ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༣༠ ཉིན་མདོ་སྨད་རྒྱལ་རོང་ཚོ་བདུན་ཀིརྟི་དགོན་པའི་གྲྭ་བསྟན་པ་དར་རྒྱས་དང་འཆི་མེད་དཔལ་ལྡན་གཉིས་ཀྱིས་རང་ལུས་མེར་སྲེག་བཏང་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་གནང་ཡོད་ལ། གྲྭ་འཆི་མེད་དཔལ་ལྡན་ཟླ་བ་དེའི་ཕྱི་ཚེས་ ༣༡ ཉིན་འདས་གྲོངས་སུ་གྱུར་ཡོད་མོད། བསྟན་པ་དར་རྒྱས་ལགས་ད་བར་གསོན་ཙམ་གྱི་གནས་སྟངས་ལྷག་ཡོད་ནའང་། དེ་རིང་སྟེ་ཕྱི་ཟླ་ ༤ ཚེས་ ༧ ཉིན་གྱི་བོད་ནང་གི་སྔ་དྲོའི་དུས་ཚོད་ ༩།༢༣ ཙམ་ལ་རྔ་པ་ཁུལ་གྱི་སྨན་ཁང་ནང་ནས་གཟི་བརྗིད་ལྡན་པའི་ངང་ཁོང་ཡང་སྐུ་གྲོངས་ཡོད་ཀྱང་ཁོང་གི་སྐུ་ཕུང་ནང་མི་དང་དགོན་པར་སྤྲོད་རྒྱུའི་རེ་འདུན་ཤུགས་ཆེ་ཞུས་ནའང་། རྒྱ་གཞུང་གིས་དང་ལེན་མ་བྱས་པར་ཉིན་རྒྱབ་ཀྱི་དུས་ཚོད་ ༡ ཙམ་ལ་མེར་སྲེག་བཏང་སྟེ་ཕྱི་དྲོའི་དུས་ཚོད་ ༤ ཙམ་ལ་རུས་ཐལ་ཞིག་འབྲེལ་ཡོད་ལ་སྤྲད་པ་དེར་ཡང་མི་ཆོག་པ་མང་པོ་ཞིག་ལ་ཁས་ལེན་གྱིས་མཛུབ་ཐེལ་རྒྱག་དགོས་བྱུང་འདུག
རྒྱལ་གཅེས་དཔའ་བོ་ཁྱེད་ནི་ང་ཚོའི་སེམས་དབུས་ནས་ནམ་ཡང་དོར་ཐབས་མེད་ལ། ཁྱེད་ཀྱི་རེ་འདུན་ནི་ང་ཚོ་ཚང་མའི་རེ་འདུན་ཡིན་པར་སོང་།ང་ཚོས་གུང་ཁྲན་ལ་མགོ་ནམ་ཡང་མ་རྒུར་བར་བོད་མིའི་འདོད་དོན་མ་འགྲུབ་བར་ལས་འགུལ་སྤེལ་རྒྱུ་ཡིན།ཁྱེད་ངན་འགྲོའི་འཇིགས་པ་ལས་གྲོལ་ཏེ་ཕྱི་མ་བོད་མིར་སྐྱེས་བའི་སྨོན་འདུན་ཞུ།།
དཔའ་བོ་ཁོང་རྣམས་ཀྱི་བོད་མི་རིགས་ལ་སེམས་ཤུག་གནང་བྱུང་ཐུགས་རྗེ་ཆེ། བདེ་བ་ཅན་དུ་སྐྱེ་བར་ཤོག
ལྷག་བསམ་རྣམ་པར་དཀར་པའི་མཐུ་སྟོབས་ཀྱིས།།
གཅེས་པའི་ལུས་སྲོག་མི་རིགས་ཆེད་དུ་སྤྱིན།།
ཆོད་སེམས་རྒོད་པོས་བྱ་བཞག་རྒྱ་ཆེན་འདི།།
མུ་རིང་བདེན་མཐའ་གསལ་པའི་རྒྱུར་གྱུར་ཤོག།
སྤྱན་རས་གཟིགས་ཀྱི་སྤྱན་དཀྱུས་རིང་ན། །
བསྟན་པ་དར་རྒྱས་གཟིགས་རང་དགོས་སོ། །
ཡར་ལ་འདྲེན་པའི་ཕྱག་སྟོང་ཡོད་ན། །
པོ་ཏ་ལ་རུ་ཁོང་ཉིད་འཁྲིད་མཛོད། །
སྐུ་ཉིད་ལགས་ཕྱིར་མི་ལྡོག་པའི་ས་ལ་འགོད་པར་ཤོག
ཁྱེད་ཀྱིས་བློས་གཏོང་དེ་ངེད་ཅག་གིས་དུས་ནམ་ཡང་རྗེད་མི་སྲིད།
