་། །
ལོ་གསར་མང་ན་འགྲོ་སོང་མང། །
ལོ་གསར་མང་ན་རྙོགས་དྲ་མང་། །
ལོ་གསར་གཅིག་གིས་འགྲིག་པ་གྱིས། །
སྤྱི་ཟླ་༣པའི་༥ལ་འདི་ལོའི་བོད་ཀྱི་གནམ་ལོ་གསར་པ་ཤར།
ད་ལྟ་གཏོང་བཞིན་པའི་ལོ་གསར་འདི་རྒྱ་མིའི་ལོ་གསར་ཡིན་པ་འཛམ་གླིང་ན་ཡོངས་གྲགས་རེད་འདུག་ལ་འཛམ་གླིང་གི་དབུ་ཁྲིད་ཁག་གིས་རྒྱའི་ལོ་གསར་ལ་གཅིག་འཇུག་གཉིས་མཐུད་ཀྱིས་འཚམས་འདྲིའི་སྨོན་ཚིག་ཞུ་བཞིན་འདུག
བོད་ལོ་རྩིས་རྒྱབ་བོད་ཟླ་དང་པོའི་ཚེས་གཅིག་ལ་བོད་ཀྱི་ལོ་གསར་རེད་གཞན་ལབ་ལེན་ཡོད་པ་མ་རེད།
ཧོར་ཟླ་དང་བོད་ཟླ་དོན་གཅིག་རེད། ༡༩༥༩ སྔོན་ལ་ཧོར་ཟླ་ཟེར་བ་ལས་བོད་ཟླ་ཟེར་བའི་མིང་ཚིག་འདི་བྱུང་རེད། ལོ་ལྔ་བརྒྱའི་སྔོན་ནས་བཟུང་་བོད་ཀྱི་དཔེ་ཆ་ཡོད་ཚད་ནང་ཟླ་བ་ཚང་མའི་མིང་ལ་ཧོར་ཟླ་ཟེར་གི་ཡོད།
ཡིན་ཡང་མདོ་སྨད་ནས་ཟླ་བ་བཅུ་གཉིས་པའི་མིང་ལ་བོད་ལོ་ཟེར། ཟླ་བ་དང་པོའི་མིང་ལ་རྒྱ་ལོ་ཟེར་།
ངས་ཤེས་ཚོད་ལ་ཉི་མ་འདི་ནི་ཆེན་པོ་ཧོར་གྱི་བོད་མོ་ཉག་རྒྱལ་ཁབ་རྩ་བརླག་ཏུ་བཏང་སྟེ་ཧོར་ཆེན་པོའི་རྒྱལ་བཙུགས་པའི་རྒྱལ་སྟོན་དུས་ཆེན་གྱི་ཉིན་མོ་ཡིན་པར་བཤད། དེ་ལྟར་ཡིན་པ་བདེན་ཚེ་སྤྱི་ལོ་༡༢༠༩ ལོ་འདི་ཡིན་པ་ཡོད། འདི་ལོར་མི་ཉག་སོག་པོའམ་ཧོར་གྱིས་དབང་བསྒྱུར་བ་རེད། དཔྱད་གཏམ་སྤེལ་བར་རྒྱུ་ཆ་འཚོལ་རྒྱུ་ཧ་ཅང་གལ་ཆེ་ཤོས་དེ་རེད། འདིའི་སྐོར་ལ་ཕུན་ཚོགས་ཚེ་རིང་གི་བོད་ཀྱི་ལོ་རྒྱུས་དེར་ཁ་གསལ་ཙམ་བྲིས་ཡོད་བསམ།
ད་གཟུགས་པོ་ཁྲུ་བར་འགྲོ་གི་ཡིན།
བོད་ལ་ཐུན་མོང་གི་ལོ་གསར་ཞིག་མེད་སྟབས་ལྷ་སའི་ལོ་གསར་དེ་ལའང་་བོད་པའི་ལོ་གསར་ཟེར་ན་མི་འགྲིག་དབུས་གཙང་དང་མངའ་རིས་བར་ལ་ལོ་གསར་གྱི་ཉི་མ་མི་གཅིག་པ་དེ་ཚང་མའི་ཡིད་ལ་འཇགས་པར་འཚལ་ལོ།།
ལོ་གསར་བཟང་
སྔོན་མའི་ལོ་རྒྱུས་ཐོག་ལོ་གསར་གྱི་སྐོར་ངས་ཤེས་ཀྱི་མེད་ཀྱང ་དིང་སྐབས་ཨམ་མདོ་བ་རྣམས་ཀྱི་བྱེད་གཏང་ལ་ང་རང་ཤིན་ཏུ་དགའ་པོ་འདུག་ ཁོང་ཚོས་གང་བྱས་ཀྱང་བོད་མི་རིགས་དེ་གཅིག་འགྱུར་བྱེད་རྒྱུ་དང་ བོད་ཀྱི་རིགས་གནས་སྲུང་སྐྱོབ་བྱེད་རྒྱུའི་ཐད་ནུས་པ་ཡོད་ཚད་སྟོན་ཐུབ་ཀྱི་འདུག་ ད་དུང་ཁོང་ཚོས་གཏང་པའི་གཞས་དང་གཞས་ཚིག་ལ་ང་རང་ཧ་ཅང་དགའ་པོ་ཡོད་་ དིང་སྐབས་ཨམ་མདོའི་གཞས་ཚིག་མང་ཆེ་བ་ མདོངས་དམར་བོད་པ་དང་ བཙན་པོའི་གདུང་རྒྱུད་ ཕ་ཡུལ་གངས་ལཛྷྗོངས་ ཁམས་པའི་གཞས་ཚིག་མང་ཆེ་བ་ཨ་མ་དང་བླ་མ་རེད དབུས་པའི་གཞས་ཚིག་མང་ཆེ་བ་ཆང་དན་ཆུང་འགྲིག་རེད་
བོད་ཡུལ་ཆོལ་ཁ་གསུམ་གྱི་རྒྱལ་ཁབ་གཅིག་རེད། སྐད་ཡིག་གཅིག་རེད། ཆོས་ལུགས་གཅིག་རེད།
དེ་ནས་ཕར་སོང་ན། བུ་དང་བུ་མོ་སྐྱེས་དུས། ལོ་སྐྲ་བཞར་དུས། ལོ་གསར་སར་དུས། གཉེན་སྒྲིག་བྱེད་དུས། ཁྱིམ་ཐབ་འཛིན་དུས། གྱ་སྟོན་བྱེད་དུས། གསོན་ཆོས་བྱེད་དུས། ཤི་ཆོས་བྱེད་དུས། དུར་ལས་བྱེད་དུས་སོགས། མི་ཞིག་སྐྱེ་བ་དང་འཆི་བའི་དབར་གྱི་བརྒྱུད་རིམ་ཐམས་ཅད་དུ་བྱེད་སྟངས་ཁ་ཁ་སོ་སོ་རེད། གཅིག་མཐུན་ཞིག་མི་འདུག འདི་གཅིག་གྱུར་མ་བྱས་ཚེ་བོད་ལ་མཐུན་སྒྲིལ་མི་ཡོང་བ་རེད་དམ། བོད་ལ་མཐུན་སྒྲིལ་མེད་དོན་འདིས་རེད་དམ། ངས་བལྟས་ན་དེ་འདྲ་ཞིག་གཏན་ནས་མ་རེད། གནད་འགག་གཙོ་བོ་དེ་གཅིག་མགོ་གཅིག་གིས་མ་གནོན་ན་སྡོད་མི་ཐུབ་པ་དང་། འདྲ་མཉམ་དང་ཕན་ཚུན་བརྩི་བཀུར་གྱི་བསམ་པ་མེད་སོང་བས་མེད།
བོད་ཡུལ་ཆོལ་ཁ་གསུམ་གྱི་ཟ་མ་བཟོ་སྟངས། ཟ་མ་བཟའ་སྟངས། གོན་པ་གོན་སྟངས། “སྐད་ཆ་བཀོལ་སྤྱོད་སྟངས།” འདི་དག་ཚང་མར་མི་འདྲ་བའི་ཁྱད་པར་ཆེན་པོ་འདུག ད་འོ་ན་འདི་དག་ཐམས་ཅད་གཅིག་གྱུར་མ་བྱས་ན་ང་ཚོ་མཉམ་དུ་གནས་མི་ཐུབ་བམ། ང་ཚོ་འདི་དག་མ་འདྲ་བ་ལ་བརྟེན་ནས་ཁ་འཐོར་དགུ་འཐོར་དུ་བུད་སོང་བ་རེད་དམ། ངས་བལྟས་ན་དེ་འདྲ་ཞིག་གཏན་ནས་མ་རེད། སྲིད་དབང་སྒེར་གཅོད་ཀྱི་འདུས་ཤེས་ཆེ་དྲགས་ནས་ཡོད་ཚད་ཁ་ཤུགས་དབང་ཤུགས་ཀྱིས་གཅུན་འདོད་ཆེ་དྲགས་པ་དང་། བསམ་བློའི་ཐོག་གི་སྒེར་གཅོད་ཀྱི་ཧམ་སེམས་ཆེ་དྲགས་པས་རེད།
