ཕྱི་ལོ་༢༠༡༧ ཟླ་༡༢ ཚེས་༢༣ ཉིན་གྱི་བོད་ནང་གི་ཕྱི་དྲོའི་ཆུ་ཚོད་ ༦ པ་ཙམ་གྱི་སྟེང་བོད་ཨ་མདོ་རྔ་པ་རུ་རྒྱལ་གཅེས་དཔའ་བོ་དཀོན་པེ་ལགས་ཀྱིས་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་དྲག་རྩུབ་ཀྱི་སྲིད་ཇུས་ལ་ཞི་འབོད་ཆེད་རང་ལུས་མེར་བསྲེགས་གནང་ནས་སྐུ་གྲོངས་ཡོད་པའི་གནས་ཚུལ་ཐོན་འདུག འདི་གར་འབྱོར་བའི་བརྙན་ཐུང་ནང་ཁོང་གི་སྐུ་གཟུགས་ཡོངས་རྫོགས་མེ་ལྕེས་བཏུམས་ནས་རྒྱུགས་བཞིན་འདུག་ལ་ཉེ་འཁྲིས་སུ་ཡོད་པའི་བུད་མེད་ཅིག་གིས་ ; རྒྱལ་དབང་བསྟན་འཛིན་རྒྱ་མཚོ་ཚང་། ཁྱེད་ཀྱི་ཐུགས་རྗེས་གཟིགས་དགོས་; ཟེར་བཞིན་ངུ་ངག་གི་ཀློང་ནས་སྐད་འབོད་གསོལ་འདེབས་གནང་བཞིན་པ་གོ་ཐུབ། དེ་མིན་སྐབས་དེར་ཁོང་གིས་སྐད་འབོད་ཅི་ཞིག་གནང་ཡོད་མེད་ཀྱི་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་ཐུབ་མེད། དེ་མ་ཐག་ཉེན་རྟོག་པ་སླེབས་ཏེ་ལུས་སྟེང་དུ་འབར་གྱིན་པའི་མེ་བསད་པ་དང་འབར་ཁམས་སུ་འཁྱེར་ནས་མཚན་གྱི་ཆུ་ཚོད་༡༠ ་ཙམ་ལ་སྨན་ཁང་དུ་སླེབས་ཡོད་ཀྱང་། ཕྱི་ཚེས་༢༤ ཉིན་གྱི་ཞོགས་ཀའི་ཆུ་ཚོད་༥ ཙམ་ལ་སྐུ་གྲོངས་ཡོད་འདུག རྒྱ་ནག་གཞུང་གིས་འབར་ཁམས་སུ་རུས་ཐལ་ལེན་པར་ཡོང་དགོས་སྐོར་བཤད་པ་ལྟར་སོང་བར་དཀོན་པེའི་རུས་ཐལ་རེད་ཟེར་བ་ཞིག་ནང་མི་ལ་སྤྲད་ཡོད་པ་དང་། ད་ལྟ་ཤུལ་ལུས་ནང་མི་ཉེ་འབྲེལ་ཚོས་སྐུ་གཤེགས་དཔའ་བོ་ཁོང་གི་རྗེས་འཇུག་སྒྲུབ་བཞིན་ཡོད་ཅིང་། ཁོང་གི་ཕ་རྒྱ་སྐྱབས་ལ་རྒྱ་གཞུང་གིས་དཀོན་པེའི་ཆེད་དུ་སྨན་རིན་སྒོར་ཁྲི་ཁ་ཤས་སོང་ཚུལ་བཤད་ནས་འབར་ཁམས་སུ་འཛིན་བཟུང་བཀག་ཉར་བྱས་ཡོད་འདུག སྐུ་གཤེགས་དཀོན་པེ་ལགས་ནི་རྒྱ་གཞུང་གིས་དབྱེ་བགོས་བྱས་པའི་རྔ་པ་བོད་རིགས་རང་སྐྱོང་ཁུལ་རྔ་པ་རྫོང་གཅའ་ཡུལ་ཚོའི་ཕྱུགས་ལས་གོང་མ་ནས་ཡིན་ཡང་། དེང་སྐབས་རྨེའུ་རུ་མའི་རུ་ཆེན་གཉིས་པའི་རྭ་བ་ཚང་གི་བུ་མོ་སྐལ་བཟང་ལྷ་མོའི་མག་པར་སླེབས་ནས་ལོ་གཅིག་ལྷག་འགོར་ཡོད་འདུག ཁོང་གི་མཚན་ལ་དཀོན་པེ། རང་ལོ་༣༠ ཡས་མས། ཕ་མིང་ལ་རྒྱ་སྐྱབས། མ་མིང་ལ་འཕྲིན་ལྡོག