ཨ་ནུ་ཐང་བསོད་ནམས།
Guor Marial སྒོ་མ་རེས་ཡ་ནི་རྒྱལ་ཁབ་མེད་པའི་རང་དབང་གི་ཨོ་རྩལ་རྩེད་འགྲན་པ་ཞིག་ཡིན་ཞིང་ཁོང་ནི་སྤྱི་ལོ༡༩༨༤ལོརཟླ༤ཚེས༡༥ཉིན་ཨ་ཧྥི་རི་ཁའི་གསོའི་སྒྲན་Sudanརྒྱལ་ཁབ་ནས་སྐྱེས། གསོའི་སྒྲན་རྒྱལ་ཁབ་ཀྱི་ནང་འཁྲུག་རྐྱེན་གྱིས་ཁོང་བྱིས་བའི་སྐབས་ནས་གཞན་གྱིས་བཙན་ཁྲིད་བྱས་ཏེ་བྲན་གཡོག་ཏུ་བཀོལ་ཡང་། རྗེས་སུ་ཨེ་རྗེད་དམ་ཁེ་རྙེག་ཏུ་བྲོས་ཞིང་གནས་དེའི་སྐྱབས་བཅོལ་བའི་ལག་ཁྱེར་རྒྱུད་དེ་རང་ལོ་བཅུ་དྲུག་སྟེང་ཨ་རིར་འབྱོར། བྱོས་བྱོལ་དུ་ཕྱིན་སྐབས་ཉིན་གསུམ་ལ་བར་མཚམས་མ་བཞག་པ་བྲོས་བའི་ཉེར་ལེན་གྱིས་རྒྱུག་ཤར་བྱེད་སྐབས་སྔོན་གྱི་བྱུང་བ་དྲན་བས་རྒྱུགས་འདོད་པ་མེད་ཀྱང་། རིམ་བཞིན་འཚོར་སྣང་དེ་རྙིང་བ་གྱུར་ཅིང་འཇའ་ལྟར་ཡལ་ནས་ཨ་རིའི་རྒྱུག་རྩལ་འགྲན་བསྡུར་marathonནང་ཞུགས་ཏེ། འགྲན་བསྡུར་ལས་ཨོ་རྩལ་འགྲན་རྩོད་ལ་ཞུགས་རྒྱུའི་ཆུ་ཚད་ཡོད་པའི་བདེན་དཔང་ཐོབ།
ཨོ་རྩལ་འགྲན་ཚོགས་ལ་ཞུགས་འདོད་ཀྱང་ཨ་རིའི་མི་སེར་མིན་པས་རྒྱལ་ཁབ་མེད་པའི་ངོ་བོའི་ཐོག་མཉམ་ཞུགས་བྱེད་རྒྱུའི་འཐབ་རྩོད་གནང་། ཨ་རིའི་ཆབ་སྲིད་པའི་ཞིག་གིས་ཁོང་གི་མངོན་འདོད་ལ་རྒྱབ་སྐྱོར་བྱས་བས་ལི་གྲོན་ཨོ་རྩལ་འགྲན་ཚོགས་སུ་རྒྱལ་ཁབ་མེད་པའི་ངོ་བའི་ཐོག་མཉམ་ཞུགས་བྱེད་ཐུབ་བྱུང་། ཁོང་ལ་སྦྱང་བརྡར་སྤྲད་མཁན་གྱི་དགེ་རྒན་དང་། སློབ་སྦྱོང་སྤྲད་མཁན་མེད་པས་རང་བྱུང་གི་ཨོ་རྩལ་རྩེད་འགྲན་པ་ཞིག་གྱུར་ཞིང་། རང་གི་འཇོན་ཐང་དང་མངོན་འདོད་འཇིག་རྟེན་དུ་ངོམས་མཁན་གྱི་རྒྱུག་རྩལ་འགྲན་བསྡུར་བ་ཞིག་ཆབས་པ་རེད། ཁོང་གི་གནས་སྟངས་ཀྱིས་མ་འོངས་