བོད་ཡུལ་ཆོལ་ཁ་གསུམ་པོ་ཤ་ཁྲག་གཅིག་ལས་ཆད་པ་རེད་དམ། མཐའ་ན་དབུས་དང་གཙང་གཉིས་ཀ་ཡང་གཅིག་འདྲ་ཞིག་ཨེ་རེད། ད་ཨོ་ན་ང་ཚོའི་རྒྱལ་ཁབ་གཞན་གྱིས་བཅོམ་སོང་བ་ང་ཚོའི་ཤ་ཁྲག་གཅིག་ཡིན་དང་མིན་གྱི་གནད་དོན་ཐོག་ནས་བྱུང་སོང་བ་རེད་དམ། ངས་བལྟས་ན་འདི་དག་ཡོད་ཚད་”མཛའ་མཐུན་མཉམ་གནས”་ཟེར་བ་ཇི་ལྟར་ཡོང་གི་ཡོད་མེད་མ་ཤེས་པར། ཁ་ཤུགས་དང་དབང་ཤུགས་ཀྱིས་གཅིག་གྱུར་བྱེད་འདོད་དང་། ཡོད་ཚད་འཕར་བ་རྗེས་ཐོག་འདེད་འདེད་བྱེད་དགོས་པར་འདོད་པའི་བློ་མིག་དོགས་པོ་དེ་ལ་བརྟེན་ནས་བྱུང་བར་འདོད།
ཚང་མ་ལེབ་ལེབ་བྱེ་ཐང་ལྟ་བུ་ཞིག་མིན་ན་གཅིག་གྱུར་མིན་པར་འདོད་པ་འདི་གདོད་མའི་མིའི་བསམ་བློ་གཏོང་སྟངས་ཤིག་རེད། ང་ཆེ་ང་བཙན་དང་། ང་ཡག་ང་གཙང་གི་འདུ་ཤེས་ལས་གཞན་མེད་ན་རྒྱལ་ཁབ་གཅིག་ཏུ་མ་ཟད། ཁྱིམ་ཚང་གཅིག་ཏུ་ཡིན་ན་ཡང་ཞི་འཇག་ཡོང་ཁག་པོ་རེད།
བོད་ཀྱི་ལུགས་གསར་རྙིང་གི་ལོ་ཐོ་གང་ཞིག་ཡིན་རུང་། ལོ་རྒྱུས་ཐོག་ནས་གཉིས་ཀ་རྒྱ་ནག་ནས་དར་བ་གཅིག་མཚུངས་རེད། ཡིན་ན་ཡང་། བོད་ལ་དར་ཚར་རྗེས་སུ་དེ་ལ་བོད་ཀྱ྄ིཁྱད་ཆོས་ཆེན་པོ་ལྡན་ཡོད། ལུགས་གསར་རྙིང་གཉིས་ཀར་ཟླ་ལྷག་འདོན་ལུགས་མ་འདྲ་བ་ཙམ་ལས་གཞན་ས་ག་ཟླ་བ་དང་། དགའ་ལྡན་ལྔ་མཆོད་སོགས་ཀུན་ལ་གཅིག་མཚུངས་སུ་ཡོད། ད་འོ་ན་དེ་ཡང་རྒྱའི་ལུགས་སྲོལ་རེད་དམ།
ས་གཤིས་ཀྱི་དབང་དུ་བཏང་ན་བོད་ཀྱི་ནམ་དུས་རྒྱ་ནག་དང་ཉེ་བ་ལས་རྒྱ་གར་དང་མི་འདྲ། དཔྱིད་ཀྱི་དྲོད་བབ་དུས་ཞིང་པས་ཞིང་ལས་རྨོ་འདེབས་ཀྱི་འགོ་འཛུགས་དགོས། རྒྱུ་མཚན་དེ་ལ་བརྟེན་ནས་ཀོང་པོ་དང་མདོ་ཁམས་ཀྱི་ལོ་གསར་སྔོན་ལ་གཏོང་གི་རེད།
མི་གྲངས་ས་ཡ་གསུམ་བཞི་ཙམ་གྱི་འཚོ་བའི་གོམས་སྲོལ་དེ་སྐད་ཆ་ཚིག་ཁ་ཤས་ཀྱིས་ཐག་ཆོད་པ་མ་རེད། གལ་སྲིད་དེ་འདྲ་ཞིག་ཡིན་པའི་དབང་དུ་བཏང་རུང་དེ་ཐག་གིས་གཅོད་མཁན་གོམས་སྲོལ་དེར་འཚོ་གནས་བྱེད་ཀྱིན་པའི་མི་མང་གིས་རང་གི་འཚོ་བའི་དགོས་མཁོ་ལ་བརྟེན་ནས་ཐག་གིས་གཅོད་དགོས་པ་ཞིག་རེད་འདོད།
གང་ལྟར། ངས་ཨེ་ཤི་ཡའི་ལོ་གསར་ལ་བཀྲ་ཤིས་བདེ་ལེགས་ཡོད། ཕ་ཡུལ་བོད་ལ་ལོ་ཕྱུགས་ལེགས་ཤིང་སྣོད་བཅུད་ཀུན་ལ་བཀྲ་ཤིས་པའི་སྨོན་ལམ་ཞུ་རྒྱུ་ཡིན།
ཧོར་ཟླ་དང་བོད་ཟླ་དོན་གཅིག་རེད། ༡༩༥༩ སྔོན་ལ་ཧོར་ཟླ་ཟེར་བ་ལས་བོད་ཟླ་ཟེར་བའི་མིང་ཚིག་འདི་བྱུང་མེད། ལོ་ལྔ་བརྒྱའི་སྔོན་ནས་བཟུང་་བོད་ཀྱི་དཔེ་ཆ་ཡོད་ཚད་ནང་ཟླ་བ་ཚང་མའི་མིང་ལ་ཧོར་ཟླ་ཟེར་གི་འདུག
འདྲེ་རིག་ལྡན་པས།
བོད་ཀྱི་ལུགས་གསར་རྙིང་གི་ལོ་ཐོ་གང་ཞིག་ཡིན་རུང་། ལོ་རྒྱུས་ཐོག་ནས་གཉིས་ཀ་རྒྱ་ནག་ནས་དར་བ་གཅིག་མཚུངས་རེད། ཟེར་བའི་བདེན་རྟགས་ག་རེ་ཡོད། དུས་འཁོར་ལུགས་རྒྱ་ནག་ལ་འབྲེལ་བ་ཡོད་དམ།
མ་རྩོམ་གྱི་རྩོམ་པ་པོ་དང་ཀར་དགེ་ལགས་ཀྱིས་བརྗོད་པ་ལྟར་ན་བོད་ཀྱི་ལོ་གསར་དེ་ཧོར་ཟླ་གཉིས་པའི་ནང་ཙམ་འཁེལ་གྱི་ཡོད་པ་འདྲ་ཞིག་དང་། ལྷག་བསམ་གྱིས་བརྗོད་པ་ལྟར་ན་ཧོར་ཟླ་བཅུ་གཉིས་པ་ལ་འཁེལ་གྱི་ཡོད་པར་གསུངས་སོང་བས། བོད་ཀྱི་ལོ་གསར་ཐུན་མོང་མ་ཡིན་པ་ངོས་འཛིན་རྒྱུ་རྙོགས་དྲགས་ཆགས་སོང་། གང་ལྟར་གཉིས་ཀ་ལ་ཁུངས་ལུང་རྒྱུ་མཚན་རེ་བཤོད་རྒྱུ་ཡོད་སྲིད་པས་དེ་ཙམ་གྱིས་རྫོགས་ཚིག་མ་རྒྱག་པར་མུ་མཐུད་ནས་བཤད་རོགས་ཞུ།
