བསྟན་འཛིན་ཆོས་སྐྱོང་།
འཚོ་བ་ཐག་གཅོད་ཀྱི་ཆེད་དུ་མི་རིགས་ཀྱི་སྤོབས་པ་དང་ལ་རྒྱ་བཤད་བཞིན་པའི་༼ རྒྱལ་འཚོང་བ་༽ སྐོར་ཞིག་གིས་དུས་རྟག་ཏུ་བདེ་དོན་གཙུགས་ཏུ་བཀུར་བའི་༼ མཛངས་མི་༽ རྣམ་པར་ཟུར་ཟ་དང་ངན་སྨོད་བྱེད། མ་ཟད་རིགས་རྒྱུད་ཀྱི་ཞེན་ཁོག་བྱེད་མི་དགོས་པ་ཁ་ཤས་ཀྱིས་དུས་རྟག་ཏུ་མི་རིགས་ཤིག་གི་དོན་དམ་གྱི་སྣེ་ཁྲིད་དམ། དབུ་ཁྲིད་ལ་ཟུར་ས་དང་དམོད་ཚིག་བོར་བ་ཆོས་ཉིད་ཡིན་པ་འདྲ། དཔེར་ན། རྒྱ་ནག་གུང་ཁྲན་གཞུང་གིས་༧གོང་ས་༧སྐྱབས་མགོན་མཆོག་ལ་དམོད་ཚིག་དང་ངན་སྨོས་བྱེད་རྒྱུར་ཅི་མི་སྙམ། རེད་དེ་བོད་མིའི་སྤྱི་ཚོགས་ནང་ཡོད་པའི་འཇམ་དབྱངས་ནོར་བུ་དང་ཀླུ་མཁར་འབྱམས་སོགས་ཉུང་ཤས་ཀྱིས་ཀྱང་ང་ཚོའི་བླ་ན་མེད་པའི་དབུ་ཁྲིད་ལ་ཟུར་ཟ་དང་ཉེས་འདོགས་བྱེད་རྒྱུར་ཅི་མི་སྙམ་པའི་རྒྱུ་མཚན་ཅི་རེད་དམ། ཁོ་ཚོའི་རིགས་རྒྱུད་གང་རེད། ཁོ་ཚོའི་ཁེ་ཕན་སུའི་ཕྱོགས་སུ་ཡོད་པ་རེད། དེ་སུ་རེད།?
དོན་དངོས་སུ་མི་རིགས་ཤིག་གི་རྩ་དོན་ལ་ནུས་པ་ཆེས་ཆེར་འདོན་པའི་དབུ་ཁྲིད་ལ་གོ་སྐབས་ཅི་ཡོད་ཀྱིས་ཟུར་ཟ་བྱེད་པ་དང་། ངན་སྨོས་བྱེད་པ། མཛད་འཕྲིན་ལ་མི་བཟོད་པའི་སྙིང་ན་བ་ནི་ཁེ་ཕན་གཅིག་མཚུངས་ཡིན་པའི་ཕྱོགས་ནས་གོ་བ་བླངས་ཚེ། མི་རིགས་དེའམ་རྒྱལ་ཁབ་དེ་ལ་གནོད་བཞིན་ཡོད་པས་ཁོ་ཚོ་ནི་བཀྲུས་ནས་མ་དག་པའི་༼རྒྱལ་འཚོང་བ་༽རེད། ལྟོས་དང་རྒྱ་གར་གྱི་སེམས་དཔའ་ཆེན་པོ་གྷན་རྡི་དམ་པར་མེ་མདའ་རྒྱག་མཁན་དེ་རྒྱ་གར་མི་དམངས་ཀྱི་ཅི་འདྲ་ལ་མཐོང་གི་འདུག ཆོས་ལུགས་ཀྱི་ངོས་ནས་བཤད་ནའང་སྟོན་པ་བཅོམ་ལྡན་འདས་ལ་མི་བཟོད་པའི་ཕྲག་དོག་དང་བར་ཆད་གཏོང་ཐབས་བྱེད་མྱོང་བའི་ལྷས་བྱིན་ཇི་འདྲ་རེད་དམ།
