-ཐེ་བོ་སངས་རྒྱས།
༼རྟགས་འཇུག་དཀའ་གནད་གསལ་མེའི་འགྲེལ་བ་རིགས་ལམ་གསེར་ལྡེ།༽ལས་རྒྱལ་པོ་ཝང་དང་གུང་གཉིས་ཕན་ཚུན་དབར་འཕྲིན་ཡིག་སྤྲིངས་རེས་བྱས་སྐབས་ད་དྲི་དང་ག་གྲིའི་དག་ཆ་ནོར་བའི་རྐྱེན་གྱིས་མི་བསད་རྟ་འགྱེལ་གྱི་གཡུལ་འགྱེད་བྱས་པའི་གཏམ་རྒྱུད་ཅིག་ལོ་རྒྱུས་དངོས་ཡིན་པའི་བཟོར་བྲིས་ཡོད། འོན་ཏང་ལོ་ཚིགས་དང་རྒྱལ་ཁམས་ངེས་གཏན་བཤད་དུ་མེད་ལ་མེད་ཀྱང་ལོས་དགོས། ལ་ལས་མིང་དེ་འདྲ་བའི་རྒྱལ་པོ་དག་བྱུང་ཡོད་ན་རྒྱ་ནག་གོང་མ་གཉིས་མིན་ནམ་སྙམ་སྲིད་མོད། རྒྱའི་ལོ་རྒྱུས་ལས་དེ་ལྟ་བུ་བྱུང་བའི་སྒྲོས་ཙམ་ཡང་མེད་པར་མ་ཟད། རྒྱ་རྗེ་ཡིན་ན་ག་གྲི་དང་ད་དྲིའི་ཡི་གེ་འབྲི་འམ།
ངས་ནི་གྲི་གུམ་བཙན་པོའི་མཚན་ལ་ཀོང་པོ་གཡུང་དྲུང་འཛིན་གྱི་རྡོ་བརྐོས་ཡི་གེ་ལས་དྲྀ་གུམ་བཙན་པོ་ཞེས་བྲིས་ཡོད་པ་དང་། དེ་བཞིན་ཡིག་རྙིང་འགའ་རེར་དྲི་རུམ་བཙན་པོ་ཞེས་བྲིས་ཡོད་པ་ལ་བལྟས་ན། གྲི་གུམ་དང་ལོ་ངམ་རྟ་རྫི་གཉིས་འཐབ་པའི་ལོ་རྒྱུས་ལ་གཞི་བཅོལ་ནས་རྒྱལ་པོ་ཝང་གུང་གཉིས་ཀྱི་གཏམ་རྒྱུད་འདི་བྱུང་བ་རེད་སྙམ།
ལར་བོད་རིགས་མི་མང་ནི་རྩོམ་རིག་སྒྱུ་རྩལ་ལ་དགའ་བས་བྱུང་བ་དངོས་དག་གཞིར་བཟུང་ནས་སྒྲུང་གཏམ་བཟོ་བ་དར་སོ་ཆེ་སྟེ། མགར་སྟོང་བཙན་ཡུལ་བཟུང་གིས་འུན་ཤིང་ཀོང་ཅོ་སྲོང་བཙན་གྱི་བཙུན་མོར་བསླངས་སྐབས་ཕྱོགས་བཞིའི་རྒྱལ་ཁབ་ཀྱི་བློན་པོ་ཚོ་དང་རིག་པ་འགྲན་པའི་སྒྲུང་གཏམ་མཚར་ལ་རིང་བ་ཞིག་བྲིས་པ་དང་། དེ་བཞིན་སློབ་དཔོན་ཐོན་མིས་བོད་ཡིག་གསར་བཟོ་བྱེད་སྐབས་ཞང་ཞུང་གི་རྟ་པ་ཞིག་དང་འཕྲད་ཚུལ་གྱི་སྒྲུང་འདྲ་ཆགས་པོ་བྲིས་པ་ལྟ་བུ་རེད།
དེ་ལྟར་ནའང་། གཏམ་རྒྱུད་འདིའི་བླང་བྱ་ནི་ཡི་གེའི་དག་སྡེབ་ཀྱི་གལ་ཆེའི་རང་བཞིན་བསྟན་ཡོད་སྟབས། དེང་སང་དྲ་ལམ་ཁག་ན་ཡིག་ཆ་GB གཅིག་ཡོད་པའི་དབང་དུ་བཏང་ན་དེའི་ནང་ཡིག་ནོར་ MB 200, ཡས་མས་བྲིས་ཡོང་གི་ཡོད་པ་ལ་དམིགས་ནས་གདམས་པ་དང་འདྲའོ།།
