གཅན་བཟོད་རྒྱམ།
____”ཁྱོད་ཀྱི་མིག་གིས་མཐོང་ས་ནས་བོད་ཀྱི་རྒྱལ་དར་འདི་རྒྱལ་ཁབ་དང་མི་རིགས་གཞན་ཞིག་གིས་མིས་དུམ་བུར་གཤགས་ན། མེ་ལ་བསྲེགས་ན། རྡོག་པས་བརྫུས་ན། འདི་རང་གི་རྒྱལ་དར་ཞིག་ཡིན་པས་ཆ་ནས་ཁྱོད་ལ་ཚོར་བ་ཅི་ཞིག་ཡོད་དམ།
འོ་ན་དེ་རིང་རྒྱལ་དར་གྱིས་བཟོས་པའི་ཁྱོད་ཀྱི་ལྷམ་དེ་སྒོ་འགྲམ་ཞིག་ནས་ཕུད་ཡོད་ཚེ། དེའི་སྟེང་ནས་མི་མང་པོ་ཞིག་ཕར་འགྲོ་ཚུར་ཡོང་དང་། རྡོག་བརྫིས་མང་པོ་བཏང་ན། འདི་ལ་རས་ལྷམ་ཞིག་གི་རིན་ཐང་ནས་ལྟ་དགོས་པའམ་ཡང་ན། རས་ལྷམ་ཞིག་གི་རིན་ཐང་ལས་མེད་པ་ཡིན་ནམ།།
ཁ་སང་དུས་བབ་རྩོམ་སྒྲིག་པ་ལུང་རིགས་ལགས་ཀྱིས་བོད་ཀྱི་རྒྱལ་དར་ལྷམ་བཟོ་སྤྱད་བྱས་འདུག་པའི་སྐོར་གྱི་རྩོམ་ཐུང་དེ་མཐོང་མ་ཐག་སེམས་སུ་ཅི་ཡང་མི་དྲན་པ་ལྟ་བུ་ཞིག་ཏུ་གྱུར་བ་དང་། ད་དུང་དྲ་གྲོགས་འགའི་མཆན་བུ་དག་གིས་ནི་དེ་བས་ཀྱང་མི་སྐྱིད་པ་འདྲ་ཞིག་ཆགས་སོང་། རྒྱུ་མཚན་ཤོད་ཟེར་ན་ཅི་ཞིག་བཤད་དགོས་པའང་མི་ཤེས་ཀི
ལུང་རིགས་ལགས་ཀྱི་རྒྱལ་དར་དང་འབྲེལ་བའི་རྩོམ་ཡིག་དང་དེའི་གཤམ་གྱི་མཆན་བུ་དག་ལས་ངས་གཤམ་དུ་འཆད་པའི་སྐད་ཆ་འདི་ཚོར་”རྙིང་དྲི”་ཁ་བའམ། ཡང་ན་”རྙིང་ཞེན་”ཆེ་དྲག་པའི་ལྟ་ཚུལ་ཞིག་ཡོང་ངེས་པ་རེད་པས། འོན་ཀྱང་ངས་ནི་རང་བོད་ཀྱི་རྒྱལ་དར་འདི་ནི་རང་གི་རྒྱལ་ཁབ་དང་མི་རིགས། རིག་གཞུང་། མདོར་ན་བོད་ཀྱི་ས་ཆུ་རི་བྲག་ནགས་སོགས་བོད་ཀྱི་རྟེན་དང་བརྟེན་པར་བཅས་པའི་མཚོན་དོན་དང་དེ་དག་ཡིན་པར་སྙམ་པས་ན། ནམ་ཡང་འདི་རྩེ་སྤྱད་དགོད་སྤྱད་དང་གང་བྱུང་མང་བྱུང་དུ་བེད་སྤྱོད་མི་ནུས་ལ། “རྒྱལ་དར་འདི་ནི་བོད་རྒྱལ་ཁབ་ཆེན་མོ་ཡིན་སྙམ་བཞིན་གཅེས་སྤྲས་གནང་དགོས་པ་རེད་”བསམ་བཞིན་ཡོད།
༡ ང་ཚོས་རང་གི་རྒྱལ་དར་ལ་རང་གིས་མི་གཅེས་པར་སུས་གཅེས་ཀི་རེད།
ད་འདི་འདྲ་ཞིག་ནས་འགོ་འཛུགས་བྱེད། ཕྱི་ལོ་ཉིས་སྟོང་གསུམ་ལོར། བོད་ཀྱི་གཞོན་ནུ་ལྷན་ཙོགས་ཀྱིས་དབུ་ཁྲིད་དེ་ངེད་བོད་ཞེན་པ་མི་ངོ་བརྒྱད་ཅུ་གྱ་གཉིས་ཀྱིས་རྡ་སའི་གཙུག་ལག་ཁང་ནས་རྡི་ལི་དབར་ཞི་བའི་གོམ་བགྲོད་བྱས་པ་རེད། ང་ཚོ་རྡ་ས་ནས་རྡི་ལི་དབར་དུ་ཉི་མ་ཉེར་བརྒྱད་ཀྱིས་སླེབས་པ་བྱས་པ་ཡིན། རྒྱ་བལ་འབྲུག་གསུམ་ནས་ཡོང་བའི་སེར་སྐྱ་རྒན་གཞོན་མི་ངོ་བརྒྱད་ཅུ་ལྷག་ལས་ཆེས་ཆེ་བ་སྦེལ་ཀོབ་གཞིས་ཆགས་ནས་ཡིན་པའི་སྤོ་(མིང་མི་དྲན།)དགུང་ལོ་གྱ་གསུམ་ཅན་ནས་ཆུང་བ་ལོ་བཅུ་དགུ་དབར་རེད། ད་དུང་དགུང་ལོ་༧༨་དང་༧༣་༦༨་ཅན་སོགས་མི་གྲངས་ལས་མང་ཆེ་བ་རྒན་པོ་རྒན་མོ་རྐྱང་རྐྱང་རེད།
ཟླ་༢པའི་ཚེས་༡༠་ཉིན་ང་ཚོ་ཐེ་བའི་བོད་མི་སྟོང་ཕྲག་ལྷག་གིས་བོད་ཀྱི་རྒྱལ་དར་མཁའ་ལ་འཕྱར་བཞིན་དགའ་བ་དང་སྤོབས་པ་ཆེན་པོས་གཞུགས་སྒེར་ནས་ལམ་ལ་ཆས་འགོ་ཚུགས་པ་ཡིན། སྐབས་དེར་མི་ཆེན་ང་ཡིན་ཁོ་ཡིན་བསམ་མཁན་འགས། ས་ཡིས་མི་ཐེགས་པ་དང་གནའ་ལ་མི་ཤོང་བའི་ཁ་སྟོང་ནང་གི་ཚིག་སྟོང་མང་པོ་མང་པོ་ཞིག་བཤད་ཚར་རྗེས། གློག་བརྙན་ནང་གི་འདྲེ་སྲིན་དག་གིས་སྤྲུལ་བ་བསྟན་པ་བཞིན་དེ་གར་མི་སྣང་བར་གྱུར། འོན་ཀྱང་སྐབས་དེར་ང་ལ་ཚོར་ཤུགས་ཆེ་བ་ཞིག་ནི་རྒན་ལྷ་བཟང་གིས་བཤད་པའི་ཚིག་དུམ་འདི་ཚོ་རེད། “ང་ཚོ་རྒྱལ་ཁབ་ཤོར་ནས་འདིར་ཡོང་ཡོད་པ་རེད། རྒྱལ་དར་ནི་རྒྱལ་ཁབ་ཀྱི་མཚོན་དོན་གཙོ་བོ་དེ་རེད། དེ་བས་རྣམ་པ་ཚོས་རྒྱལ་དར་ལ་གཅེས་སྤྲས་བྱེད་པ་ལས་གང་བྱུང་སར་མི་འཇོག་པ། གཅིན་པ་གཏོང་དུས་གཞན་གྱི་ལག་ཏུ་འཇོག་པ་དང་། མར་ཉལ་དུས་རང་རང་གི་སྔས་འགྲམ་ནས་ཡར་བསླངས་ཏེ་འཇོག་རོགས། ང་ཚོས་རང་གི་རྒྱལ་དར་ལ་རང་གིས་མི་གཅེས་པར་སུས་གཅེས་ཀི་རེད། “ཞེས་སོགས་གསུངས་སོང་། སྐབས་དེར་ངའི་སྤོབས་པ་ཇེ་མཐོེར་སོང་བ་དང་རང་གི་ལག་གི་རྒྱལ་དར་དེ་གཡུག་གཡུག་འགའ་བྱེད་བཞིན་སེམས་སུ་དངོས་གནས་རེད་སྙམ་པ་དང་། རྒྱལ་དར་ལ་དགའ་བ་དང་ཞེན་ཆགས་ཇེ་ཆེར་སོང་བའི་ཚོར་བ་ཞིག་སྐྱེས་བྱུང་།
གཙུག་ལག་ཁང་ནས་རྡ་ཤོད་དུ་མ་སླེབས་དབར་དུ་རྒྱ་གར་སྐོར་སྲུང་བས་ཐེངས་དྲུག་བདུན་ཞིག་ལ་བཀག་འགོག་བྱས་ཀྱང་ང་ཚོ་གོམ་བགྲོད་པ་གཙོས་མི་དམངས་ཚོའི་ངར་ཤུགས་ལ་སྐོར་སྲུང་བས་དོ་ཡ་ག་ན་བྱེད་ཐུབ།
འོན་ཀྱང་ཡིད་སྐྱོ་བ་ཞིག་ལ། རྡ་ཤོད་དུ་སླེབས་དུས་ང་ཚོ་ཐེ་བའི་བོད་མི་འགའ་ལས་གཞན་ཚང་མ་གཅིག་ཡིབ་གཉིས་ཡིབ་ཀྱིས་དེ་གར་སླེབས་མི་འདུག འདི་ནི་བོད་མིའི་ངོ་རྒོལ་སྐད་འབོད་སྐབས་ཀྱི་”གོམས་གཤིས”་ཤིག་ཆགས་ནས་ཡོད་པ་ཡིན་པས་ང་ཚོར་བྱ་ཐབས་ཅི་ཞིག་ཡོད།
ཏག་ཏག་རྡ་ཤོད་དུ་འབྱོར་དུས་རྒྱ་གར་སྐོར་སྲུང་དམག་མིས་གྲ་སྒྲིག་ཨང་གསར་བྱས་ཏེ་ང་ཚོ་འབྱོར་བར་སྒུག་ནས་འདུག ང་ཚོ་བཞི་མདོ་དེར་འབྱོར་མ་ཐག་སྐོར་སྲུང་བས་བཀག་པ་དང་འགོ་བ་ཚོས་ཕར་ཚུར་སྐད་ཆ་བཤད་པ་དང་ཅུང་ཙམ་ནས་གོམ་བགྲོད་པ་སྔོན་མ་ཚོས་སྐད་ཤུགས་ཆེན་པོས་བྱང་ཆུབ་སེམས་མཆོག་སྐྱོར་འགོ་ཚུགས་སོང་། ང་ཚོས་བྱང་ཆུབ་སེམས་མཆོག་སྐྱོར་བ་ནས་མདུན་སྐྱོད་བྱེད་འགོ་བཙུགས་པ་ཡིན་མོད། སྐོར་སྲུང་དམག་གི་སེམས་ལ་བྱང་ཆུབ་ཀྱི་སེམས་སྐྱེ་རྒྱུ་ལྟ་ཞོག ཁོང་ཁྲོའི་ཞེ་སྡང་བསྐྱེད་སོང་།
སྐོར་སྲུག་གིས་ང་ཚོའི་མགོ་སྔ་མེད་པར་དབྱུག་པས་རྡུང་བ་དང་ལག་གི་རྒྱལ་དར་འཕྲོག་སྟེ་དར་ཆའི་ཡུ་བ་བཅག་པ། རྒྱལ་དར་གཤགས་པ་སོགས་མིག་གིས་མཐོང་འཕྲལ། སེམས་ནང་དུ་ཨོ་ད་ནི་ངའི་རྒྱལ་ཁབ་འཕྲོག་སོང་། མི་རིགས་བསད་སོང་། རིག་གཞུང་བརླགས་སོང་སྙམ་པའི་སྨྲ་མི་ཤེས་པའི་སེམས་ཚོར་ཞིག་གིས་སྐུལ་ཏེ་མཆོང་ཐེངས་གཅིག་གིས་སྐོར་སྲུང་དམག་གི་ལག་ནས་རྒྱལ་དར་ཕྱིར་འཕྲོག་པ་དང་། རྒྱལ་དར་གཤགས་རོ་དེར་བལྟས་ནས་མིག་ནས་མཆུ་མ་དབང་མེད་དུ་བཞུར་སོང་།
དེ་ནས་བཟུང་ང་རང་བོད་ཀྱི་རྒྱལ་དར་ལ་གཅེས་ཞེན་ཇེ་ཆེར་གྱུར་སོང་ལ། སློབ་ཐོན་བྱས་རྗེས་ནས་རྡ་སར་རང་ཉིད་སྡོད་སའི་ལྕགས་ཁང་དེའི་ཟུར་ཞིག་ལའང་བོད་ཀྱི་རྒྱལ་དར་འདི་བསླངས་ནས་ཡོད། མཚམས་རེར་རྒྱལ་དར་རླུང་གིས་བསྐྱོད་པ་མཐོང་ཚེ་སེམས་དགའ་ནི་ཞིག་ཀྱང་རེད།
༢ ཁོ་ཚོས་རྒྱལ་དར་ལ་གུས་བརྩི་བྱེད་པའི་རྣམ་པ་དེ་ངའི་བློར་ཧ་ཅང་བབས་སོང་།
ཁ་ཉིན་ལས་ཁུངས་ཀྱི་ལས་བྱེད་ཚོ་དང་ལྷན་དུ་རྒྱ་གར་གྱི་པན་འཇབ་གསར་གྱི་ལྷ་ཁང་ལ་གནས་མཇལ་དུ་སོང་བ་ཡིན། སྐབས་དེར་རྒྱ་གར་དང་ཕཀིསྟན་གཉིས་ཀྱི་ས་མཚམས་སུ་འགྲོ་བའི་སྐལ་བ་ཐོབ།
སྤྱིར་རྒྱལ་ཁབ་འདི་གཉིས་ཀྱི་འབྲེལ་ལམ་ཧ་ཅང་མི་བཟང་བའི་ཁར། མཐོ་བ་སྲིད་འཛིན་གཙོ་གཞོན་ནས་དམངས་ཚོགས་དཀྱིས་མ་ཡན་ཆད་དབར་ཕན་ཚུན་དགྲ་ལྟ་བུར་ལྟ་བ་དང་གཅིག་གིས་གཅིག་ལ་འཁོན་སེམས་ཧ་ཅང་ཆེ་བའི་ཚོར་བ་ཞིག་སྤྲད་སོང་། (འདིའི་སྐོར་ཞིབ་ཏུ་མི་གླེང་།)
དེ་ཡང་ང་ཚོ་འགྲོ་སའི་ས་མཚམས་དེར་རྒྱལ་ཁབ་ཕན་ཚུན་གཉིས་ཀྱི་དམག་མི་མང་པོ་མ་མཐོང་མོད། རྒྱ་གར་ཕྱོགས་ན་མི་དམངས་དཀྱིས་མ་དང་ཡུལ་སྐོར་སྤྲོ་འཆམ་པ་སོགས་མི་དམངས་སྟོང་ཕྲག་གཉིས་གསུམ་ཙམ་ཞིག་སླེབས་འདུག འོན་ཀྱང་ཕཀིསྟན་ཕྱོགས་ན་བརྒྱ་ཕྲག་གསུམ་བཞི་ཙམ་ལས་མི་འདུག་སྙམ། ས་མཚམས་ཀྱི་དམག་མིས་བྱེད་སྒོ་རེ་འགའ་སྤེལ་བ་དེ་དག་གི་སྐབས་སུ་ཕྱོགས་གཉིས་ཀྱི་དམག་མིས་ས་མཚམས་ཀྱི་ལྕགས་སྒོ་འབྱེད་པ་དང་ལག་འཇུ་གཏོང་བ། རང་རང་ས་ནས་ཁ་གཡང་སྣ་ཚོགས་སྒྲོག་པའི་ཁྲོད་ནས། མཚམས་རེར་(རྒྱ་གར་ཕྱོགས་ནས་)དམོད་ཚིག་འདྲ་མིན་སྒྲོག་པའང་གོ་ཐུབ་ལ། མི་དམངས་ཚོས་རོལ་དབྱངས་དང་མཉམ་དུ་ཞབས་བྲོ་འཁྲབ་པ་དང་གར་གྱི་སྟངས་སྟབས་སྣ་ཚོགས་ཀྱིས་དགའ་སྣང་སྟོན་པ་དང་། ཕ་རོལ་པོ་ལ་འཕྱ་བ་དང་དམོད་པའི་བཟོ་ལྟ་ཡང་སྟོན་ཅི་ཐུབ་བྱེད། ལ་ལས་རང་གི་རྒྱལ་ཁབ་ཀྱི་རྒྱལ་དར་མཁའ་དབྱིངས་སུ་གཡུག་གཡུག་བྱེད་པ་སོགས་གྲུབ་རྗེས། རྒྱལ་ཁབ་གཉིས་ཀྱི་རང་སོ་སོའི་རྒྱལ་དར་མར་ཕབས་པ་དང་ལྟེབ་རྩིས་བརྒྱབས་རྗེས་དམག་མིས་འགས་སྐྱེལ་མ་དང་བཅས་ལག་པས་ཡར་ལ་བཀྱགས་ཏེ་རང་སོ་སོའི་སྤྱི་གཉེར་ཁང་དུ་ཁྱེར་སོང་། ཁོ་ཚོས་རྒྱལ་དར་ལ་གུས་བརྩི་བྱེད་པའི་རྣམ་པ་དེ་ངའི་བློར་ཧ་ཅང་བབས་སོང་།
༣ རྒྱལ་དར་མཉམ་དུ་ཡོད་ན་རྒྱལ་ཁབ་དེ་གཉིས་ཀྱི་གནས་བབ་འདྲ་མཉམ་ཡོད་པ་མཚོན།