བར་བོད་ཀྱི་རྩེད་རིགས་ཆེད་མཁས་བ་དག་ལ་ཨོ་རྩལ་འགྲན་ཚོགས་སུ་རྒྱལ་ཁབ་མེད་པའི་ངོ་བོའི་ཐོག་ཞུགས་ཐུབ་པའི་བགྲོད་ལམ་ཞིག་བསྟན་ཞིང་། རྒྱལ་ཁབ་མེད་པའི་རྩེད་འགྲན་པ་དག་ལ་རང་གི་རྒྱལ་དར་གྱི་ཚབ་ཏུ་ཨོ་རྩལ་དར་ཆ་སྒྲེང་རྒྱུའི་ཁྲིམས་ལུགས་ཡོད་པ་སོགས་དེ་བས་བསྟན་པས་བཙན་བྱོལ་གྱི་རྩེད་འགྲན་པ་རྣམས་ཀྱིས་རྩོད་ཐུབ་ན། མ་འོངས་བར་ལམ་ཁ་ཞིག་ཡོད་པ་འདོད། ཡིན་ཏེ། མ་རྩོད་ན་སྤྲོད་མཁན་མེད་པས་ཡིན།
གསོའི་སྒྲན་ཨོ་རྩལ་འགྲན་ཚོགས་རུ་ཁག་གིས་ཁོང་ལ་གསོའི་སྒྲན་རྒྱལ་སྤྱིའི་ཨོ་རྩལ་རུ་ཁག་ཏུ་ཞུགས་རྒྱུའི་རེ་བ་ཞུས་ཀྱང་། ཁོང་གིས་ང་རང་བཙན་བྱོལ་དུ་འདེབས་མཁན་གྱི་ལུང་པ་ཞིག་གི་ཚབ་བྱས་ན་མི་འོས་ཤིང་། དེ་ལྟར་ཞུགས་པ་ཡིན་ན་ངའི་མི་མང་ལ་མགོ་སྐོར་བཏང་བ་མ་ཟད། བྱང་གསོའི་སྒྲན་གྱི་རང་དབང་དོན་དུ་སྐུ་སྲོག་ཤོར་བའི་མི་འབོར་ས་ཡ་གཉིས་ལ་གུས་མེད་འགྱུར་བས་ཞུགས་འདོད་མེད་ཅེས་ངོས་ལེན་མ་གནང་། གསོའི་སྒྲན་གྱི་ཁྲག་དྲི་བྲོ་བའི་ནང་འཁྲུག་བྱས་འཇུག་འབྲས་སུ་བྱང་གསོའི་སྒྲན་ལ་སྤྱི་ལོ༢༠༡༡ལོར་ཟླ༧ཚེས༩ཉིན་རང་བཙན་གྱི་རྒྱལ་ཁབ་ཐོབ། རྒྱལ་ཁབ་དེར་ཨོ་རྩལ་རུ་ཁག་མེད་པ་མ་ཟད། སྐུ་ཞབས་སྒོ་མ་རེས་ཡ་ལ་ཨ་རའི་བཅའ་སྡོད་ལག་ཁྱེར་ལས་མི་སེར་མིན་པས་༢༠༡༢ལོར་ཟླ༧ཚེས༢༠ཉིན་རྒྱལ་སྤྱིའི་ཨོ་རྩལ་ཚོགས་པ་ཡིས་ཁོང་རྒྱལ་ཁབ་མེད་པའི་ངོ་བོའི་ཐོག ཨོ་རྩལ་རང་བཙན་རྩེད་འགྲན་པ་ངོས་ལེན་གནང་། ཁོང་དང་ལྷན་དུ་རྒྱལ་ཁབ་མེད་ཀྱང་ཧོ་ལན་དྲི་ཡི་མི་སེར་ལག་ཁྱེར་ཡོད་པའི་རྩེད་འགྲན་པ་གསུམ་ལ་མོས་མཐུན་བྱས་ཤིང་། ཁོང་རྣམས་ཨོ་ལི་ཕིས་ཀྱི་དར་ཆའི་འོག་ཏུ་འགྲན་བསྡུར་ཞུགས་རྒྱུའི་ཆོག་མཆན་གནང་། དེ་ནི་རྒྱལ་ཁབ་མེད་པའི་རྩེད་འགྲན་པ་དག་ལ་མཚོན་ན་བཀྲ་ཤིས་བའི་དོན་བཟང་ཞིག་ག་ལ་མིན། ཡིན་ཏེ། བོད་མི་མང་པོ་ཞིག་ལ་རྒྱལ་ཁབ་མེད་པས་ཡིན།
