(རྒྱལ་གཅེས་དཔའ་བོ་གྲྭ་བློ་བཟང་སྐལ་བཟང་དང་གྲྭ་བློ་བཟང་དཀོན་མཆོག་རྣམ་གཉིས་ལ་སེམས་ཀྱིས་བྱས་པའི་ཕེབས་སྐྱེལ)
ཐེ་བོ་ཤེས་རབ་རྒྱ་མཚོ།
ཉི་ཟེར་མག་མོག་དེའི་ངོགས་ནས
ངས་ཁྱེད་གཉིས་ཀྱི་རྟོགས་བརྗོད་སེམས་ཀྱིས་ཀློག་དུས
ངའི་མིག་ཆུ་སེམས་ཀྱིས་སྒུལ་བྱུང
ཟླ་འོད་རབ་རིབ་དེའི་འོག་ནས
ངས་ཁྱེད་གཉིས་ཀྱི་ཞབས་རྗེས་སེམས་ཀྱིས་འཚོལ་དུས
ངའི་སེམས་པ་མིག་ཆུ་ཡིས་གཤེར་སོང
ཁྱེད་གཉིས་ཀྱི་བློ་སྟོབས་དེས
ཁྱེད་གཉིས་ཀྱི་ཆོད་སེམས་དེས
ནམ་མཁའ་འདི་ཧར་གྱིས་གཤགས་སོང
ས་ཆེན་པོ་འདི་ངང་གིས་སྒུལ་བྱུང
བློ་ལས་འདས་པའི་བློ་སྟོབས་དེས
རི་རབ་འདར་སོང གཙང་པོ་སྐྱོམ་སོང
ནམ་མཁའ་ལ་མི་ཤོང་བའི་སྙིང་སྟོབས་དེ
ས་ཆེན་པོས་ཀྱང་མི་ཐེག་པའི་བློ་སྟོབས་དེ
ངས་ཐ་སྙད་ཅི་ཞིག་གིས་ད་གཟོད་གསལ་པོར་སྟོན་ཐུབ་བམ
ངས་པིར་སྨྱུག་གང་ཞིག་གིས་ད་གཟོད་གསོན་ཉམས་ལྡན་པར་འབྲི་ནུས་སམ
ངས་ངོ་མ་བཤད་ཤེས་མ་སོང
རྣོ་ལྕགས་ཀྱིས་བཞེངས་པའི་ཁྱེད་གཉིས་ཀྱི་དཔའ་བློ་ཁོག་དེ
ངས་འགྲེལ་བརྗོད་ཀྱི་འགོ་གང་ནས་བརྩམས་དགོས་སམ
ངས་ཞིབ་འབྲི་ཡི་གསོན་ཉམས་ཇི་ལྟར་འདོན་དགོས་སམ
མི་རྣམས་ཀྱིས་ད་ལྟ་རྔ་བ་གླེང་ཚེ
གནས་དེའི་དཔའ་བློ་ཁོག་ཅན་གྱི་མི་བུ་སྟེ
ངའི་ཡིད་ལ་ཁྱེད་གཉིས་དྲན་འོང
མི་རྣམས་ཀྱིས་ད་ལྟ་ཁྱེད་གཉིས་ཀློག་དུས
དཔའ་བོའི་ཕ་ས་སྟེ
ངའི་སེམས་ལ་རྔ་བ་དྲན་བྱུང
ཨེ་མ
ངོ་མཚར་ཆེ གཞོམ་གཞིག་མེད་པའི་དཔའ་བློ་ཁོག་དེ
ཨོ མ་རེད དེ་ནི་གསེར་སྣག་གིས་བྲིས་པའི
དེ་ནི་བློ་སྟོབས་དང་ཆོད་སེམས་ཀྱིས་བྲིས་པའི
སྒང་པ་བོད་པ་ཚང་གི་འགུལ་གྱིན་པའི་ལོ་རྒྱུས་གསོན་པོ་ཞིག་སྟེ
མཚོ་བཞི་གླིང་ལྔའི་སྐྱེ་བོ་དག་གིས
ད་ལྟ་ཀློག་གིན་འདུག སེམས་ཞིབ་མོས་ཀློག་གིན་འདུག
ངས་འདི་ན་ཁྱེད་གཉིས་ཇི་ལྟར་བཞེངས་སྐྲུན་བྱེད་རྒྱུར་བསམ་གཞིགས་བྱེད་དུས་ཀྱང
