བསོད་ནམས།
རྒྱལ་གཅེས་དཔའ་བོ་ལབ་དགོན་པའི་གྲྭ་བསོད་ནམས་རབ་ཡངས་ནི་སྤྱི་ལོ་ ༡༩༧༠ ཟླ་བ་ ༢ ཚེས་ ༧ ཉིན་ཕ་ཕུན་ཚོགས་སྐྱབས་དང་མ་ཀུན་ཁྱབ་དབང་མོ་གཉིས་ཀྱི་བུ་རུ་སྐྱེས་ཤིང་། སྤུན་མཆེད་བཅུ་གཉིས་ཡོད་པའི་ཁྲོད་ཀྱི་གསུམ་པ་དེ་ཡིན། བགྲང་བྱ་བདུན་ལ་སླེབས་པ་ན་ལབ་མདའ་སློབ་ཆུང་དུ་འཛུལ་ཞུགས་བྱས་ཏེ་ལོ་བཞིའི་རིང་སློབ་སྦྱོང་བྱས། ལོ་བཅུ་བཞི་སོན་པ་ན་ལབ་མདའ་འབྲིང་རིམ་སློབ་གྲྭར་ཞུགས་ཤིང་སྦྱང་བརྩོན་བྱེད་སྐབས་ནང་དུ་ནར་མ་སོན་པའི་བྱིས་པ་མང་དུ་ཡོད་པ་དང་། ནང་དུ་ལས་ཀ་ཡང་མང་པོ་ཡོད་སྟབས་ཕ་མའི་དཀའ་ངལ་སེལ་ཆེད་སློབ་གྲྭ་ལས་དགོངས་ཞུ་བྱས་ཏེ་ཞིང་འབྲོག་གི་ལས་ཀ་བྱས། ཕྱི་ལོ་ ༡༩༩༥ ལོར་ལབ་དགོན་གྱི་ཆོས་སྒོར་ཞུགས་ཏེ་ནང་པའི་གཞུང་ལུགས་ལ་ཐོས་བསམ་བགྱིས་པ་དང་། དགོན་པའི་གཙུག་ལག་ཁང་ལ་བྱི་དོར་བྱེད་པ་སོགས་ཞབས་འདེགས་ཚད་མེད་ཞུས། རྒྱུན་དུ་ཁོང་གིས་ཕྱོགས་ཡོངས་ཀྱི་འགྱུར་འགྲོས་ལ་ཐུགས་གཞིགས་ཀྱིས་མི་རིགས་ཀྱི་ལ་རྒྱ་དང་སེམས་ཤུགས་ཆེན་པོ་ཡོད་མཁན་ཞིག་ཡིན། སྤྱི་ལོ་ ༡༩༩༧ ལོར་ཁྲི་འདུ་རྫ་སྟོད་དུ་ལབ་དགོན་གྱི་གྲྭ་པ་ཞིག་གིས་བོད་རང་བཙན་གྱི་ཡིག་ཆ་སྦྱར་བར་བརྟེན་ལབ་དགོན་པར་རྒྱས་གཅེས་ཆོས་གཅེས་ཞེས་པའི་ལས་འགུལ་སྤེལ། ཟླ་བ་གཅིག་རིང་ཆབ་སྲིད་ཀྱི་སློབ་གསོ་བྱས་རྗེས་རྒྱུགས་སྤྲོད་ལེན་དུས། ཁོ་ལ་ཀྲུང་གོའི་རྒྱལ་ཁབ་ཀྱི་ཁ་དོག་གང་ཡིན་དྲིས་པ་ན། ཁོང་གིས་ཆེད་དུ་གཉེར་ནས་དེའི་ལན་དུ་ཀྲུང་གོའི་ཁ་དོག་དཀར་པོ་ཡིན་ཚུལ་དང་། དེར་མ་ཟད་དྲི་བ་དང་འབྲེལ་མེད་ཀྱི་ཅང་ཙེ་མིན་ག་བ་ཡོད་རེད་ཅེས་སོགས་མི་འདོད་པའི་རྣམ་འགྱུར་བསྟན་ཡོད། རྒྱུན་ལྡན་ངག་ཐོག་ནས་༧གོང་ས་མཆོག་ལ་བསྟོད་གླུ་ལེན་པ་སོགས་ཁོའི་འཚོ་བའི་ཆ་ཤས་ལྟ་བུར་གྱུར་ཡོད། ལྷག་པར་འདི་ལོ་བཀའ་སྤྱི་གཉིས་ཀྱིས་གོ་སྒྲིག་འོག་འཛམ་གླིང་ཡུལ་གྲུ་གང་སར་ཉིན་བརྒྱ་དུས་གཅིག་ཏུ་བོད་མིའི་མྱ་ངན་གྱི་དྲན་གསོ་སྟེ། བོད་དོན་ལས་འགུལ་སྤེལ་བ་དང་སྟབས་བསྟུན་ཏེ། ཕྱི་ལོ་ ༢༠༡༢ ཟླ་ ༢ ཚེས་ ༨ ཉིན་རྐང་ཐང་དུ་ཆུ་ཚོད་གསུམ་ཙམ་ཕྱིན་ནས་ཁྲི་འདུ་རྫོང་དུ་འབྱོར། དེ་ནས་ཁྲི་འདུ་རྫོང་ཐོག་ཏུ་ཉིན་རྒྱབ་ཙམ་ལ་རང་ལུས་མེར་བསྲེགས་བྱས། སྐབས་དེར་ཁོང་གི་འབོད་སྒྲ་ནི།
༡༽ ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རང་ཡུལ་དུ་གདན་འདྲེན་ཞུ་དགོས།
༢༽ ང་ཆོའི་རང་དབང་ནི་ང་ཚོའི་ཐོབ་ཐང་ཡིན།
༣༽ དུས་རྟག་ཏུ་བོད་མི་རིགས་ལ་བཙན་གནོན་དང་མནར་གཅོད་མྱོང་འདོད་མེད་ཅེས་སོགས་འབོད་སྒྲ་ཤུགས་ཆེར་བསྒྲགས། སྐབས་དེར་རྒྱ་མིའི་ཉེན་རྟོག་པས་མེ་བསད་དེ་འཛིན་བཟུང་བྱས་ནས་བཙན་ཤེད་ཀྱིས་ཟི་ལིང་གྲོང་ཁྱེར་གྱི་དམག་མིའི་སྨན་ཁང་ཞིག་ཏུ་བསྐྱལ། དམག་མིའི་སྨན་ཁང་དུ་རྐང་པ་གཉིས་ཀ་བཅད་དེ་ཟླ་ཤས་རྗེས་ཕྱིར་བཏང་། ད་ལྟའི་ཆར་ནང་དུ་ཡོད་ཀྱང་རྒྱའི་གསང་བའི་ལས་ཁུངས་དང་། ཉེན་རྟོག་པས་སྟངས་་འཛིན་ནན་མོ་བྱེད་ཀྱིན་ཡོད་པ་མ་ཟད། མི་གཞན་དང་ཐུག་འཕྲད་བྱེད་མི་ཆོག་ཚུལ་དང་། གྲོང་སྡེའི་ཕྱི་ལོགས་སུ་འགྲོ་ན་ཉེན་རྟོག་པར་ལན་བསྐྱལ་དགོས་པ་དང་། ཕྱིའི་རྒྱལ་ཁབ་ནས་ཡོང་བའི་ཁ་པར་ལེན་མི་ཆོག་པ་དང་། དུས་རྟག་ཏུ་དྲི་བ་དྲིས་ཏེ་སུན་གཙེར་བྱེད་པ་སོགས་ཕྱི་ཚུལ་ནས་གློད་བཀྲོལ་བཏང་ཡོད་པ་ལྟར་ཡིན་ཡང་དོན་དངོས་ཐོག་བཙོན་པ་དང་གཉིས་སུ་མེད་པར་ཆགས་ཡོད། དེར་མ་ཟད་ནང་མིར་ཚད་ལས་འདས་པའི་དཀའ་ངལ་ཆེན་པོ་འཕྲད་ཀྱིན་ཡོད་པ་ནི། བཤང་བཅི་སོགས་གཞན་གྱིས་འདོན་དགོས་པ་སོགས་སོ། འདི་ནི་ད་ལྟའི་གནས་སྟངས་དང་ལས་འགུལ་བྱུང་རིམ་གྱི་དངོས་བྱུང་གི་གནས་ཚུལ་ཡིན་པ་དགོངས་འཇགས་དང་། དེ་ལས་གཞན་དེང་སང་གསར་ལམ་ཁག་ཏུ་གནས་ཚུལ་ཁུངས་ལྡན་མིན་པའི་སྐད་ཆ་སྣ་ཚོགས་འདུག་པས་ཁོ་བོས་ལོ་རྒྱུས་དངོས་དེ་བརྒྱུད་སྤྲོད་བྱས་པ་ཡིན། བོད་རྒྱལ་ལོ།།