ཁྱེད་ཀྱིས་བཞག་པའི་གཟི་བརྗེད་དེ་དུས་ནམ་ཡང་ཡལ་མི་སྲིད།
བོད་མི་ཞིག་གི་སྐྱེ་བ་ཡང་སྐྱར་བཞེས་རོགས།
ང་ཡང་དུས་ནམ་ཡང་མཉམ་དུ་ཡོད།
ལུས་ཕུང་ཕྱི་ཚིག་ནང་ཚིག་གི་སྐར་ཆ་རེ་རེའི་སྡུག་བསྔལ་དེ་ཇི་ལྟར་བཟོད་དམ། ད་དུང་འཆི་ཁ་མའི་འཕྲད་འདོད་སའི་ཕ་མ་སྤུན་མཆེད་དང་བཤད་འདོད་པའི་སྐད་ཆ་དག་གི་གོ་སྐབས་འཕྲོག་ན་ཇི་འདྲའི་སྙིང་ལ་གཟན་་་་་་་་་ཨ་ཧོ་ཧོ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
ང་ཚོ་ནི་བོད་དོན་ཆེད་ཧ་ལས་པའི་བློ་གཏོང་གིས་རང་ལུས་མེ་བསྲེག་གནང་མཁན་རྣམས་ལ།གྲངས་འདྲེན་བྱས་ནས་འདོད་པ་ཙམ་མིན་པ་ཆོལ་གསུམ་ཆིག་བསྒྲིལ་ཐོག་རྒྱ་དམར་ལ་དངོས་ཤུགས་རྒྱུད་གསུམ་ནས་ང་ཚོའི་འདོད་དོན་འགྲུབ་ཆེད་གནོད་ཤུགས་སྤྲོད་དགོས་པ་དང་།རང་རེའི་རིགས་གཞུང་མ་ཉམས་བརྒྱུད་འཛིན་དང་ཉམས་པ་སླར་གསོ་ཡོང་ཆེད་སློབ་མ་ཚང་མས་རང་དགོས་སློབ་སྦྱོང་ལ་ཧུར་བརྩོན་བྱ་དགོས་པ་སོགས་ཕྱོགས་མང་པོ་ནས་འབད་བརྩོན་བྱ་དགོས་པ་མཐོང་ངོ་།།
སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་། །
འབྲལ་མེད་ཆོས་དཔལ་ལ་ལོངས་སྤྱད་ནས། །
ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས། །
རྡོ་རྗེ་མཆང་གི་གོ་འཕང་མྱུར་ཐོབ་ཤོག །
སྐྱེ་བ་རྗེས་མར་མི་ཡི་ལུས་ཐོབ་ནས། །འབྲལ་མེད་རང་དབང་དཔལ་ལ་ལོངས་སྤྱོད་ཅིང་། །ཆོས་དང་སྲིད་ཀྱི་བསླབ་པ་མཐར་སོན་སྟེ། །གླིང་འདིའི་དཀའ་རྙོག་སེལ་བའི་བྱེད་པོར་ཤོག ། །།
༡བསྟན་དང་ཆབ་སྲིད་༸གངས་ཅན་མགོན་པོ་བསིལ་ལྡན་ལྗོངས་སུ་གདན་ཞུའི་སླད།།
༢པ་སངས་རྒྱུ་སྐར་མཁའ་ལ་གཤེགས་ལྟར་གོ་ལའི་རྩེ་ན་མེ་རླབས་འཕྱུར།།
༣དར་ཚོན་སྣ་ལྔའི་འཇའ་རིས་ཁྲོད་ནས་མངོན་གཤེགས་དཔའ་བོའི་གཟི་བརྗིད་དོན།།
༤རྒྱས་པར་འགྱུར་བའི་ངང་ཚུལ་འདི་ཡིས་སྨོན་པའི་དོན་ཀུན་མྱུར་འགྲུབ་ཤོག །
བདེ་བ་ཅན་དུ་སྐྱེ་གྱུར་ཅིག
དྲ་དྲོགས་ཡོངས་ལ་ཞུ་རྒྱུར། ཁ་ཙམ་གྱི་སྨོན་པས་བདེ་འགྲོ་ཐོབ་མིན་ཐེ་ཚོམ་གྱི་རྒྱུ། དེ་ལས་ཁ་སྟོང་བཤད་པ་ལས་མཆོད་མེ་རྐང་གཅིག་འདས་པོ་ཚོས་ཆེད་དུ་སྦར་གནང་ན་གོང་ཚད་ཡང་ཆུང་ཕན་ཐོགས་ཆེ་བས་ལག་ལེན་བྱེད་རོགས