གཞན་ཞིག་ནས་བཤད་ན་དབྱིན་ཇིས་ཨ་རིར་བཙན་འཛིན་བྱེད་པའི་གློག་བརྙན་ཞིག་ལས་ཀྱང་མི་ཚང་ཞིག་གི་ཕ་རྒན་དང་བུ་ཕྲུག་ཚོ་གཙོས་ཨ་རིའི་དམག་དམངས་གཉིས་ཀྱིས་དགྲ་ལ་ཁ་གཏག་གཅོག་གིན་ཡོད་པའི་རྣམ་པ་ཞིབ་ཏུ་བྲིས་འདུག གློག་བརྙན་དེར་ཡང་བུ་འདས་རྗེས་ལྷན་པ་མང་པོ་ཅན་གྱི་རྒྱལ་དར་ཞིག་བུ་ཡི་ཁུག་མའི་ནང་དུ་འདུག་པ་དེ་ཕ་རྒན་གྱིས་མཐོང་བས། ཁོ་མཐའ་མཇུག་གི་ཤི་གསོན་གྱི་དམར་འཛིངས་ཆེན་པོ་དེར་ཞུགས་པར་ཞུམ་པ་མེད་པ་དང་། ལྷན་པ་མང་པོ་བརྒྱབས་ཡོད་པའི་རྒྱལ་དར་དེས་ཨ་རིའི་དམག་དམངས་གཉིས་ཀྱི་སྣེ་ཇི་ལྟར་ཁྲིད་བཞིན་པ་གློག་བརྙན་དེར་ལྟོས་དང་ཤེས་ཐུབ།
འདི་དང་འདི་འདྲ་བ་རྒྱ་ནག་གི་གློག་བརྙན་དག་ནའང་མང་པོ་མཐོང་ཐུབ། དེ་བས་རྒྱལ་དར་ནི་རྒྱལ་ཁབ་དེའི་མཚོན་དོན་གཙོ་བོ་དང་། རྒྱལ་ཁབ་གཉིས་ཀྱི་རྒྱལ་དར་མཉམ་དུ་ཡོད་ན་རྒྱལ་ཁབ་དེ་གཉིས་ཀྱི་གནས་བབ་འདྲ་མཉམ་ཡོད་པ་མཚོན་པ་དང་། མཐོ་དམའ་ཡོད་ན་གནས་བབ་ཀྱང་མཐོ་དམའ་ཡོད་པ་མཚོན་གྱི་ཡོད། རྒྱལ་ཁབ་དག་གི་སྲིད་སྟེགས་སུ་རྒྱལ་དར་མཉམ་འབྱར་གྱི་རྟགས་དེའི་མཚོན་དོན་ཡང་དེ་ག་རང་རེད། འཛམ་གླིང་རྩེད་འགྲན་ཆེན་མོའི་སྐབས་སུ་ཡང་རྩལ་འགྲེན་པ་ཚོས་རང་སོ་སོའི་རྒྱལ་ཁབ་ཀྱི་རྒྱལ་དར་ལ་གུས་བརྩི་ཅི་འདྲ་བྱེད་གིན་མཐོང་ཐོས་མྱོང་གསུམ་རེད།
༤ འཆི་བར་ཡང་མི་སྐྲག་པའི་ཚོར་བ་སྟེར་ཐུབ།
རང་གི་རྒྱལ་ཁབ་ཀྱི་རྒྱལ་དར་བཟུང་སྟེ་དགུང་དུ་གཡུག་གཡུག་བྱེད་སྐབས་སེམས་སུ། འདི་ནི་ངའི་རྒྱལ་ཁབ་དང་ཡང་ན་དེའི་མཚོན་བྱེད་ཡོད་ན་མེད་ན་དེ་ཡིན་སྙམ་པ་དང་། སྤོབས་པ་དང་དགའ་སྣང་། ཡང་ན་རྒྱལ་དར་ལག་ཏུ་བཟུང་སྟེ་དགྲ་ཡི་མདུན་ལ་རྒྱུགས་ནའང་ཞེད་སྐྲག་གི་ཚོར་བ་ཆུང་དུ་འགྲོ་བ། ཐ་ན་འཆི་བར་ཡང་མི་སྐྲག་པའི་ཚོར་བ་སྟེར་ཐུབ་པ་དང་། དེ་དག་ནི་རྒྱལ་དར་དེ་རང་གི་རྒྱལ་ཁབ་དེ་དང་དེའི་མཚོན་བྱེད། ཡང་ན་རྒྱལ་ཁབ་དེའི་མི་རིགས་རིག་གཞུང་དང་བཅས་པ་ཡིན་སྙམ་ནས་ཡིན་ནམ་ཡང་སྙམ། ཡིད་མི་ཆེས་ན་འདི་འདྲ་བྱས་མྱོང་མཁན་དང་རང་གིས་རྒྱལ་དར་བཟུང་སྟེ་ལས་འགུལ་འདྲ་མིན་ལ་ཞུགས་དང་། ད་དུང་སྔོན་ལོ་བོད་ནང་གི་རྒྱལ་གཅེས་པ་ཚོས་ལག་ཏུ་རྒྱལ་དར་བཟུང་སྟེ་བོད་བསྟན་སྲིད་གཉིས་ཀྱི་དགྲ་བོ་རྒྱ་དམར་གྱི་མདུན་ནས་སྤོབས་པ་ཆེན་པོས་གནང་སྟངས་དེ་རྣམས་ང་ཚོས་བརྙན་འཕྲིན་དང་U.T.B.ཡི་ནང་སོགས་གང་སར་མཐོང་ཞིང་ཐོས་མྱོང་བ་དེ་འདྲ་རེད།
༥ རྒྱལ་དར་གྱིས་རྒྱལ་ཁབ་ཅིག་གི་ངོ་བོ་མཚོན་ཐུབ་ཀི མི་རིགས་ཤིག་གི་སྣེ་ཁྲིད་བྱེད་ཐུབ་ཀི
བོད་ཀྱི་རྒྱལ་དར་འདི་ཨ་རིའི་ཕོ་བྲང་དཀར་པོའི་མདུན་དུ་ལྷབ་ལྷུབ་གཡོ་བའི་རྣམ་པ་དང་ཡང་ན་འདྲ་པར་དེ་མཐོང་མྱོང་ངམ། སེམས་ནས་དགའ་ནི་ཞིག་མ་རེད་དམ། སྐབས་དེའི་སེམས་ཚོར་ཅི་འདྲ་འདུག་གམ། ཁ་ན་ཌའི་རྒྱ་ནག་གཞུང་ཚབ་ཐོག་ཁང་ལ་བོད་ཀྱི་རྒྱལ་དར་བསྒྲེངས་དུས་ཚོར་བ་ག་འདྲ་འདུག་གམ། སྔ་ལོའི་ལས་འགུལ་འདྲ་མིན་སྐབས་སུ་ཕྱི་རྒྱལ་གྱི་རྒྱ་ནག་གཞུང་ཚབ་ཁག་གི་ཁང་སྟེང་དུ་བོད་ཀྱི་རྒྱལ་དར་བསྒྲེངས་པ་མཐོང་སྐབས་ཚོར་བ་ཅི་འདྲ་རེད།
“ཁྱོད་ཀྱི་མིག་གིས་མཐོང་ས་ནས་བོད་ཀྱི་རྒྱལ་དར་འདི་རྒྱལ་ཁབ་དང་མི་རིགས་གཞན་ཞིག་གིས་མིས་དུམ་བུར་གཤགས་ན། མེ་ལ་བསྲེགས་ན། རྡོག་པས་བརྫུས་ན། འདི་རང་གི་རྒྱལ་དར་ཞིག་ཡིན་པས་ཆ་ནས་ཁྱོད་ལ་ཚོར་བ་ཅི་ཞིག་ཡོད་དམ།
འོ་ན་དེ་རིང་རྒྱལ་དར་གྱིས་བཟོས་པའི་ཁྱོད་ཀྱི་ལྷམ་དེ་སྒོ་འགྲམ་ཞིག་ནས་ཕུད་ཡོད་ཚེ། དེའི་སྟེང་ནས་མི་མང་པོ་ཞིག་ཕར་འགྲོ་ཚུར་ཡོང་དང་། རྡོག་བརྫིས་མང་པོ་བཏང་ན། འདི་ལ་རས་ལྷམ་ཞིག་གི་རིན་ཐང་ནས་ལྟ་དགོས་པའམ་ཡང་ན། རས་ལྷམ་ཞིག་གི་རིན་ཐང་ལས་མེད་པ་ཡིན་ནམ།།”
འདི་དག་ལ་བསམས་ན་ངས་ནི་དངོས་གནས་རྒྱལ་དར་གྱིས་བཟོས་པའི་ལྷམ་དེ་གོན་ཐུབ་ས་མ་རེད། འཛམ་གླིང་གི་རྒྱལ་ཁབ་ཚོའི་རྒྱལ་དར་ཚོང་ཟོག་འདྲ་མིན་གྱི་སྟེང་དུ་བཀོད་ཡོད་པ་བདེན་པ་རེད། ལྷམ་མཐིལ་ན་ཡོད་པའང་བདེན་པ་རེད། འོན་ཀྱང་རྒྱལ་དར་གྱི་ལྷམ་བཟོས་ཡོད་པ་ད་བར་མཐོང་མ་མྱོང་ལ་ཐོས་ཀྱང་མ་མྱོང་། ཡོད་ན་རྒྱལ་ཁབ་གང་དང་བཟོ་གྲྭ་གང་ནས་བཟོས་འདུག་སྟོན་དང་། ངས་བོད་ཀྱི་རྒྱལ་དར་གྱི་མཚོན་དོན་སྲུང་མ་དམར་ནག་དང་བོད་མིའུ་གདོང་དྲུག གངས་རི་དང་ཉི་མ། ནང་བསྟན་མཐའ་ལ་དར་མིན་སོགས་ལ་བསམས་ཏེ་རྒྱལ་དར་ལ་བརྩེ་སེམས་བཅངས་པ་མིན་པར། གོང་ཞུས་བཞིན་བོད་ཀྱི་རྒྱལ་དར་ནི་བོད་མི་རིགས་ཡིན། བོད་ཀྱི་རིག་གཞུང་ཡིན། བོད་ཀྱི་ས་ཆུ་རི་བྲག་ནགས་ཚལ་དང་རྩྭ་ཐང་། མདོར་ན་བོད་ཀྱི་ཡོད་ཚད་ཡིན་སྙམ་ནས་རྒྱལ་དར་འདི་ལ་བརྩེ་ཞེན་ངང་ནས་གཅེས་སྤྲས་བྱེད་ཀིན་ཡོད།
༢༠༠༩།༡༠།༢༧་ཉིན་ལས་ཤག་ནས།
རྩོམ་ཡིག་སྣང་བ་འགྲོ་བོ་ཞིག་བྲིས་འདུག ཐེ་མོ་བསྟན་ན་འདོད་ཀི དེ་དང་མཉམ་དུ་ངའི་མཐོང་ཐོས་ཞིག་གླེང་ན་འདོད། ན་ནིང་ལོར་ཨ་རིའི་ཚོང་པ་ཞིག་གིས་ཏིར་ཀེ་སི་ཐན་ནས་ཨ་རིའི་རྒྱལ་དར་གྱིས་ས་གདན་མང་པོ་འཐག་ནས་ཨ་རིར་འོར་འདྲེན་བྱས་འདུག ཐོག་མར་རྒྱལ་སྤྱིའི་ཚོང་ལམ་དུ་མ་བཀྲམ་གོང་དུ་ཁོ་རང་གི་ཚོང་ཁང་ཞིག་ཏུ་ས་ལ་བཏང་ནས་ཚོད་ལྟའི་ཚོང་འགྲེམ་བྱས་འདུག ཉིན་གཉིས་མ་འགོར་བར་ཁོ་ལ་ངོ་རྒོལ་བྱེད་མཁན་ཚོང་ཁང་དེར་འབྱོར་འདུག་པས། རྒྱལ་དར་གྱི་ས་གདན་དེ་ཚོང་འགྲེམ་བྱེད་ཐུབ་མི་འདུག འོན་ཀྱང་ཚོང་པ་ཁོ་རང་གིས་འགྲེལ་བཤད་ལྟར་ན་ས་གདན་བཟོས་པས་མ་འགྲིག་པ་མ་རེད། སྐར་མ་མ་ཚང་བས་རེད་ཟེར་མོད། ཚོང་ལས་ངེས་སྟོན་པས་སྐར་མ་ཚང་འདུག སྔར་གྱི་ལོ་ཚད་ཅིག་བཤད་ནས་དེའི་སྐབས་སུ་སྐར་མ་བཞི་ཅུ་ཞེ་གྲངས་མ་གཏོགས་མེད་པས་དེ་གཞིར་བཟུང་ཟེར་ན་འགྲིག་ཟེར་མོད། ཡིན་ན་ཡང་དེའི་ཀྱང་ཕན་ཐོག་མི་འདུག མཐའ་སྡོམ་ས་ལ་བཏང་བའི་ས་གདན་བཟོས་པ་འགྲིག་མི་འདུག་ཟེར་ནས་ངོ་རྒོལ་བྱས་འདུག དེ་ནས་ཚོང་དེ་རྦད་དེ་མཚམས་འཇོག་དགོས་འཁེལ་འདུག རྒྱལ་དར་ལ་གུས་བརྩི་བྱེད་སྟངས་དེ་འདྲ་རེད་འདུག་ཨ་རི་ལ་མཚོན་ན་ཡང་། ང་ཚོ་བོད་པའི་ལྟ་བ་ཁ་ཤས་མགྱོགས་དྲག་ནས་ཨ་རིའི་སྔོན་ལ་སླེབས་པ་དེ་འདྲ་ཡང་འདུག་ཀ འོན་ཀྱང་ཨ་རི་ན་རྒྱལ་དར་གྱི་ནུ་ཤུབ་བཟོས་ན་བུ་མོ་དེ་ཚོའི་ནུ་ཤུབ་ལྟར་གྱོན་ཡོད་པ་དེ་འདྲ་མཐོང་ཡ་འདུག དེ་ནི་མ་གུས་པ་ཡིན་ས་མ་རེད། གུས་པ་ཡིན་ས་རེད།
ངས་ཟླ་གཅིག་གི་སྔོན་དུ་ཨ་རིའི་གློག་བརྙན་ཞིག་ལ་བལྟས་པ་ཡིན། མི་སྣང་བ་སྐྱིད་པོ་ཞིག་གསང་སྤྱོད་དུ་སོང་ནས་སྐྱག་པ་བཏང་ཚར་དུས་ཤོག་བུ་མི་འདུག་པས། ལག་པ་བསྲིངས་ནས་ཐག་ཉེ་ས་རུ་ཡོད་པའི་ཨ་རིའི་རྒྱལ་དར་ཞིག་གསང་སྤྱོད་ནང་དུ་དྲུད་སོང་། ཡིན་ན་ཡང་དེའི་སྟེང་དུ་སྐྱག་པ་གོས་ཡོད་པ་དེ་འདྲ་བསྟན་མ་སོང་། གང་ལྟར་ཨ་རི་ཚང་ལ་རྣམ་རྟོག་མེད་པ་ནི་འཇིགས་སྐུལ་བས་ཨ་རིའི་སྲིད་འཛིན་བཙན་ཁྲིད་དང་ས་ཡོམ་དང་མཚོ་ཡོམ་གྱིས་ཕོ་བྲང་དཀར་པོ་དང་ཉིག་ཡོར་ཁུ་གྲོང་ཁྱེར་ཡོངས་རྫོགས་བསྣུབས་པ་དེ་འདྲ་ཡང་ནས་སྐྱར་དུ་སྟོན་བཞིན་འདུག་ག རྒྱལ་དར་གྱིས་བུ་མོའི་ནུ་ཁེབས་བཟོ་བ་ནི་མགོ་སེར་ཚོ་འདོད་ཆགས་ཆེན་པོ་ཡོད་པ་དེ་ངོམ་སོ་བྱེད་ཀི་ཡོད་ནི་རེད། དེ་བཞིན་བུ་མོའི་རྐུབ་ཐུམ་བྱེད་པ་ཡང་དེ་བཞིན་རེད། དེ་དང་བོད་པའི་དར་ཆ་འདྲ་ནི་མ་རེད། བོད་རྣམ་རྟོག་གི་བདག་པོ་ཟེར་ནི་རེད།
འ་རོགས་ཀླུ་སྨྱོན། བླ་རྒན་གཉིས་ཀྱིས་ནུ་མ་དང་སྐུབ་མང་པོ་གཅིག་ཁ་གཅིག་གིས་འཕྲོག་ནས་བཤད་དགོས་ནོ་འདི་ཅི་ཟིག་མ་འགྲིག་ནས་ན། ཡིན་ན་ཡང་ང་འདི་ཁ་གཙོག་བཤད་རྒྱུར་དགའ་ནོ་ད་བྱ་ཟིག་མ་རེད། དེ་རིང་ང་ཨ་རིའི་བྱི་མོ་ཟིག་ལ་ཐུག་སོང་། མོས་ཆོས་ལུགས་ཀྱི་གཞས་སྙན་མོ་ཞེ་བོ་ཅིག་བཏང་སོང་། ངས་ཟེར་ན་ཁྱོད་ཀྱིས་གཞས་དེ་བཏང་ན་ངའི་སྙིང་དང་གློ་བ་གཉིས་སྟེང་འོག་བརྗེས་གྱི་འདུག་ལབ་པ་ཡིན། མོས་ཟེར་ན་ཁྱོད་ཀྱིས་ང་ལ་ཁ་པར་ཐོངས་དང་ངས་ཁྱོད་ལ་གཞས་ཡང་ཡང་གཏོང་ཟེར། ངས་མོ་ལ་འོན་ཀྱང་ཁྱོད་ཀྱིས་ང་ལ་ཁ་པར་མ་གཏོང་རོགས། གཞན་དུ་ན་ངས་གཟན་ཤབ་གྱོན་ནས་རྒྱུན་རིང་འདུག་ཐུབ་ས་མ་རེད་ལབ་པ་ཡིན། མོ་གད་མོ་ཞེ་དྲག་ཤོར་སོང་།
བླ་རྒན། གཟན་ཤམ་གྱོན་མ་གྱོན་གྱི་གནད་འགག་ལ་ཐུག་མེད། སེམས་ན་ངེས་འབྱུང་ཡོད་མེད་ལ་ཐུག་ཡོད། ཡིན་ན་ཡང་སེམས་ན་ངེས་འབྱུང་རླིག་རྩིད་ཙམ་ཞིག་མེད་ཀྱང་གཟན་ཤམ་གྱོན་ནས་བསྡད་ན་དགེ་བ་གཉའ་རྩིད་ཙམ་ཞིག་ད་ལོས་ཡོད་ཡ། ཨ་ཨ་ངའི་ཁ་གཉའ་མ་འདྲ་བོ་འདི་ཡང་ཤོར་ཐལ། ད་མི་ཐུག་ནི་ཡེད།
