རྒྱལ་དབང་ཀརྨ་པ་མཆོག་གིས་དྲིས་ལན་གནང་བ། Posted on 2015-04-082015-04-08 By ཁ་བརྡ་ 14 Comments on རྒྱལ་དབང་ཀརྨ་པ་མཆོག་གིས་དྲིས་ལན་གནང་བ། གློག་བརྙན་།
ཞེ་ས་མ་བྱས་ན་ཀརྨ་པ་འདི་བ་བླ་མ་གཞན་དང་མ་འདྲ་བའི་མི་དྲང་མོ་ཞིག་ཡིན་ཁོ་ཐག་རེད། སྐད་ཆ་ཡག་པོ་བཤད་སོང་། མདོ་སྔགས་ཀྱི་སློབ་སྦྱོང་ག་འདྲ་ཞིག་ཡིན་ད་དུང་མ་ཤེས། ཕྱི་ནང་གི་སྐད་ཡིག་སོགས་ལ་ཆགས་ཐོགས་མེད་པ་ཞིག་ཡོང་ས་རེད། ལམ་ལ་བཀག་འགོག་དང་ཚེ་ལ་བར་ཆད་མེད་པར་ཤོག
༸སྐུ་ཚེ། སྐུ་གཟུགས་གཞན་སྣང་བརྗིད། གསུང་ངག་གཞན་ཕན་བཟང་། ཐུགས་རྗེ་སྙོམས་པས་ཕན། སྐུ་གསུམ་ཐུགས་གསུམ་བརྟན།
སྤྱིར་ཀརྨ་པ་མཆོག་ནས་མཛད་འཕྲིན་ཆེ་ཆུང་འདྲ་མིན་ཡོད་ནའང་ཝི་ཨོ་ཨེ་དང་tibet online སོགས་སུ་གཅིག་ཀྱང་མ་བསྟན་པ་དེ་གང་ཡིན་ནམ། དེ་ཆབ་སྲིད་ཕྱོགས་ནས་ཡིན་ནམ། དེ་ལབ་མ་ཤེས་པ་ཞིག་རེད་འདུག། ངས་གོ་མཐོས་ལ་ཕལ་ཆེར་ཆོས་ལུགས་ཀྱི་དམ་སྒྲག་ཡིན་བཟོ་འདུག། ད་ཧ་གོ་མ་སོང།
བཀྲ་ཤིས་བདེ་ལེགས་ ཁ་བརྡ་ཞེས་པའི་དྲྭ་ཚིགས་འདིར་ཞུགས་འདོད་ཧ་ཅང་ཆེ་ཡང་ད་བར་ལྷག་སོང་། ཁོ་བོ་སྐྱེ་ཡུལ་མདོ་ཁམས་ནང་ཆེ་སྐྱིད་ཆུ་ནས་ཡིན། དངོས་མིང་ཡེ་ཤེས་རྒྱལ་མཚན་དང་ དྲ་མིང་སེམས་ཉིད་ངལ་གསོ་ཟེར་གྱི་ཡོད་ འཚོ་ཐབས་བལ་ཡུལ་སྔ་འགྱུར་རྙིང་མའི་དགོན་ཆེན་ཞེ་ཆེན་བསྟན་གཉིས་དར་རྒྱས་གླིང་ནས་བསླབས་པ་མཐར་ཕྱིན་ཁུལ་གྱིས་བཤད་གྲྭའི་དཔེ་ཁྲིད་འགན་ཁུར་བྱེད་བཞིན་ཡོད། ཁོ་བོའི་གཤིས་ཀ་ལེ་ལོ་ཆེ་བས་སྐབས་ཐོབ་ལས་ཀ་ཚགས་ཚུད་པོ་མེད། འོན་ཀྱང་ཆོས་ལུགས་དང་མི་རིགས་ ལུགས་སྲོལ་དང་གོམ་གཤིས་སོགས་སྒེར་གཅོད་མ་ཡིན་པར་སྤྱི་སྨན་རིང་ལུགས་ལ་དགའ་གུས་བྱེད་མཁན་གྱི་མི་བུ་ཞིག་ཡིན། ད་རེས་ཞུ་དགོས་གཙོ་བོ་ནི་༧རྒྱལ་དབང་ཀརྨ་པ་འདི་བཀའ་བརྒྱུད་ཀྱི་རྙོག་སྒྲ་དང་ཆོས་ལུགས་ཀྱི་འཐེན་ཁྱེར་ལ་མ་ལྟོས་པར་རང་རེ་གངས་ཅན་པའི་མ་འོང་མིག་དཔེ་བལྟ་འོས་པའི་ད་ལྟའི་སྐྱེས་ཆེན་ཁ་ཤས་ནང་ནས་འབུར་དུ་དོད་པའི་རེ་བ་བཅའ་ས་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་ལགས།
ལེགས་སོ་སེམས་ཉིད་ངལ་གསོ་ལགས། ༧རྒྱལ་དབང་བཅུ་བདུན་མཆོག་ནི་ཀཾ་ཚང་དང་བོད་ཙམ་མིན་པར་གོ་ལ་འདིར་རེ་བ་རྒྱབ་སའི་སྐྱེས་བུ་ཞིག་ལགས།
ཀརྨ་པ་མཆོག་ནི་སྐྱེས་བུ་ཆེན་པོ་ཞིག་ཡིན་པ་སྨོས་མེད་ཡིན་རུང། བོད་སྐད་ནང་དུ་དབྱིན་སྐད་བསྲེས་མང་ནས་སེམས་ལ་ཚོར་བ་སྐྱུར་མོ་ཞིག་བྱུང།
སྤུ་གྲི་རེག་གཅོད་ཀྱིས་གསུངས་བ་བདེན། ཡིན་འང་ཁོང་གི་བོད་སྐད་ལ་གཙིགས་ཆུང་གནད་ནས་མ་རེད། གཙོ་བོ་སྐད་བསྒྱུར་བས་ཡག་པོ་ཞིག་གོ་དགོས་དུས་དེའི་ཕྱིར་དབྱིན་སྐད་གསུང་བ་རེད་དྲན།
དེ་འདྲ་ཡང་ཡིན་ཁོང་གི་དྲི་བ་ལན་འདེབས་དྲང་བདེན་ཐོག་གནང་གི་འདུག། དཔེར་ན་དུ་བ་མཐོང་ནས་མེ་ཡོད་པ་ཤེས་པ་ ལྟར། ཁོང་དྲང་བདེན་གི་ཕྱུགས་པ་ཞིག་ཡིན་པ་ཤེས་ཐུབ་ཀྱི་འདུག། གཞན་ང་རང་གི་སྔོན་མ་གོང་ས་མཆོག་གི་གསུང་ བསྒྱུར་རྡོ་རྗེ་དགྲ་འདུལ་ལ་དྲི་བ་འགའ་ཞིག་གཏོང་མྱོང་ཡོད། ལན་གནང་པའི་ཁ་ཐུག་དེར་ཧམ་བཤད་དང་མཁྱོག་བཤད་ མང་དག་ཞིག་གིས་སྤྲོ་སེམས་དང་ཡིད་ཆེས་བརླགས་འཇུག་གི་འདུག། ཀརྨ་པ་ཁོང་མི་དྲང་ཚུག་ཅན་ཞིག་འདུག་པས་མའོང་ པར་བྱ་བཞག་ཆེན་པོ་སྒྲུབ་ཐུབ་པའི་ཡིད་ཆེས་ཡོད།
གནའ་དེང་གི་ཤེས་བྱ་གཉིས་པོ་འདི།། བྱ་གཅིག་གི་གཤོག་པ་གཡས་གཡོན་རེད།། མཐོ་འཛམ་གླིང་ནམ་མཁའི་དབྱིངས་དེ་ལ།། འཕུར་འདོད་ན་གཉིས་ཀ་དགོས་ལེ་རེད།།
