ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༡༠ ཉིན་བོད་མདོ་སྨད་རྔ་པ་རྫོང་རྨེའུ་རུ་མ་ཞང་ཐོག་ནས་རང་ལུས་མེར་སྲེག་གིས་ངོ་རྒོལ་སྐད་འབོད་གནང་མཁན་རྒྱལ་གཅེས་དཔའ་བོ་གཅོད་པ་ལགས་ཉིན་དེའི་ཕྱི་དྲོའི་དུས་ཚོད་ ༣ ཡོལ་ཙམ་ལ་འབར་ཁམས་སུ་སླེབས་ལ་ཉེ་བའི་ལམ་བར་ནས་འདས་གྲོངས་སུ་གྱུར་ཡོད་ཅིང་། སྐུ་ཕུང་འབར་ཁམས་ནས་རྒྱ་གཞུང་གིས་མེར་སྲེག་བཏང་སྟེ་ནང་མིར་རུས་ཐལ་ཞིག་མ་གཏོགས་སྤྲད་མེད། ཁོང་ནི་འདི་ལོའི་ཕྱི་ཟླ་ ༡ ཚེས་ ༢༣ ཉིན་སྟེ་དཔྱིད་གསར་དུས་ཆེན་སྐབས་རྔ་པ་རྨེའུ་རུ་མའི་ནང་ནས་བོད་མི་བརྒྱ་ཕྲག་བརྒལ་བས་མར་མེ་ཁྲོམ་སྐོར་དང་ངོ་རྒོལ་སྐད་འབོད་བྱས་སྐབས་ཀྱི་སྣེ་ཁྲིད་པའི་གྲས་ཡིན་ཞིང་། དེ་རྗེས་རྒྱ་གཞུང་གི་ཉེན་རྟོག་མི་སྣས་བརྩད་གཅོད་ཐེངས་འགར་བྱས་ཀྱང་ལག་སོན་མ་བྱུང་སྟབས། བྲོས་བྱོལ་བྱས་ཡོད་འདུག ཁོང་ཆུང་ཆུང་སྐབས་རྨེའུ་རུ་མའི་སློབ་ཆུང་ལ་འགྲོ་མྱོང་ཡོད་ཅིང་། ཤུལ་དུ་ཕ་མ་གཉིས་དང་མིང་སྲིང་བཞི་བཅས་ནང་མི་དྲུག་ཡོད་འདུག
རྨེའུ་རུ་མ་ནི་རྔ་པ་རྫོང་ཁོངས་ཀྱི་འབྲོག་སྡེ་ཞིག་ཡིན་ཞིང་། རྔ་པ་རྫོང་མཁར་ནས་ཤར་ཕྱོགས་སུ་སྤྱི་ལེ་ ༢༧ གྱི་སར་ཡོད། ཕྱི་ལོ་ ༡༩༥༩ ལོའི་ཡར་སྔོན་དུ་འབྲོག་སྡེ་འདིར་སྡེ་བ་ཆེན་པོ་བརྒྱད་ཡོད་ཀྱང་དེང་སྐབས་རུ་ཆེན་ལྔ་ལ་བགོས་ཡོད། རུ་ཆེན་དང་པོ་ལ་ཉག་སྐོར་མ་དང་ཨ་འབུས་རོ་ཞེས་པའི་སྡེ་བ་གཉིས་ཡོད། རྒྱ་གཞུང་གིས་བཤད་པ་ལྟར་ན་ཕྱི་ལོ་ ༢༠༠༠ ལོར་ ཉག་སྐོར་མ་ལ་དུད་ཁྱིམ་ ༡༡༦ དང་མི་གྲངས་ ༥༤༦ ཡོད་འདུག རྨེའུ་རུ་མ་སྤྱི་ཡོངས་ལ་རྒྱ་གཞུང་གིས་བཤད་པ་ལྟར་ན་ཕྱི་ལོ་ ༢༠༠༠ ལོར་མི་གྲངས་ ༣༩༢༡ དང། ས་ཁྱོན་སྤྱི་ལེ་གྲུ་བཞི་མ་ ༧༣༥ ཡོད་འདུག་པ་བཅས།