ཧོར་ཟླ་དང་པོ་འདི་ཉིད་ལ་ལོ་གསར་བརྩི་སྲོལ་དེ་ག་དུས་ནས་འགོ་ཚུགས་ཡོད་མེད་མི་ཤེས་ཀྱང་། ང་རང་ཚོ་ནང་པའི་རྩིས་གཞུང་རྣམས་སུ་ལོ་གསར་བརྩི་སྟངས་མང་དག་ཅིག་ཡོད་པའི་ནང་གི་གཅིག་རེད་བསམ་གྱི་ཡོད། དེ་ཡང་དུས་འཁོར་བས་ཧོར་ཟླ་གསུམ་པའི་ཚེས་༡༥ ལ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་དུས་འཁོར་གྱི་ཆོས་ཀྱི་འཁོར་ལོ་བསྐོར་བར་འདོད་དེ་ཟླ་འདི་ལོ་འགོ་རུ་ངོས་འཛིན་པ་དང་། འབྱུང་རྩིས་པས་ཧོར་ཟླ་༡༡ པའི་ཚེས་༡༥ ལ་རྗེ་བཙུན་འཇམ་དཔལ་དབྱངས་ཀྱིས་འབྱུང་རྩིས་ཀྱི་ཆོས་ཀྱི་འཁོར་ལོ་བསྐོར་བར་འདོད་དེ་ཟླ་འདི་ལོ་འགོ་རུ་འཛིན་གྱི་ཡོད་པའི་བཤད་ཚུལ་ཞིག་ཡོད་པར་གོ་ཐོས་བྱུང་ཡང་། གཞུང་དེ་དག་དངོས་སུ་ནི་མཇལ་མ་མྱོང་བས་བདེན་རྫུན་ཇི་ཡིན་མི་ཤེས།
དེ་ནང་བཞིན་ཧིན་དུ་སོགས་ཀྱི་ལོ་གསར་ཡང་ཕལ་ཆེར་དུས་ཆེན་ཡིན་འདུག་པས་ཧོར་ཟླ་དང་པོར་ལོ་གསར་བརྩི་སྟངས་དེ་ཡང་སྔར་ནས་ཡོད་པའི་ནང་པ་སངས་རྒྱས་པའི་རྩིས་སྟངས་ཤིག་ཡིན་ཤས་ཆེ་སྙམ། དེ་ཡང་ཧོར་ཟླ་དང་པོ་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་མུ་སྟེགས་ཀྱི་སྟོན་པ་དྲུག་བཏུལ་བའི་དུས་ཆེན་ཡིན་པར་བརྩི་གི་ཡོད་ལ། དེ་ཡང་ཚེས་པ་བཅོ་ལྔ་ཙམ་མིན་པར་ཚེས་པ་༡་ནས་༡༥ འི་བར་མུ་སྟེགས་ཀྱི་སྟོན་པ་དྲུག་རིམ་པར་བཏུལ་བའི་དུས་ཆེན་ཡིན་པར་བརྩི་གི་ཡོད་པ་ལ་བརྟེན་ནས། དུས་ཆེན་འདི་ནི་ནང་པ་སངས་རྒྱས་པའི་དུས་ཆེན་རྣམས་ཀྱི་ནང་ནས་དུས་ཆེན་ཆེ་གྲས་ཤིག་དང་། དེ་ཡང་ཚེས་པ་གཅིག་ནས་འཁེལ་བས་སྔར་ནས་ལོ་གསར་ལྟ་བུ་ཞིག་ཏུ་བརྩི་ཡོད་མེད་གྲོ་བསམ་གྱི་འདུག
མ་ཟད་ལོ་ཐོ་འགའ་ཞིག་ཏུ་ཧོར་ཟླ་དང་པོ་དེ་འདུལ་བའི་ལུགས་ཀྱི་ལོ་འགོ་ཞེས་བཀོད་འདུག་པ་ལྟ་བུ་ཞིག་དྲན་གྱི་འདུག་ཀྱང་ད་རེས་ང་ལ་ལོ་ཐོ་མེད་པས་ལྟ་རྒྱུ་མ་བྱུང་བས་དྲ་གྲོགས་རྣམ་པས་གཟིགས་ནས་འདིར་དགོད་རྒྱུ་འབྱུང་ན་ལོ་གསར་གྱི་སྐོར་ཤེས་འདོད་ཡོད་མཁན་རྣམས་ལ་སྨན་རླབས་ཆེ་བར་སེམས།
གང་ལྟར་བོད་ཀྱི་ལོ་གསར་ག་དུས་ཡིན་རུང་ལོ་གསར་དེ་དག་ཐམས་ཅད་དུས་ཆེན་དང་དུས་བཟང་ཉག་ཅིག་ལས་མ་འདས་པས། ང་རང་ཚོས་ལོ་གསར་གཏོང་གི་ཡོད་ཅེས་བག་མེད་གུ་ཡངས་ཀྱི་ཐོག་ནས་ཤ་ཆང་ཤོ་སྦག་སོགས་ལ་རོལ་བཞིན་པ་ནི་འོས་འཚམས་ལྡན་པ་མ་མཐོང་ཞིང་། བོད་ཀྱི་སྔར་ཁྱུན་ལ་ཡང་དེ་ལས་ལྡོག་སྟེ་ལྷ་དང་བླ་མ་དཀོན་མཆོག་གསུམ་ལ་མཆོད་བསྟོད་ཕུལ་བ་དང་། གསུང་རབས་སྒྲོག་པ་སོགས་ཀྱིས་ཚོགས་གསོག་དགེ་སྒྲུབ་ལ་བརྩོན་གྱི་ཡོད་ཚོད་འདུག་པས་དྲ་གྲོགས་རྣམ་པས་དེའི་སྐོར་གང་ཙམ་གསུངས་གནང་རོགས་ཞུ་བ་ལགས།
ད་ལྟ་ང་ཚོས་ལོ་གསར་ཧོར་ཟླ་དང་པོ་ལ་བྱེད་པ་དེ་ནི་ཆེན་པོ་ཧོར་གྱིས་བོད་བཙན་བཟུང་བྱས་པ་ནས་བྱུང་བ་རེད།
བོད་ཀྱི་ལོ་གསར་ངོ་མ་ནི་ད་ལྟ་ཧི་མ་ལ་ཡའི་མི་རིགས་དང་བོད་སྟོད་མངའ་རིས་ལས་སོགས་ཀྱིས་གཏོང་པའི་ཧོར་ཟླ་བཅུ་གཉིས་པ་དེ་རེད་སྙམས།
དེ་ལའང་བཤད་ཙུལ་མང་པོ་ཞིག་མཆིས།
ཆོས་ལུགས་ཀྱིས་ཤོད་ཚུལ།
ཞིང་པས་ཤོད་ཚུལ་ལས་སོགས་མང་པོ་ཡོད་འདུག
འདི་ནི་རྒྱ་ཡི་ལོ་གསར་གང་ཡང་མ་རེད།
མང་ཁ་རུབ་པ་ལས་བརྟེན་ནས་བྱུང་བ་རེད།
སྤྱི་ལོོ་༡༢༢༧ཏེ་བོད་རབ་བྱུང་བཞི་པའི་མེ་ཕག་ལོར་ཧོར་ཇིང་གེར་རྒྱལ་པོས་མི་ཉག་ཡུལ་བཟུང་བས་བོད་ཟླ་དང་པོའི་ཚེས་གཅིག་ཉིན་ལོ་གསར་གཏོང་སྲོལ་ཆགས་ཤིང་རྒྱལ་པོ་ལོ་གསརཞེས་སུ་གྲགས་པའིསྲོལ་དར་བ་བོད་ལོ་རྒྱུས་རྣམས་སུ་གསལ། སྤྱིར་བོད་ཀྱི་ལོ་གསར་ནི་སྤྱི་ལོའི་སྔོན་གྱི་ལོ་བརྒྱ་ལྷག་ཙམ་གྱི་གོང་གི་བོད་རྒྱལ་དགུ་པ་པུ་དེ་གུང་རྒྱལ་གྱི་སྐབས་སུ་ཐོག་མར་གཏོང་མགོ་བཙུགས་པར་གྲགས། ད་ལྟ་ང་ཚོས་ཧོར་ཟླ་ཧོར་ཟླ་ཞེས་ཟེར་བ་དེ་བོད་ཟླ་རང་ལ་གོ་དགོས་པ་༧རྒྱལ་མཆོག་ལྔ་པ་ཆེན་པོས་མཛད་པའི་རྩིས་དཀར་ནག་དྲིས་ལན་ཉིན་བྱེད་དབང་པོའི་སྣང་བ་ལས་གསུངས་པ་བོད་ཀྱི་མཁས་པ་རྣམས་ཀྱིས་ལུང་འདྲེན་བྱས་དང་བྱེད་མུས་ཡིན་པ་དེ་རང་ཡིན་ནོ།
འདྲེ་རིག་ལྡན་ལགས་ དེ་ནི་མང་ཚོགས་ཀྱི་ལས་འགུལ་ཞིག་ཡིན་པ་ལས་སྲིད་དབང་སྒེར་གཅོདབྱེད་མཁན་་སུ་ཡང་མེད་ རགྷྒྱ་མིའི་ལོ་གསར་ལ་བཀྲིས་བདེ་ལེགས་ཞུ་ ཁྱེད་རང་ཅའོ་ཙེ་སྤྲོ་པོ་ཡོང་བའི་ཆེད་དུ་ཡིན་