ཀརྨ་པ་མཆོག་ལ་རེ་བ་ཆེན་པོ་ཡོད། ད་དུང་ཡང་གོང་ནས་གོང་འཕེལ་དང་། ངས་བསམ་ཚུལ་ལ་ཡོངས་འཛིན་ཁྲ་འགུ་རིན་པོ་ཆེའི་སྐུ་མདུན་ནས་མན་ངག་ཟབ་མོ་ད་དུང་ཞུ་ཐུབ་དགོས། ཁྱད་པར་དུ་ཁོང་རྙིང་མའི་བླ་རྒན་རེ་གཉིས་ཅན་བཞུགས་པའི་མདུན་ནས་ངེས་པར་དུ་མན་ངག་ཟབ་མོ་ལོན་ཐུབ་ན་ཤིན་ཏུ་བཟང་། དེ་མ་ཡིན་པར་མི་ཕམ་རིན་པོ་ཆེས་མཛད་གནང་བའི་དབང་སྡུད་གསོལ་འདེབས་ལ་ཁོང་གི་ཁ་སྣོན་ཤོལོཀ་ཁ་ཤས་བཏགས་གནང་འདུག། ཕྱོགས་གཅིག་ནས་ལས་ལྷ་མོ་ཡིན་ཀྱང་། ཕྱོགས་གཅིག་ནི་རང་ཉིད་འདི་བཞིན་ཁྲིད་དང་ལུང་ངེས་པར་དུ་བཞུགས་ཡོད་ཚོད་ཆེ། མཁན་ཆེན་ཡིད་བཞིན་ནོར་ བུ་སྒར་ནས་ཐོག་མཐའ་བར་གསུམ་གསུང་རྒྱུ་གཞི་མ་དེ་གསོལ་འདེབས་འདི་ཡིན་པས། ཁོང་ཡབ་རྗེ་དམ་པ་དབུས་བུ་སློབ་སེང་གེ་ལྟ་བུས་རྣམས་ཀྱིས་ཞབས་བཏགས་མཛད་མི་འདུག གང་ལྟར་སྔ་འགྱུར་ཆོས་ལ་མོས་ན་བཤེས་གཉེན་ལ་བརྟེན་ཐུབ་པ་གནང་རོག་ངས་བསམ་ཚུལ་ཡིན། དེ་ག་ནང་བཞིན་ས་སྐྱ་བདག་ཁྲི་རིན་པོ་ཆེ་སོགས་ལས་གསན་པར་མཛད་ན་བཟང་།
ཞེ་ས་མ་བྱས་ན་ཀརྨ་པ་འདི་བ་བླ་མ་གཞན་དང་མ་འདྲ་བའི་མི་དྲང་མོ་ཞིག་ཡིན་ཁོ་ཐག་རེད། སྐད་ཆ་ཡག་པོ་བཤད་སོང་། མདོ་སྔགས་ཀྱི་སློབ་སྦྱོང་ག་འདྲ་ཞིག་ཡིན་ད་དུང་མ་ཤེས། ཕྱི་ནང་གི་སྐད་ཡིག་སོགས་ལ་ཆགས་ཐོགས་མེད་པ་ཞིག་ཡོང་ས་རེད། ལམ་ལ་བཀག་འགོག་དང་ཚེ་ལ་བར་ཆད་མེད་པར་ཤོག
བླ་མ་༧ཀརྨ་པ་དངོས་ནས་མ་འདྲ་བ་ཡོད་རེད་ལགས།
༸ཁོང་ནི།
ཕྱི་སྐུ་གཟུགས་རྒྱས།
ནང་ཐུགས་རྗེ་རྒྱས།
གསང་གསུང་ངག་རྒྱས།
ཕྱི་ནང་གསུམ་རྒྱས།
༸སྐུ་ཚེ།
སྐུ་གཟུགས་གཞན་སྣང་བརྗིད།
གསུང་ངག་གཞན་ཕན་བཟང་།
ཐུགས་རྗེ་སྙོམས་པས་ཕན།
སྐུ་གསུམ་ཐུགས་གསུམ་བརྟན།
ཁོང་ནི་མི་ཚང་ཕལ་པ་ཞིག་གི་བུ་རྒོད་མི་འདྲ་བ་ཞིག་རེད།
སྤྱིར་ཀརྨ་པ་མཆོག་ནས་མཛད་འཕྲིན་ཆེ་ཆུང་འདྲ་མིན་ཡོད་ནའང་ཝི་ཨོ་ཨེ་དང་tibet online སོགས་སུ་གཅིག་ཀྱང་མ་བསྟན་པ་དེ་གང་ཡིན་ནམ། དེ་ཆབ་སྲིད་ཕྱོགས་ནས་ཡིན་ནམ། དེ་ལབ་མ་ཤེས་པ་ཞིག་རེད་འདུག། ངས་གོ་མཐོས་ལ་ཕལ་ཆེར་ཆོས་ལུགས་ཀྱི་དམ་སྒྲག་ཡིན་བཟོ་འདུག། ད་ཧ་གོ་མ་སོང།