བན་ཌེའི་ཁ་མི་གསང་ཟེར། སྐྱོན་མེད། རང་གཉིས་ཀྱིས་གང་འདོད་དུ་ཤོད་དང་ཆོག ཡིན་ན་ཡང་། བཤད་བཤད་མཐར་ཡང་སྡུག་མྱོང་མཁན་ཁྱེད་རང་གཉིས་ཡིན་ནི་རེད། ཧ ཧ ཧ
བན་ཌེའི་ཁ་མི་གསང་ཟེར། སྐྱོན་མེད། རང་གཉིས་ཀྱིས་གང་འདོད་དུ་ཤོད་དང་ཆོག ཡིན་ན་ཡང་། བཤད་བཤད་མཐར་ཡང་སྡུག་མྱོང་མཁན་ཁྱེད་རང་གཉིས་ཡིན་ནི་རེད། ཧ ཧ ཧ
ཀླུ་སྨྱོན་དྲིན་ཆེན་པོ། ངེས་འབྱུང་བོང་མཇེ་མ་ཟེར་ནས་ཟིག་ཡོད་ནི་རེད་མ་གཏོགས། ངེས་འབྱུང་རླུག་རྩི་མ་ཟེར་ནི་ཟིག་ཟོ་ཡོད་ནི་མ་རེད། ཁྱོད་ཀྱི་རླུག་རྩི་ཟེར་ནས་ང་ལ་ཅིག་དྲན་གི་བཅུགས་སོང་། ང་ལོ་བཅུ་བཞི་ལ་ལོན་སྐབས་ཡིན་ན་ཅིག་ལ། ང་ཚོ་སྡེ་བའི་བྱིས་པ་ན་མཉམ་དེ་ཚོ་ནམ་རྒྱུན་བཞིན་ཞིང་ཁ་ཞིང་གཉའ་ནས་མཉམ་དུ་གཅིག་གཅིག་གི་གདོང་ལ་བལྟས་ནས་སྐྱག་པ་བཏང་བ་ཡིན། དེའི་སྐབས་ཀྱི་སྣང་བ་ད་ཞེ་གི་སྐྱིད་ཡ། སྐྱག་པ་གཏོང་དུས་འོག་ལ་རླུང་གི་རྒྱབ་ན་དེ་ལས་སྐྱིད། ཉིན་ཞིག་སྐྱག་པ་བཏང་རྗེ་ཡང་ཁ་ཤས་ཀྱིས་རང་རང་གི་རླུག་རྩི་བསྟན་ནས་ཕོ་གསར་ཡིན་མདོག་ངོམ་སོ་བྱས། ངས་བལྟ་ཕྱོགས་ཅིག་གིས་རང་གི་འོག་ལ་བལྟས་པ་ན་རླུག་རྩི་ཐར་ཐོར་འགའ་ཞིག་སྐྱེས་འདུག འ་ལ་ལ། དེ་འདྲས་དགའ་སྤྲོ་ཟིག་ང་མི་ཚེ་འདི་ལ་སྐྱེས་མ་མྱོང་ཡ། དེ་ནས་ངས་ཀྱང་ཁོང་ཚོ་ལ་རང་ཉིད་ཕོ་གསར་ཆགས་འདུག་ཟེར་ནས་ངོམ་པ་ཡིན། འོན་ཀྱང་ང་ཚོ་སྡེ་བའི་བྱིས་པ་གཅིག་ལ་ལོ་བཅུ་གསུམ་ཐོག་རླུག་རྩི་སྐྱེས་པ་རེད། ཁོ་རང་དགའ་ཐག་ཆོད་ནས་ནང་མི་ཚོགས་བསྡད་དུས་རྨོ་རྨོ་ལ་ལབ་པས། ཨ་ཕས་རྒྱུགས་རྡུང་ཡག་ཐག་ཆོད་ཅིག་ཀྱང་རེག་པ་རེད།
དེ་ཚོ་དྲན་ཡོང་དུས་སྔོན་མ་རྡ་སར་ལྗང་ལྗོན་དུས་དེབ་སྟེང་དུ་ཅིག་གིས་རྩོམ་ཡིག་ཅིག་བྲིས་པ་དྲན་གི་འདུག རྩོམ་ཡིག་དེར་འདི་འདྲ་བྲིས་འདུག དེ་རིང་ནམ་མཁའ་གཡའ་དག་པ་ལ། རི་མཐོ་ས་གཙང་སྒང་དུ་སྐྱག་པ་ཅིག་གཏོང་རྒྱུ་བྱུང་བས། ཤིན་ཏུ་སྐྱིད་ཟེར། དེ་ནི་བོད་ཡུལ་དྲན་པའི་རྩོམ་ཡིག་ཅིག་རེད། རྩོམ་ཡིག་འདིས་ང་ལ་བོད་ཡུལ་དྲན་བཅུགས་སོང་། སུས་བྲིས་པ་ད་ལྟ་དྲན་གི་མི་འདུག
དྲ་གྲོགས་གཅན་བཟོད་རྒྱམ་ལགས་ལ་རྒྱབ་སྐྱོར་ཡོད། བོད་བའི་གོམས་་གཤིས་ཡོད་ཚད་རྗེས་ལུས་ལ་ལྟ་མཁན་དང་མགོ་སེར་ཚོས་བྱས་བྱས་ཐམས་ཅད་སྔོན་ཐོན་དུ་མཐོང་མཁན་མང་པོ་ཡོད་རེད། ཡིན་ན་རང་ཉིད་ནམ་ཡང་ཕྱི་གླིང་བའི་གླ་བ་ཞིག་གི་གོ་ས་མིན་ད་མེད་ཀྱང་སྔོན་ཐོན་གྱི་ཤེས་ཡོན་ཡོད་མདོག་སྟོན་མཁན་ཡང་མང་ནི་རེད། བོད་ལ་བོད་ཀྱི་ལུགས་སྲོལ་ཡོད་པས་ཡིན་གཅིག་ཕྱི་གླིང་བའི་ཅི་བྱེད་ལ་སྐེ་སྲིང་དགོས་པའི་རྒྱུ་མཚན་ཡོད་ནི་མ་རེད་འདོད་ཀྱིན་ཡོད་ལ། རང་གི་ཨ་ཕའི་སྐད་ཆ་དང་གནའ་སྲོལ་གྱིས་རང་ཉིད་འཕུང་གི་མ་རེད་སྙམ་་བཞིན་ཡོད།
དེ་རིང་གཞོན་ནུ་ཟླ་མེད་དང་ཀླུ་སྨྱོན་གཉིས་ནས་ཁ་བརྡ་དོན་ཅན་ཞིག་བྱེད་གི་འདུག བོད་ཀྱི་རྒྱ་ཆེ་ཞིང་གཏིང་ཟབ་པའི་རིག་གཞུང་རྒྱ་མཚོ་ལྟ་བུའི་ནང་ནས་སུས་ཀྱང་ད་བར་གླེང་སློང་བྱེད་མ་མྱོང་བ་ཞིག་སྟེ་བོད་མིས་སྐྱག་པ་གཏོང་སྟངས་སྐོར་ཤོད་ཀྱི་འདུག ངོ་མ་སྐྱག་པ་གཏོང་སྐབས་སྣང་བ་སྐྱིད་པོ་ཡོད། ལྷག་པར་དུ་དགུན་ཁ་སྐྱག་པ་བཏང་ན་སྐྱིད་སྣང་འཆར། དགུན་འཁྱག་གི་ནངས་དུས་ཤིག་ལ་རྩམ་རྒན་མགོ་ཐི་འདྲ་བ་ཞིག་ཟོས། ཇ་ཚ་རྒྱག་འགའ་བྱས། དེ་ནས་གུར་ནང་ནས་ཕྱི་ལ་བུད་དེ་ཐག་རིང་ཙམ་ཞིག་ལ་སོང་ནས། ས་ཆ་ཡག་པོ་གཙང་མ། མཐོང་ཡངས་ས་ཞིག་འདེམས་རྗེས། སྐེད་རགས་བཀྲོལ་ཏེ་རྩག་པ་སྦྲོ་ལུག་བྱས་གོན་ཏེ་ཕར་ཙམ་ནས་ས་ལ་བསྡད་དེ་ཡར་མར་ལྟ་གི་ལྟ་གི་སྐྱག་པ་བཏང་བསྡད་ན་སྐྱིད་པོ་འདྲ་ཟིག་ཡིན། ད་རུང་དྲོད་སྣང་ཞིག་ཀྱང་རང་བཞིན་གྱིས་འཁོར་ཡོང་ང། བཏང་མ་ཐག་པའི་སྐྱག་པ་ཚ་བོའི་རླངས་པ་ཐུ་ལུ་ལུ་སྣ་ལ་འཁོར་ཡོང་ན་དེ་ལ་ཡང་ཞིམ་སྣང་ཡོད་པ་འདྲ་བོ་ཞིག་ཡིན། མཚམས་རེར་སྐྱག་པ་བཏང་ཚར་ནའང་ཡར་ལངས་མི་འདོད་པ་ལྟ་བུ་རེ་ཡོང་།
ད་རུང་ཁྱེད་རང་མཉམ་དུ་སྐྱག་པ་གཏོང་མཁན་རོགས་པ་གཞན་རེ་ཟུང་ཞིག་ཡོད་ན་མཉམ་གཤིབ་བྱས་ནས་སྐྱག་པ་གཏོང་བའི་དཔེ་མེད། མི་མཉམ་སྐྱག་པ་གཏོང་ན་བར་ལ་སྐམ་བཤའ་ས་ཞིག་དགོས་ཟེར་ནས་བར་ལ་སྟོང་པ་ཅུང་འཇོག སྐམ་ནི་ཨམ་སྐད་དུ་བཤའ་རྒྱུའི་འབྲི་གཡག་ལ་ཟེར།
མཚམས་རེར་ཨོང་དོང་ཕྱི་དུས་དཀའ་ངལ་ལའང་འཕྲད། རྡོ་འཇམ་པོ་ཞིག་ལག་པར་མ་རེག་ན་དགུན་ཁའི་རྩྭ་སྐྱ་དེ་ཚོ་རྐུབ་ལ་རྩུབ་སེ་ཡོད་ད། དབྱར་ཁ་ཨོང་དོང་ཕྱི་བར་དཀའ་ངལ་ཕལ་ཆེར་མི་འཕྲད། ལྗང་ནེམ་ནེམ་བྱེད་པའི་སྔོར་མ་སྤར་གང་བཀོག་ནས་ཨོང་དོང་ཕྱི་རྐྱང་བྱེད་ཆོག ང་བྱིས་པ་ཡིན་དུས་ད་རུང་སྤང་ཁ་ལ་ཨོང་ནུར་བྱེད་གི་བྱེད་གི་རྐུབ་ཕྱི་གི་ཡོད། ངའི་ཆུང་དུས་ཀྱི་སྐྱག་པ་གཏོང་སྟངས་ཀྱི་ཉམས་མྱོང་འདི་ཚོ་ཕྱི་རྒྱལ་གྱི་བུ་མོ་ངོ་ཤེས་པ་ཚོར་ཡང་སེ་ཤོད་ཀྱི་ཡོད། ཁོ་ཚོ་གད་མོ་ཤོར་ནས་རིལ་འགྲོ་གི་འདུག
ལོ་ཤས་གོང་ང་ཕ་ཡུལ་ལ་ཕྱིན་སྐབས། རྫོང་ཐོག་ཏུ་སྐྱག་པ་གཏོང་ས་མ་ལོན་ན་གཤིས་གི་དཀའ་ཐལ། སྐྱག་ཁང་དེ་ཚོ་ཧ་ལས་པའི་ཛོར་པོ་འདུག སྐྱག་ཁང་ནང་གང་ས་གང་ལ་སྐྱག་པ་བཏང་ནས་རྐང་པ་འཛུགས་སའང་རེག་གི་མི་འདུག སྐྱག་ཁང་གི་ཁུང་བུ་གྲུ་བཞི་དེ་ནས་མར་བལྟས་ན་སྐྱག་པའི་རྒྱ་མཚོ་ཆེན་པོ་ཞིག་མེར་སེ་འཁྱིལ་འདུག་པ་མ་ཟད་འབུ་རིགས་འདྲ་མི་འདྲ་མང་པོ་སྐྱག་ཆུའི་ནང་འབུར་ཡོམ་བྱེད་པའི་སྐྱུག་བྲོ་བའི་ངང་ཚུལ་དང་། དྲི་མ་ཛོར་པོ་དེ་དག་མིག་དང་སྣ་བ་། སེམས་གསུམ་གྱིས་བཟོད་པར་དཀའ།
རྗེས་སུ་ཕ་ཡུལ་གྱི་མཐོ་སྒང་ཞིག་ལ་བུད་ནས་སྐྱག་པ་ཞིག་བཏང་བའི་གནས་ཚུལ་དེ་ད་ལྟའང་ད་རུང་བརྗེད་པར་དཀའ།
ཕར་བལྟས་ན་ཀླུ་རྒྱལ་ཨ་མྱེས་ཆབ་བྲག་སྨུག་སྤྲིན་གྱི་ཀློང་ན་བརྗིད། ཚུར་བལྟས་ན་བཙན་མགོན་ནོར་བུ་དགྲ་འདུལ་སྨུག་སྤྲིན་གྱིས་རྐེད་ཆིངས་དཀྲིས། ལྗང་ནེམ་ནེམ་བྱེད་པའི་སྤང་ཐང་དང་རི་སྒང་། ཆུ་བོ་དང་ཆུ་ཕྲན། ངའི་ཕྱོགས་ཀུན་ནས་སྐོར་བའི་ཁྲ་ལེམ་མེད་བྱེད་པའི་མེ་ཏོག་འདྲ་མིན་སྣ་ཚོགས་ཀྱི་དྲི་ཞིམ་དང་འཛུམ་མདངས། ད་རུང་བྱ་བྱེའུ་མང་པོས་སྐད་སྙན་སྒྲོགས་པའི་ཁྲོད་ཁུ་བྱུག་གིས་དལ་ལྷོད་རན་པའི་ཀི་ཀོ་ཀི་ཀོ་ཟེར་བའི་དབྱངས་སྙན་དེ་ལྷག་ཏུའང་རྣ་ལ་གསལ། ད་རུང་རྟ་ཕོའི་འཚེར་སྐད། འབྲི་གཡག་གི་ངུར་དིར། ད་རུང་གཡང་དཀར་ལུག་གི་འབའ་སྒྲ། ད་རུང་སྒྲ་མང་པོ་མང་པོ་ཞིག
ངས་མེ་ཏོག་དང་རྩྭ་ལྗང་གི་མཛེས་བར་ནག་ནོག་གི་དྲི་མས་བསླད་མ་འདོད་པར་ས་ནག་ཅིག་གི་ཁུག་ཏུ་སྐྱག་པ་བཏང་བ་ཡིན། ཚུར་ཡོང་ཁར་ཕྱི་བལྟས་ཤིག་སློག་པར། ངའི་སྦྲང་དཀར་རྩམ་པའི་སྐྱག་པ་དེའང་མེ་ཏོག་སྣ་བརྒྱས་བསྐོར་བའི་ས་ནག་དེའི་ཁུག་ཏུ་མེ་ཏོག་ཅིག་དང་གཉིས་སུ་མ་མཆིས། མེ་ཏོག་དེའང་ཞག་གཅིག་ལས་མི་དགོས་པས་རང་བྱུང་གི་འཚོ་གནས་ལ་རོལ་བའི་སྲོག་ལྡན་གང་ཞིག་ནས་བཏོགས་ཏེ་ཞལ་ལ་མཆོད་རྒྱུ་ཡིན་པ་དེ་ངས་ཤེས་གི་ཡོད། དེས་ན་འདི་ནི་རླབས་ཆེ་བའི་མཆོད་སྦྱིན་ཞིག་ཀྱང་ཅི་ལ་མིན།
ད་ལྷ་ཡུལ་ཟེར་བ་ཞིག་ཡོད་ན་ཡུལ་ལྗོངས་འདི་འདྲ་ཞིག་ནས་སྐྱག་པ་འདི་ལྟར་གཏོང་བའི་གོ་སྐབས་ཤིག་རེག་པ་ཡིན་ན་དེ་ད་ངོ་མ་ལྷ་ཡུལ་ཟེར་བ་དེ་ཡིན་རྒྱུ་རེད། སྐྱག་པ་འདི་ལྟར་གཏོང་རྒྱུར་ངས་རྟག་པར་རེ་སྒུག་བྱས་བསྡད་ཡོད།
ཟླ་མེད་ལགས། སྔོན་མར་རི་མཐོ་ས་ནས་སྐྱག་པ་བཏང་བའི་སྐོར་འབྲི་མཁན་དེ་ངའི་ཡུལ་ཕྱོགས་གཅིག་པ་པད་མ་ཚེ་རིང་རེད། ངས་ཀྱང་དེའི་སྐོར་ཞིག་བྲིས་ཡོད་པ་འདི་ལྟར། ངའི་གྲོགས་པོ་ལོ་མཉམ་ཞིག་ལ་ངའི་སྔོན་དུ་རླིག་རྩིད་སྐྱེས་འདུག་པས། ང་ལ་ཐོག་མར་རླིག་རྩིད་མགྱོགས་པོར་མ་སྐྱེས་པའི་སེམས་ཁྲལ་ཞིག་ལངས་བྱུང་། ཕལ་ཆེར་ཉིན་རེ་བཞིན་དོར་མ་རྐང་མགོར་འཕངས་ནས་བལྟས་པ་ཡིན། ཉིན་ཞིག་ངོ་རྫོགས་རྒྱུའི་རླིག་རྩིད་འགའ་དབྱར་རྩྭ་དགུན་འབུ་བཞིན་ནག་གྱིག་སེར་རླིག་རྩ་ན་ཕྱིར་མངོན་འདུག་པས། ཉི་མ་དེ་ལ་རྩམ་པ་ཟ་བའི་ཡི་ག་ཡང་ཉིས་ལྡབ་རེད་སོང་།