ང་ཚོས་བཙན་འཛུལ་གྱི་གཏམ་རྒྱུད་བརྗོད་པའི་གློག་བརྙན་ཁག་ལས་མང་པོ་མཐོང་ཐུབ་པ་ལྟར་༼ལས་འགན་ཡོད་མཁན་༽རྣམས་ཀྱིས་དུས་རྟག་ཏུ་བཙན་འཛུལ་བྱེད་སའི་མི་རིགས་ཀྱི་སྒྲིག་འཛུགས་དང་སྤྱི་ཚོགས་ནང་དཀྲུགས་ཤིང་དང་། སྣེ་ཁྲིད་མཁན་གྱི་ནུས་པ་གཅོག་ཐབས་ལ་འབད་བརྩོད་བྱེད་ཀྱི་འདུག
རང་རེས་ད་ལྟའི་བར་དུ་ཆབ་སྲིད་ཀྱི་ལངས་ཕྱོགས་མ་འདྲ་བ་ལ་རྐྱེན་བྱས་ཏེ་མི་རིགས་ཀྱི་ཁེ་ཕན་དོར་བའི་ལས་ཀ་ཁྱོན་ནས་མ་བྱས་པར། བོད་གཅིག་དང་རྨི་ལམ་གཅིག་གི་འདུན་མ་ཡར་རྒྱས་བཏང་བ་རེད། འོན་ཀྱང་། ཁག་གཅིག་གིས་དབྱེ་འབྱེད་ཀྱི་ལས་འགུལ་མང་དུ་སྤེལ་བས་ད་ལྟའི་དུས་སུ་བདེན་དོན་ལས་ཞེན་ཁོག་ལ་རྩིས་ཆེ་ཞིང་། དངོས་ཡོད་གནས་ཚུལ་ལས་ཚོར་སྣང་གི་བྲིན་ཁ་རྒྱུགས་བཞིན་ཡོད། འདི་ཡི་དཔེར་མཚོན་གཅིག་ནི་གུས་པའི་ཐོས་ཚོད་དུ་“བོད་གཞུང་ཁམས་པ་ལ་སྡང་པོ་ཡོད་པ་རེད། མགོ་མནན་མནན་པར་ཡོང་བ་རེད་”ཅེས་བརྗོད་མྱོང་བ་ལྟ་བུ་རེད། མ་གཞི་ཐུགས་ཁག་མི་འདུག ཆོས་དང་དེང་རབས་སྤྱི་ཚོགས་ཀྱི་སློབ་སྦྱོང་གང་ཡང་མ་ཐོབ་པར་བར་ལྡིང་དུ་གནས་པའི་མི་ཁག་གཅིག་གིས་ཕྱོགས་སྒྲིག་གི་ཁེ་ཕན་ཉི་ཚེ་བར་རེ་སྙེག་བྱས་ཏེ། རང་ཉིད་སྤྱི་ཚོགས་ནང་མངོན་ཐབས་ལ་འབད་བརྩོན་བྱེད་ཀྱི་ཡོད། དེ་ནི་སྐབས་འཚོལ་བའི་ལས་ཀ་ཙམ་ཡིན་ཡང་སྤྱི་ཚོགས་ལ་གཏོར་བརླག་ཐེབས་རྒྱུ་རེད། དོན་དངོས་སུ་ང་ཚོའི་རིགས་རྒྱུད་ཀྱི་ཁེ་ཕན་སྒྲུབ་པའི་དཔུང་ཚོགས་ནི་ཀུ་ཤུ་སྡེར་མ་གང་ཡིན་པའི་དབང་དུ་བཏང་ན་དེའི་ཁྲོད་དུ་ད་ལྟ་ཀུ་ཤུ་རུལ་བའང་ཁ་ཤས་བཞག་འདུག
ལྟོས་དང་། ཉེ་ཆར་རང་ཀླུ་མཁར་བྱམས་ཟེར་བས་ནུབ་ཕྱོགས་ཀྱི་མཁས་པ་ Elliot Sperling