དྲི་རུམ་བཙན་པོ། དྲི་གུམ་བཙན་པོ། གྲི་གུམ་བཙན་པོ་གསུམ་ལས་གང་དག་གམ། ལགས།
བོད་པས་ནྰ་རོ་བའི་མཚན་འགྲེལ་སྐབས། ང་ན་དགོས་པ་ཞིག་བརྡུངས་ནས་རོ་བཞིན་བཟོས་སོང་ཞེས་ལབ་པར་ནྰ་རོ་བ་ཐོགས་ཟེར།
ཏཱ་རེ་ནི། རྟ་ལ་རེ་བ་དང་། ཏུ་རེ་ནི། བསྟུ་ལ་རེ་བ་སྦྱར་མཁན་དེ་ཚོས་རྨོངས་ནད་ཀྱིས་ཟིན་པ་རེད། ན་ནས་རོ་ལྟར་གྱུར་པས་ན་རོ་་པའི་དོན་དུ་བཀྲལ་བ་ཡང་། རྒྱ་གར་དང་བོད་ཡིག་གཉིས་ཀ་ལ་རྨོངས་པས་རེད། འོནད་ཀྱང་། གྲི་གུམ་སོགས་ནི། བོད་པས་བོད་པར་བཏགས་མིང་འདི་ལ། མ་ཤེས་ནས་ནོར་བའམ། ཤེས་བཞིན་བཅོས་པ་ནི། བློ་ཕམ་དགོས་པའི་གནས་སུ་འཁྱར་བའོ།།
དྲི་གུམ་དང་། དྲི་རུམ། གྲི་གུམ་སོགས་གང་ཞིག་དག་མིན་ཁ་ཚོན་གཅོད་དཀའ། རྒྱུ་མཚན་ནི། སྔོན་གྱི་ཡིག་རྙིང་། རྡོ་རིང་སོགས་ལས་བྲིས་ཡོད་པ་ཡིན་དུས། ཡང་བཤད་སྟངས་གཅིག་ལ། བཙན་པོ་འདི་ཐོག་མར་འཁྲུངས་སྐབས་ཁོང་གི་ཨ་ཕྱི་མ་གྲོ་ཞྭ་མ་སྐྱེ་བརླངས་མ་ལ་མཚན་ཇི་ལྟར་གདགས་ཞེས་དྲིས་དུས། ཨ་ཕྱིས། ཀྱེ་བྲག་དམར་ཉིལ་ལམ་མ་ཉིལ།
དྭངས་མ་འབྲི་སྤང་མེས་འཚིག་གམ་མ་འཚིག
མཚོ་དམ་ལི་དབལ་མཚོ་སྐམ་མམ་མ་སྐམ། ཞེས་སྨྲས་པ་ལན་དུ་མ་ཉིལ། མ་འཚིག མ་སྐམ་ཞེས་ལན་བཏབ་མོད། ཨ་ཕྱི་རྒས་དྲགས་པས་ལོག་པར་གོ་སྟེ། ཆུར་དགུམ། གྲིར་དགུམ་ཞེས་བརྗོད་པར་བརྟེན། གྲི་གུམ་བཙན་པོ་ཞེས་མཚན་བཏགས་པར་གྲགས།
གྲི་གུམ་བཙན་པོ་ཞེས་ཁོང་གི་ཨ་ཕྱིས་མཚན་བཏགས་པ་དེ་བཙན་པོ་དེ་ཉིད་གྲི་ཡིས་བཀུམ་པར་འགྱུར་བའི་སྔ་ལྟས་སམ་མ་འོངས་ལུང་བསྟན་ལྟ་བུར་ཆགས་པར་གྲགས།
གྲི་གུམ་ནི། རྨོ་མོ་ཨ་ཕྱིའི་མིང་འདོགས་ལྟར། མཐར་ལོ་ངམ་རྟ་རྫིས་གྲི་ཡིས་བཀུམ་པས་གྲི་གྲུམ་དུ་གྲགས་པ་དང་།
ཡང་ཤོད་ཚུལ་གཞན་ཞིག་ནི། ལོ་ངམ་གྱིས། ཁྱི་མོའི་ལུས་ལ་དུག་རྫས་བྱུག་པ་དེ་རྒྱལ་པོ་དྲི་གུམ་གྱིས། ཁྱི་མོར་ལག་པ་འཆང་བས་དུག་གི་དྲི་དུག་གིས། དྲི་གུམ་གྲོངས་པ་གསུང་སྟངས་ཤིག་འཚོལ་བཞིན་ཡོད་པ་འདྲ།
ད་གྲི་གུམ། དྲི་གུམ་དང་དྲི་རུམ་གསུམ་གང་དག་པ་འདུག་གམ། ལགས།