བསོད་ནམས་ལགས་ཀྱིས་བོད་མདོ་ཁམས་སྒ་སྐྱེ་དགུ་མདོ་ཁྲི་འདུ་རྫོང་ལབ་དགོན་པའི་གྲྭ་རྒྱལ་གཅེས་དཔའ་བོ་བསོད་ནམས་རབ་ཡངས་མཆོག་གི་དངོས་ཡོད་བདེན་པའི་གནས་ཚུལ་མཁོ་སྤྲོད་གནང་བར་ཐུགས་རྗེ། རང་དབང་ལུང་པ་ཡོད་པའི་ང་ཚོས་གཞིས་བཞུགས་བོད་མི་རྣམས་ཀྱི་རང་དབང་གི་མགྲིན་ཚབ་པ་ཞིག་བྱེད་དགོས་པ་དེ་གཡོལ་དུ་མེད་པའི་ལས་འགན་ཉག་ཅིག་རེད། བདེན་པ་ཉིད་རྣམ་པར་རྒྱལ་གྱུར་ཅིག བོད་རྒྱལ་ལོ།།
སེམས་སྡུག་ཞིག་གིས་མནན་སོང་།
ཐུགས་རྗེ་ཆེ།
ངས་ཕབས་ལེན་གྱིས་ཉར་ཡོད།
ངག་དབང་སྟོབས་ལྡན་ལགས་ཀྱིས་ཁོང་གི་གནས་ཚུལ་གསལ་ཤོས་ཤེས་ཀྱི་ཡོད་ཀྱང་དགོས་པ་དང་རྒྱུ་མཚན་གང་ཞིག་ལ་གཟིགས་ནས་གསལ་བཤད་མ་བྱས་པ་ཡིན་ནམ། ད་ལྟའི་བར་དུ་དེའི་སྐོར་གསར་འགོད་བསྒྲགས་གཏམ་དང་ལོ་རྒྱུས་བརྒྱུད་འགོད་སོགས་གང་ཡང་བྱས་མ་སོང།
དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་རྒྱ་དང་། དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དྲྭ་རྒྱ་གཉིས་ཀའི་ནང་དུ་ཐོག་མ་གནས་ཚུལ་མཁོ་སྤྲོད་སུས་བྱས་ཡོད་མེད་མཁྱེན་བཞིན་ཡོད་དམ། དྲྭ་རྒྱ་དེ་གཉིས་ཀྱིས་བརྒྱུད་ནས་འཛམ་གླིང་གི་སྐད་ཡིག་ཆེ་ཁག་འགའ་ཞིག་ནང་གནས་ཚུལ་བརྒྱུད་བསྒྲགས་བྱུང་ཡོད་པ་མཁྱེན་གསལ་རེད། དེར་བརྟེན་སྤྱི་འཐུས་ལྷན་ཚོགས་ནས་གསར་འགོད་གསར་བསྒྲགས་ཀྱང་གནང་ཡོད། ནོ་ཝེ་རླུང་འཕྲིན་ཁང་དང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གཉིས་ཆར་ནང་གུས་པསགསར་གནས་ངོ་སྤྲོད་བྱས་པ་རྣམས་ཁྱེད་ཀྱིས་མི་ཤེས་པའི་རྒྱུ་མཚན་གང་རེད།