བོད་ཟླ་བཅུ་གཉིས་པའི་ཚེས་༡་ལ་སོ་ནམ་ལོ་གསར་ཟེར་བཞིན་གཙང་ཁུལ་དུ་གཏོང་སྲོལ་ཡོད།
འདི་ནི་རྒྱ་མི་གཅིག་པས་ལོ་གསར་མ་རེད། མིང་དེ་འདྲ་ཐོག་པ་ནི་ད་ལྟ་རྒྱ་མི་སྟོབས་ཤུགས་ཆེ་བས་རེད། ཤར་གླིང་གི་རྒྱལ་ཁབ་མང་པོས་ལོ་གསར་འདི་ལ་བྱེད་ཀྱིན་ཡོད་པ་རེད། ཁ་ཤས་ཀྱིས་གཅིག་གྱུར་ཡོང་གི་མ་རེད་ཟེར། གཅིག་གྱུར་མ་ཡོང་ན་མཐུན་འབྲེལ་མི་ཡོང་། གཅིག་གྱུར་མེད་ཟེར་བ་དེ་ཟ་མ་མ་འདྲ་བ་དང་། གྱོན་པ་མ་འདྲ་བ་དེ་འདྲ་ཞིག་ལ་གསུངས་ཀྱིན་ཡོད་པ་མ་རེད། རྒྱལ་ཁབ་གཅིག་ལ་ལོ་གསར་གཅིག་ལས་ཡོད་པ་མ་རེད། དེ་གཅིག་གྱུར་ཡོང་བ་ལ་རེ་བ་ཆེན་པོ་ཡོད། དེ་ནི་རྒྱལ་ཁབ་གཅིག་ལ་མཚོན་ན་གལ་ཆེ་བའི་དུས་ཆེན་ཞིག་རེད། མདོ་སྨད་མཚོ་སྔོན་ཕྱོགས་ནས་ལོ་གསར་གཅིག་གྱུར་ལ་རོལ་རྩིས་བྱེད་པ་ནི་དངོས་གནས་གཅིག་གྱུར་དང་མཐུན་འབྲེལ་ཡོང་བས་རྒྱུ་རྐྱེན་གཙོ་བོ་ཞིག་རེད། ཐུགས་རྗེ་ཆེ་ཞུ་རྒྱུ།
ཡུལ་ལུང་སོ་སོར་ལོ་གསར་གཏོང་སྲོལ་མི་འདྲ་རེ་ཡོད་ནི་རེད། དུས་ཚིགས་ཀྱི་དབང་གིས་ཡིན་པ་ལས་གཞན་སུ་གང་གིས་བཟོས་པ་མ་རེད། ལོ་གསར་ཟེར་ན་འདྲ་་་དུས་མཚམས་ཀྱི་ངལ་གསོ་ཟེར་ན་འདྲ་་་་་གནའ་ནས་ད་བར་དུ་འདི་འདྲ་བྱས་ནས་ཡོང་བསྡད་པ་ཞིག་རེད་་་་་ད་རྣམ་པ་ཚོས་ཆང་རེ་འཐུང་ཞོར་གླུ་རེ་ལོངས་ར་དེས་སྐྱིད་ཀི་མོད།
ངའི་ལག་གི་མཆོད་ཆང་དཀར་བོ་འདི། །
དང་བོ་དཀོན་མཆོག་གསུམ་ལ་མཆོད། །
གཉིས་པ་གྲོགས་དང་ཕ་མར་མཆོད། །
གསུམ་པ་ང་རས་འཐུང་རྒྱུ་ཡིན། །
ངའི་ལག་གི་མཆོད་ཆང་དཀར་བོ་འདི། །
སྨད་རྒྱ་ནག་ཡུལ་ནས་ཡོང་ནི་མིན། །
སྟོད་རྒྱ་གར་ཕྱོགས་ནས་ཉོས་ནི་མིན། །
ངའི་ཕ་ཡུལ་ནས་ཆུང་ངོ་མ་ཡིན། །
ཁྱེད་སྤུན་ཟླ་རྣམ་པས་དར་མོར་བཞེས། །
ངའི་ཕ་ཡུལ་ནས་ཆང་དཀར་བོ་འདི། །
འཐུང་ཤེས་ན་དགའ་སྐྱིད་སྦྲོ་གསུམ་ཡོང་། །
འཐུང་མ་ཤེས་སྨྱོན་པར་འདྲ་གྱུར་བས། །
རྗེས་གནས་ཚུལ་འདྲ་ཞིག་ལྷག་སོང་ན། །
ང་རྩམ་དགའི་མགོ་ལ་གཡུག་མི་ཉན། །
ད་མཆོད་ཅིག་་་་་
འདི་ན་ལོ་སར་སྐོར་ཐ་རེ་ཐོ་རེ་གླེང་གིན་ཡོད་པ་ལས་བོད་སྤྱི་བའི་ལོ་སར་ཞིག་ལ་བསམ་བློ་གཏོང་གིན་མེད་པ་དེ་ཅི་རེད།
དྲ་གྲོགས་འབྲོང་བུ་ཟླ་ཚེས་ལགས་ཀྱིས་ཡག་པོ་བྲིས་འདུག
ཁོང་གི་ལྷག་བསམ་དང་ཀུན་སློང་ལ་རྒྱབ་སྐྱོར་ཡོད།
དྲ་གྲོགས་མང་པོ་ཞིག་གི་ལོ་གསར་དང་ལོ་གསར་གྱི་བར་འཁྲུགས་ཡོང་གི་འདུག
གཙང་དང་སྟོད་ཁུལ་ལ་གཏོང་སྲོལ་ཡོད་པའི་སོ་ནམ་ལོ་གསར་དེ་དང་རྒྱ་དང་ཧོར་གྱི་ལོ་གསར་དེ་གཉིས་ཐ་དད་རེད།ལོ་ལྟར་དེ་གཉིས་མཚམས་རེ་དུས་ཚོད་གཅིག་པ་དང།་མཚམས་རེ་ཉིན་གཅིག་གཉིས་ཀྱི་ཁྱད་པར་ཡོང་གི་འདུག
གཞན་ཡང་དྲ་གྲོགས་ཤར་ཕྱོགས་ཁུག་རྟ་དང
གཅན་བཟོད་རྒྱམ།
ལྷག་བསམ།
འདྲེ་རིག་ལྡན།
འོད་ཡུག་སོགས་དྲ་གྲོགས་ཚང་མར་བསམ་ཚུལ་བརྗོད་པར་ཡི་རངས་ཡོད།
མེ་ཏོག་དཀར་པོ་དང་ས་སྟོད་བུ་ནས་དགོངས་ཚུལ་ཡག་པོ་གསུངས་འདུག འདྲེ་རིག་ལྡན་ཡིན་ན་འདིས་འདྲེ་སྐད་རྒྱག་གི་འདུག ཧ་ཧ་ཧ
ཨོ་རེད། ཡང་ད་ངས་དྲི་བ་གཅིག་འདྲི་གི་ཡིན། སོག་པོ་ཇིང་གེ་སི་ཁང་གིས་བོད་མི་ཉག་བཟུང་བ་ལས་བོད་བཟུང་པ་ཨེ་ཡིན་ནམ་སྙམ། གཉིས་ནས་ལོ་ཚིགས་དེ་ཇིང་གར་རྒྱལ་པོ་འདས་ལོ་དང་མི་ཉག་བཟུང་བའི་ལོ་གོང་དུ་བདག་གིས་བཀོད་པ་བཞིན་༡༢༠༩ ཡིན་ནམ་སྙམ། གསལ་བོ་མེད། གལ་སྲིད་གོང་གི་ལོ་ཚིགས་༡༢༢༧ ལོ་ཡིན་ན། ལོ་ཚིགས་དེ་མི་ཉག་བཟུང་བའི་ལོ་ཚིགས་ཡིན་ནམ། ཡང་ན་བོད་བཟུང་ཟེར་བའི་ལོ་ཚིགས་ཡིན། ཁ་གསལ་ཙམ་གསུང་རོགས། ད་དེང་སྐབས་གྷོ་བ་ན་ཡོད་ནས་ཡིག་རིགས་ལ་ལྟ་ས་ཅི་ཡང་མེད་པས་ཁ་གསལ་གྱི་ལན་ཞིག་གནང་རོགས།
