དཔའ་བོ་ན་ཆུང་དམ་པ་འདིའི་གནས་ཚུལ་སྔོན་ནས་ཐོན་ཟིན་པ་དང་། དེ་རིང་གཞི་ནས་སྐབས་དེའི་སྐུ་པར་ཁག་ཅིག་འབྱོར་བ་འདིར་བཀོད་ཡོད། རྡོ་རྗེ་དབང་ཕྱུག་དང་བོན་རྒྱ་བསྟན་འཛིན་རབ་རྒྱས་ལགས་ཀྱིས་གནས་ཚུལ་ཕྱོགས་སྒྲིག་བྱས་པ་འདི་ལྟར། “ཚེས་ ༡༥ ཉིན་གྱི་བོད་ནང་གི་ཆུ་ཚོད་བཅུ་གཅིག་ཡས་མས་ཤིག་ལ། རེབ་གོང་རྒྱལ་བོ་ཀླུ་ཆུའི་ཀླུ་ཆུ་ཐང་ནས་རེབ་གོང་རོང་པོའི་ཕྱོགས་སུ་ཡོང་སའི་ལམ་འཁེལ་ཁོང་གསེང་མདོ་ཟེར་བའི་ས་གནས་སུ། ཀླུ་ཆུ་སྡེ་བའི་ཆུ་ཅ་ནས་ཡིན་པ་མཁའ་འབུམ་རྒྱལ་ཞུ་བ་ཞིག་གི་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཏེ་སྐུ་གྲོངས་འདུག ཁོང་ནི་ཕ་རྟ་མགྲིན་རྒྱལ་དང་མ་སྒྲོལ་དཀར་མཚོ་གཉིས་ཀྱི་བུ་ཡིན་པ་དང་། རང་ལོ་ ༡༨ དང་། ཁོང་ལ་ཁྱོན་མིང་སྲིང་དྲུག་ཡོད་འདུག་པ་ལས། ད་ལྟ་དངོས་སུ་མིང་ཤེས་རྟོགས་བྱུང་བ་ནི། བསོད་ནམས་ལྷུན་གྲུབ་དང་། ཀླུ་མོ་འཚོ། གུ་རུ་སྐྱིད་་བཅས་ཡིན།” ཞེས་འཁོད་ཅིང་། ཞིབ་གསལ་ཁ་བརྡ་དྲ་བའི་དྲ་བྱང་འདི་ན་བཀོད་ཡོད། ད་དུང་གཤམ་གྱི་ཁ་བྱང་འདི་དག་ན་ཡང་འདུག
https://www.khabdha.org/?p=36390
https://www.khabdha.org/?p=37059
https://www.khabdha.org/?p=37151
གཤམ་གསལ་ནི་ཁོང་གིས་སྐུ་ལུས་མེར་སྲེག་བཏང་སྐབས་ཀྱི་པར་རིས་རྣམས་རེད། ༢༠༡༢ ལོའི་ཟླ་ ༡༢ ཚེས་ ༢ ཉིན་ཁ་བརྡ་དྲ་བ་ལ་་འབྱོར།
དེང་སྐབས་དངོས་གནས་ཅི་བཤད་འདི་བཤད་ཅིག་མི་འདུག
ཁ་ནས་མ་ཎི་རེ་བགྲངས་ཞོར་མར་མེ་ཁྲོམ་སྐོར་རེ་ཡིས་ཁོང་ཚོའི་འདོད་འདུན་མཚོན་ཐུབ་བམ།