མི་རྣམས་ཀྱིས་ཏག་ཏག་ཁྱེད་གཉིས་ཀློག་གིན་འདུག
ངོ་མ་མི་ཅི་འདྲའི་མང་པོ་ཞིག་གིས་ཁྱེད་གཉིས་ཀློག་གིན་འདུག་ཨང
ལྷ་ཚོགས་ཀྱི་ཁྲེལ་རྒོད་ཀློང་ནས
ངས་ཁྱེད་གཉིས་ཀྱི་རྟོགས་བརྗོད་སྙིང་ནས་ཀློག་གིན་ཡོད
འདྲེ་སྲིན་གྱི་ཧབ་ཆའི་བར་ནས
ངས་ཁྱེད་གཉིས་ཀྱི་ཞབས་རྗེས་སེམས་ནས་འཚོལ་གྱིན་ཡོད
ཀྱེ་མ ཁྱེད་གཉིས་ཀྱིས་དཔའ་བོའི་དག་ཞིང་ནས་ཁ་ཕྱིར་འཁོར་ཏེ
ང་ཚོ་ལ་མགོན་སྐྱབས་ཤིག་གནང་རོགས
ཉི་ཟེར་མག་མོག་དེའི་ངོགས་ནས
ངས་ཁྱེད་གཉིས་ཀྱི་རྟོགས་བརྗོད་སེམས་ཀྱིས་ཀློག་དུས
ངའི་མིག་ཆུ་སེམས་ཀྱིས་སྒུལ་བྱུང
ཟླ་འོད་རབ་རིབ་དེའི་འོག་ནས
ངས་ཁྱེད་གཉིས་ཀྱི་ཞབས་རྗེས་སེམས་ཀྱིས་འཚོལ་དུས
ངའི་སེམས་པ་མིག་ཆུ་ཡིས་གཤེར་སོང
༢༠༡༡ ལོའི་ཟླ་ ༩ ཚེས་༢༦ དགོང་མོ་ཉལ་ཁང་དུ་བྲིས།
གཅེས་པའི་ལུས་སྲོག་མི་རིགས་ཆེད་དུ་བཏང་།
ལྷག་བསམ་དཀར་པོས་གངས་རིར་སྙིང་སྟོབས་འབྱིན།
རླབས་ཆེན་རྒྱལ་གཅེས་དཔའ་བོའི་ཁྱུ་མཆོག་རྣམས།
ས་ཡ་དྲུག་གི་སྙིང་གི་དཔའ་བོ་ལགས།
གངས་རིའི་མགོན་པོ་རྒྱ་གར་ཡུལ་དུ་ཕུད།
འོད་མཚན་མགོན་པོ་མུན་པའི་བཙོན་དུ་བཅུག
ཡབ་སྲས་ཞལ་འཛོམ་མེད་པའི་གངས་ལྗོངས་འདིར།
ཀླ་ཀློས་མི་སྲུན་ཚུལ་མིན་ལས་ལ་སྤྱོད།
བྱེས་ཀྱི་བཀའ་བློན་བོད་ཡིག་ཤེས་བྱ་མེད།
གཞིས་ཀྱི་སློབ་གྲྭར་རྒྱ་ཡིག་ཁོ་ན་སྤྱོད།
རང་མོས་ངང་དང་བཙན་གྱིས་བཀའ་དབང་གིས།
བོད་ཡིག་འདི་མུར་སྐྱུར་དེ་ཨེ་མ་སྐྱོ།
བྱེས་ཀྱི་བཀའ་བློན་གྲོས་ཚོགས་ལྡུམ་རྭའི་ནང་།
བོད་ཡིག་མི་ཤེས་ཞལ་རས་རྔུལ་ཆུའི་ཐིགས།
འོད་མཚན་མགོན་དེས་སྤྱན་རས་གཡོ་བ་ན།
ལོ་གསུམ་ཀ་ཁ་སྦྱོང་བར་གཏོང་བར་ངེས།
དྲ་གྲོགས་ཚོ་བདེ་མོ། ང་ཡང་ཁ་བརྡ་ཞེས་པའི་དྲ་བའི་ནང་དུ་ཡོང་ན་འདོད། ཕྱིས་སུ་ང་ཚོ་ཡང་ནས་བསྐྱར་དུ་ཐུག
ངོ་མ་་་་ཡི་རང་ཡོད།་་་་་་ཁྱོད་ཀྱང་ལུས་མ་འབར་ཡང་སེམས་འབར་ཚར་འདུག་པས།་་་་དགའ་བོ་བྱུང་།་་་ཧཧཧཧཧཧཧཧཧཧཧཧཧ