མདོ་སྨད་གཅན་ཚའི་ཡུལ་ནས་ལོ་ངོ་བརྒྱ་ཕྲག་ཁ་ཤས་རིང་རོལ་མྱོང་བའི་རྒྱ་ལོའི་ལོ་གསར་འདི་སྤངས་ཏེ། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་། ༧གོང་ས་མཆོག་གིས་དབུ་ཁྲིད་པའི་བོད་གཞུང་དམངས་ཡོངས་ཀྱིས་རོལ་བཞིན་པའི་བོད་ལུགས་ལོ་གསར་འདི་རོལ་རྒྱུའི་དམ་བཅའ་བྱས་པ་འདི་ལ་རྗེས་སུ་ཡི་རང་དང་། བསྟོད་བསྔགས་བྱེད་ཡུལ་ཞིག་རེད་བསམ། །
༡ ང་ཚོ་བོད་རིགས་ཤིག་ཡིན་པའི་ཆ་ནས་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ནམ་ཞིག་ན་ལོ་གསར་རོལ་བཞིན་ཡོད་ན་དེ་དུས་ང་ཚོས་ལོ་གསར་གཏོང་རྒྱུ་ཡིན་ཞེས་བསམ་པ་རྣམ་དག་མཚོན་པ་དང་།
༢ རྒྱ་མི་རིགས་མཉམ་དུ་སྡོད་འདོད་མེད་ལ། རྒྱ་མི་རིགས་ཀྱིས་རོལ་བཞིན་པའི་ལོ་གསར་དགའ་སྟོན་འདི་ཡང་རྒྱ་མི་རིགས་མཉམ་དུ་གཏོང་འདོད་མེད་པའི་རྣམ་འགྱུར་བསྟན་པ།
༣ ང་ཚོ་བོད་ཆོལ་ཁ་གསུམ་གྱི་མི་མང་རྣམས་རྡོག་རྩ་གཅིག་སྒྲིལ་ཡིན་ལ། ནམ་ཞིག་ན་ང་ཚོ་ཁ་བ་གངས་ཅན་ལྗོངས་སུ་རང་དབང་གི་ཉི་མ་ཤར་བའི་དུས། ལོ་གསར་གྱི་དུས་སྟོན་མཉམ་དུ་རོལ་བ་ལ་སོགས་པའི་དུས་སྟོན་ཁག་མཉམ་དུ་རོལ་ཐུབ་རྒྱུའི་སྔ་བལྟས་ཀྱི་རྟེནའབྲེལ་བཟང་པོ་ཤིག་ཀྱང་ཡིན་པས་དགའ་འོས་པའི་གཏམ་བཟང་ཤིག་རེད། གཞིས་ལུས་དཔའ་བོ་དཔའ་མོ་རྣམས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།།
༼གཡང་ཁྱིམ་ཚང་གི་ལོ་སར༽ ཟེར་བ་ཞིག་མར་ནང་ངམ་གཙན་ཚ་ནས་བསྡུས་ཏེ་མཚོ་སྔོན་བརྙན་འཕྲིན་ཁང་གིས་སྟོན་བཞིན་པ་དེ། ཧོར་ལུགས་འདི་ཚོགས་ནི་ཡིན་རྒྱུ་མ་ར། གླུ་བ་གླུ་མ་སྐད་གྲགས་ཅན་མང་པོ་འདུག ལུ་གུ་རྒྱལ་དང་རིན་ཁོ་དེ་ཚོའི་གྲས་ཚང་མ་མགྲོན་འབོད་གནང་འདུག
xxxxxxxxxxxxxxxxx
གླེ་ཆེན་ནམ་གླས་ཆེན་གྱི་མི་ཚོས་ཁང་ཚོར་འབྲོང་དང་ཤ་འབྲོང་སྦྱར་སྲོལ་འདུག ཟླ་བ་ཚེ་རིང་གིས་ཀྱང་དེ་ཌྷྟར་དུ་རང་གི་མིང་ངོ་མ་དེའི་མཛུན་དུ་འབྲོང་བུ་ཟླ་བ་ཚེ་རིང་ཞེས་བྲིས་འདུག་པ་སྐྱོན་མེད་དུ་མཐོང་། འདི་སྡེ་བ་ཞིག་གི་མིང་དང་འབྲེལ་བ་ལས་ཚེ་རིང་རྡོ་རྗེ་ཡི་མིང་དང་འབྲེལ་བ་ཆེར་མི་འདུག་སྙམ། དཔེར་ན་གཅན་མེ་སྟག་དང་གཅན་བཟོད་རྒྱམ་ལྟ་བུ་གཅིག་པ་རེད་སྙམ། འགྲིག་མི་འདུག་ན་དགོངས་འགེལ་མེད་པར་ཞུ་བསིལ་རླུང་ལགས།
ང་ཚོས་སོག་པའི་ལོ་གསར་ཡིན་དང་རྒྱའི་ལོ་གསར་ཡིན་རྩོད་པ་རྒྱག་དགོས་པ་མི་འདུག་་་་་གལ་ཆེ་ཤོས་ནི་ཁོང་ཚོའི་ལས་འགུལ་ལ་ལྷག་བསམ་རྣམ་དག་གིས་རྒྱབ་སྐྱོར་བྱེད་དགོས་པ་དེ་རེད།ལོ་གསར་དེ་ཧོར་རྩིས་དང་འབྲེལ་བ་ཡོད་པ་དངོས་འབྲེལ་ཡིན་ཡང་།དེ་རྒྱའི་春节ཟེར་བ་དང་མཉམ་དུ་འཁེལ་གྱི་ཡོད་སྟབས་ཕྱི་ཚུལ་གྱི་ཐད་ནས་དེ་འདྲ་མིག་ལ་མཛེས་པ་ཞིག་མ་རེད།
ངང་རོང་དགོན་པ་དང་། ཀོའུ་བ་དགོན་པ། གསང་སྒྲོག་དགོན་པ། མགུར་དགོན་པ། ལ་མོ་བདེ་ཆེན་དགོན་པ་སོགས་གཙོ་བྱས་མདོ་སྨད་གཅན་ཚ་རྫོང་གི་མི་མང་བྱིངས་རྣམས་ཀྱིས་རྒྱའི་ལོ་གསར་ལ་མི་རོལ་རྒྱུའི་ཐག་གཅོད་གནང་བ་དང་གཅིག རྕིས་མགོ་དུས་ཀྱི་འཁོར་ལོའི་ལུགས་ལ་བསྟུན་ནས་སངས་རྒྱས་ཀྱི་དུས་ཆེན་ཁག་འཁྲུལ་མེད་ཁུངས་དག་བྱས་པ་དང་གཉིས། ཆོས་སྲིད་གཉིས་ཐད་ནས་བོད་སྤྱིའི་གཅིག་གྱུར་མཐུན་སྒྲིལ་ལ་མཐུན་འགྱུར་ཕན་རླབས་ཆེན་པོ་འབྱུང་ངེས་པ་དང་གསུམ་སོགས་དགེ་མཚན་མང་ལྡན་གྱི་མཛད་རིམ་ལ། རྟེན་འབྲེལ་བཀྲིས་བདེ་ལེགས་དང་བཅས་མདོ་སྨད་གཅན་ཚའི་སེར་སྐྱ་མི་མང་ཚང་མར་ཐུགས་རྗེ་ཆེ་ཞུ། ང་ཚོ་རེབ་གོང་བས་ཀྱང་ལོ་མང་སྔོན་ནས་བོད་ལོ་སར་རྒྱུའི་གླེང་སློང་བྱས་པར་མ་ཟད། ན་གཞོན་ཤེས་ཡོན་ཅན་མང་པོས་སྣེ་ཁྲིད་པའི་རྒན་དར་གཞོན་གསུམ་གྱི་ཚོགས་སྡེ་མང་པོས་བོད་ལོ་སར་བའི་ལས་རིམ་ཆེན་པོ་ཞིག་འགྲོ་བཞིན་ཡོད་པ་ལ་ལོ་ངོ་བཅུ་ཕྲག་གི་ལོ་རྒྱུས་ཡོད་ནའང་། བོད་ཆོས་ལྡན་གྱི་ཞིང་ས་ཡིན་སྟབས་སངས་རྒྱས་ཀྱི་དུས་ཆེན་ཁག་འཁྲུལ་མེད་སྲུང་བརྩི་ཞུ་ཆེད་དང་། འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོས་བཙུགས་པའི་ཆོ་འཕྲུལ་སྨོན་ལམ་ཆེ་མོའི་དུས་ཚེས་དེ་སེ་འབྲས་དགེ་གསུམ་ལ་གཅིག་གྱུར་ཡོངས་གལ་ཆེ་བ་ལྟར། འབྲེལ་ཡོད་དགོན་སྡེ་དང་བླ་མ་དགེ་བཤེས་ཚོས་ཐུགས་བསམ་བཞེས་དགོས་ངེས་ཤིག་ཡིན། དེ་མིན་རྒྱ་ཆེ་བའི་ཆོས་དད་མང་ཚོགས་ལ་དུས་ཆེན་རྫུན་མ་བཟོས་པ་ཡིན་ཞིང་། སྦྱིན་བདག་གི་མཆོད་རྫས་བསྙེན་བཀུར་ཡང་དུས་ཆེན་ངོ་མར་མ་ཐེམས་པ་དང་། མགོ་སྐོར་ཐེབས་ཡོད་པ་གསལ་བོ་ཡིན་ན། རོང་པོ་དགོན་ཆེན་དང་། སྒྲུབ་སྡེ་ཚོས་ཐུགས་བསམ་བཞེས་རན་པས་མ་ཚད་འཕྱིས་གདའ། ངོ་ཚ་བ་ལ། ལྐུགས་པ་ལ། རྒྱ་ལོའི་སྨོན་ལམ་ལ་རེབ་གོང་ང་ཤོག་ཅེས་ཟེར་བ་ལ་ཉོན་དང་། རེབ་གོང་བ་རྒྱ་ཡིན་ནམ། བོད་ཡིན་ན་བོད་ཀྱི་ལོ་མི་སར་བའི་དོན་ཅི། རྒྱ་དགའ་ཡིན་ཟེར་རམ། རྒྱའི་ལུགས་ལ་ཆོ་འཕྲུལ་སྨོན་ལམ་ཞིག་གང་ན་ཡོད་དམ། ཧོར་ལུགས་དང་ཧོར་ཟླ་ཟེར་བ་རྣམས་ཧོར་གོང་མ་ལ་ཞེན་ཕྱོགས་ཤིག་ཡིན་ནའང་། ཧོར་རྩིས་ཀྱང་མཐར་གཏུགས་ན་རྒྱ་རྩིས་ལས་གཞན་ཞིག་མིན་པ་འདྲ། ལྷག་པར་ཧོར་ཟླ་ཟེར་བ་ཕལ་ཆེ་བ་བོད་ཟླར་གོ་བ་ཡོངས་སུ་གྲགས་ནའང་། ཛ་སག ཐིས་ཇུ་ལ་སོགས་པའི་ཐ་སྙད་ལྟར་ཤིན་ཏུ་མི་འཚམ་པའི་ཐ་སྙད་ཀྱི་རིགས་ཁ་ལུད་ལྟར་འདོར་དགོས་པའི་གྲས་ཡིན་ནོ། །འདི་ཙམ་ཡང་མ་ཤེས་པར་སངས་རྒྱས་ཀྱི་དུས་ཆེན་ནོར། བོད་སྤྱིའི་ལོ་མི་སར། བསྟན་སྲིད་ལ་ཐུགས་བསམ་མི་བཞེས་ཚེ། བླ་མ་ཡིན་རུང་། དཔོན་པོ་ཡིན་རུང་། དགེ་བཤེས་ཡིན་རུང་། ལྐུགས་པ་ཡིན་ནོ།། བླུན་པོ་ཡིན་ནོ།། རྗེས་ལུས་ཡིན་ནོ།། ཆོས་མ་ཤེས་སོ།། སྲིད་ཀྱང་མ་མཁྱེན་ནོ།། བསམ་ཞིང་བསམ་ཞིང་སླར་ཡང་མདོ་སྨད་གཅན་ཚའི་སེར་སྐྱ་མི་མང་ཚང་མར་ཐུགས་རྗེ་ཆེ་ཞུའོ། །
ངོ་མ་གཅན་ཚའི་ཡུལ་དགོན་གྱིས་གནང་བ་ཕྱོགས་ཡོངས་ནས་འགྲིག་འདུག བསྔགས་བརྗོད་ཡོད། ལས་གཞི་རྒྱ་ཆེ་བས་ཚང་མས་དུས་གཅིག་ལ་སྒྲུབ་དཀའ་ནི་རེད། རིམ་པས་ཚང་མ་གཅིག་འགྱུར་བྱ་དགོས།
དྲ་གྲོགས་རྣམ་པས་དགོངས་ཚུལ་མང་པོ་གསུངས་འདུག ཡག་སྡུག་གི་ཕྱོགས་གཉིས་ནས་གསུངས་འདུག ཚང་མར་རྗེས་སུ་ཡི་རངས་ཡོད། བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། བསམ་ཚུལ་ཁ་ཤས་ཤིག་ཞུ་རྒྱུ་ཡིན།
༡༽ ཧོར་ཟླ་དང་བོད་ཟླ་གཅིག་ཡིན་པར་གསུངས་མཁན་འདུག འདིར་ད་དུང་དཔྱད་དགོས་ཀྱི་འདུག འདི་འདྲ་ཞིག་ཡིན་ན་ཧོར་ཟླའི་ལོ་གསར་དང་བོད་ཀྱི་ལོ་གསར་གཉིས་ཀྱི་བར་ན་ཟླ་ངོ་གཅིག་ལྷག་ཙམ་གྱིས་བར་ཆད་ཡོད་དགོས་དོན་མི་འདུག
༢༽ ༼རྒྱ་ལོའི་ལོ་གསར་༽ཞེས་པའི་རྒྱ་ནག་གི་དཔྱིད་དཔལ་བསུ་བའི་དུས་སྟོན་འདི་མིག་ཡོད་ཚད་ཀུན་གྱིས་མཐོང་ཚད་དང་རྣ་ཡོད་པ་ཀུན་གྱིས་གོ་ཚད་ན་འཛམ་གླིང་ཀུན་ཏུ་གྲགས་ཀྱིན་པ་ཤེས་བཞིན་དུ་འདི་རྒྱའི་ལོ་གསར་མ་རེད་ལབ་ན་མི་འགྲིག་གི
༣༽ གཅན་ཚའི་དགོན་པ་ཁག་གིས་གཙོ་བྱས་ནས་ལོ་ཐོ་བོད་ཀྱི་རྩིས་གཞུང་ལ་གཏུགས་པ་འདིས། བོད་ཀྱི་ལོ་གསར་ཙམ་མིན་པར། ནང་ཆོས་དང་འབྲེལ་ནས་ཡོད་པའི་ས་ག་ཟླ་བའི་དུས་ཆེན་དང་། ལྷ་བབ་དུས་ཆེན། ཆོ་འཕྲུལ་སྨོན་ལམ་ཆེན་མོ། དགའ་ལྡན་ལྔ་མཆོད་སོགས་ཀྱང་གཅིག་གྱུར་བྱེད་ཐུབ་ཡོད། འདི་ལ་དགེ་ཕན་ཆེན་པོ་འདུག
ལྷ་སའི་ལོ་གསར། ཨ་མདོའི་ལོ་གསར། ལོ་གསར་འདི་ལ་རིགས་མང་པོ་དང་། བཤད་ཚུལ་སྣ་ཚོགས་ཤིག་འདུག་སྟེ། ཡིག་རྙིང་ཞིག་ཏུ་‘‘སྟོན་གྱི་ལོ་ཏོག་སྨིན་ཚེ་བོད་ཀྱི་ལོ་གསར་བྱེད་’’ཅེས་པ་ཞིག་འབྱུང་བ་ད་དུང་ངའི་སེམས་ན་འདུག བདེན་ན་ནི་སྲོང་བཙན་གཡས་གཡོན་དུ་ལོ་གསར་དགའ་སྟོན་སྟོན་གྱི་དུས་དུ་རོལ་གྱི་ཡོད་པ་འདྲ།
འདི་གའི་བཀའ་བརྒྱུད་པའི་ཆོས་ཚོགས་ཤིག་གིས་མཚུར་ཕུའི་ལོ་གསར་ཡིན་ཟེར་ནས་རྒྱ་མིའི་ལོ་གསར་ཉིན་ལོ་གསར་ཞིག་བཏང་སོང་། མཚུར་ཕུའི་ལོ་ཐོ་དང་བོད་གཞུང་ལོ་ཐོ་གཉིས་ལ་ཁྱད་པར་ག་རེ་ཡོད་དམ།
འབྲོང་བུ་ལགས།