ཁོང་ལ་སྤུན་གཉིས་དང་སྲིང་མོ་གསུམ་ཡོད་པ་ལས་སྤུན་གཅིག་རྔ་པ་ཀིརྟི་དགོན་དུ་གྲྭ་པ་བྱས་ནས་ཡོད་འདུག དཀོན་པེ་ལགས་ནི་ཆུང་ཆུང་སྐབས་རྔ་པ་ཀིརྟི་དགོན་དུ་གྲྭ་པ་བྱས་ནས་རྗེས་སུ་སྐྱ་སར་བབ་པ་ཞིག་ཡིན་འདུག ཕྱི་ཚེས་༢༤/༢༥ གཉིས་ལ་རྔ་པ་རྫོང་ཐོག་གི་བོད་པའི་ཟ་ཁང་དང་ཚོང་ཁང་ཆ་ཚང་སྒོ་བརྒྱབ་ནས་ཁོང་དང་གི་ཁོང་གི་ནང་མི་ཚོར་གདུང་སེམས་མཉམ་བསྐྱེད་དང་སྐྱིད་སྡུག་མཉམ་མྱོང་གནང་བཞིན་ཡོད་འདུག་པ་བཅས། བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་ཀ་ཉག་ཚེ་རིང་དང་བློ་བཟང་ཡེ་ཤེས་གཉིས་ཀྱིས་ཕྱི་ལོ་༢༠༡༧ ཟླ་༡༢ ཚེས་༢༥ ཉིན་ལ།
བསྟན་དང་དེ་འཛིན་ཆབ་སྲིད་རང་རིགས་སླད། །
གཅེས་པའི་ལུས་སྲོག་ལོངས་སྤྱོད་ཡོངས་བཏང་སྟེ། །
དཀའ་བ་བརྒྱ་ཕྲག་སྒྲུབ་པའི་སྐྱེ་བོ་རྣམས། །
གྲུ་འཛིན་མགོན་དེས་ཐུགས་རྗེས་སྐྱོང་བར་མཛོད། །
མདོར་ན་མགོན་པོ་སྤྱན་རས་གཟིགས་དབང་གིས། །
སྲས་བཅས་རྒྱལ་བའི་སྤྱན་སྔར་གངས་ཅན་ཞིང༌། །
ཡོངས་བཟུང་རྒྱ་ཆེན་སྨོན་ལམ་གང་མཛད་པའི། །
འབྲས་བཟང་དེང་འདིར་མྱུར་དུ་འཆར་བར་གསོལ། །
སྣང་སྟོང་ཆོས་ཉིད་ཟབ་མོའི་རྟེན་འབྲེལ་དང་། །
མཆོག་གསུམ་ཐུགས་རྗེའི་མཐུ་དང་བདེན་ཚིག་སྟོབས། །
ལས་འབྲས་བསླུ་མེད་བདེན་མཐུས་བདག་ཅག་གི །
བདེན་པའི་སྨོན་ལམ་གེགས་མེད་མྱུར་འགྲུབ་ཤཽག །
བསྟན་དང་དེ་འཛིན་ཆབ་སྲིད་རང་རིགས་སླད། །
གཅེས་པའི་ལུས་སྲོག་ལོངས་སྤྱོད་ཡོངས་བཏང་སྟེ། །
དཀའ་བ་བརྒྱ་ཕྲག་སྒྲུབ་པའི་སྐྱེ་བོ་རྣམས། །
གྲུ་འཛིན་མགོན་དེས་ཐུགས་རྗེས་སྐྱོང་བར་མཛོད། །
༄༅། ཆ་མེད་ཡུལ་དུ་གྲོགས་མེད་གཅིག་པུར་འཁྱམས་།
འཇིགས་སྐྲག་འཁྲུལ་བའི་སྣང་བ་ཆུ་ལྟར་འཁྲུགས།
གར་སྐྱེའི་གདེང་མེད་བར་དོའི་འགྲོ་ཀུན་གྱི།
སྐྱབས་མགོན་མཛོད་ཅིག་བླ་མ་ཡི་དམ་ལྷ།
རི་རབ་ལས་ཀྱང་རབ་ཏུ་ལྕི་བའི་མི་རིགས་བདེ་སྡུག་སེམས་ཀྱིས་ཁུར།།
མེ་ལྕེ་ལས་ཀྱང་རབ་ཏུ་འབར་བའི་རིགས་ཞིན་ལ་རྒྱ་སེམས་ན་གསལ།།
འདའ་མོ་ལས་ཀྱང་ཤིན་ཏུ་དྲང་བའི་བདེན་པ་སྨྲ་བའི་ཉག་ཕྲན་ཁྱེད།།
གཞན་ལ་མི་འཚེ་རང་ཉིད་དོར་ནས་ཁུ་སིམ་བཞུད་འདི་ཨ་རེ་སྐྱོ།།