“བྱ་ཁྭ་ཏ་ཞིག་གིས་སྐྱག་པ་རྒྱགས་ཚད་ཅིག་ཟོས་རྗེས། ལྗང་ཐིང་ཐིང་གི་གསོམ་སྡོང་ཞིག་གི་ཡལ་ཀའི་སྟེང་དུ་མཁྲེགས་ཤིང་བཙོག་པའི་མཆུ་ཏོ་འབྱིད་བཞིན་འདུག དེ་ལ་གནའ་བོའི་ལེགས་བཤད་ཅིག་ཏུ། ཁྭ་ཏས་མི་གཙང་ཟོས་པའི་མཆུ། །ས་གཙང་དག་ལ་འབད་དེ་འབྱིད། །ཅེས་གསུངས་ཡོད། འོན་ཀྱང་། མདོ་དབུས་མཐོ་སྒང་གི་མཐའ་མཇུག་གི་མི་རབས་རྗེས་མ་དེ་ཡིན་པའི་ང་ཚོས། ནོར་ལུག་གི་ཤ་ཁྲག་རྒྱགས་ཚད་ཅིག་ལོངས་སུ་སྤྱད་རྗེས། དལ་ལྷོད་ལྷོད་ངང་ཕ་གིའི་སྤང་ལྗོངས་སྔོན་མོའི་གྲུ་ཟུར་ཞིག་ཏུ་དོར་མ་རྐང་མགོར་འཕེན་པའམ། ཡང་ན་ཤམ་ཐབས་བརླ་རྩར་བརྫེས་ཏེ། མིག་གིས་རྒྱང་རིང་གི་སྨུག་རྒྱུའི་ཁྲོད་ཀྱི་རི་གྲོང་དང་ལམ་ཕྲན་སྟེང་གི་བྱིས་པ་ཚོར་ལྟ་བཞིན་སྐྱག་པ་འདོད་བློ་ཚིམ་པ་རེ་གཏོང་གི་མེད་དམ། ”
མགོན་ཕྱག་ལགས་ནས་འདིའི་སྐོར་འདོད་བློ་ཚིམ་པ་ཞིག་བྲིས་འདུག ཡིན་ན་ཡང་བཤད་རྒྱུ་ཞིག་ལ། གྲྭ་པ་ཨ་ནེ་ཁྲིམས་ཀྱི་ནང་དུ། རྩྭ་སྔོན་མི་གཙང་འདོར་མི་བྱ། །ཞེས་པ་ཞིག་ཡོད་ནི་རེད། དེ་རྩི་མཁན་བརྒྱ་དང་མི་བརྩི་མཁན་སྟོང་ཡོད་ནི་རེད། ང་ལྟ་བུ་ཡིན་ན་དེ་དང་པོར་མ་ཤེས་ཟིག། གཅིག་ཤེས་དུས་སྟོན་ཁ་ཞིག་རེད།
རླིག་རྩིད་ཀྱི་སྐོར་དེ་འབྲི་ས་ཅུང་ནོར་འདུག
ཨ་ནེ་་་་་་་་་་་་ཨ་ནེའི་་་་་་་་་་་
ཞག་གཅིག་ལས་མི་དགོས་པས་ཟེར་བ་དེ་ཞག་གཅིག་ལས་མི་དགོས་པར་བཅོ་བར་བྱ།
རླིག་རྩིད་མགྱོགས་པོར་སྐྱེ་ཁ་མ་ཉན་ན་ད་ངས་ར་དཀའ་ཟིག་ཡ།
འོ་ཡ། ད་ཡིན་ན་སྐྱག་པའི་སྐོར་ལ་མང་པོ་བྲིས་གི་འདུག ད་དུང་ཁ་ཤས་ཆད་འདུག་པ་ནི་སྐྱག་པའི་ཁ་དོག་སྐོར་ལ་རེད་འདུག ང་ཚོ་ཆུང་ཆུང་སྐབས་སུ་སྲེན་མའི་ཞིང་ཁ་སྲེན་མ་སྔོན་པོ་རྐུ་མ་རྒྱག་གི་འགྲོ་གི་རེད། སྲེན་མ་སྔོན་པོ་རྒྱག་ཚད་ཟོས་རྗེས་སོང་ནས་ཞིང་ཁར་སྐྱག་པ་ཅིག་བཏང་ན་སྐྱག་པ་དེ་སྔོན་པོ་དང་། ད་དུང་དེའི་ནང་དུ་སྲེན་མ་ཧྲིལ་བོ་ཡང་མཐོང་རྒྱུ་ཡོད། སྐྱག་པ་འདིའི་རིག་པ་ཕག་པ་ཞེ་ནས་དགའ་གི་རེད། སྐྱག་པ་འདིའི་ཆེད་དུ་ཕག་པ་དེ་ཚོ་བྱིས་པ་ཚོའི་རྗེས་སུ་དེད་ནས་ཡོང་གི་རེད།
དེ་མིན་ད་རུང་ལུག་སོགས་ཀྱི་ནང་ཇོ་སྟེ་ཁྲག་རྒྱུས་ཟོས་རྗེས་སྐྱག་པ་བཏང་ན་སྐྱག་པ་དེ་ནག་པོ་ནག་རྐྱང་ཡོང་གི་རེད། སྐྱག་པ་འདིའི་རིགས་ལ་སྦྲང་ནག་ཚོ་ཤིན་ཏུ་དགའ། སྦྲང་ནག་ཚོ་ལ་ད་རུང་དགའ་ས་ཅིག་ཡོད་པ་ནི་བྱིས་པ་ཚོའི་སྣ་ལུད་ཚེ་དེ་ལའང་དགའ། ང་ཚོ་སྡེ་བའི་བྱིས་པ་སྣ་ཁ་སྤུ་ཁྱོད་ཚོས་ཤེས་རྒྱུ་མ་རེད། ཁོང་གིས་སྣ་ལུད་ཚེ་གཙང་མ་བཟོ་རྒྱུའི་ཚབ་ལ་ལག་པའི་ཕུད་ཐུང་གིས་གཡས་ངོས་སུ་ཕྱིས་ནས་འཇོག་རྒྱུ་རེད། དེས་ལུད་པའི་སྣ་དེ་འགྲམ་པ་གཡས་ངོས་སུ་ཁ་སྤུ་ནང་བཞིན་སྦྱར་ནས་འཇོག་གི་རེད། ད་དུང་ཕུད་ཐུང་ངོས་སུ་སྣ་རྙིང་པའི་སྟེང་དུ་སྣ་ལུད་གསར་བ་འགོས་པས་ནག་པོ་ཡིན་ལ་འོད་ཀྱང་ཡོད། ཁོང་གིས་བཤད་ན་ཁོས་སྦྲང་ནག་དེ་ཚོ་ལས་སླ་བོའི་ཐོག་ནས་འཇུས་ཐུབ་ཀྱི་ཡོད་ཟེར། ངོ་ནས་སྦྲང་ནག་དེ་ཚོའི་རྐང་པའི་སྟེང་དུ་ཁོང་གི་སྣ་འབྱར་སོང་ན་འཕུར་ཐུབ་ཀྱི་མ་རེད། ང་ཚོ་སུ་ལ་ཀ་ར་ཅིག་རེག་སོང་ན་ཚང་མ་བྱིས་པ་དེའི་འགྲམ་དུ་སོང་ནས་ལག་པ་བཟེད་རྒྱུ་རེད། བྱིས་པ་དེའི་ཀྱང་སོ་བཏབ་ནས་ཞིབ་ཞིབ་བཟོས་རྗེས་ཁ་ནང་ནས་ལངས་དེ་རེ་རེ་བཞིན་སྤྲོད་ཀྱི་རེད། སྣ་ཁ་སྤུའི་ཁ་ནས་ལེན་དུས་ཀ་རའི་ཆ་ཤས་དེ་ཁ་ནས་ལེན་དུས་སྣ་ན་ར་ར་འབྱར་ནས་ཡོང་གི་རེད། འ་འ་ཁ་སང་དེ་ཚོ་ལ་དྲན་ནས་ཟིག་རེད།
འོ་རེད། པད་མ་ཚེ་རིང་གཡའ་ཡི་ཀྱོ་དེས་རྩོམ་ཡིག་འདྲ་མི་འདྲ་འབྲི་གི་རེད། ཁོང་དེང་སང་རྣལ་འབྱོར་བ་འདྲ་བོ་ཅིག་ཆགས་བསྡད་ཡོད་ནི་རེད། བར་སྐབས་ཤིག་ནས་ཁོང་རྒྱ་གར་ལྷོ་ཕྱོགས་ཅིག་ལ་སོང་ནས་སློབ་གྲྭའི་དགེ་རྒན་བྱེད་ཞོར་དུ་ཆོས་གཞུང་རྐྱང་སྦྱང་ནས་བསྡད་འདུག ཁོང་གིས་བྲིས་པའི་ཡིག་ཚགས་རེ་རེ་བཞིན་ང་ལ་སྟོན་གྱི་འདུག ཉིན་གཅིག་ཤོག་བུ་དཀར་པོ་གཅིག་གི་སྟེང་དུ་རི་མོ་ཟུར་གསུམ་སྙ་མ་འདྲ་བོ་རྐྱང་རྐྱང་བྲིས་ནས་ང་ལ་སྟོན་གི་སླེབས་སོང་། ཁོང་གིས་འདི་སྙན་ངག་ཡིན་པས་བྲོ་བ་ག་འདྲ་འདུག་ཟེར་གི་འདུག ངས་ཁྱོད་ཀྱིས་ལྷོ་ཕྱོགས་ནས་སྙ་མ་མ་རེག་པར་སྙ་མའི་དོན་དུ་སྨྱོན་པ་ཆགས་མེད་གྲོ དེ་མ་གཏོགས་འདི་ལ་སྙན་ངག་གི་བྲོ་བ་ཅིག་ཇི་ལྟར་རྩི་དགོས་མིན་ངས་མི་ཤེས་གི་ལབ་པ་ཡིན། ཁོང་གིས་ད་ངའི་སྙན་ངག་འདི་འཇིག་རྟེན་འདི་ན་གོ་མཁན་ཡོད་ཀྱི་མ་རེད་ཟེར་ནས་སེམས་ཁྲལ་བྱེད་ཀྱི་བསྡད་འདུག་ཡ།
རེད་རེད། པད་ཚེའི་དེབ་གངས་སེང་འཚོལ་དུ་ཕྱིན་པ་ཞེས་པ་དེའི་ནང་དུ་ཡང་སྙན་ངག་ཅིག་གི་དབྱིབས་གཉའ་མ་ལྟ་བུར་བྲིས་ཡོད་པ་དྲན་གི་འདུག ཁོ་ལ་གཉའ་མ་མ་རག་པའི་སྡུག་བསྔལ་ཆེ་རབས་ཟེར། གསར་བུ་མི་ཆོག་རྒྱུ་མེད་ཀྱང་འོག་གི་དེས་ཅིག་འཇོན་གི་མེད་པའི་སྐད་ཆ་ཞིག་ཀྱང་འདུག ཡ་ད་དེ་གླེང་ན་ཅི་ཞིག་བྱེད། ཁོའི་སྒེར་དོན་འོག་དོན་རེད། ང་ཚོར་དེ་མ་བབས་ནི་ཟིག་རེད།
ད་རུང་སྐྱག་པའི་སྐོར་འབྲི་རྒྱུ་ཁ་ཤས་ལུས་སོང་ཟིག དེ་ནས་སྐྱེས་དམན་ཚོས་སྐྱག་པ་གཏོང་གི་ཡོད་དང་མར་བསྡད་བསྡད་ཡོད་དབྱེ་བ་ཁོར་དཀའ་སེ་ཡོད། སྔོན་མ་ ༡༩༨༧ ལོར་ངེད་ཚོ་འབྲོག་པའི་མི་ཚང་བཅོ་བརྒྱད་ཀྱིས་འགྲུལ་འཁོར་ཅིག་གླས་ནས་ལྷ་སར་གནས་མཇལ་ཕྱིན་པ་ཡིན། ངས་འབྲོག་པ་ཚོར་གྲོང་ཁྱེར་ནང་སླེབས་སྐབས་སྐྱག་པ་གང་བྱང་མང་བྱུང་གཏོང་རྒྱུ་ཡོད་མ་རེད་ཟེར་ནས་ཡང་ཡང་བསླབ་བྱ་རྒྱབ་པ་ཡིན།
ལམ་བར་རྫོང་དང་གྲོང་བརྡལ་དེ་འདྲ་ནས་འགྲུལ་འཁོར་བཀག་སྐབས། མི་རྣམས་མར་བབས་ངལ་གསོ་འདྲ་རྒྱབ། ཟ་ཁང་དེ་འདྲའི་ནང་ཁ་ལག་ཟས་དེ་འདྲ་བྱེད་གི་རེད། འགྲུལ་འཁོར་གཡས་གཡོན་དུ་སྐྱེས་དམན་ཚོ་བསྡད་བསྡད་འདུག་བསམ་བསམ་ཟིག་མ་གཏོགས་ཅང་མཐོང་གི་མ་རེད་དེ། རྗེས་སུ་ལྟ་སྐབས་སྐྱག་པ་བཞི་ལྔ་རེ་གཡས་གཡོན་དུ་མཐོང་རྒྱུ་འདུག
དེ་ནས་ལྷ་སའི་གྲོང་ཁྱེར་གྱི་གཡས་གཡོན་ཚང་མ་གནས་མཇལ་བ་ཚོའི་སྐྱག་པས་ཁེངས་བསྡད་ཡོད་པ་རེད། མཐའ་ཁུལ་ནས་ཡོང་བའི་ཞིང་འབྲོག་མི་མང་ཚོས་སྐྱག་པ་གཏོང་ས་མ་ཤེས་པར་གང་ས་གང་ལ་གཏོང་གི་འདུག ཐ་ན་ཇོ་ཁང་གི་གཡས་གཡོན་ཡང་སྐྱག་པས་ཁེངས་འདུག འགོག་མཁན་ཞིག་གིས་བཀག་ནའང་ཁོག་གི་མི་འདུག ཅི་ཁག སྐྱག་པ་ཤོར་རན་ན་སུས་འགོག་ཐུབ།
ཐེངས་གཅིག་ང་བར་སྐོར་ནས་ཚོང་ལ་ལྟ་གི་ལྟ་གི་འགྲོ་སྐབས་ཤིག ལྷ་སའི་ཨ་ལྕག་ལགས་ཅིག་གི་ཚོང་སྟེགས་ཀྱི་ཕར་ཙམ་ཞིག་ནས། བུ་མོ་ལོ་བཅུ་ཙམ་པ་ཞིག་ནས་སྐྱག་པའམ་གཅིན་པ་ཤོར་གྲབས་བྱས་ཏེ་པགས་རྩག་གི་ཐུ་བ་ཡར་བརྫེས་ནས་མར་བསྡད་སོང་། ཨ་ལྩག་དེས་སྐད་རྒྱབ་སོང་དེ་ཕན་ཐོགས་མ་སོང་། དེ་ག་རང་ནས་བཏང་སོང་། ཐ་ན་མོའི་བརླ་བར་གྱི་མེ་ཏོག་དེའི་ཁ་ཡང་དམར་གོར་སེ་ཕྱེས་འདུག་པ་དངོས་སུ་མཐོང་། ཨ་ལྕག་དེ་ཡང་ངོ་ཚ་ནས་ཁ་ཚུར་འཁོར་སོང་།
ཨོ་དྲ་གྲོགས་ཚོ། དེ་འདྲ་ལྟད་མོ་ཆེན་པོ་ཡང་མཐོང་མ་མྱོང་བ་ཞིག་མིན།
ཨ་ཁ་ཁ་་་་ ད་དངོས་གནས་ཡིད་སྐྱོ་བ་འདུག སྐུ་ཞབས་ཀླུ་སྨྱོན་དང་གཞོན་ནུ་ཟླ་མེད། མགོན་པོ་ཕྱག་གཉིས་པ་སོགས་གཞོན་སྐྱེས་ཤེས་ཡོན་ཅན་ཚོརའང་ཁ་སྟབས་འདི་འདྲ་ཞིག་ལས་མེད་ན། ད་དངོས་གནས་ཚར་བཞག ཕོ་མཚན་མོ་མཚན་གྱི་སྐད་ཆ་མིན་ན་གཅིན་སྐྱག་གི་སྐད་ཆ་རེད་འདུག ད་དྲ་གྲོགས་མཁས་དབང་ཚོའི་བརྗོད་གཞི་རྫོགས་པ་རེད་དམ། སྔོན་ཐོན་དང་གུ་ཡང་གི་བལྟ་བ་ཟེར་དུས་ཆགས་སྲེད་དང་གཅིན་སྐྱག་གི་སྐད་ཆ་ཙམ་ལ་ངོས་འཛིན་བྱེད་ཀྱི་ཨེ་ཡོད། དེ་འབྲེལ་སྐུ་ཞབས་ཀླུ་སྨྱོན་ལགས་ལ་ཞུ་རྒྱུར། སྐུ་ཉིད་ནི་བླ་སྤྲུལ་གྱི་མིང་ཁུར་མཁན་ཞིག་དང་དགེ་སློང་ཞིག་ཡིན་པའི་སྐད་ཆ་རེད། མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་ཚང་དགོས་ཟེར་ན་དཀའ་ཡང་། བླ་མ་དང་གྲ་པའི་མིང་ཁུར་དགོས་ན་ཁྱིམ་པ་ཕོ་མོ་ཚོ་ལས་ཅུང་དྲག་པའི་མཛད་པ་ཞིག་གནང་ན་མི་ལེགས་སམ། ཞར་ལ་གོང་གི་གཞོན་ནུ་ཟླ་མེད་ཟེར་པ་དང་མགོན་པོ་ཕྱག་གཉིས་ཟེར་པ་ལྟ་བུའི་དྲ་གྲོགས་མདོ་སྨད་པ་མང་པོ་ཞིག་ནས། དྲ་ཚུགས་ཁག་ནང་མཆན་འདེབས་སྐབས་ཁ་སྐད་ཁོ་ན་འབྲི་བཞིན་འདུག་པ་དེས་རང་རེའི་བརྡ་སྤྲོད་པའི་གཞུང་དང་། ལྷག་དོན་སྐད་ཡིག་གཅིག་གྱུར་གྱི་ཐོག་ལ་ཕན་གནོད་ཅི་ཞིག་ཆགས་རྒྱུར་འགན་ཁུར་པའི་ཐོག་ནས་དགོངས་བཞེས་ངེས་པར་ཏུ་གནང་རོགས་ཞུ་རྒྱུ་ཡིན།
འོ་ཡ། ལྷོད་ལྷོད་བྱས་ནས་སྐྱག་པའི་ཁ་བརྡ་བྱས་བསྡད་ཡོད་དུས་ཡང་དགེ་བསྐོས་ཅིག་སླེབས་སོང་། དེང་སང་གི་དགེ་བསྐོས་འདི་ཚོ་སྐྱག་པ་གཏོང་ས་ཡོང་ནས་སྐྱག་པ་ཡང་གཏོང་བཅུག་གི་མི་འདུག ལྟོས་འ། ཁོ་སོང་ནས་ཆོས་ཁྲིམས་མ་བཟོས་པར་འདི་ན་སྐྱག་ཁྲིམས་འདྲ་བཟོས་ནས་བསྡད་འདུག སྐྱག་པ་ཚ་བོ་ནང་དུ་མར་བསྡད་ནས་སྐུབ་དེ་ཚ་བོ་ཅིག་བཟོ་དགོས་པ་ཡིན་ས་རེད།
ད་སྐྱག་ཁྲིམས་མ་བཟོས་སྔོན་ལ་ངའི་སྐྱག་སྒྲུང་འདིར་ཡང་རྣ་བ་གཡར་ཙམ་གནང་རོགས། ཆོ་མེད་རང་མིན་པར་འདོད། ད་ཚར་གྲབས་ཡོད། དེ་ནས་ངའི་ཨ་མས་བཤད་པ་ལྟར་ན། ངའི་ཕ་ཡུལ་དུ་མིང་ལ་ལྷག་གེ་ཟེར་མཁན་ལོ་ལྔ་བཅུ་ནང་སླེབས་པ་ཞིག་ཡོད། ཁོ་ལྷ་སར་གནས་མཇལ་ལ་ཕྱིན་པ་རེད་ཟེར། ཐེངས་གཅིག་ཁོང་གོར་མོ་གྲོང་ཁྱེར་ནང་མགྲོན་ཁང་ཞིག་ཏུ་བསྡད་སྐད། དེ་རུ་ཁོས་སྐྱག་པ་གཏོང་ས་མ་རྙེད་པར་མགྲོན་ཁང་གི་ཉལ་ཆས་ནང་སྐྱག་པ་བསྒྲིལ་ནས་ཕྱིན་པ་རེད་ཟེར།
ད་མཐའ་མཇུག་ང་ཚོས་མཐའ་ཡས་རྩྭ་ཐང་དུ་སྣང་བ་ཡངས་མོ་དང་སྐྱིད་པོ་བྱས་སྐྱག་པ་གཏོང་བའི་སྐོར་གླེང་སློང་སྐབས། མགོ་ནག་རྩམ་ཟན་མང་པོ་ཞིག་ད་རུང་གྲོང་ཁྱེར་ལ་སླེབས་སྐབས་སྐྱག་པ་གཏོང་ས་དང་གཏོང་སྟངས་མི་ཤེས་པ་འདི་ཡང་ངེས་པར་བརྗེད་མི་ཉན་པ་ཞིག་ཡིན་པར་འདོད།
རྣམ་རྟོག་གི་སྦྲུལ་མདུད་ཤིག་པར་གྱུར་ནས་དེ་རིང་སྐྱག་པའི་སྐོར་སྐད་ཆ་ཐུང་ཐུང་འགའ་ཞིག་བཤད་རྒྱུའི་གོ་སྐབས་རེག་པ་འདིའང་རྩ་ཆེན་ཟེར་ན་མི་ཤེས་ཀྱང་དོན་མེད་ཅིག་མིན་པའི་སྨོན་ལམ་འདེབས། ད་སྐྱག་སྒྲུང་དེ་གནས་སྐབས་དེ་ཙམ་ཡིན།
ངས་སྐད་ཡིག་གཅིག་གྱུར་ལ་ཕན་ཐོགས་པའི་ཆེད་ལྷ་སའི་སྐད་དང་ཨ་མདོའི་སྐད་བསྲེས་ནས་བྲིས་འགྲོ་གི་ཡོད། ཡིག་སྐད་དང་ཁ་སྐད་གཅིག་གྱུར་ལ་ཕན་དུ་རེ་ནས་ཕྲད་འབྲི་སྟངས་ལའང་འགྱུར་བ་ཅུང་ཟད་རེ་གཏོང་གི་གཏོང་གི་འབྲི་གི་ཡོད།
ཕ་ཡུལ་ཨ་མདོར་སྡོད་མཁན་ཞིག་ཡིན་ན་ཁྱེད་ཀྱིས་ལྷ་སའི་ཁ་སྐད་རྐྱང་འབྲི་གི་ཟེར་ནས་ང་ལ་གཤེ་ཆོག་ཆོག་ཡོད་པ་རེད། ད་རུང་ཡག་པོར་ཀློག་ན་ལྷ་སའི་སྐད་མང་ང་བྲིས་འདུག
ད་རུང་ཁྱེད་ཚོས་བརྡ་སྤྲོད་ཀྱི་གཞུང་ཡིན་ན་ཅིག་ཟེར་ནས་རྩ་ཆེ་མདོག་ཁ་བོར་བརྩི་གི་འདུག་སྟེ་ཡག་པོ་ཞིག་ཞིབ་པ་ཡིན་ན། སྐད་རིགས་གཞན་ཞིག་གི་བརྡ་སྤྲོད་ཁྱེར་ཡོང་ནས་བཙན་ཐབས་ཀྱིས་རང་སྐད་དུ་སྦྱར་བ་ལྟ་བུ་དེ་འདྲ་ཡང་འདུག་ག དཔེ་བཞག་ན། ལ་དོན་གྱི་འཇུག་ཡུལ་རྣམ་དབྱེ་བཞི་བ་དང་དེ་ཉིད་གཉིས་བོད་སྐད་ལ་མཚོན་ན་ལ་དོན་གྱི་འཇུག་ཡུལ་མིན་པར་གི་སྒྲའི་འཇུལ་ཡུལ་ཡིན་པ་རེད། དེ་ཙམ་ལའང་དོ་སྣང་བྱས་ན་ལེགས།
ཁ་སྐད་ནས་མ་བླངས་པའི་སྤྱི་སྐད་ཅིག་ཡོད་ནི་མ་རེད། སྤྱི་སྐད་ནི་ཁ་སྐད་འདུས་ནས་གྲུབ་པ་ཞིག་རེད། དཔེར་ན་གོང་དུ་ངས་ཡོད་ནི་རེད་ཅེས་བྲིས་པ་དེ་དེང་སང་ཁ་སྐད་དུ་རྩི་གི་ཡོད་ནི་རེད། ཡིན་ན་ཡང་གདའ་ཞེས་པ་འདི་ཡིག་སྐད་དུ་རྩི་གི་ཡོད་ནི་རེད། ཡིན་ན་ཡང་གདའ་དང་མངའ་ཞེས་པ་འདི་ཚོ་ཡང་བོད་པའི་ལུང་ཁུག་རེ་ཟུང་ན་མ་གཏོགས་བེད་སྤྱོད་མེད་པ་ཞིག་ཡིག་སྐད་དུ་བཙན་གྱིས་བཅུག་པ་རེད། འདི་དག་གི་ཁྱད་པར་ཤེས་ན་ཁ་སྐད་ལ་གཤེ་གཤེ་གཏོང་བའི་ལྕེ་ངན་མཇེ་ངན་འདྲ་བོ་དེ་དག་རང་ཤི་ཡིན་ནི་རེད།
མགོན་ཕྱག་ལགས།
ཁྱོད་འདི་དངོས་ནས་ཕྱོགས་ཡར་མར་བཅོ་བརྒྱད་ལ་བསམ་བློ་གཏོང་རྒྱུ་དགའ་མཁན་ཞིག་ཡིན་པ་འདྲ།
དངོས་ནས་བཟང་གི་ཡ།སྐྱག་པའི་སྐོར་ལ་བཏབ་པས་ཁྱེད་ཀྱི་མཆན་དག་སྤྲོ་སྣང་ཞིག་དང་ལྷན་གཅིག་ཀྱང་མ་ཆད་པར་ཀློག་ཡིན།ཞོར་ཏུ་ང་ལའང་སྐྱག་པ་གཏོང་སྐབས་ཀྱི་ཆོ༹ར་སྣང་མ་འདྲ་བ་དག་དྲན་གསོས་སུ་བཅུག་སོང་།
ད་དུང་མུ་མཐུད་དུ་ཡིན་ད།
ང་ལྟ་བུ་ཞིག་གིས་ཆོས་ཁྲིམས་བཟོ་ཐུབ་པ་མེད་ལ་སྐྱག་ཁྲིམས་བཟོ་འདོད་མེད། ངས་ཞུ་འདོད་པ་དེ་ནི། བོད་ཀྱི་རིགས་གཞུང་ལ་ཤ་ཞེན་ཅན་ཚོས་དཀའ་ལས་བརྒྱབ་ཏེ་བསྒྲུབ་པའི་བོད་ཡིག་གི་དྲ་ཚུགས་འདི་དག ཁྱེད་རྣམ་པས་མི་གཙང་པ་འདོར་ཡུལ་མ་བྱེད་རོགས་གནང་ཞེས་འབོད་སྐུལ་ཙམ་ཞུས་པ་ཡིན་ལགས། “དེང་སང་གི་དགེ་བསྐོས་འདི་ཚོ་སྐྱག་པ་གཏོང་ས་ཡོང་ནས་སྐྱག་པ་ཡང་གཏོང་བཅུག་གི་མི་འདུག” ཟེར་གྱི་འདུག་ག འདི་ཁྱོད་ཀྱི་མི་གཙང་པ་དོར་ས་མ་རེད་ལགས། མིང་རྫུན་མ་ཞིག་བེད་སྤྱོད་བཏང་སྟེ་གཞན་གྱིས་ངོ་ཤེས་མི་ཡོང་བསམ་ནས་ཐ་ཤལ་གྱི་ལས་དེ་འདྲ་མ་བྱེད་རོགས། སྐུ་མཁྱེན།
ཀླུ་སྨྱོན་གྱིས་ལབ་པ་བདེན་པ་རེད། འདི་ལྷ་སའི་སྐད་གཞིར་བཞག་ནས་བྲིས་པ་རེད།
ཀླུ་སྨྱོན་གྱིས་བཤད་པ་བདེན་པ་རེད། ཨམ་སྐད་སོགས་གཞིར་བཞག་ནས་བྲིས་པ་རེད།
ཀླུ་སྨྱོན་གྱིས་བརྗོད་པ་བདེན་པ་རེད། འདི་ལུང་ཚན་གང་ཞིག་གིསྐད་?
ཀླུ་སྨྱོན་གྱིས་གསུངས་པ་བདེན་པ་རེད། ཞེ་ས།
ཀླུ་སྨྱོན་གྱིས་སྨྲས་པ་བདེན་པ་རེད། སྐྱིད་གྲོང་།
ཀླུ་སྨྱོན་གྱིས་ཟེར་བ་བདེན་པ་རེད།?
ཁ་སྐད་རང་བྱས་ན། ཀླུ་སྨྱོན་ལབ་པ་བདེན་པ་རེད། ལྷ་ས།
ཀླུ་སྨྱོན་གིས་བཤད་ནོ་བདེན་གི ཨ་མདོ།
ལབ། བཤད། བརྗོད། སྨྲས། ཟེར། གསུངས་སོགས་ཁ་སྐད་མ་འདྲ་བ་མང་པོ་འདི་ཚང་མ་གདན་གྲལ་གཅིག་ཏུ་འཛོམས་པས་ཆོལ་ཁ་གསུམ་གྱི་སྤྱི་སྐད་དམ་ཡིག་སྐད་འདི་ཆགས་པ་རེད། སྤྱི་སྐད་ཆགས་ཚར་བ་དེ་ཚོ་བརྗོད་མེད་རེད། ད་རུང་ཆགས་རྒྱུར་བསྡད་ཡོད་པ་དེ་ཚོ་ལུང་ཁུག་གཅིག་རང་གཅིག་གི་ནང་་བཞག་མ་འཇོག་པར་སྤྱི་ལ་ཁྱེར་ཤོག
བོད་ཀྱི་ལུང་ཁུག་ཅིག་གི་མི་ཞིག་དང་ལུང་ཁུག་ཅིག་གི་སྐད་གཉིས་གཅིག་པ་གཅིག་རྐྱང་རེད། ལུང་ཁུག་དེ་ནས་ཕྱི་ལ་ཐོན་ཏེ་བོད་ཀྱི་ས་ཆ་གང་སར་འགྲོ་ཐུབ་པ་ཡིན་ན་དེ་ནས་སྤྱི་མི་དང་སྤྱི་སྐད་ཆགས་པ་རེད། ས་ཁུག་ཅིག་རང་ནས་བསྡད་པ་ཡིན་ན་ཆོལ་ཁ་གཅིག་གི་སྤྱི་སྐད་ཀྱང་ཆགས་གི་མེད་ན་བོད་ཀྱི་སྤྱི་སྐད་ཆགས་རྒྱུ་ཕ་རི་སྤང་ཁ་རེད།
དེ་ཙམ་ཡིན། དྲ་གྲོགས་མགོ་མཁྲེགས་གློས་ནག་ཚོ། གློས་ནག་ནི་བླུན་ནག་གི་དོན།
མགོན་པོ་ཕྱག་གཉིས་ཀྱིས་རྒྱུ་མཚན་མེད་པ་ཞིག་མི་བཤད་མདོག་མདོག་རེད། དེས་ན་ལ་དོན་གྱི་འཇུག་ཡུལ་རྣམ་དབྱེ་བཞི་པ་དང་དེ་ཉིད་གཉིས་གི་སྒྲའི་འཇུག་ཡུལ་ཡིན་སྟངས། དཔེ་མཚོན་དང་བཅས་ངོ་སྤྲོད་ཅིག་བྱོས་དང་།
བོད་ཀྱི་སྤྱི་སྐད་དང་སྤྱི་སྐད་ཟེར་ན་བརྗོད་བྱ་བརྗོད་བྱེད་གཉིས་ཀྱི་ཆ་ནས་རྒྱ་ཆུང་རུ་ཆུང་རུ་བཏང་ན་དེ་ནས་སྐད་ཡིག་ལ་རིམ་གྱིས་རིམ་གྱིས་རིན་ཐང་མེད་པ། རྒྱ་ཆུང་ཆུང་། བཀོལ་སྤྱོད་ཉུང་བ་སོགས་ཆགས་ནས་རིམ་གྱིས་ཉམས་འགྲོ་གི་རེད།
བརྗོད་བྱའི་ཆ་ནས་རྒྱ་ཆུང་རུ་འགྲོ་བ། གོང་ནས་བཤད་པ་ལྟ་བུའི་སྐྱག་པ་དང་མཇེ་རླུག་སོགས་བཤད་ན་མི་རུང་། ད་དུང་ར་ལུག་བཤའ་སྟངས་དང་། རྟ་བོང་གི་རླུག་པ་ཕྱུང་སྟངས་སོགས་བརྗོད་བྱ་བྱས་ན་ཡང་མི་རུང་། དེ་ནས་དེ་དང་དེ་འདྲས་བརྗོད་བྱ་ཆུང་རུ་གཏོང་བའི་རིང་ལུགས་མི་ཉུང་བ་ཞིག་གིས་བརྗོད་བྱའི་ཆ་ནས་བོད་ཡིག་འདི་རྒྱ་ཆུང་རུ་བཏང་།
བརྗོད་བྱེད་ཀྱི་ཆ་ནས་རྒྱ་ཆུང་རུ་གཏོང་བ་ནི། བོད་ཡིག་ཅིག་བྲིས་ཡོང་ན་དེ་ཡུལ་སྐད་རེད། འདི་ལུང་ཁུག་གྱི་སྐད་རེད་ཟེར་ནས་མིང་ཚིག་ཕྱུག་པོ་དེ་སྤྲང་པོའི་རྩམ་ཁུག་ལྟར་ཉུང་ཉུང་ཞེ་བོ་ཅིག་བཟོ་ཡོང་གི་འདུག་ཀ ཡུལ་སྐད་ལུང་སྐད་དེ་ཚོ་ཕྱོགས་གཅིག་ཏུ་སྤུངས་ནས་སྐད་ཡིག་དེ་ཇེ་ཕྱུག་ལ་གཏོང་བའི་ཐབས་ཤེས་བྱེད་ཀྱི་མི་འདུག་ཀ
དེ་ནས་ཡིག་གཟུགས་ཀྱི་ཆ་ནས་རྒྱ་ཆུང་རུ་གཏོང་བ་ནི། སྐད་རིགས་གཞན་གྱི་ཡིག་གཟུགས་དེས་དོན་གང་བསྟན་ན་ཡང་འགྲིགས་ལ་ཡིག་གཟུགས་དེ་གང་ལ་གཡུག་ན་ཡང་འགྲིག ང་ཚོའི་བོད་ཡིག་འདི་མིས་འགོམ་སར་ལྷུང་ན་སྡིག་པ་བསགས་འགྲོ་བས་སུས་ཀྱང་གང་འདོད་དུ་བེད་སྤྱོད་བྱེད་མི་ཐུབ། དེ་ཡང་བོད་ཡིག་གི་སྟེང་ལ་འགོམ་མི་རུང་བའི་ཁྲིམས་ལུགས་འདིས་རེད།
ངའི་བསམ་ཚུལ་བྱས་ན། བོད་ཀྱི་སྐད་ཡིག་གམ་སྤྱི་སྐད་གོང་འཕེལ་དུ་གཏོང་བ་ལ། བརྗོད་བྱའི་ཆ་ནས་ཚད་བཀག་བྱེད་མི་རུང་ལ། བརྗོད་བྱའི་ཆ་ནས་རྟ་བོང་འདུལ་ཐབས། རྒྱོ་ཡི་བསྟན་བཅོས། སྐྱག་པ་གཏོང་སྟངས། རླུག་རྩི་འབྲེག་སྟངས་སོགས་ག་ས་གང་ནས་གླེང་དགོས་པ་རེད། བརྗོད་བྱེད་ཀྱི་ཆ་ནས་ཀྱང་ཚད་བཀག་བྱེད་མི་རུང་། བརྗོད་བྱེད་ཀྱི་ཆ་ནས་ས་ཁུགས་ལུང་ཁུགས་ཚང་མའི་སྐད་ཡི་གེ་སྟེང་དུ་བྲིས་ས་འགྲོ་བའི་རིགས་ཚང་མ་འབྲི་གི་བསྡད་ན་ད་བཟོད་ཤིན་ཏུ་ཕྱུག་པོ་ཆགས་རྒྱུ་རེད། ད་དུང་ཡིག་གཟུགས་ཀྱི་ཆ་ནས་ཀྱང་ཚད་བཀག་མ་བྱས་པར་ག་ས་གང་དུ་འབྲི་དགོས་པ་རེད། དེའི་སྟེང་དུ་འགོམ་ན་འགོམ། ས་འོག་ལ་སོང་ན་ས་སྟེང་ལ་ཁས་ན་ཁྱད་པར་ཡོད་པ་མ་རེད། གཙོ་བོ་འཕྲིན་ལས་སམ་དེའི་གདུལ་བྱ། ཡང་ན་བེད་སྤྱོད་བྱེད་མཁན་མང་རུ་སོང་ན། ད་བཟོད་བོད་ཡིག་གམ་སྤྱི་སྐད་ཀྱི་འཕྲིན་ལས་དར་བ་རེད་བསམ།