དཔའ་བོ་ཁྱེད་ལ་སྙིང་ནས་གུས་འདུད་ཞུ་རྒྱུ་དང་ཆབ་གཅིག དྲ་གྲོགས་ཡོངས་ཀྱིས་མེ་བསྲེགས་ལས་འགུལ་མཚམས་འཇོག་བྱེད་དགོས་བའི་འབོད་སྐུལ་ཞིག་གནང་ཐབས་ལ་འབད་རོགས་ཞུ།
བྱང་ཆུབ་སེམས་དཔའ་གཅོད་པ་ལགས་སུ་གདུང་སེམས་མཉམ་སྗྱེད་དང་མྱ་ངན་གུས་འདུད་ཞུ། སྐུ་ལུས་མེར་
སྲེག་གི་ལས་འགུལ་འདི་མཚམས་ཆོད་མི་ཆོད་དེ་རྒྱ་དམར་ཀླ་ཀློ་ཁོ་ན་ལ་རག་ལས་ཡོད་པས། བཙན་བྱོལ་བའི་
མི་ཁ་ཤས་ཤིག་གིས་དེར་སྐུལ་གཅོད་གཉིས་ཀ་གང་ཡང་བྱེད་མི་ཐུབ་། ང་ཚོས་འབོད་སྐུལ་བྱ་སྙིང་བྲོ་ན་ཀླ་ཀློ་འདི་ཚང་ལ་བྱེད་ལ་དགོས། རྒྱ་དམར་ཕམ་པར་རྒྱོབས། སྡུག་ཤི་ཐེབས་པར་ཤོག
ཕྱག་སྟོང་འཁོར་ལོ་བསྒྱུར་བའི་རྒྱལ་པོ་སྟོང༌།།
སྤྱན་སྟོང་སྐལ་བ་བཟང་པོའི་སངས་རྒྱས་སྟོང༌།།
གང་ལ་གང་གདུལ་དེ་ལ་དེར་སྟོན་པ།།
བཙུན་པ་སྤྱན་རས་ཟིགས་ལ་གསོལ་བ་འདེབས།།
ཨོཾ་མ་ཎི་པདྨེ་ཧཱུྂ། ཨོཾ་མ་ཎི་པདྨེ་ཧཱུྂ། ཨོཾ་མ་ཎི་པདྨེ་ཧཱུྂ། ཨོཾ་མ་ཎི་པདྨེ་ཧཱུྂ། ཨོཾ་མ་ཎི་པདྨེ་ཧཱུྂ། ཨོཾ་མ་ཎི་པདྨེ་ཧཱུྂ།
ཨོཾ་མ་ཎི་པདྨེ་ཧཱུྂ། ཨོཾ་མ་ཎི་པདྨེ་ཧཱུྂ། ཨོཾ་མ་ཎི་པདྨེ་ཧཱུྂ། ཨོཾ་མ་ཎི་པདྨེ་ཧཱུྂ། ཨོཾ་མ་ཎི་པདྨེ་ཧཱུྂ། ཨོཾ་མ་ཎི་པདྨེ་ཧཱུྂ།
བཅོས་མིན་དུང་སེམས་དཀར་པའི་མཛེས་སྡུག་གི་ཕ་ས་ནས།།
ལང་ཚོའི་དཔྱིད་དཔལ་རྒྱས་པའི་མ་ཡུམ་གངས་ལྗོངས་ཕྱུག་མོ།།
འབའ་སྒྲ་ལུག་གི་རྩ་ཐང་ཕྲ་ཚོམ་མེ་ཏོག་གིས་དྲངས་པའི།།
འབྲོག་ཕྲུག་ལ་རྒྱ་ཅན་པོ་རང་ཁྱིམ་བཞག་ནས་བཞུད་སོང་།།
,,ཨོཾམཎིཔདྨེཧཱུྃ
བདེན་དོན་དང་རང་དབང་གི་ཆེད་དུ་ཁྱེད་ཀྱི་ཕྱི་མའི་ལམ་བུ་ནི་ཅི་འདྲའི་མཛེས་སྡུང་ལྡན་ལ་དྲོད་སྐྱིད་ལྡན་པ་ཞིག་ཡིན་པར་སྨོན།