རང་ལུས་མེར་སྲེགས་རླབས་ཆེན་བྱ་ལས་འདི་།
རང་གི་རྒྱལ་ཁབ་མི་རིགས་རྩ་དོན་དམིགས་།
ཆོས་མེད་ཀླ་ཀློའི་བོད་མིར་བཙན་གནོན་གྱིས་།
མ་བཟོད་བོད་མིའི་རང་ལུས་མཆོད་མེར་ཕུལ་།
མཆོག་གསུམ་བསླུ་བ་མེད་པའི་བདེན་སྟོབས་དང་།
སྣང་སྟོང་ཆོས་ཉིད་ཟབ་མོའི་མཐུ་བཙན་པས་།
ལས་འབྲས་བསླུ་མེད་བདེན་པ་མྱུར་གསལ་ནས་།
གཞིས་བྱེས་མཉམ་འཛོམས་ཉི་མ་ཤར་ལ་ཉེ་།
གངས་རི་ར་བས་སྐོར་བའི་ཞིང་ཁམས་འདིར་།
བསྟན་དང་བདེ་བ་མ་ལུས་འབྱུང་བའི་གནས་།
སྤྱན་རས་གཟིགས་དབང་བསྟན་འཛིན་རྒྱ་མཚོ་ཡིའི་།
སྐུ་ཚེ་མི་ཞིག་རྡོ་རྗེའི་ཁམས་སུ་བརྟན་།
བོད་ནང་གི་ཁོར་ཡུག་སྐོར་ལ་་་་
http://tibet.net/cop21/
༧རྒྱལ་བའི་ཁྲི་དང་བཙན་རྒོལ་ཤོར་བ་ལ།
སྡུག་ཡུས་གཅིག་དང་སྐད་ངན་མ་ཤོར་བར།
འོས་ཤོར་རྐུབ་སྟེགས་ཤོར་བར་བྲོ་འཁྲབ་པའི་
ལས་ངན་ཆོ་ག་སྐྱེལ་མར་འཁེལ་ལ་གཤགས།
ཀྱེ་མ་དཔའ་བོ་གཅིག་རེ་གཅིག་རེ་ཕེབས།
ནང་འཁྲུགས་གཉིས་རེས་གསུམ་རེ་མཆེད་དེ་བརྩམས།
མི་དམངས་མང་མོས་རྗེ་བོར་སྡང་བ་རྣམས།
དཔའ་བོ་བསྐྱོད་ཀའི་ཆང་སྐྱེམས་སྐྱུར་མོ་ལགས།
རང་དབང་ལུང་པར་དར་དམར་འཕྱར་བ་དང་།
༧བླ་མ་དཔོན་པོ་ཕེབས་སའི་ཁྱི་འཚོགས་རྣམས།
ལྟས་ངན་གྲངས་མེད་སྣ་ཚོགས་ཟིལ་གནོན་པ།
དཔའ་བོའི་འདས་མཆོད་སྐྱེལ་མར་དགོངས་དག་མཛོད།
དགྱ་དམར་དགྲ་བོའི་བཙན་ཁྲིམས་བཀའ་འོག་ནས།།
མདོ་སྨད་དཔའ་བོ་ཕྱི་མར་འགྲོ་དགོས་ཐུག།
བཙན་བྱོལ་ཁམས་པའི་ཆོལ་ཞེན་ཕྱོགས་རེ་འོག།
མདོ་སྨད་སྤྱི་དཔོན་དོན་མེད་རྒྱངས་ཕུད་བཏང་།།
མཇུག་འབྲས་འདི་འདྲ་ཟ་བའི་ཆོལ་ཁ་འདི།
གནའ་ནས་ད་བར་མྱང་བ་ཨམ་ཕྲུག་ཙམ།།
སྙིང་འཕྱས་ཞྭ་ནག་ག་རེ་གཡོག་དུས་འདིར།།
བདེན་པ་རུམ་ལ་བཅུག་ནས་མདུན་དུ་སྤོས།།
སྨྱུག་ཤོག་ཐོགས་པ་མདོ་སྨད་མི་ཡི་རིགས།།
གྲི་སྟ་སྤངས་བའི་དཔའ་བོ་རྟའི་ཆོལ་ཁ།།
བདེན་པ་གནས་ལུགས་སྦྱོར་བའི་མཁས་བ་ཡིན།
དུས་རབས་འདི་ལ་དགོས་བའི་བཀའ་གསུང་ཡིན།
བླ་མའི་སྐུ་བརྟན་དཔའ་བོའི་དཔུང་བརྟན་པའི།།
སྨོན་ལམ་ཡང་ཡང་སེམས་པའི་ཀློང་ནས་འདེབས།།
སྐབས་འཚོལ་བ་དང་བསྟན་དགྲ་གཏོར་བ་ལ།
མཐུ་ཆེན་ཐེབ་པའི་ཉིན་མོ་མྱུར་ཤར་ཤོག།