གཞན་དུ་ན་བོད་ཀྱི་སྤྱི་ཚོགས་ནང་དུ་གུ་དོག་རིང་ལུགས་ཀྱིས་གཅིག་གིས་གཅིག་ལ་སྐྱོན་བརྒྱབ་ནས་བོད་ཡིག་གི་གཞི་རྒྱ་ཆུང་རུ་བཏང་། རྒྱ་ནག་གིས་ཆབ་སྲིད་ཀྱི་སྒང་ནས་བོད་ཡིག་དེ་རྩ་མེད་བཟོ་རྩིས་བྱས། བོད་གཞུང་གི་ངོས་ནས་བོད་ཀྱི་སྐད་ཡིག་ལ་ལས་ཀའི་གཞི་རྒྱ་ཆེན་པོ་ཅིག་སྐྲུན་མ་ཐུབ་པ་བཅས་ལས་བོད་ཀྱི་སྤྱི་སྐད་ཟེར་ན་དེའི་འཕྲིན་ལས་ཉམས་པའི་གཞི་རུ་གྱུར་བཞིན་ཡོད་པའི་བསམ་ཚུལ་བཅས།།
རེད་ཡ། བོད་ཡིག་ལག་ལེན་དར་སྤེལ་གྱི་འདི་བྱ་འགུལ་ཚ་ཚ་འུར་འུར་ངང་སྤེལ་དུས་སུ་བརྗོད་བྱ་དང་རྗོད་བྱེད་བདམས་ནས་དུས་ཚོད་འཕྲོ་བརླག་ཏུ་གཏོང་ཐབས་མ་བྱེད་རོགས། གནའ་སྔ་མོའི་རྒྱ་གར་དུ་རིག་པའི་གནས་བཅོ་བརྒྱད་ཟེར་བ་ཟིག་ཡོད་ནི་རེད། དེའི་ནང་དུ་འཁྲིག་ཐབས་ཟེར་ནི་ཟིག་ཡོད་ནི་རེད། དེ་ནི་འཁྲིག་པ་སྤྱོད་སྟངས་ཏེ་འདོད་པའི་བསྟན་བཅོས་ལ་གོ་དགོས་ནི་རེད། འདོད་པའི་བསྟན་བཅོས་ལ་སློབ་སྦྱོང་བྱེད་དུས་རླིག་པ་དང་གཉའ་མའི་ཆེ་ཆུང་དང་དྲོ་གྲང་སོགས་མ་ཤེས་ན་རྒྱུུགས་འཕྲོད་ནི་མ་རེད། དེ་བཞིན་སྐད་ཡིག་དར་སྤེལ་བྱེད་དུས་སུ་བརྗོད་བྱ་རྗོད་བྱེད་ལ་བལྟ་ཉན་ནི་མ་རེད། ཀ་ཁ་སུམ་ཅུ་མི་བསླེབས་ས་ཞིག་མེད་ནི་ཟིག་འབྲི་ཐུབ་ན་བོད་པའི་ཡི་གེ་དར་སྤེལ་ལ་ཕན་ནི་རེད། མྱིང་སྲིང་དང་ཕ་མ་ཁྲིད་ནས་དྲ་ཐོག་ག་ཡོང་མཁན་ཚོར་མཚོན་ན་ཁ་བརྡ་འདི་ནི་ཡོང་ས་ཟིག་ཡིན་ནི་མ་རེད། དེ་མིན་སྐྱ་སེར་ལས་ངན་མཇེ་སྐམ་ལག་ནང་ལ་བཙུར་ནས་མུ་གེས་འཆི་བཞིན་པ་ཟིག་ཡིན་ན་འདི་མོ་འདི་མ་གླེང་ན་སྐད་ཆ་ལ་བྲོ་བ་ཡོད་ནི་མ་རེད། ཡིན་ན་ཡང་མཇེ་དང་གཉའ་མ་གླེང་དུས་སུ་བོད་པ་རང་གི་མཇེ་དང་གཉའ་མའི་ལས་དབང་གླེང་ཐུབ་ན་བོད་མི་རིགས་ཀྱི་ཞབས་འདེག་རེད། དཔེར་ན་དེང་སང་བོད་པའི་གཉའ་མ་གང་མང་ཞིག་རྒྱ་མཇེས་ཁྲིད་འགྲོ་གིན་ཡོད་པ་དང་། བོད་པའི་མཇེ་དང་གཉའ་མའི་སློབ་གསོ་རྗེས་ལུས་ཡིན་པས་མཇེ་གཅིག་གི་ན་ཚས་གཉའ་མ་སྟོང་ཕྲག་ཁ་རལ་སྣ་རལ་དུ་གཏོང་གིན་ཡོད་པ་དང་། མཇེ་སྐམ་གཉའ་ལུག་འགའ་རེའི་བྱ་སྤྱོད་ཉེས་ནས་བོད་ཁམས་ཧྲིལ་བོར་ཨེ་ཙིའི་ན་ཚ་ཁྱབ་བརྡལ་དུ་འགྲོ་བའི་ཉེན་ཁ་ཧ་ཅང་ཆེ་བ་དང་། གྲོང་གསེབ་དག་གི་ཕོ་གསར་མོ་གསར་བསྡུས་ནས་མཇེ་དང་གཉའ་མའི་འཕྲོད་བསྟེན་སྐོར་ནས་སློབ་གསོ་གཏོང་རྒྱུ་འདི་ཧ་ཅང་གལ་ཆེ། དེ་བཞིན་བོད་མོ་གཞོན་དར་རྒན་གསུམ་རེ་རེ་བཞིན་གཉའ་མ་ཇི་ལྟར་གཙང་སྤྲ་བྱེད་སྟངས་དང་གཉའ་མ་བདེ་ན་གཟུགས་གཞི་བདེ་ལུགས་དང་གཉའ་མ་མ་བདེ་ན་གཟུགས་གཞིར་ན་ཚ་འདྲ་མིན་ཡོང་བ། དེ་བཞིན་གཉའ་མ་ཇི་ལྟར་སྐོམ་ན་ཡང་མཇེ་ནད་པ་ཡི་ཆུ་མི་འཐུང་བའི་སློབ་གསོ་སྤྲོད་དགོས། ཡཡཡ། ད་བརྗོད་བྱ་རྗོད་བྱེད་བཙོག་རུང་སྐར་མ་འགའི་རིང་ལ་བོད་ཡིག་ལག་ལེན་བྱེད་ཐུབ་སོང་བས་སེམས་པ་ཡང་སྐྱིད་པོ་དང་ཡང་མོ་ཞིག་རེད།
སྔོན་མ་ང་ཆུང་ཆུང་སྐབས་སུ་བྱ་སྤྲེལ་གཏམ་རྒྱུད་དང་རྫ་ཙིག་གཏམ་རྒྱུད་ཟེར་བ་དེ་འདྲ་ཀློག་མྱོང་། དེ་ཚོ་ཡང་རི་ཁུག་ལུང་ཁུག་གི་སྐད་མང་ཙམ་འདུག་མོད། ཀློག་གི་ཀློག་གི་ཤེས་འགྲོ་གི་རེད། དེ་བཞིན་དུ་བཀའ་གདམས་པའི་གསུངས་དེ་དག་ན་ཡང་ལུང་ཁུག་གི་སྐད་མང་ཙམ་འདུག ལུང་ཁུག་གི་སྐད་ཚང་མ་དེ་ལྟར་སྤྱི་ལ་སྤུངས་ནས་སྤྱི་སྐད་བཟོ་དགོས་པ་རེད་མ་གཏོགས། ཡར་བྲིས་ན་ལུང་ཁུག་གི་སྐད་རེད་ཟེར་ནས་གཡུག མར་བྲིས་ན་ལུང་ཁུག་གི་སྐད་རེད་ཟེར་ནས་གཡུག་ན་ད་བཟོད་ཤུལ་དུ་ཕུན་སུམ་ཚོགས་པའི་སྤྱི་སྐད་ཅིག་ལྷག་རྒྱུ་ཡོད་མེད་གང་ཤེས།
ཨ་ཁུ་འབྲོག་རྒན་དང་། ཨ་ལགས་ཀླུ་སྨྱོན། གྲ་རྒན་ཟླ་མེད། ང་ཁྱེད་ཚོ་དགའ་ནི་ཟིག་རེད། བོད་ནས་སྐྱག་པ་བཏང་བ་དེ་རང་དབང་དང་སྐྱིད་པོ་ཞིག་ཡིན། ཨོ་ བོད་ནས་རི་ཁ་ཁྱིམ་ཚོས་ཉུལ་ཏེ་སྒྱོ་རྒྱག་གི་སོང་བ་ཕྱི་རྒྱལ་འདི་ཚོ་བཤད་མི་ཉན། བྱ་ཅིག་རྩོག།
ཡོད་ནི་མ་རེད། ལྷ་ས་བ་ཚོས་བོད་ཟེར་བ་དེ་ཡང་ལྷ་སའི་གཡས་གཡོན་ཞིག་ལ་མ་གཏོགས་གོ་བ་ལེན་མི་ཤེས་པ་ནང་བཞིན། ཁོ་ཚོས་བོད་པའི་ཡིག་སྐད་སྤྱི་སྐད་ཟེར་ན་ཡང་ལྷ་སའི་གཡས་གཡོན་གྱི་སྐད་ཡིག་ཅིག་ལ་མ་གཏོགས་གོ་བ་ལེན་ཤེས་ནི་མ་རེད། མི་བདེན་ན་ལྷ་ས་བ་ཁོ་རང་ཚོར་དྲིས་དང་ཤེས་ནི་རེད། འདས་པའི་བོད་པའི་གླེགས་བམ་དེ་ཚོ་ཡང་ལྷ་ས་བའི་སྐད་དང་བསྟུན་དང་བྲིས་ཡོད་པ་རེད། མི་བདེན་བསམ་ན་ལེགས་བཤད་གསེར་ཕྲེང་གཅིག་སྔོགས་དང་ཤེས་ནི་རེད། དེའི་ནང་ན་ལྷ་ས་བའི་སྐད་ག་ཚོད་ཅིག་འདུག ཨམ་སྐད་ག་ཚོད་ཅིག་འདུག ཁམས་སྐད་ག་ཚོད་ཅིག་འདུག
བོད་པ་ཞིག་གིས་ལྷ་ས་ནས་ཨམ་སྐད་བཤད་ན་ཁོ་ཚོས་མཐོང་ཆུང་གཏོང་ནི་རེད་ལ་ཁམས་སྐད་བཤད་ན་ཡང་མཐོང་ཆུང་བྱེད་ནི་རེད། ད་ལྟ་ཡང་དྲ་ངོས་སུ་ལྷ་ས་བའི་སྐད་མ་བྲིས་པར་ཨམ་སྐད་ཉུང་ཉུང་རེ་བྲིས་ན་ལམ་སེང་བོད་པའི་ཡིག་སྐད་དམ་སྤྱི་སྐད་དང་མཐུན་གི་མི་འདུག་ཟེར་ནས་འགྲམ་ལྕག་གཞུ་རྐྱང་ཡིན་ནི་རེད།
ད་གཏམ་འདི་འདྲ་བྱས་བཏང་ཡོང་ན་ཡུལ་སྐད་སྤྱི་སྐད་ནང་སྤུངས་ནས་སྤྱི་སྐད་ཕྱུག་པོ་ཆགས་ཐབས་ལ་ང་ཚོ་བློ་མཐུན་རེད།
གཡུ་འབྲུག་གི་ལན། ང་ཟ་མ་ཟ་གི་འགྲོ་གི་ཡིན། ང་ཁ་ལག་ཟ་ག་འགྲོ་གི་ཡིན། ཁོའི་གདོང་པ་སེར་རོ་གི་ལོག། མྱིག་དམར་རོ་གི་ལོག་ལྟ་བུའོ།
དགེ་འདུན་ཆོས་འཕེལ་གྱིས་ལེགས་སྦྱར་བང་མཛོད་ནང་བྲིས་པའི་སྐད་ཆ་རྡོག་མ་འདི་ཚོའང་འདིར་དགོད་པར་བྱ་ན་དོ་སྣང་ཅན་འགའ་རེ་ཡོད་ན་ཅིས་ཀྱང་གཟིགས་པར་འཚལ།
་་ འདིར་ཨསྱ བྱ་བ་དྲུག་པའི་མཐའ་ཡིན་ཡང་བོད་སྐདབ་ལ་འདི་ནི་བྱ་བ་ལས་བསྒྱུར་མ་བཏུབ་ཅིང་། སྤྱིར་རྒྱ་སྐད་ཀྱི་དྲུག་པ་ཕལ་ཆེར་བོད་སྐད་ལ་གཉིས་པ་དང་དང་པོ་ཁོ་ན་ཡིན་ཅིང་། པ་ཚབ་སོགས་ཀྱིས་དེ་ལྟར་བསྒྱུར་འདུག་པས་སྔོན་གྱི་འགྱུར་རྣམས་གོ་བདེ་བའི་རྒྱུ་མཚན་གཅིག་དེ་ཡིན་ལ། ཡར་ཀླུང་གྲགས་པ་རྒྱལ་མཚན་གྱི་འགྱུར་རྣམས་གོ་དཀའ་བ་ཡང་རྣམ་དབྱེ་རྣམས་ཇི་ལྟ་བ་བཞིན་བསྒྱུར་བས་ཡིན། འདིར་དོན་ཐོབ་ལ་གཉིས་པ་ཡིན་ཀྱང་། དམིགས་བསལ་གྱིས་དྲུག་པ་སྦྱར་སོགས་ཟེར་བ་ཡང་། སྐད་ལུགས་སོ་སོའི་རྣམ་དབྱེ་སྦྱོར་ལུགས་ཤིན་ཏུ་མི་འདྲ་བ་རྒྱུས་མེད་པ་སྟེ། ལེགས་སྦྱར་ལ། ཆུ་ཡིས་གང་བའི་བུམ་པ་བྱ་བ་ལ་ཆུ་ཡི་གང་བའི་བུམ་པ་དང་། ཝ་ར་ཎ་སའི་རྒྱལ་པོ་བྱ་བར། ཝ་ར་ཎ་སི་ན་རྒྱལ་པོ་སོགས་རྟག་ཏུ་འོང་བས་བོད་སྐད་དང་ཡེ་མི་འདྲ། བོད་སྐད་དང་རྒྱ་ནག་དབུས་ཀྱི་སྐད་ལྟ་བུ་གཉིས་བསྡུར་དང་ཡང་རྣམ་དབྱེ་སྦྱོར་ལུགས་མི་འདྲ་བ་ཤེས་ཡོང་། སྐད་དེ་ལ་སྦྱོར་ལུགས་དེ་དོན་ཐོབ་ཡིན་གྱིས་དམིགས་བསལ་ག་ལ་ཡིན་་ ཞེས་བྲིས་འདུག
བོད་ཀྱི་སྐད་ལུགས་རང་བྱས་ན།
གཉིས་པ་ཚེ་སྐབས་ལ་སྒྲ་དང་། །བདུན་པ་རྟེན་གནས་ན་སྒྲ་ཡིན། །དེ་ཉིད་བཞི་བ་གི་སྒྲ་ཡིན།། དེ་ཉིད་འགའ་རེ་གསུམ་པ་ཡིན། །དྲག་ཏུ་རྒྱུག་ལ་དྲག་པོས་རྒྱུག ལ་སྒྲ་འཇུག་པའི་དེ་ཉིད་ཡོད། དཔེར་ན་ཇེ་གསལ་ལ་བུད་སོང་།་སུ་རུ་ཏུ་དུ་རྗེས་བཟོས་ཡིན། སྐད་ལ་གཏོར་བརླག་བྱས་པ་ཡིན།། རྗེས་རབས་མགོ་རྙོག་བཟོས་པ་ཡིན། འདི་ནི་སྤྱི་ཡི་དབང་དུ་བྱས། ཞིབ་མོས་བཤད་ན་ཉོབ་པའི་རྒྱུ།། ཞིབ་ཏུ་བཤད་པ་བློས་བཟོ་ཡིན། ཞིབ་མོས་བཤད་པ་རང་སྐད་དངོས། སྤྱིར་ན་རང་སྐད་དང་མཐུན་པའི།། བརྡ་སྤྲོད་གཞུང་ཞིག་རྩོམ་སླ་ཡང་།། སུ་ཞིག་འདི་ལ་འདོད་པ་བྱེད།། དེས་ན་སུ་ཞིག་ལག་པ་འཆང་།། རང་གིས་རང་ལ་སེམས་གསོས་ལ།། ཕྱུག་པོའི་བརྡ་སྤྲོད་གཞུང་འདི་སྦྱོངས།། ཨ་ཕའི་ཁ་ཕོར་ཡིན་པར་སྒོམས།། དེ་རིང་ཉི་མ་ནས་བཟུང་སྟེ།། བརྡ་སྤྲོད་སྐོར་ལ་སྨྲ་མེད་ཡིན།། ལྐུགས་པའི་བརྟུལ་ཞུགས་འཛིན་གི་ཡིན།།
ད་ཡིན་ན་སུམ་རྟགས་ཀྱི་ཕ་རྒན་དག་ཕ་ས་དང་ཕ་ཡུལ་དུ་བཞུགས་གི་མིན་གསུངས་གི་འདུག་ད། བརྡ་སྤྲོད་འདི་ངེད་ཀྱི་ཕ་ས་ཡིན་གསུངས་མཁན་དེ་མགོན་པོ་ཕྱག་གཉིས་པ་འདི་མ་རེད་དམ།