བཀྲ་ཤིས་བདེ་ལེགས།
བཀྲ་ཤིས་བདེ་ལེགས་ ཁ་བརྡ་ཞེས་པའི་དྲྭ་ཚིགས་འདིར་ཞུགས་འདོད་ཧ་ཅང་ཆེ་ཡང་ད་བར་ལྷག་སོང་། ཁོ་བོ་སྐྱེ་ཡུལ་མདོ་ཁམས་ནང་ཆེ་སྐྱིད་ཆུ་ནས་ཡིན། དངོས་མིང་ཡེ་ཤེས་རྒྱལ་མཚན་དང་ དྲ་མིང་སེམས་ཉིད་ངལ་གསོ་ཟེར་གྱི་ཡོད་ འཚོ་ཐབས་བལ་ཡུལ་སྔ་འགྱུར་རྙིང་མའི་དགོན་ཆེན་ཞེ་ཆེན་བསྟན་གཉིས་དར་རྒྱས་གླིང་ནས་བསླབས་པ་མཐར་ཕྱིན་ཁུལ་གྱིས་བཤད་གྲྭའི་དཔེ་ཁྲིད་འགན་ཁུར་བྱེད་བཞིན་ཡོད། ཁོ་བོའི་གཤིས་ཀ་ལེ་ལོ་ཆེ་བས་སྐབས་ཐོབ་ལས་ཀ་ཚགས་ཚུད་པོ་མེད། འོན་ཀྱང་ཆོས་ལུགས་དང་མི་རིགས་ ལུགས་སྲོལ་དང་གོམ་གཤིས་སོགས་སྒེར་གཅོད་མ་ཡིན་པར་སྤྱི་སྨན་རིང་ལུགས་ལ་དགའ་གུས་བྱེད་མཁན་གྱི་མི་བུ་ཞིག་ཡིན། ད་རེས་ཞུ་དགོས་གཙོ་བོ་ནི་༧རྒྱལ་དབང་ཀརྨ་པ་འདི་བཀའ་བརྒྱུད་ཀྱི་རྙོག་སྒྲ་དང་ཆོས་ལུགས་ཀྱི་འཐེན་ཁྱེར་ལ་མ་ལྟོས་པར་རང་རེ་གངས་ཅན་པའི་མ་འོང་མིག་དཔེ་བལྟ་འོས་པའི་ད་ལྟའི་སྐྱེས་ཆེན་ཁ་ཤས་ནང་ནས་འབུར་དུ་དོད་པའི་རེ་བ་བཅའ་ས་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་ལགས།
ལེགས་སོ་སེམས་ཉིད་ངལ་གསོ་ལགས། ༧རྒྱལ་དབང་བཅུ་བདུན་མཆོག་ནི་ཀཾ་ཚང་དང་བོད་ཙམ་མིན་པར་གོ་ལ་འདིར་རེ་བ་རྒྱབ་སའི་སྐྱེས་བུ་ཞིག་ལགས།
ཀརྨ་པ་མཆོག་ནི་སྐྱེས་བུ་ཆེན་པོ་ཞིག་ཡིན་པ་སྨོས་མེད་ཡིན་རུང། བོད་སྐད་ནང་དུ་དབྱིན་སྐད་བསྲེས་མང་ནས་སེམས་ལ་ཚོར་བ་སྐྱུར་མོ་ཞིག་བྱུང།
སྤུ་གྲི་རེག་གཅོད་ཀྱིས་གསུངས་བ་བདེན། ཡིན་འང་ཁོང་གི་བོད་སྐད་ལ་གཙིགས་ཆུང་གནད་ནས་མ་རེད། གཙོ་བོ་སྐད་བསྒྱུར་བས་ཡག་པོ་ཞིག་གོ་དགོས་དུས་དེའི་ཕྱིར་དབྱིན་སྐད་གསུང་བ་རེད་དྲན།