གངས་རིའི་ལྗོངས་སུ་སྟག་སེང་རྫོང་ཞིག་ཡོད། །
དེ་ཡི་མིང་ལ་ཨ་མདོ་རྔ་བ་ཟེར། །
གངས་རིའི་ལྗོངས་སུ་སྟག་སེང་ཁ་སྤྲོད་ཡོད། །
དེའི་མིང་ལ་རྔ་བའི་དཔའ་རྒོད་ཟེར། །
དམངས་གཙོའི་བདག་དབང་ཧ་ཅང་དབང་བཙན་པས།
དམངས་གཙོའི་ཀ་མགོར་སྡང་བ་དམངས་ཀྱི་དགྲ །
དམངས་ཀྱི་འོས་ཤོག་ཤོག་སྟོང་མ་ལགས་ཏེ།
དམངས་རེའི་བསམ་པ་དགུངས་སྔོན་གནམ་ལས་མཐོ།
ཁམས་པ་མཁས་པས་བསྐོས་ཀྱང་བཀའ་བློན་ཤོར།
ཆང་རྐྱལ་རང་བཞིན་འཁྲེགས་པས་འོས་ཀྱང་ཤོར།
བཀའ་བློན་འཕགས་པའི་འགྲན་ཡར་མི་དོ་བ།
འོས་ཤོག་དུས་ནས་ཁོ་རང་ཕེབས་པ་ལགས།
སྨྱུག་ཐོགས་པ་ཡི་ལས་དཀའ་ཧ་ཅང་བཟང་།
མཛངས་པ་མེད་ན་འདི་ཡང་ཏང་གི་གཡོགས།
དམངས་ཀྱི་དབུ་ལོར་སྡང་བའི་ཁྱི་ཚོགས་གཉིས།
ཆོས་སྲིད་གཉིས་ཀར་ཕན་མེད་དོལ་ཚོགས་ལགས།
ཟླ་མེད་དཔའ་བོས་བདེན་པ་བདར་བ་ལས།།
གཞི་བྱེས་མི་དམངས་སེམས་རྩ་རབ་བརྟན་པས།།
སྤུན་ཟླའི་མཛའ་བརྩེར་གནོད་པའི་རེ་དོགས་རྣམས།།
གནོང་ཞིང་འགྱོད་པས་མྱུར་ཏུ་ཆོད་པར་ཤོག །
འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས།
དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད།
རང་སེམས་ཆོས་སྐུ་མངོན་སུམ་སྟོན་མཛད་པའི།
རྩ་བའི་བླ་མའི་ཞབས་ལ་གསོལ་བ་འདེབས།
ཆོལ་ཁ་ཕྱོགས་ཞེན་ཞི་བར་བྱིན་གྱིས་རློབས།
གཞིས་ཞུགས་བོད་མིའི་ལྷག་བསམ་མེ་དམར་འབར་།
བྱེས་འབྱོར་བོད་མིའི་ཆོལ་ཞེན་ངོ་རེ་ཚ་།
གཞིས་ཞུགས་བོད་མིའི་ཆོད་སེམས་རི་ལས་བརྟན་།
བྱེས་འབྱོར་བོད་མིའི་ནང་འཁྲུགས་ངོ་རེ་ཚ་།
ཆོལ་ཞེན་འགན་འཁུར་ང་ཚོའི་ལས་འགན་མིན་།
ནང་འཁྲུགས་རྒྱག་རྒྱུ་ང་ཚོའི་ལས་འགན་མིན་།
སྤྱི་ཚོགས་དཀྲུགས་རྒྱུ་ང་ཚོའི་ལས་འགན་མིན་།
ངོ་རྒོལ་རྒྱག་རྒྱུ་ང་ཚོའི་ལས་འགན་མིན་།
ཁྲིམས་སྲུང་ངོ་ཚ་ང་ཚོའི་ལས་འགན་ཡིན་།
ཡ་རབས་བཟང་སྤྱོད་ང་ཚོའི་ལས་འགན་ཡིན་།
ཆོལ་གསུམ་མཐུན་སྒྲིལ་ང་ཚོའི་ལས་འགན་ཡིན་།
བཅའ་ཁྲིམས་འགན་འཁུར་ང་ཚོའི་ལས་འགན་ཡིན་།
སྐུ་ཞབས་ཡངས་གླིང་རྡོ་རྗེ་ལགས་ཀྱིས།
https://www.facebook.com/jamyang.tenzin.73/videos/10155779158785999/