༡༽ བོད་ཟླ་གཅིག་ཉིད་ལ་ཧོར་ཟླ་ཞེས་རྗེས་སུ་བཙན་པོས་བཏགས་པས་དུ་གཅིག་ལ་འཁེལ་དགོས།
༢༽ རྒྱའི་ལོ་གསར་མ་རེད། ཨིན་སྐད་དུ། ཟླ་བ་འཕེལ་སྒྲིབ་ཀྱི་ལོ་གསར་ཞེས་སྤྱི་ཡོངས་ཀྱི་མིང་དེ་བེད་སྤྱད་གནང་དགོས།
༣༽ བོད་ཀྱི་ལོ་གསར་ཚེས་འགོ་རྩིས་སྟངས་འཁྲུགས་ན། ཆོས་འཁྲུལ་དུས་ཆེན་སོགས། སྟོན་པའི་དུས་སྟོན་ཚང་མ་འཁྲུངས་ནས། དགེ་བ་འབུམ་འགྱུར་ཟླ་བ་དང་། ཉིན་མོ་སོགས་ཀྱང་འཇའ་ལྟར་ཡལ་ཉན་ཡོད། བོད་ལྗོངས་ཡོངས་རྫོགས་ལོ་ཐོ་གཅིག་མཐུན་ཡོང་བའི་སྨོན་འདུན་ཞུ། །
གསར་བ་སར་སྟངས་བོད་ཀྱི་ལུགས་ཡིན་ན།།
དུས་ཚོད་ག་དུས་བྱུང་ན་ཁྱད་མེད་ཞེས།།
གཡུ་ཡི་དྲུད་དཀར་དགོད་པའི་སྣ་གཉེར་དེ།།
ཀུན་པོར་གནད་དུ་ངེས་ན་དེ་ག་རང།།
མོས་མཐུན་བྱས་ལ་དུས་ཚོད་མ་བརླག་ཅིག།
བག་ལེབ་ཕྱེད་ལས་ཕྱེད་ཀ་འཚོལ་བ་དང།།
བྱ་དེ་སྒོ་ངའི་སྔ་གཞུག་རྩོད་པའི་ཟླར།།
ཕྱིན་ན་བློ་ལྡན་གད་མོ་མི་དགོད་དམ།།
ཧཧཧཧཧ
དྲ་བདག་དང་དྲ་གྲོགས་ཚོར་དགོངས་པ་མི་ཚོམས་རོགས།
འདིར་འབྲེལ་མེད་ཀྱི་གསར་འགྱུར་ཅིག་ཤོད་དགོས་བྱུང།
དེ་རིང་་་་་་་་་དྷེབ་ཧི་མ་ཅལ་གསར་འགྱུར་ཅེས་པའི་ནང་དུ།་་་་་མངའ་སྡེའི་བློན་ཆེན་དྷུ་མལ་དང་བློན་ཆེན་རྙིང་པ་ནང་པ་བ་བྷིར་བྷ་དུར་སིང་གཉིས་ད་ལྟའི་ཀརྨ་པའི་རྩོད་རྙོག་ལས་འཕྲོས་ཏེ་རྩོད་པ་ཤུགས་ཆེར་བྱུང་འདུག
མ་ཟད་བྷིར་བྷ་དུར་སིང་ནས་ཉེན་རྟོག་པས་བྱེད་སྟངས་དེར་སྐྱོན་བརྗོད་དང་བོད་མིར་དེ་འདྲའི་ཐུབ་ཚོད་བྱེད་དགོས་གང་ཡིན་སོགས་བོད་པར་རྒྱབ་སྐྱོར་ཤུགས་ཆེན་བྱས་འདུག
མ་ཟད་བྷིར་བྷ་དུར་སིང་གིས་དྷུ་མལ་ཁྱེད་རང་ཧི་མ་ཅལ་ཡིན་ནམ་པན་ཅབ་ཡིན་བཤད་རོགས་ཀྱིས་དྲི་བ་བཀོད་འདུག
བྷིར་བྷི་དུར་སིང་ནི་་་་་་བོན་པོའི་བླ་མ་ཁྱུང་སྤྲུལ་འཇིགས་མེད་ནམ་མཁའི་རྡོ་རྗེ་ཞེས་བཅུ་ཕྲག་རིག་པའི་གནས་ལ་ཤིན་ཏུ་མཁས་པར་མ་ཟད་མཁས་པ་དང་གྲུབ་ཐོབ་གཉིས་ལྡན་གྱི་སྐྱེས་བུ་ཞིག་རེད།་་་་་་ཁྱུང་སྤྲུལ་མཆོག་བོད་ལ་དུས་འགྱུར་མ་བྱུང་བའི་གོང་མཚོ་པདྨ་ལས་སོགས་རྒྱ་གར་གནས་ཆེན་རྣམས་མཇལ་དུས་སུ་ཁུ་ནུར་ཕེབས་སྐབས་བྷིར་བྷ་དུར་སིང་གི་ཡབ་ཡུམ་ལ་སྲས་མེད་ནས་ཁོང་ལ་ཞུས་པས་ཁྱུང་སྤྲུལ་གྱིས་བྱམས་མ་རིགས་ཀྱི་འཇིགས་སྐྱོབས་ཀྱི་བུམ་སྒྲུབ་གནང་ནས་ད་ལྟའི་བྷིར་བྷ་དུར་སིང་སྲས་སུ་འཁྲུངས་པ་རེད།
དེས་ན་ཁོང་ནི་ནང་ཆོས་ལ་དད་གུས་ཆེན་པོ་ཡོད་པའི་སྐྱེས་བུ་ཞིག་ཡིན་པས་ད་ལམ་ཡང་ཁོང་གིས་རྒྱབ་སྐྱོར་ཞུས་པ་ནི་སྲིད་དོན་ཙམ་ཅིག་མིན་པར་སེམས་གཏིང་ནས་རྒྱབ་སྐྱོར་ཞུས་པ་གསལ་པོར་རེད།།
ལ་སྟོད་བུ་འདྲ་ས་མེད། གསར་འགྱུར་ཡག་པོ་ཁྱེར་ནས་སླེབས། གཏམ་བཟང་ཁྱེར་ནས་ལོག་བྱུང། ལ་སྟོད་བཟང་། འོ་བཟང་།།
1980སྤྱི་ཟླ་ལྔ་པའི་ཟླ་འཇུག་ལ། ཏང་གི་སྤྱི་ཁྱབ་དྲུང་ཆེ་ཧུའུ་ཡོ་པང་གིས་བོད་ལ་བཅོས་བསྒྱུར་ལས་རིམ་དོན་ཚན་དྲུག་ཡོངས་བསྒྲགས་བྱས་ཤིང། དེ་ནི་གཙོ་བོའི་དོན་ཚན་ཁག་གི་ནང་གསལ་ཡོད་པ་སྟེ། ༼དོན་ཚན་དང་པོ༽ ཀྲུང་དབྱང་གི་གཅིག་གྱུར་འགོ་ཁྲིད་འོག་མི་རིགས་ས་ཁོངས་རང་སྐྱོངས་དབང་ཆ་ཡོངས་སུ་ལག་བསྟར་བྱ་རྒྱུ། གཅིག་གྱུར་གྱི་འགོ་ཁྲིད་འོག་རང་བདག་དབང་ཆ་མེད་པ་བཟོ་མི་ཆོག། དབང་ཆ་འདི་ཉིད་ཆ་ཚང་གི་སྒོ་ནས་དང་གཞན་ལ་ལྟོས་མེད་གྱི་སྒོ་ནས་ལག་བསྟར་བྱ་རྒྱུའི་དགོས་གལ་ཆེན་པོ་ཡོད། བོད་ཀྱི་གནས་སྟངས་དང་མི་འཚམས་པའམ་རྒྱལ་ཁབ་ཀྱི་མཐུན་སྒྲིལ་དང་ཐོན་སྐྱེད་གོང་འཕེལ་ལ་ཕན་འབྲས་མེད་པའི་རིགས་གང་ཡིན་ཡང་ལག་བསྟར་མི་བྱེད་པའམ་བབ་བསྟུན་བསྒྱུར་བཅོས་བྱེད་དགོས། ཏང་ཀྲུང་དབྱང་གི་གཅིག་གྱུར་འགོ་ཁྲིད་འོག་རང་སྐྱོངས་ལྗོངས་ཀྱི་བདག་དབང་ཡོངས་སུ་སྤྱད་ནས་རང་ཉིད་སོ་སོའི་ཁྱད་ཆོས་ལ་གཞིགས་སྟེ་ཁྲིམས་དང་སྒྲིག། གཏན་འབེབས་བཟོས་ནས་མི་རིགས་རང་སྐྱོངས་གི་དབང་ཆ་དང་མི་རིགས་ཀྱི་ཐུན་མོངས་མ་ཡིན་པའི་དབང་ཆ་སྲུང་སྐྱོབས་བྱེད་དགོས། ༼དོན་ཚན་གཉིས་པ༽ བོད་མི་མངས་ཀྱི་འཚོ་བའི་ཆུ་ཚད་ནི་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་རང་སྐྱོངས་ལྗོངས་གཞན་དག་དང་བསྡུར་ན་ཧེ་བག་ཆེན་པོ་ཤོར་ཡོད་པ་གཞིགས་ནས་ཤུགས་ཆེན་གྱིས་མི་མངས་ཀྱི་ཁུར་པོ་ཡང་དུ་གཏོང་དགོས་པ་དངལོ་འགའ་ཤས་ནང་དཔྱ་ཁྲལ་བསྡུ་བ་དང་སྲིད་གཞུང་གི་ཉོ་སྒྲུབ་ལས་འགན་རྩ་ཆག་གཏོང་རྒྱུ་རྣམ་པ་ཅི་རུང་གི་བཙན་བསྡུའི་རིགས་ཚང་ངེས་པར་དུ་མེད་པ་བཟོ་དགོས། མི་མངས་ལ་གླ་ཆ་མ་སྤྲད་པར་ལས་ཀ་འཕར་མ་གང་ཡང་བསྐུལ་མི་ཆོག་ལ། ཞིང་པ་དང་འབྲོག་པའི་ཐོན་རྫས་རྣམས་གོང་ཚད་གྲོས་བསྡུར་གྱི་ཐོག་ནས་ཉོ་སྒྲུབ་བྱེད་པའམ། ཐུན་མོངས་གི་དགོས་མཁོ་མཁོ་སྤྲོད་ཀྱི་ཆེད་དུ་བརྗེ་ཚོང་བྱས་ཆོག་ཅིང། རྒྱལ་ཁབ་ཀྱི་ཉོ་བསྡུའི་རིགས་ཚང་མ་རྩ་ཆག་གཏོང་དགོས། ༼དོན་ཚན་གསུམ་པ༽ བོད་ཀྱི་དཔལ་འབྱོར་སྔར་བས་རྒྱུན་མཐུད་དུ་གོང་འཕེལ་གཏོང་རྒྱུའི་ལྟ་ཚུལ་རྩ་བར་བཟུང་སྟེ་ཞིང་ལས་དང། འབྲོག་ལས། དཔལ་འབྱོར་དང་ཚོང་ལས། ནོར་སྲིད། ལག་ཤེས། འཕྲིན་གཏོང་བཅས་ཚུད་པའི་དཔལ་འབྱོར་འཐབ་ཕྱོགས་མཐའ་དག་ཐད། བོད་ཀྱི་གནས་ཚུལ་མཐུན་པའི་དམིགས་བསལ་དང་སྟབས་བསྟུན་གྱི་སྲིད་བྱུས་ངེས་པར་དུ་ལག་བསྟར་བྱེད་དགོས།༼ དོན་ཚན་བཞི་པ་ཆད༽༼དོན་ཚན་ལྔ་པ ༽ སྤྱི་ཚོགས་རིང་ལུགས་ཀྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་པའི་ཆ་རྐྱེན་འོག། ངེས་པར་དུ་བོད་ཀྱི་རིགས་གཞུང་དང། སློབ་གསོ། ཚན་རིག་བྱ་བཞག་བཅས་པ་ཉམས་པ་སོར་ཆུད་དང། མི་ཉམས་གོང་འཕེལ་གཏོང་རྒྱུར་ཤུགས་སྣོན་རྒྱག་དགོས། བོད་མི་རིགས་ལ་ཡུན་རིང་གི་ལོ་རྒྱུས་དང། ཕུན་སུམ་ཚོགས་པའི་རིགས་གཞུང་ལྡན་ཡོད། ནང་ཆོས་གཙང་མ་དང། ཡིད་དབང་འཕྲོག་པའི་རོལ་མོ་དང་ཞབས་བྲོ། དེ་བཞིན་གསོ་རིག་དང་ལྷ་མོ་སོགས་ཀྱིས་གཙོ་བོ་བྱས་པའི་འཛམ་གླིང་དུ་སྐད་གྲགས་ཡོད་པའི་བོད་ཀྱི་གནའ་བོའི་རིག་གཞུང་ཐམས་ཅད་ལ་གཟབ་ནན་གྱིས་སློབ་སྦྱོང་དང་གོང་འཕེལ་གཏོང་རིན་ཆེན་པོ་ལྡན་ཡོད། བོད་ཀྱི་རིག་གཞུང་ལ་སྣང་ཆུང་དང་ཉམས་དམས་གཏོང་རྒྱུའི་བསམ་ཚུལ་ཅི་མཆིས་པ་ཚང་མ་ནོར་འཁྲུལ་རེད། བོད་ཀྱི་རིག་གཞུང་རྒྱུན་འཛིན་དང་དར་སྤེམ་ཡག་པོ་གཏོང་དགོས། བོད་ནང་སློབ་གསོ་ཡར་རྒྱས་ཡག་པོ་བྱུང་མེད། བོད་ཀྱི་དམིགས་བསལ་ཁྱད་ཆོས་ལ་བསམ་གཞིགས་ཀྱིས་སློབ་གྲྭ་ཆེ་མོ་དང། སློབ་གྲྭ་འབྲིང་བ། སློབ་གྲྭ་ཆུང་བ་བཅས་གཉེར་རྒྱུར་འབད་འབུངས་བྱེད་དགོས། དགོན་སྡེའི་ནང་གི་རིག་དངོས་དང་གསུང་རབ་ལ་གཏོར་སྐྱོན་བྱུང་ཡོད་པས། དེ་དག་ལ་ཏན་ཏན་གྱིས་སྲུང་སྐྱོབས་དང། ལེགས་སྒྲིག། ཞིབ་འཇུག་བྱེད་དགོས། བོད་དུ་ལས་དོན་བྱེད་མཁན་རྒྱ་རིགས་ལས་བྱེད་པ་ཚོས་ངེས་པར་བོད་སྐད་དང་བོད་ཡིག་སློབ་སྦྱོང་བྱེད་དགོས། དེ་ངེས་མཁོའི་སློབ་ཚན་ཞིག་ཡིན་དགོས། དེ་མིན་ཁོང་ཚོ་མངས་ཚོགས་དང་ཁ་བྲལ་རྒྱུ་རེད། གྲངས་ཉུང་མི་རིགས་ལ་དགའ་ཞེན་བྱེད་པ་ཞེས་པ་དེ་སྐད་ཆ་སྟོང་པ་ཞིག་མིན་པས། བོད་རིགས་མི་མངས་ཀྱི་གོམས་གཤིས་དང། ལུགས་སྲོལ། ལོ་རྒྱུས་རིགས་གཞུང་བཅས་ལ་ངེས་པར་དུ་བརྩི་བཀུར་བྱེད་དགོས། ༼དོན་ཚན་དྲུག་པ༽ གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པར་འཛིན་པའི་ཏང་གི་སྲིད་བྱུས་ངེས་པར་དུ་ལག་བསྟར་ཡང་དག་པར་བྱས་ནས། བོད་རྒྱ་ལས་བྱེད་ཀྱི་མཐུན་སྒྲིལ་སྔར་བས་དམ་ཟབ་ཡོང་བར་ཤུགས་སྣོན་རྒྱག་དགོས། དྲ་གྲོགས་ཡོངས་ལ་རེ་བསྐུལ་ཞུ་རྒྱུར། དོན་ཚན་བཞི་པ་དེ་འདིའི་ནང་དམིགས་བསལ་འཁོད་མི་འདུག་བས་དགོས་མེད་ཞིག་ཡིན་ནམ་ཡང་ན་བརྩོམ་པ་པོས་འགོད་རྒྱུ་བརྗེད་པ་ཡིན་ན་གང་ལྟར་འགོད་མི་འདུག་བས་ཞིབ་འཇུག་ཡོད་པར་ཞུ།