དེ་འདྲ་ཡང་ཡིན་ཁོང་གི་དྲི་བ་ལན་འདེབས་དྲང་བདེན་ཐོག་གནང་གི་འདུག། དཔེར་ན་དུ་བ་མཐོང་ནས་མེ་ཡོད་པ་ཤེས་པ་
ལྟར། ཁོང་དྲང་བདེན་གི་ཕྱུགས་པ་ཞིག་ཡིན་པ་ཤེས་ཐུབ་ཀྱི་འདུག། གཞན་ང་རང་གི་སྔོན་མ་གོང་ས་མཆོག་གི་གསུང་
བསྒྱུར་རྡོ་རྗེ་དགྲ་འདུལ་ལ་དྲི་བ་འགའ་ཞིག་གཏོང་མྱོང་ཡོད། ལན་གནང་པའི་ཁ་ཐུག་དེར་ཧམ་བཤད་དང་མཁྱོག་བཤད་
མང་དག་ཞིག་གིས་སྤྲོ་སེམས་དང་ཡིད་ཆེས་བརླགས་འཇུག་གི་འདུག། ཀརྨ་པ་ཁོང་མི་དྲང་ཚུག་ཅན་ཞིག་འདུག་པས་མའོང་
པར་བྱ་བཞག་ཆེན་པོ་སྒྲུབ་ཐུབ་པའི་ཡིད་ཆེས་ཡོད།
གནའ་དེང་གི་ཤེས་བྱ་གཉིས་པོ་འདི།།
བྱ་གཅིག་གི་གཤོག་པ་གཡས་གཡོན་རེད།།
མཐོ་འཛམ་གླིང་ནམ་མཁའི་དབྱིངས་དེ་ལ།།
འཕུར་འདོད་ན་གཉིས་ཀ་དགོས་ལེ་རེད།།
ཀརྨ་པ་མཆོག་ལ་རེ་བ་ཆེན་པོ་ཡོད། ད་དུང་ཡང་གོང་ནས་གོང་འཕེལ་དང་། ངས་བསམ་ཚུལ་ལ་ཡོངས་འཛིན་ཁྲ་འགུ་རིན་པོ་ཆེའི་སྐུ་མདུན་ནས་མན་ངག་ཟབ་མོ་ད་དུང་ཞུ་ཐུབ་དགོས། ཁྱད་པར་དུ་ཁོང་རྙིང་མའི་བླ་རྒན་རེ་གཉིས་ཅན་བཞུགས་པའི་མདུན་ནས་ངེས་པར་དུ་མན་ངག་ཟབ་མོ་ལོན་ཐུབ་ན་ཤིན་ཏུ་བཟང་། དེ་མ་ཡིན་པར་མི་ཕམ་རིན་པོ་ཆེས་མཛད་གནང་བའི་དབང་སྡུད་གསོལ་འདེབས་ལ་ཁོང་གི་ཁ་སྣོན་ཤོལོཀ་ཁ་ཤས་བཏགས་གནང་འདུག། ཕྱོགས་གཅིག་ནས་ལས་ལྷ་མོ་ཡིན་ཀྱང་། ཕྱོགས་གཅིག་ནི་རང་ཉིད་འདི་བཞིན་ཁྲིད་དང་ལུང་ངེས་པར་དུ་བཞུགས་ཡོད་ཚོད་ཆེ། མཁན་ཆེན་ཡིད་བཞིན་ནོར་
བུ་སྒར་ནས་ཐོག་མཐའ་བར་གསུམ་གསུང་རྒྱུ་གཞི་མ་དེ་གསོལ་འདེབས་འདི་ཡིན་པས། ཁོང་ཡབ་རྗེ་དམ་པ་དབུས་བུ་སློབ་སེང་གེ་ལྟ་བུས་རྣམས་ཀྱིས་ཞབས་བཏགས་མཛད་མི་འདུག གང་ལྟར་སྔ་འགྱུར་ཆོས་ལ་མོས་ན་བཤེས་གཉེན་ལ་བརྟེན་ཐུབ་པ་གནང་རོག་ངས་བསམ་ཚུལ་ཡིན། དེ་ག་ནང་བཞིན་ས་སྐྱ་བདག་ཁྲི་རིན་པོ་ཆེ་སོགས་ལས་གསན་པར་མཛད་ན་བཟང་།