ཟླ་འདིའི་ཚེས་༤ ཉིན་གནས་ཚུལ་གསར་དུ་འབྱོར་བ་ལྟར་ན། ཕྱི་ཟླ་༢ ཚེས་༢༡ ཉིན་གྱི་དགོང་མོར་དེ་སྔོན་རང་ལུས་མེར་བསྲེག་གིས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱེད་མཁན་རིག་འཛིན་རྡོ་རྗེ་རྔ་པ་ཁུལ་གྱི་སྨན་ཁང་ཞིག་ཏུ་སྐུ་གྲོངས་ཡོད་པ་དང་།
འབྲེལ་ཡོད་ཚོ་འབར་ཁམས་སུ་སོང་ནས་སྐུ་ཕུང་ཚུར་ལེན་ཐབས་བྱས་ཀྱང་། རྒྱ་གཞུང་གིས་མ་སྤྲད་པར་ས་གནས་དེར་མེར་བསྲེག་བྱས་ནས་རུས་ཐལ་ཞིག་ནང་མི་ལ་བསྤྲད་ཡོད་འདུག
བོད་རང་གི་སྲོལ་རྒྱུན་གྱི་འགྲོ་ལུགས་དང་མཐུན་པར་སྐར་བཅོས་སོགས་གང་ཡང་བྱེད་ཐུབ་མེད་པ་མ་ཟད། ཡུལ་མི་རྣམས་མཉམ་འཛོམས་ཀྱིས་ཉིན་གཅིག་རིང་གཤེན་པོའི་ཆེད་མཎི་དང་བསྔོ་སྨོན་འཚོགས་སྲོལ་ཡོད་པ་དེ་ཡང་འཚོགས་མི་ཆོག་པའི་བཙན་བཀའ་བཏང་ཡོད་འདུག དམ་པ་ཁོང་ནི་རྔ་པ་རྫོང་རྨེའུ་རུ་མའི་རུ་ཆེན་གཉིས་པའི་ཕ་བརྩོན་ཁོ་དང་མ་དུང་དཀར་གཉིས་ཀྱི་བུ་ཡིན་པ་དང་། ཆུང་དུས་ནས་རྔ་པ་ཀིརྟིའི་དགོན་པར་ཆོས་ཞུགས་བྱས། ༢༠༡༠ ལོར་སྐྱ་སར་བབ་ནས་ད་བར་ཕ་མ་གཉིས་དང་མཉམ་དུ་འབྲོག་ལས་གྱི་འཚོ་བ་རོལ་ནས་བསྡད་ཡོད་པ་དང་། འདི་ལོའི་ཟླ་༢ ཚེས་༨ ཉིན་རྔ་པའི་ཁྲོམ་གཞུང་དུ་རང་ལུས་མེ་བསྲེགས་གནང་ནས་རྒྱ་གཞུང་ལ་ཞུ་འབོད་བྱས་པ་རེད།
ཡང་གནས་ཚུལ་ཐོན་གསལ་ལ་ཕྱི་ལོ ༢༠༡༡ ཟླ ༩ ཚེས ༢༦ཉིན་རང་ལུས་མེ་སྲེག་གིས་ངོ་རྒོལ་གནང་མཁན་རྔ་པ་ཀིརྟིའི་དགོན་གྱི་གྲྭ་རྨེའུ་རུ་མའི་རུ་ཆེན་གཉིས་པའི་ཚེ་རྒྱས་ཀྱི་བུ་བློ་བཟང་དཀོན་མཆོག་གི་རྐང་ལག་ཚང་མ་གཏུབ་འདུག་པ་དང་། སྐེ་ནས་ཨུ་ཁུང་ཞིག་གི་ནང་ནས་ཁ་ལག་སྤྲོད་ཀྱི་ཡོད་འདུག། སྨན་ཁང་ནས་ཀྱང་བལྟ་སྲུང་མཁན་གྱི་ལས་བྱེད་དང་སྨན་པ་ཚོས་ཁོང་ཚོ་ནི་རྒྱལ་ཁབ་ཀྱི་དགྲ་བོ་དང་མི་མང་ལ་དཀྲུག་ཤིང་རྒྱག་མཁན་ཡིན་ཚུལ་གྱི་མཐོང་ཆུང་དང་བརྙེས་སྨད་སྣ་ཚོགས་དང་། ཤི་ལ་ཁད་ཀྱི་སྨྲས་མ་དེ་དག་ལའང་འདྲི་གཅོད་དང་རྡུང་འདེགས་གཏོང་རྐྱང་བྱེད་བཞིན་ཡོད་འདུག
གཞན་ཡང་ཀིརྟིིའི་དགོན་པ་དང་བསེ་དགོན་པ་གཉིས་གཙོ་བོར་གྱུར་བའི་རྔ་པའི་སྟོད་སྨད་བར་གསུམ་གྱི་དགོན་པ་ཁག་དང་། གྲོང་སྡེ་རྣམས་སུ་དམག་མི་དང་ཉེན་རྟོགས་པ་ཕོན་ཆེན་པོ་འགྲེམས་འཇོག་བྱས་ཏེ། དམ་དྲག་དང་དུས་ཚོད་ངེས་མེད་ངང་གང་བྱུང་འཛིན་བཟུང་བྱས་པ་སོགས་ཀྱི་གནས་ཚུལ་མང་བོ་འབྱུང་བཞིན་ཡོད་པ་རེད།
གནས་ཚུལ་མཁོ་གཏོངབ་དྷ་ས་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་།
སྙིང་ནས་གུས་འདུད་ཞུ། བོད་རྒྱལོ། དོན་འབྲས་ཞིག་གཏན་གཏན་ཡོང་ངེས་པས་ཁྱེད་ཉིད་བློ་བདེ་པོར་ཕེབས།
ཀྱེ་བོད་མི་ཚོ།
ད་ང་ཚོས་གང་ལྟར་བྱ་དགོས།
ད་དུང་ང་ཚོས་ཉན་ནས་སྡོད་དགོས་པ་ཡིན་ནམ།
ང་ཚོར་བདེན་པའི་རྒྱབ་རྩ་ཞིག་མེད་པ་ཡིན་ནམ།
ང་ཚོས་ཕྱི་ནས་ཁུ་ཚུར་བཀྱགས་ནས་སྐད་འབོད་བྱེད་པ་དང་བོད་ནང་ནས་རང་ལུས་མེ་སྲེག་བཏང་ནས་མུ་འཐུད་སྡོད་དགོས་པ་ཡིན་ནམ།
ང་ཚོ་ཏ་ལི་བྷན་དང་ཁ་ཆེ་མི་རིགས་ལ་འབྲེལ་འདྲེས་དང་སློབ་སྦྱོང་བྱ་དགོས་པ་མིན་ནམ།
ངའི་སེམས་ནང་ནི་ན་ཟུག་དེ་བཟོད་གླགས་མི་འདུག
མྱ་ངན་གུས་དུད་དང་། རྟེན་བཟང་མྱུར་ཐོབ་ཤོག །
བཙན་བྱོན་འདི་ཚོ་ཕན་མེད་གནོད་མེད་གླང་གོག་འདྲ་རེད།
བཙན་བྱོལ་ནང་གི་གྲྭ་ལོག་འདི་ཚོ་ཕན་མེད་གནོད་མེད་གླང་གོག་འདྲ་འདྲ་རེད།
མི་རིགས་ཀྱི་དཔའ་བོ་ཁྱེད་ནམ་ཡང་བརྗེད་མི་སྲིད། ཨོཾ་མ་ཎི་པད་མེ་ཧཱུཾ།