ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས ༦ ཉིན་བོད་མདོ་སྨད་རྔ་པ་ནས་རང་ལུས་མེ་སྲེག་གིས་རྒྱ་ནག་གཞུང་ལ་ངོ་རྒོལ་གནང་མཁན་རྔ་པ་ཀིརྟི་དགོན་གྱི་རྒྱལ་གཅེས་དཔའ་བོ་གྲྭ་བློ་བཟང་ཚུལ་ཁྲིམས། རང་ལོ་ ༢༡ ཅན་ཁོང་ཉིན་དེའི་བོད་ནང་གི་མཚན་མོའི་དུས་ཚོད ༡༢ ཙམ་ལ་འབར་ཁམས་སུ་སླེབས་ཙམ་གྱི་རྗེས་འབར་ཁམས་སྨན་ཁང་དུ་སྐུ་གྲོངས་ཡོད་འདུག
སྐུ་གྲོངས་མ་ཐག་འབྲེལ་ཡོད་ཀྱིས་ཕུང་པོ་ནང་མིར་སྤྲོད་རྒྱུའི་རེ་འདུན་ཞུས་ཀྱང་དང་ལེན་མ་བྱས་པར་རྒྱ་ནག་གཞུང་གིས་མེར་སྲེག་བཏང་སྟེ་རུས་ཐལ་ཞིག་ནང་མིར་སྤྲད་འདུག་པ་ཕྱི་ཚེས་༧ ཉིན་གྱི་མཚན་མོ་འབྲེལ་ཡོད་དགེ་འདུན་པ་བཞིས་ཀིརྟི་དགོན་པའི་ལྟག་རྒྱབ་ཀྱི་དུར་སའི་ནང་སྐྱེལ་ཡོད་འདུག ཁོང་གིས་རང་ལུས་མེ་བསྲེགས་གནང་ནས་གོམས་པ་བཅུ་གྲངས་འགའི་རིང་ཕེབས་ཡོད་ལ་སྐབས་དེར་ཁོང་གིས་༸གོང་ས་མཆོག་བོད་ལ་ཕེབས་འཇུག་དགོས། སྐྱབས་རྗེ་ཀིརྟི་རིན་པོ་ཆེ་བོད་ལ་ཕེབས་འཇུག་དགོས། ཀིརྟི་དགོན་པའི་སློབ་གྲྭ་སྒོ་ཕྱེ་དགོས། ཞེས་སྐད་འབོད་གནང་ཡོད་འདུག དེ་བཞིན་ཁོང་གིས་ཤུལ་དུ་ཁ་ཆེམས་ཤིག་བཞག་ཡོད་ཀྱང་འདི་ནས་ལག་སོན་མ་བྱུང་།
ཁོང་ནི་རྔ་པ་རྫོང་གཅའ་ཞང་རྭ་རུ་བའི་རྗའ་དར་ཚང་གི་ཡིན་ཞིང་། ཕ་དབང་ཚེ་དང་། མ་སྒྲོན་དཀར་སྐྱིད་གཉིས་ཀྱི་བུ་ཡིན་འདུག ཆུང་ཆུང་སྐབས་ནས་རྔ་པ་ཀིརྟི་དགོན་པར་གྲྭ་པ་བྱས། དེང་སྐབས་ཐོས་བསམ་གླིང་གྲྭ་ཚང་གི་འཛིན་གྲྭ་རྟགས་རིགས་ཡིན་འདུག་པ་བཅས།
བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས།
ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༨ ལ།
མྱ་ངན་གུད་འདུད་ཞུ།
རྒྱལ་གཅེས་པ་ཁོང་། མགོན་པོ་སྤྱན་རས་གཟིགས་ཀྱིས་ལམ་སྣ་དྲངས་དུ་གསོལ། ཨོ་མ་ཎི་པདྨེ་ཧཱཾཿ མགོན་པོ་སྤྱན་རས་གཟིགས་ཀྱིས་ལམ་སྣ་དྲངས་དུ་གསོལ། ཨོ་མ་ཎི་པདྨེ་ཧཱཾཿ མགོན་པོ་སྤྱན་རས་གཟིགས་ཀྱིས་ལམ་སྣ་དྲངས་དུ་གསོལ། ཨོ་མ་ཎི་པདྨེ་ཧཱཾཿ མགོན་པོ་སྤྱན་རས་གཟིགས་ཀྱིས་ལམ་སྣ་དྲངས་དུ་གསོལ། ཨོ་མ་ཎི་པདྨེ་ཧཱཾཿ བོད་རྒྱལ་ལོ།།
གདོང་དམར་རྒྱལ་གཅེས་བ་བློ་བཟང་ཚུལ་ཁྲིམས་ལགས་ཀྱིས་སེམས་དཔའི་མཛད་སྤྱོད་ལ་རྗེས་སུ་ཡིད་རང་ཞུ།བོད་མའི་བདེན་མཐའ་སེལ་ནས་བོད་བདེ་བ་ཅན་གྱི་ཞིང་ཁམས་སུ་ཆོལ་གསུམ་བོད་མི་ཚོ་ལྷན་གཅིག་ཏུ་བདེ་སྐྱིད་ཀྱི་དཔལ་ལ་རོལ་བའི་སྐལ་བཟང་མྱུར་དུ་ཤར་བར་སྨོན། བོད་རྒྱལ་ལོ། བོད་རྒྱལ་ལོ། བོད་རྒྱལ་ལོ།
ཨོཾ་མ་ཎི་པདྨེ་ཧཱུཾ། མྱ་ངན་གུས་འདུད་ཞུ།
དམིགས་མེད་བརྩེ་བའི་གཏེར་ཆེན་སྤྱན་རས་གཟིགས། །དྲི་མེད་མཁྱེན་པའི་དབང་པོ་འཇམ་དཔལ་དབྱངས་། །བདུད་དཔུང་མ་ལུས་འཇོམས་མཛད་གསང་བའི་བདག། །གངས་ཅན་མཁས་པའི་གཙུག་རྒྱན་ཙོང་ཁ་པ། །བློ་བཟང་གྲགས་པའི་ཞབས་ལ་གསོལ་བ་འདེབས།།