སྟབས་མ་ལེགས་པ་ཞིག་ལ་རྒྱལ་ཁབ་མེད་པའི་རྩེད་འགྲན་པ་རྣམས་ནི་ཨོ་ལི་ཕིས་གའི་གྲོང་ཚོ་རུ་ཁེ་རྐྱང་ཡིན་ཞིང་། གྲོང་ཚོ་དེ་རུ་ནུབ་གཅིག་ལ་མཇེ་ཤུབས་གཉིས་ཁྲི་ལྔ་སྟོང་ཙམ་བེད་སྤྱོད་བཏང་སྲོལ་ཡོད་ཀྱང་། ཁོང་ཚོ་ལ་བེད་སྤྱོད་བཏང་ས་དང་བདེ་བ་སྤྱོད་ས། སེམས་ཤུགས་བགོ་ས་དང་དང་ངལ་ནུབ་སང་ས། ཆང་རྩེད་བྱེད་རོགས་སོགས་དཀོན་པ་མ་ཟད། མཐའ་མའི་རྒྱལ་ཁ་ཡི་དགའ་སྟོན་ལ་མཚན་ཚོགས་སུ་འགྲོ་རོགས་དང་ཞབས་བྲོ་འཁྲབ་རོགས་སོགས་དེ་བས་མེད་པས་རྒྱལ་ཁབ་ཡོད་མཁན་དང་བསྡུར་ན་སྐྱོ་སྣང་དང་མིག་ཆུ་ཡི་གནས་ཤིག་རེད། འོན་ཀྱང་། སོ་སོའི་མི་རིགས་ཀྱི་ལ་རྒྱལ་དང་ཆེ་མཐོང་གི་ཆེད་དུ་རང་གི་བདེ་བ་བློས་བཏང་པ་ནི་གཟི་བརྗིད་དུ་ཁུམས།།
ཁོང་གི་པར་དང་གནས་ཚུལ་འདི་ན་གཟིགས་ཐུབ།
http://www.lidovky.cz/nejosamelejsi-sportovec-olympiady-d62-/ln_zahranici.asp?c=A120808_110346_ln_zahranici_jv
http://en.wikipedia.org/wiki/Guor_Marial
འདི་ནི་ང་ཚོར་མཚོན་ན་ལམ་ཁ་ཡག་པོ་ཞིག་ཡིན། རང་རེ་སྒྲིག་འཛུགས་ཀྱི་ངོས་ནས་ལུས་རྩལ་ཆེད་ལས་པ་རེ་བསྡུ་སྐོང་གིས་འདི་འདྲའི་ནང་ལ་འཛུལ་ཞུགས་ཐུབ་པ་ཡིན་ན། དངོས་གནས་གཟི་བརྗིད་ལྡན་པ་ཞིག་རེད། རང་གཞུང་གིས་བོད་རྒྱལ་ཡོངས་རྩེད་འགྲན་ཚོགས་པ་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་སྟེ། མི་སྣ་གསོ་སྐྱོང་ཐུབ་པ་ཡིན་ན། དོན་དམ་གྱི་བོད་དོན་ཁྱབ་བསྒྲགས་ཐུབ་པ་མངོན་གསལ་དོད་པོ་རེད།