འདས་གྲོངས་སུ་སོང་རྗེས་བརྩེ་གདུང་ཆེས་ཆེར་རྒྱས་པའི་ཡི་གེ་ཞིག་བྲིས་འདུག་ཅིང་། དེའི་ནང་དུའང་ང་ཚོས་རྣ་བས་ཡང་ཡང་ཐོས་པའི་དགུང་གྲངས་བརྒྱ་དང་བཅུ་གསུམ་བཞུགས་མཁན་གྱི་ལུང་བསྟན་ཅན་ལ་ཟུར་ས་དང་དམོད་བོར་བ་མ་ཟད། ནུབ་ཕྱོགས་ཀྱི་མཁས་པ་འདས་པོ་དེ་ལ་སྐྱབས་ཡོངས་སུ་བཅོལ་ཏེ་དགའ་ལྡན་ཕོ་བྲང་གི་སྲིད་དབང་དང་འབྲེལ་བའི་ལྔ་པ་དྲུག་པར་འཕོས་པའི་ལོ་རྒྱུས་ལའང་ཟུར་ཟ་བྱས། དོན་དངོས་སུ་བྱེད་སྟངས་འདི་རྒྱལ་དབང་སྐུ་ཕྲེང་རིམ་བྱོན་ལ་མ་དགའ་བ་རེད་དམ། དགའ་ལྡན་ཕོ་བྲང་གི་སྲིད་དབང་ལ་མ་དགའ་བ་རེད། དུས་ཚོད་ལ་འགྱུར་བ་ཡོངས་སུ་ཕྱིན་ཏེ་སྲིད་དབང་མི་མང་གིས་བདམས་པའི་འགོ་ཁྲིད་ཚོའི་ལག་ཏུ་ཕུལ་ཟིན་པའི་ད་ལྟའི་དུས་སུ་འདི་ལྟ་བུའི་དགའ་མིན་དགའ་མདོག་ལ་དོན་སྙིང་ཅི་ཡང་མེད་ཀྱང་། ང་ལ་རང་རེའི་སྤྱི་ཚོགས་ཀྱི་ནང་དུ་ཀུ་ཤུ་རུལ་བའི་དྲི་མ་ལ་དོགས་ཟོན་བྱེད་རྒྱུའི་ཚོར་བ་ཡོང་གི་འདུག
ཁྱོད་ཀྱིས་རྒྱ་ནག་དང་ཉི་ཧོང་གི་རྩོད་རྙོག་སྐབས་ཀྱི་༼ རྒྱལ་འཚོང་བ་༽ དང་༼ རྒྱུགས་ཁྱིའི་༽ བྱེད་སྟངས་ལ་དོ་སྣང་ཙམ་བྱོས་དང་། ང་ཚོས་རུལ་དྲི་དེ་རང་གི་ཉེ་སར་ཡོང་བཞིན་པ་ཚོར་རྒྱུར་ཁྱད་པར་བཟོ་ངེས།
༅༅། དྲང་པོ་ལོབ།
རྒྱ་དམར་པོའི་བརྗོད་སྟངས་དང། ལབ་སྟངས། བཤད་སྟངས་སོགས་ནས་ངེས་པར་ཤེས་ཀྱི་འདུག།
མེད་པ་ལ་ཡོད་བརྗོད་དེ་དྲང་པོ་རེད་མ་གཏོགས་དེ་རང་རང་སོའི་སྟེངས་དུ་བབས་ཡོད་པ་མ་ཤེས།
ཁ་ནས་བཤད་པ་མ་གཏོགས་་་ལག་ལེན་ཐོག་་་གང་ཡང་བྱེད་ཐུབ་ཀྱི་མེད་པ་གསལ་རེད།
ག་རེ་བྱེད་ཐུབ་ཀྱི་འདུག་་་་་
ང་ཚོའི་བཙན་བྱོལ་སྤྱི་ཚོགས་ཀྱི་འགྱུར་གྲོས་དང་བསམ་བློའི་གནས་ཚད་སོགས་ཡ་མཚན་རེད། བོད་མི་རིགས་ཀྱི་བླ་སྲོག་ལྟ་བུ། དགྲ་རྒྱ་དགུང་ཁྲན་ཡང་སྐྲག་དགོས་པའི་དབུ་འཁྲིད་ཞིག་ཡོད་པ་དེར་དེང་སང་སྤྱི་ཚོགས་ནང་འདྲེས་ཟིན་པ་དང་སེམས་འཆོལ་མཁས་མིང་འཛིན་པ་ཀླད་མེད་འགའ་རེས་རྟག་ཏུ་ཁོང་ལ་དྲི་ལན་ལོག་འཇལ་གྱིས་ཟུར་ཟ་དང་མཚན་སྨད་ཇི་ལྟར་ཞུས་ཀྱང་བཙན་བྱོལ་སྤྱི་ཚོགས་ནང་ཁོང་ཚོ་བསམ་བློ་ཡར་རྒྱས་དང་སྨྲ་བརྗོད་རང་དབང་ཡོངས་སུ་སྤྱོད་པའི་མཁས་པ་ཡིན་པ་ལྟ་བུར་ལྟ་བཞིན་ཡོད། ཁོང་ཚོས་བསམ་བློར་ཕལ་ཆེར་༸རྒྱལ་བར་མཚན་སྨད་ཞུ་བའི་བློ་ཁོག་བྱེད་ན་ཧ་ལམ་དཔའ་བོ་ཡིན་པ་ལྟ་བུའི་ཚོར་སྣང་འདུག་ལ་མི་ཉུང་བས་དེ་ལྟར་ལྟ་བཞིན་འདུག དེ་འདྲ་བའི་གཞི་མེད་སྐྱོན་བརྗོད་དང་ཟུར་ཟ་སོགས་ཡིག་ངག་གཉིས་ནས་མང་ཚོགས་ཁྲོད་གདེངས་སྤོབ་ཆེན་པོ་དང་ངར་རྒྱལ་ངང་བརྗོད་ཐུབ་པ་དེ་གཙོ་བོ་རྒྱུ་གང་ལ་ཐུག་ཡོད་མིན་རྟག་ཏུ་བསམ་བློ་གཏོང་བཞིན་ཡོད། བོད་པའི་སྤྱི་ཚོགས་ཆུང་ངུ་ཞིག་ལས་མེད་པར་ཡ་མཚན་རེད། དཔེར་ན་སངས་རྒྱས་ལ་མཚན་སྨད་ཇི་ལྟར་བྱེད་ཀྱང་དེའི་དྲེག་པ་སངས་རྒྱས་ལ་ནམ་ཡང་མི་བྱུང་ཞིང་མདོར་ན་གང་ཟག་རང་ཉིད་ཀྱི་ལྟ་སྤྱོད་སྟོན་པ་ལྟ་བུ་རེད།
བླུན་མཁར་བྱམས་ལྟ་བུ་མཐོང་དུས།ངས་སེམས་སུ་སློབ་དཔོན་པད་མ་འབྱུང་གནས་ཀྱི་གསུང་བཀའ་བསྡུས་ལས༼བོད་ལ་དྲིན་ཆེན་བྱས་ཀྱང་དྲིན་མི་གོ༽ཟེར་བའི་ཚིག་འདི་ཡིད་ལ་ཤར་གྱི་འདུག མི་འདི་ལྟ་བུས་བོད་རང་བཙན་ཁ་ལ་ཁྱེར་ནས་དོན་ངོ་མ་རྒྱ་ནག་དགོས་བའི་གཏོར་བཤིག་དེ་སྒྲུབ་ཀྱི་ཡོད།
སྤྱིར་བཏང་བླུན་མཁར་བྱམས་ལྟ་བུའི་གཏམ་ལ་ཡ་ལན་མ་སྤྲད་ན་ཡག་ཤོས་རེད།རྒྱུ་མཚན་ནི།བོད་སྤྱི་ཚོགས་ཀྱི་འཆམ་མཐུན་ལ་གནོད་པ་མི་ཡོང་པ་ལ་ཕན་ཐོགས་ཆེ།ལན་སྤྲད་ན་བླུན་བཤད་ལདགོས་བའི་འབྲས་བུ་ངོ་མ་བོད་སྤྱི་ཚོགས་ནང་འཆམ་མཐུན་མི་ཡོང་རྒྱུ་དེ་རེད། ཁོ་དང་ཁོ་འདྲ་བའི་རིགས་ཀྱི་དམིགས་ཡུལ་ངོ་མ་ཡང་དེ་རེད།དེ་མིན་ཁ་ཞེ་གཉིས་མེད་ཀྱི་བོད་དོན་དང་བོད་མི་བསམ་གྱི་མེད།བླུན་མཁར་བྱམས་ཀྱི་བླུན་བཤད་སྔ་རྗེས་གང་ལ་བལྟས་ཀྱང་།རྒྱ་ནག་སྲིད་གཞུང་གི་རེ་སྒུགས་ངོ་མ་དེ་ཡིན།