ངས་ཀྱང་ཚིག་འགའ་ཞུ་རྒྱུ་ཡིན། མཐའ་མ་ཆོད་པ་དང་མི་ཆོད་པ་ནི་ཐག་གིས་ཆོད་མོད། སྒུག་ལོང་ཞིག་གང་ན་ཡོད། སུམ་རྟགས་འགྲེལ་བ་དང་བཅས་པ་སྟོང་ཕྲག་དང་འབུམ་ཕྲག་འཁྱེར་ཡོང་ན་ཡང་། བོད་སྐད་ཀྱི་བརྡ་སྤྲོད་ལ་འགྲེལ་བཤད་ཡོང་མ་རེད། ད་དེ་ལུང་འདྲེན་བྱས་ནས་ཅི་བྱེད། མི་ཡོང་བའི་འགག་རྩ་ནི། སྣ་འཐེན་ནས་ཁ་ལ་མི་སླེབས་པའི་དཔེ་རེད། ཕྲད་ཀྱི་འགྲོ་ལུགས་འགྲོ་སྟངས་ཡག་པོ་ཞིག་ཡོད་པ་རེད། དེ་གསལ་པོ་རེད། ཡིན་ན་ཡང་། མེད་པ་དེ་ནི། སྐད་ཀྱི་འགྲོ་ལུགས་དེ་གསལ་པོ་མེད་པ་དེ་རེད། ལ་དོན་ འདི་ གཉིས་པ་བཞི་པ་བདུན་པ་དེ་ཉིད་ཚེ་སྐབས་ཡིན། དེ་མིན་ན་མི་འགྲིག་ཟེར་རྒྱུ་མེད་པ་རེད། ཇ་བསྐོལ་ལ་འཐུང་ཟེར་ན་མཚམས་སྦྱོར་ལ་འཇུག་པ་རེད། ཡག་ག་ལ་ཞེ་ན་མཚར་སྣང་གི་སྒྲ་རེད། དེ་སོགས་མང་པོ་འདུག་ད། ཡི་གེ་བྲིས་ཞེས་པ་འདི་གཅིག་རེད། ཡི་གེ་བྲིས་བྲིས་ཞེས་པ་འདི་གཅིག་རེད། ཡི་གེ་བྲིས་ན་ཞེས་པ་འདི་གཅིག་རེད། ཡི་གེ་བྲིས་ན་ཡང་ཞེས་པ་འདི་གཅིག་རེད། ཡི་གེ་བྲིས་བྲིས་ན་ཡང་ཞེས་པ་འདི་གཅིག་རེད། མ་རེད་དམ།
དྲ་གྲོགས་ཚོས་བགྲོ་གླེང་ལྷུག་པོ་གནང་གིན་འདུག་གཱ ལས་ངན་ངའི་དྲ་ལམ་ལ་སྐྱོན་ཤོར་སོང་བས། ནམ་རྒྱུན་བཞིན་དྲ་ཐོག་ཏུ་ཡོང་ཐུབ་ཀི་མི་འདུག ད་དུང་ལས་བྲེལ་ཡང་ཅུང་ཆེ་བའི་གཞུང་གི་དྲ་ལམ་ནི་ང་ལྟ་བུའི་ལས་བྱ་ཆུང་ཆུང་ཚོར་རྒྱ་ཟ་བརྒྱབས་བཞག་ཡོད་པ་རེད། ཉིན་འགའི་རྗེས་ནས་རང་གི་དྲ་ལམ་དེ་བསྐྱར་བཟོ་ཐུབ་པའི་ཐབས་ཤེས་གང་ཡོད་བྱེད་བཞིན་ཡོད། དེ་དུས་མཇལ་ཡོང་།
ལྷག་པར་དུ་འདུལ་བ་ནང་གི་མིང་ཚིག་དེ་ཚོ་ཁས་ཡོང་ན་། འདི་ཚོས་ལུང་ཁུག་གི་སྐད་རེད་ཟེར་ནས་ཁ་རྡུང་གཏོང་མི་གཏོང་མེད། སྤྱིར་བཏང་གཅིག་གི་གཅིག་ལ་ཁ་རྡུང་གཏོང་བ་འདི་ཡང་ཡག་པོ་འདུག ངས་ནོར་འཁྲུལ་ཅིག་བཤད། མཚོ་སྔོན་ནས་དཔར་བའི་ལམ་རིམ་ཆེན་མོར་ཡིག་ནོར་གྲངས་ལས་འདས་པ་ཡོད་པའི་རྒྱུ་མཚན་ཁྱོད་ཚོས་འེ་ཤེས། དེའི་རྒྱུ་མཚན་ནི། མིང་ཚིག་གོ་དཀའ་བ་ཅིག་ཡོད་ན་དག་ཡིག་གསར་སྒྲིག་ནང་ལ་བཙལ་ནས་དེར་བསྟུན་ནས་ལྕགས་དཔར་དག་སྒྲིག་བྱས་པའི་རྐྱེན་ལས་བྱུང་བ་རེད། ལམ་རིམ་ཆེན་མོ་སྒྲིག་པའི་སྐབས་སུ་གཅིག་ཡིན་ན་གཅིག་མིན་དགོས་པའི་ལྟ་བ་ཅིག་སློབ་གྲྭ་བ་དེ་ཚོ་ལ་ཡོད་པ་རེད། དེའི་རྐྱེན་གྱིས་བོད་ཡིག་ཡིན་ན་རང་ཉིད་ཀྱིས་མཐོང་མྱོང་བའི་དག་ཡིག་གསར་སྒྲིག་ནང་གི་ཡི་གེ་ཅིག་ཡིན་དགོས་ནི་རེད། དེའི་རྐྱེན་གྱིས་ལམ་སང་བཟོ་བཅོས་ཀྱི་ལག་རིང་བརྐྱངས་གི་བསྡད་པས་ཡིག་ནོར་ཁ་མེད་སྣ་མེད་ཤོར་བ་རེད། དེ་བཞིན་དུ་དེང་སང་ཁ་ཤས་ཀྱིས་ཡི་གེ་དག་པ་དང་། སྐད་དག་པ་ཅིག་ཡིན་ན་ལྷ་སའི་སྐད་དང་ཡི་གེ་ཁོ་ན་ཡིན་དགོས་པར་འདོད་པ་ཡང་གཅིག་པ་རེད། འདི་ཚོ་ཚང་མ་གུ་དོགས་ཀྱི་བསམ་བློ་ཁོ་ན་རེད།
ལ་དོན་གྱི་འཇུག་པ་ཆུང་ཆུང་མ་བཟོ། ལ་དོན་ནང་གི་ན་ཡིག་གཅིག་བུ་ལ་འཇུག་ས་༡༤ ཡིན་ན་ཅིག་སྨྲ་སྒོ་མཚོན་ཆ་ན་གསུང་ཡོད་ས་ཡོད། དེ་མ་གཏོགས་པ་མང་པོ་ཅིག་དམུ་དགེ་བསམ་གཏན་གྱི་མང་པོ་ཅིག་གསུང་ཡོད་ས་ཡོད་དྲན་གི་འདུག སུམ་ཅུ་བ་ཡིན་ན་ཅིག་ནས་ལ་དོན་གྱི་འཇུག་ས་ལྔ་ཡིན་ན་ཅིག་རེད།
ད་དུང་གནས་བརྒྱད་རྩ་འགྲེལ་ན་ཡང་མང་པོ་ཅིག་ཡོད། དེའི་དཔེར་བརྗོད་དག་ནི་ལེགས་བཤད་གསར་ཕྲེང་ན་མང་། གང་ལ་ན། གང་གིས་ན། ཅི་ལྟར་ན། གང་ན་སོགས་མང་ཐག་ཆོད་ཅིག་ཡོད། འདི་དག་ནི་སུམ་ཅུ་བའི་ནང་ལ་མེད་པ།
ལྷ་སའི་སྐད་མ་གོ་བར་ཨ་མདོ་བས་ཚིག་ལོག་དོན་ལོག་འབྲི་གིན་འདུག
གོང་དུ་མགོན་པོ་ཕྱག་གཉིས་པས། ཁ་ལག་ཟ་ག་འགྲི་གི་ཡིན། ཅེས་བྲིས་འདུག
ཁ་ལ་ཟ། རྒྱབ་ལ་གོན། ཅེས་པའི་སྔ་མ་དེའི་དོན་མ་གོ་བར། ཁ་ལག་ཟ་ཞེས་བྲིས་འདུག་ག ད་གཟབ་ཙམ་བྱས་ན་མ་གཏོགས་འགྲིག་གི་མེད་ཚོད་འདུག
དགོངས་དག འགྲོ་ཡི་ཚབ་ལ་འགྲི་བྲིས་འདུག
གོང་གི་ལ་དོན་དེ་སུ་རུ་ར་ཏུ་དུ་ནའི་འཇུག་པ་དང་མཐུན་པའི་ལ་དོན་རྣམ་པ་བདུན་ལ་ཟེར་གི་ཡོད། དེ་མིན་ན་སྒྲ་དང་ལ་སྒྲ་ལོགས་སུ་བཤད་དགོས་ན་དུང་དཀར་ཚང་གིས་ལ་སྒྲ་འཇུག་པ་བརྒྱད་མིན་ནམ། ན་སྒྲ་འཇུག་པ་བཅུ་བཞི་བསྟན་ཡོད་པ་རེད།
གོང་གི་ལ་དོན་གྱི་འཇུག་ཡུལ་ནོར་སོང་ཟེར་གི་མེད། ཁ་སྐད་དང་མཐུན་པ་བྱས་བཤད་དགོས་ན་ཏག་ཏག་འགྲོ་གི་མི་འདུག
ལ་དོན་ཟེར་བའི་དོན་ནི་ལ་སྒྲ་གང་ལ་འཇུག་པའི་དོན་མིན་པར་ལ་སྒྲའི་འཇུག་པ་དང་མཐུན་པའམ་ལའི་དོན་ཅན་གྱི་སུ་རུ་ར་ཏུ་དུ་ན་བཅས་ལ་ལ་དོན་ཟེར་གི་ཡོད་པ་རེད། ལ་སྒྲ་ཚུད་པའི་ཕྲད་འདི་ཚོ་བདུན་ལ་ལ་དོན་རྣམ་པ་བདུན་ཟེར།
ན་ལའི་འཇུག་པ་ཡིན་ལ་ལ་དོན་གྱི་འཇུག་པ་མིན་པ་མང་པོ་ཞིག་ཡོད་པ་རེད། གོང་གསལ་གྱི་གཞོན་ནུས་དྲངས་པའི་གང་གིས་ན། ཅི་ལྟར་ན་ཟེར་བ་དེ་ཚོ་ལ་དོན་གྱི་འཇུག་ཡུལ་མ་རེད།
རབ་གསལ་གྱི་ཇ་བསྐོལ་ལ་འཐུང་ཟེར་བ་དེའང་ལ་དོན་གྱི་འཇུག་ཡུལ་མ་རེད། མིན་པའི་རྒྱུ་མཚན་ནི་ལའི་དོན་ཅན་གྱི་སུ་རུ་ར་ཏུ་དུ་ནའི་འཇུག་པ་དང་མི་མཐུན་པས་རེད། ཁོང་སུ་རེད། ཟེར་བའི་སུ་འདི་ལ་དོན་གྱི་འཇུག་ཡུལ་མིན་པའི་རྒྱུ་མཚན་དང་གཅིག་པ་རེད། ཁ་བཙུམ་དགོས་བཙུམ་དགོས་བསམ་ན་བཙུམ་མི་འཇུག་གི
ད་ཡིན་ན་དགེ་བཤེས་ཚོས་སྐྱག་པའི་སྐོར་ག་ཚོད་གླེང་ན་ཡང་རྗེས་སུ་ཡི་རང་བྱེད་ཀྱི་ཡིན། ཆོལ་ཁ་ཆོས་ལུགས་ཀྱི་རྩོད་རྙོག་དེ་ཚོ་ཡར་བསླང་མ་ཡོང་ན་ཉེན་ཁ་མེད་པའི་མཚར་གཏམ་དེ་ཚོ་ཡག་པོ་ཞིག་རེད་དོ།
ངས་ཚིག་འགའ་ཞུས་ཆོག་པ་ཞུ། ང་ཚོས་དེང་སང་སྤྱོད་ཀྱིན་པའི་ཚིག་གྲུབ་འགའི་ངོ་གདོང་ལ་གཞིགས་ཏེ། ཚིག་གྲུབ་འདི་དང་གན་བརྡ་སྤྲོད་ཀྱི་གཞུང་དང་མཐུན་གྱི་མི་འདུག་ཅེས་བཤད་ཀྱི་ཡོད་པ་ནི་དོགས་སློང་ཡིན་སྟབས། དགའ་བསུ་ཡོད། ཡིན་ནའང་ཐོན་མིས་བརྡ་སྤྲོད་ཀྱི་གཞུང་འདི་མཛད་སྐབས་དང་། སྐད་ཡིག་གསར་བཅད་ཀྱི་སྐབས་སུ། ང་ཚོས་དེང་སང་བེད་སྤྱོད་བྱེད་ཀྱིན་པ་དང་། བརྡ་སྤྲོད་ཀྱི་གཞུང་ན་མེད་པ་འདི་དག་དར་སོ་བྱུང་ཡོད་མེད་འཕྱང་མོ་ཉུག ཕལ་ཆེར་འདི་དག་ཕྱིས་སུ་བྱུང་ཞིང་། ཕྱིས་སུ་དར་ཁྱབ་བྱུང་བའི་སྐད་ཆ་རྒྱ་ཡན་པ་སྐོར་ཅིག་རེད་སེམས། དེ་གཅིག་ཡིན། སྐད་ཡིག་གཅིག་གྱུར་ཟེར་བ་འདི་གནད་འགག་ལ་ཐུག་ཡོད་ཚེ། ང་ཚོའི་སློབ་གྲ་ཁག་ཏུ་བྱིས་པ་ཚོར་དབུས་སྐད་དང་། ཁམས་སྐད། ཨམ་སྐད་སློབ་དགོས་ཀྱི་ཡོད་པ་རེད། དེ་ནས་རིམ་བཞིན་འགྱུར་བ་ཞིག་ཏན་ཏན་འགྲོ་གི་རེད། དེ་མིན་མི་ཁ་ཤས་ཀྱིས་རང་གི་རྩོམ་ཡིག་ནང་ཡུལ་སྐད་རེ་ཟུང་རེ་བྲིས་ཏེ་སྐད་གཅིག་གྱུར་ལ་བསམ་བློ་གཏོང་གི་ཡོད་ན་ནི། ཨ་མདོ་ནས་གཡག་ལ་ཞོན་ཏེ་ལྷ་སར་འགྲོ་བ་ནང་བཞིན་རེད། ཚར་མེད།
པད་མ་འདི་ད་ཞེ་གི་སེམས་ཆུང་ཟིག་རེད་ཡ། ད་སྐྱོན་ཡོད་ནི་མ་རེད། ཁ་བརྡ་དྲ་བ་ནང་ན་ཁ་རྒྱག་ཁ་ཤས་ཡོད་ནི་རེད་ད། ད་དེ་ཚོ་སྐྱོན་ཡོད་ནི་མ་རེད་ཡ། ངས་ཁ་སང་སྐྱག་པ་གཏོང་སྟངས་སྐོར་ལ་བཤད་པ་ཚང་མ་བོད་ལ་གཞིར་བཞག་ནས་བཤད་འདུག རྒྱ་གར་ལ་ཆད་འདུག རྒྱ་གར་ནས་རྡི་ལི་ནེ་ཛ་མོ་ཏེའི་རེལ་ལེ་འབབ་ཚིགས་ན་ཞོགས་པ་རྒྱ་གར་བ་དེ་ཚོ་ལྕགས་ལམ་སྟེང་དུ་བྱ་རྒོད་བབས་པ་བཞིན་བརྒྱ་ཕྲག་ནས་སྟོང་ཕྲག་བར་དུ་བང་སྒྲིགས་ན་སྐྱག་པ་གཏོང་གི་ཡོད། སྐྱེ་ཕོ་མོ་ཚང་མ་རེད། ལག་ཏུ་བུམ་པ་ལྟ་བུའི་སྣོད་ནང་དུ་སྐུབ་འཁྲིས་བྱེད་ཀྱི་ཆུ་བཟུང་ནས་ཡོད། ད་རུང་རྒྱ་གར་དེ་ཚོའི་མཇེ་རིང་བ་ལ་མགོ་ལྕགས་ལམ་སྟེང་ཐུག་བསྡད་ཡོད་པ་དེ་འདྲ་ཡོད་པ་རེད། སྐྱེས་སྨན་དེ་ཚོ་ཡང་སྟུ་དམར་གསར་དུ་སླེབས་པའི་རིལ་ལེ་ཕྱོགས་ལ་སྐོར་ནས་སྐྱག་པ་བཏང་བསྡད་ཡོད་པ་རེད།
དེ་ནས་གཅིན་པ་གཏོང་སྟངས་སྐོར་ལ་རེད། ང་ཚོ་ཆུང་ཆུང་སྐབས་སུ་ལམ་ཁ་ནས་འགྲོ་གིན་འགྲོ་གིན་གཅིན་པ་གཏོང་གི་ཡོད། ད་རུང་མཇེ་མགོ་བཙུར་ནས་གཅིན་པ་ཤུགས་ཆེན་པོས་བཏང་ན་རྒྱང་རིང་པོར་གཏོང་ཐུབ་ཀྱི་རེད། བྱིས་པ་དེ་ཚོས་སུས་རྒྱང་རིང་པོར་གཏོང་ཐུབ་མིན་འགྲན་བསྡུར་བྱེད་ཀྱི་རེད། ཁྱོད་ཚོ་ཆུང་ཆུང་སྐབས་སུ་གཅིན་པ་རྒྱང་རིང་པོར་གཏོང་ཐུབ་ཀྱི་ཡོད་དམ།།
ད་ཕལ་ཆེར་གཅིན་སྐྱག་གི་སྒྲུང་བཤད་ནས་ཚར་སོང་བ་འདྲ། ངས་ཀྱང་མདང་ཀེའུ་ཚོད་ཡག་ཐག་ཆོད་ཅིག་ཟོས་ཏེ་དེ་རིང་སྐྱག་པ་ཀེའུ་དྲི་ཁ་བ་ཞིག་གཏོང་དགོས་བསམས་ནས་ཡོང་མོད། གཅིན་སྐྱག་གི་དྲི་མ་ནས་བོད་ཀྱི་བརྡ་སྤྲོད་ཕྱོགས་ལ་”མར་རྒྱས”སུ་ཕྱིན་འདུག ད་ངའི་སྐྱག་པ་དེ་ཡང་འདིར་གཏོང་གི་མིན། བརྡ་སྤྲོད་”ཀེའུ་སྐྱག”ཁ་རུ་འཇུག་མི་ཕོད་ཀི