ང་ཚོའི་ག་བ་འཇོན་གི་རེད། ཉལ་རྐྱང་བྱས་ན་ཡོངས་གི་རེད་པས།
ཨམ་མདོ་བག་ལེབ་གཉང་འདྲེ། ཁྱོ་ཁ་བརྡ་ཚང་ལ་སྐྱག་པ་གཏོང་གི་ཡོང་ཀི་མིན་བརྫས་ནི་མིན་ནེ།
ཨོ་གང་ལྟར་གོང་གི་གནས་ཚུལ་དེ་ལ་ལྟོས་ན་རང་རང་གིས་རྩོད་ཐུབ་ན། ངའི་ཨ་མས་འཇིག་རྟེན་རྙེད་ཀི་ཡུལ་ཟེར་ནི་རེད། ག་རེ་དགོས་ན་ལག་ལ་རེག་གི་རེད་ཟེར་བ་དེར་བུས་མགོ་ས་ལ་བཙུགས་སྟེ་མ་རྒན་མ་ཁྱེད་ཤིན་ཏུ་བདེན་མི་ཟེར་རང་ཟེར་རེད།
རྒྱ་ཁབ་ཀྱི་མོང་ཡོད་མེད་གང་ལྟར་ཡང་བོད་མི་རིགས་གཅིག་གིས་རྒྱལ་སྤྱིའི་འགྲན་བསྡུར་ང་་སླེབ་ཐུབ་ན་དགའ་བསུ་ཡོད།
ལམ་ཁ་དེ་དངོས་གནས་ཡག་པོ་ཞིག་འདུག སོ་སོའི་འབྱོན་པ་ཡིན་ན་ཐོབ་ཐང་ལེན་རྒྱུ་འདུག་གཱ། བོད་པའི་གཞོན་སྐྱེས་ཕོ་མོ་རྣམ་པ་ཤུགས་རྒྱོབ་ཤོག་ཨཱ།
ཨ་རོག་་་་་་་་་་་་་་་་་གནམ་་་་་་་་་་་་་རྡིབ་རྒྱུ།་་་་་་་་་་་་་་་ཁྱོས་ང་ལ་ཅི་ཟེར་ཁི་ཡོད་མོད།་་་་་་་་་་་་་་སྐྱག་པ་འཛར་བ་ནི་བོ་དེ་ཁྱོས་མིན་ན་སུ་རེད། ་་་་་་་་་་་་་་་་་་་་་་ངས་ངེད་བོད་པ་ཚང་ཉལ་ཁི་མ་འདུག་ཟེར་ནི་ཡིན།་་་་་་་་་་་་་་་ད་ཁྱོས་འདི་མོད་ཟི་གི་གོ་བ་མེད་ནི་ཨེ་རེད། ་་་་་་་་་་་་་་ཨ་རོག་གནམ་་་་་་་་་་་་་
ཨ་མདོ་བག་ལེབ་བདེན་་་་་་་བོད་བ་ཚོ་་དགའ་བསུ་ཁོ་ན་ལ་དགའ་ནི་རེ་
སྐུ་ཞབས་ཨ་ནུ་ཐང་བས་དུས་དང་མཐུན་པའི་རྩོམ་ཡིག་ཡག་པོ་ཞིག་བྲིས་འདུག འོན་ཏེ་ཡིག་ནོར་དགའ་རབ་ཅིག་བཏགས་ཐལ་བས་རྗེས་སོར་དེའི་ཐད་སྣང་འཇོག་གིས་རྩོམ་ཡིག་གང་མང་འབྲི་རོགས་གནང་། ཐུགས་རྗེ་ཆེ།
རང་མདངས་་་་་་་་་་་་་་་་་་་་་་་་་་་་་་་་ཁ་ལ་ལྟ་ཡ་ཡོད་མ་རེད་