བརྡ་སྤྲོད་པ་འདི་སུམ་རྟགས་རྩ་བ་གཞིར་བཟུང་དང་མ་བཟུང་གི་སྒོ་ནས་གཏན་ལ་འབེབ་ཐུབ་པ་ཞིག་མ་རེད། སུམ་རྟགས་རྩ་བ་རྩོམ་པ་པོ་དེ་ལྷ་ས་བ་ཞིག་རེད། དེ་ལྷ་ས་བའི་སྐད་གཞིར་བཞག་གིས་གཏན་འབེབ་བྱས་པ་ཞིག་རེད། གལ་སྲིད་སློབ་དཔོན་ཐོན་མི་ཨ་མདོ་བ་ཞིག་ཡིན་ན་ཨམ་སྐད་གཞིར་བཞག་གིས་གཏན་འབེབ་བྱས་ཡོད་ནི་རེད། དེ་ཡང་། ཤར་ལ་སོང་མི་ཟེར་བར་ཤར་ར་སོང་། ནུབ་ལ་སོང་མི་ཟེར་བར་ནུབ་བ་སོང་། གསེར་ལ་བསྒྱུར་མི་ཟེར་བར་གསེར་ར་བསྒྱུར། བཀྲ་ཤིས་ཀྱི་དེབ་མི་ཟེར་བར་བཀྲ་ཤིས་ཀི་དེབ་ཟེར་བའི་བརྡ་སྤྲོད་རྩ་བ་ཞིག་བརྩམས་ཡོད་ནི་རེད། སྔོན་མར་ངའི་ཕ་རྒན་དེ་ང་ཚོའི་སྡེ་བའི་རྩིས་གཉེར་བ་ལོ་ཉི་ཤུའི་རིང་ལ་བྱས་འདུག ཁོང་གིས་བོད་ཡིག་རང་མགོ་ཐོན་པ་ཞིག་འབྲི་ཤེས་རུང་བརྡ་སྤྲོད་པར་སྦྱངས་མྱོང་མི་འདུག ཁོང་གིས་སྐྱ་བྷ་ཚང་ང་གཡག་ལྔ་ཡོད་ཀི རྡོ་བྷ་ཚང་གི་འབྲི་བཞི་ཤི་སོང་ངའི་ཚབ་བ་ཅང་སྟེར་རྒྱུ་མ་རྙེད་ཟིག ང་ཚོའི་སྡེ་བར་མཚོན་ན་ཆ་རྐྱེན་མི་ཧྲ་གི་ར། མི་ཚང་མ་ལས་ཀ་ལས་རྒྱུ་དགའ་ནི་རེད། ཞ་ཞིར་ཚོ་ར་ཞིང་ཁ་སོང་ངས་ལས་ཀ་ལས་ནི་རེད། ལྟ་བུ་ཁོ་རང་གིས་གོ་ཐུབ་ལ་གལ་སྲིད་སྡེ་མི་གཞན་ཞིག་གིས་བཀླགས་ན་ཡང་དོན་དག་ཧ་གོ་ཐུབ་པ་ཞིག་འབྲི་གིན་འདུག
ད་དུང་རློམ་ཞེས་པའི་ཚིག་འདི་ལ། ཡིག་སྐད་ཅིག་དང་ཁ་སྐད་ཅིག་གཉིས་ཡོད་ཀི རློམ་སེམས་མེད་པའི་ཚུལ་ཁྲིམས་ཀྱིས། །ཞེས་པའི་སྐབས་སུ་རློམ་དེ་ང་རྒྱལ་ལ་གོ་གི་ཡོད་ཅིང་དེ་ཡིག་སྐད་ཅིག་རེད། ཡིན་ན་ཡང་ཨ་མདོའི་ས་ཆ་གང་མང་ཞིག་ནས། ཁོ་ལ་རློམ་རྒྱུ་མེད་ཀི་ཟེར་དུས་རློམ་དེ་ཨ་མདོའི་ཡུལ་སྐད་ཅིག་ཏུ་འགྱུར་ནས་དེའི་ནང་དོན་ང་རྒྱལ་ལ་འཇུག་གི་མེད་པར་དེའི་གོ་དོན་ནི་ཡིད་ཆེས་བྱེད་རྒྱུ་མེད་པར་གོ་དགོས་པ་རེད། དེའི་ཕྱིར། ཚིག་གཅིག་ཡིན་ན་ཡང་ཡིག་སྐད་དམ་སྤྱི་སྐད་ཅིག་དང་ཡུལ་སྐད་དམ་ཁ་སྐད་ཅིག་ཏུ་འགྱུར་འགྲོ་བའི་གནད་འགག་འདིའི་སྟེང་ནས། ཡུལ་སྐད་བྲིས་ན་མ་གཏོགས་སྤྱི་སྐད་ཅིག་འགྲུབ་རེ་མེད་པ་དེ་ཤེས་ཡོང་གི
བརྡ་སྤྲོད་དེ་སྐད་ལ་བརྟེན་ནས་བཟོས་པ་རེད། སྐད་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས་བརྡ་སྤྲོད་ལའང་འཕེལ་རྒྱས་གཏོང་དགོས་པ་རེད། སྐད་འགྱུར་བ་ལ་བརྟེན་ནས་བརྡ་སྤྲོད་ལའང་འགྱུར་བ་གཏོང་དགོས་པ་རེད། བརྡ་སྤྲོད་དེ་དམངས་གཙོའི་གཞུང་ཞིག་ནང་བཞིན་སྐད་ཀྱི་དམངས་ལ་ཞབས་ཞུ་བྱེད་མཁན་ཞིག་ཡིན་དགོས་པ་ལས་རྒྱ་དམར་གུང་གཞུང་བཞིན་དུ་སྐད་ཀྱི་དམངས་རྣམས་སྡོམ་བྱེད་ཀྱི་ལྕགས་སྒྲོགས་ལྟ་བུར་གྱུར་ན་ཕ་རོ་མ་རོ་འགྲིགས་ཐབས་ཁོ་རང་ཡོད་པ་མ་རེད།
བརྡ་སྤྲོད་པའི་གཞུང་ལུགས་དེའང་དུས་དང་མྱུན་པའི་སྐད་གདངས་དང་མཉམ་དུ་འགྲོ་དགོས་པ་དང་དུས་ཀྱི་སྐད་གདངས་ལ་བསྟུན་དགོས་སྐོར་བདག་ཀྱང་འདོད་མོད། འོན་ཀྱང་སྤྱིར་བོད་ལ་ལུང་སྐད་དམ་ཕལ་སྐད་མང་ཁར་མདོ་དབུས་ཁམས་གསུམ་ཞེས་སྐད་གདངས་ཆེན་པོ་གསུམ་དུ་ཡོད་ན། ད་ནི་དེ་དག་གང་ཞིག་གི་སྐད་དང་བསྟུན་དགོས་པ་དང་། ཡང་བེད་སྤྱོད་ལ་བརྟེན་ནས་སྤྱི་སྐད་ཅིག་ཡོང་རེ་དེ་ཡང་འགའ་ཞིག་གིས་བཙན་བྱོལ་ནང་ལྟ་བུ་ལ་མཚོན་ན། མདོ་དབུས་ཁམས་གསུམ་གྱི་བོད་མི་འདུས་སྡོད་བྱེད་བཞིན་པས་ན། འདི་འདྲ་ཞིག་ལ་གཞི་འཇོག་དགོས་ཟེར། འདིའི་སྐོར་ལ་དགོངས་ཚུལ་གང་འདྲ་ཡོད།
ཡང་མདོ་དབུས་ཁམས་གསུམ་གྱི་ཁ་སྐད་ལ་ཡང་དབར་ཁྱད་ཆེན་པོ་རེ་ཨེ་ཡོད་ན། སྐབས་རེ་ཟུང་ལ་ཚིག་གི་སྦྱོར་ཆེར་མེ་དཔར་སྙམ། མདོ་ཁམས་གཉིས་ཀྱིས་དབྱངས་ཀྱི་གསལ་པོ་བཀླགས་མིན་དང་། དབུས་པས་སྔོན་རྗེས་དང་མགོ་འདོགས་ཀྱི་སྒྲ་ཐོན་མིན་གྱི་ཁྱད་ཅུང་འདུག་པ་ལས། གཞན་མཚམས་རེར་དེ་དག་ཀྱང་གཅིག་ཏུ་ཀློག་པ་འདུག དཔེར་ན་ཨ་མདོ་བས་ཕ་ལ་ཡ་བཏགས་ན་བྱ་ཡི་སྒྲ་དང་། དབུས་པས་ཕ་ལ་ཡ་བཏགས་ན་ཆ་སྒྲ་ཡོང་གི དེ་ལ་དབྱངས་ཞབས་ཀྱུ་བཏགས་ན་ཨ་མདོ་བས་ཆ་སྒྲར་བཀླགས་པ་ཡོད་དེ། འཕྱོ་དང་འཕྱུར། ཕྱུར་ཁུ། འཕྱང་མོ་ཉུག ནོར་བའི་དོན་འཕྱུགས་མེད་ལྟ་བུ། སོགས་མང་གི
ད་དུང་བ་སྒྲ་འདོན་སྟངས་ལའང་མདོ་ཁམས་པས་བ་དང་དབུས་པས་པ་སྒྲ་འདོན་གི ཡང་སྐབས་འགར་དབུས་པས་ཀྱང་བ་སྒྲ་འདོན་པ་མང་གི འདི་ཚོར་ནི་ཆུང་ཚགས་རེད། གོང་དུ་ཁྱེད་ཚོས་གསུངས་པ་བཞིན་བོད་སྤྱི་ལ་སྐད་ཅིག་དགོས་མདོ་དབུས་ཁམས་གསུམ་གྱི་སྐད་རགས་ཙམ་ཞིག་ཉུང་མཐར་ཡང་ཤེས་དགོས་པ་འདྲ།
བོད་ཀྱི་བརྡ་སྤྲོད་དབུས་པ་ཞིག་གིས་བརྩམས་ཟེར་བ་ལས་བོད་ཀྱི་བརྡ་སྤྲོད་འདི་ཐོན་མིའི་མིན་པ་དང་། གང་ལྟར་བོད་སིལ་བུའི་རྗེས་ཙམ་ལ་ཡིན་པར་འདོད་ཀི་ཡོད་ས་རེད། དེ་མིན་བཙན་པོའི་སྐབས་སམ་བོད་གཅིག་གྱུར་སྐབས་སུའམ། གང་ལྟར་སྔོན་དུས་ཤིག་ལ་བོད་སྤྱི་ལ་སྐད་གདངས་གཅིག་ཡིན་པར་སྙམ་སྟེ། སྨད་མདོ་སྨད་ངའི་ཕ་ཡུལ་ནས་སྟོད་མངའ་རུས་ལ་དྭགས་བར་བོད་སྤྱིའི་སྐད་གདངས་གཅིག་ཡིན་པ་མཁས་པས་གསུངས་ལ། དེང་སང་ཡང་མཐོང་ཆོས་སུ་འདུག དེས་ནས་དེང་གི་བོད་ཀྱི་བརྡ་སྤྲོད་པའི་གཞུང་ལུགས་སུམ་རྟགས་གཉིས་ནམ་བརྩམས་དང་སུས་བརྩམས་སྐོར་ལའང་དགོངས་འཆར་ཞིག་གསུངས་རོགས་ཞུ།
ངས་ཁྱོད་ཚོར་སྒྲུང་ཐུང་ཐུང་ཞིག་བཤད། ངའི་གྲོང་གསེབ་དེ་རི་ཁུག་ཅིག་ན་ཡོད། གྲོང་གསེབ་དེ་ནས་ཕོ་གསར་ཞིག་དང་མོ་གསར་ཞིག་ལྷ་ས་ལ་སོང་ནས་ཚོང་ཁང་བཟུང་། རིམ་གྱིས་ཁོ་གཉིས་ལ་བྱིས་པ་ཞིག་བྱུང་། བྱིས་པ་དེ་ལོ་གསུམ་བཞི་ཞིག་ལ་སོན་སྐབས་ཚོང་ས་ནས་འདུག་མ་ཐུབ་སྟབས་ཕ་ཡུལ་དུ་ཡོང་། དེ་ནས་ངའི་ཨ་མས་བཤད་པའི་སྒྲུང་དེ་འདི་ལྟར། “བྱིས་པ་དེ་ལ་བླུའུ་༼བླུན་པོ་༽། བླུའུ་རྒན་ཞེས་ཅི་ཙམ་བཤད་ཀྱང་བགད་མོ་ཤོར་བཞིན་སྡོད། འོན་ཀྱང་། “སྤ་འགོ་” “ལྐུགས་པ་”ཞེས་བཤད་ན་ཁོ་ཁོང་ཁྲོས་རིལ་འགྲོ་གི་འདུག” ཟེར། ངའི་ཨ་མའི་བྱིས་པ་དེ་ལ་དེ་ལྟར་རྩེད་མོ་རྩེས་པ་ཡིན་གསུངས། ད་ནི་དོན་གྱི་ཆ་ཞིག་སྟེ། ༡༩༥༩ ནས་ད་བར་བར་གྱི་མི་ལོ་དྲུག་ཅུ་འདིའི་རིང་བོད་ཀྱི་སྐད་ལ་འགྱུར་བ་ག་ཚོད་ཅིག་འགྲོ་གི་ཡོད་དམ། ཕྱིན་ཡོད་དམ། དུང་དཀར་ཚང་གིས་སྐད་འདི་འགྲུལ་བཞུད་ལ་འབྲེལ་བ་ཡོད་སྐོར་ཅིག་གསུངས་འདུག་ག། བྱས་ན། ད་ནས་བརྩིས་པའི་ལོ་ལྔ་བཅུའི་ནང་ཁམས་སྐད་དང་དབུས་སྐད། ཡང་ན་ཨམ་སྐད་་ཅེས་རང་རྐྱ་བ་འདི་དག་མུ་མཐུད་ནས་འདུག་གམ། བརྒྱ་ཆའི་ག་ཚོད་ཅིག་མུ་མཐུད་ནས་འདུག ཁམས་ལ་ལྷ་སའི་རླུང་འཕྲིན་དང་བརྙན་འཕྲིན་དེ་ཚོ་སླེབས། ལྷ་ས་ལ་ཨ་མདོའི་རླུང་འཕྲིན་དང་བརྙན་འཕྲིན་དེ་ཚོ་སླེབས། དེའི་ཤུགས་རྐྱེན་ནི་ཧ་ཅང་ཆེ་བ་ཞིག་རེད། ཨ་རི་ལ་མཚོན་ན་ཡང་། ལྷོ་སྐད་དང་ཕྱུགས་རྫིའི་སྐད། ད་དུང་ཡུལ་རེ་རེ་ལ་གདངས་རེ་རེ་ཡོད་ཚོད། འོན་ཀྱང་སློབ་གྲྭ་ཁག་ན་སྤྱོད་བཞིན་པའི་དབྱིན་སྐད་དེ་ཧ་ལམ་ཤར་ནས་ནུབ་དང་། བྱང་ནས་ལྷོའི་བར་དུ་ཧ་ལམ་གཅིག་མཚུངས་ཤིག་ཡོང་གི་ཡོད་ཚོད་འདུག དེ་ཡང་བརྒྱུད་ལམ་གྱི་ཤུགས་རྐྱེན་རེད།
ཁྱེད་རྣམ་པས་དང་པོའི་མཆན་བཏབ་ས་རྒྱལ་དར་ཐོག་ལ་ཡིན་ཀྱང་ཐ་མ་འབབ་ས་རྐུབ་དང་གཉའ་མ། སྐྱག་པ་སོགས་རྩོག་གཏམ་རྐྱང་རྐྱང་གི་ཐོག་ལ་བུད་ཐལ། ངོ་མས་བཤད་མི་ཤེས་ཀི་ཡ། གང་ལྟར་རྒྱལ་ཁབ་ཞིག་གི་རྒྱལ་དར་ལ་སྲུང་མ་དམར་ནག་དང་ནང་པ་སངས་རྒྱས་པ་མཚོན་བྱེད་སོགས་ཆོས་ལུགས་ཀྱི་འབྲེལ་བཤད་རྐྱང་རྐྱང་རྒྱབ་ཡོང་དུས་དག་དག་བསྡད་ཨེ་ཡོང་སྙམ། གང་ལ་ཟེར་ན། རྒྱལ་དར་གྱིས་མི་རིགས་དེའི་ལོ་རྒྱུས་དང་རིགས་གཞུང་གོམ་གཤིས། ཆོས་ལུགས་རིས་མེད་སོགས་མཚོན་དགོས་པ་གལ་ཆེན་དུ་མཐོང་།
དེང་སང་མཆན་བུ་འགོད་མཁན་ཚོས་རང་གིས་གང་ཞིག་ལ་མཆན་བུ་ཅི་ཞིག་འདེབས་རྒྱུ་དེ་གཙོ་བོ་མི་བསམས་པར། རང་ཉིད་ཀྱིས་ཅི་ཞིག་བཤད་འདོད་པ་དེ་གང་ལ་ཡང་མཆན་བཏབ་ཆོག་པའི་བསམ་བློ་དེ་ཡོད་པ་རེད། དེ་བས་གོང་གི་མཆན་བུ་ད་དག་ལས་རེ་ཟུང་མ་གཏོགས་མཆན་བུ་འདོགས་སའི་རྩོམ་ཡིག་དང་འབྲེལ་མ་རེད་པ་རེད། ད་དུང་ཡག་ཡག་ག་མཆན་བུའི་ཁ་ཕྱོགས་སྐྱག་སྒྲུང་ནས་བོད་ཀྱི་བརྡ་སྤྲོད་སྐོར་ལ་འགྱུར་སོང་བ་དེ་བཟང་ཕྱོགས་ཀྱི་འགྱུར་བ་ཟེར་དགོས་ནི་རེད། དེ་ཙམ་ལ་ཡང་དགའ་འོས་པ་ཞིག་མ་རེད་དམ།