རྒྱ་ནག་སྲིད་གཞུང་གི་རེ་བ་ངོ་མ་གང་ཟེར་ན།བོད་ནང་གི་བོད་ཆོལ་གསུམ་ཆིག་སྒྲིལ་མི་ཡོང་བར་ཆོལ་གསུམ་ཕན་ཚུན་འགལ་ཟླ་བཟོ་རྒྱུ་དང་།བཙན་བྱོལ་སྤྱི་ཚོགས་ནང་འགལ་གྱིས་འཐོར་བཤིག་གཏོང་ཡ་དེ་དང་།བོད་མི་ནང་ཁུལ་ནས་རྒྱལ་བ་རིན་པོ་ཆེ་ལ་མཚན་སྨོད་ཞུ་རྒྱུ་དེ་གུང་ཁྲན་ཏང་གི་དམིགས་ཡུལ་དངོས་རེད།རྒྱུ་མཚན་འདིས་དབང་གིས་གུང་ཁྲན་ཏང་གིས་དོལ་རྒྱལ་ཚོགས་པ་བསྐྱེད་བསྲིངས་བྱེད་བཞིན་ཡོད་པ་རེད།དེ་མིན་ཁོང་ཚོས་དོལ་རྒྱལ་ནི་ལྷ་འདྲེ་གང་ཞིག་ཡིན་མིན་མི་ཤེས་ལ།དེ་ཤེས་འདོད་ཀྱང་མེད།འདི་ལྟར་བསམ་བློ་གོ་རིམ་ལྡན་པའི་སྒོ་ནས་བཏང་ན།བླུན་མཁར་བྱམས་ཀྱིས་རང་བཙན་ཁ་ལ་ཁྱེར་ནས་ཚིག་གི་དངོས་སུ་༧གོང་ས༧མཆོག་ལ་མཚན་སྨོད་བྱས་ཏེ།དོན་ངོ་མར་བོད་མི་ས་ཡ་དྲུག་གི་ལྡོག་ཕྱོགས་སུ་བུད་དེ་གུང་ཁྲན་ཏང་གི་འཐབ་ཕྱོགས་གཅིག་གྱུར་ལས་ཁུང་གི་གསང་བའི་ལམ་ཁར་ཤར་བསྐྱོད་བྱེད་ཀྱི་ཡོད།རྒྱུ་མཚན་ནི།བོད་ཆོལ་གསུལ་ཆིག་སྒྲིལ་མ་ཡོང་ཚེ།བོད་ཀྱི་ལས་དོན་མི་འགྲུབ་པ་བླུན་མཁར་བྱམས་ཀྱིས་ཤེས་ཀྱི་ཡོད་ལ།བཙན་བྱོལ་སྤྱི་ཚོགས་ནང་དཀྲུགས་ཤིང་རྒྱབ་ན་བཙན་བྱོལ་སྤྱི་ཚོགས་འཐོར་བཤིག་གཏོང་བ་ནུས་པ་ཐོན་པ་བླུན་མཁར་བྱམས་ཀྱིས་ཤེས་ཀྱི་ཡོད་།འོ་ན་ཤེས་བཞིན་ཏུ་དཀྲུགས་ཤིང་རྒྱབ་སྟེ།བོད་མི་ཆིག་སྒྲིལ་གྱི་ནུས་པ་གཏོར་ཚེ།གུང་ཁྲན་ཏང་གི་ལམ་ལ་རྒྱབ་སྐྱོར་བྱས་པ་མིན་ན་ཅི་རེད།གུང་ཁྲན་ཏང་གི་དམིགས་ཡུལ་ཁོ་ན་སྒྲུབ་སྟངས་ཡང་རང་བཙན་ལྟ་བུ་ཁ་ལ་མ་ཁྱེར་ཚེ།ཕྱི་མཛེས་ཤིང་ནང་རུལ་བའི་ལས་ཀ་བྱེད་མི་ཐུབ་པས།བླུན་མཁར་བྱམས་ཀྱིས་རང་བཙན་ཁ་ལ་ཁྱེར་གྱི་ཡོད།བོད་བཙན་པོ་རྗེས་ནས་བོད་ཉམས་ཆགས་འགྲོ་བའི་རྒྱུ་རྐྱེན་གཙོ་བོ་ཆིག་སྒྲིལ་མ་བྱུང་པས་རྒྱུ་རྐྱེན་གཅིག་རེད།བོད་བཙན་པོའི་རྗེས་ནས་ཆོལ་གསུམ་ཆིག་སྒྲིལ་བཟོ་མཁན་༧གོང་ས༧རྒྱལ་བ་རིན་པོ་སྐུ་ཕྲེང་༡༤འདི་མ་ཡིན་སུ་ཡོད་དམ།ཆིག་སྒྲིལ་འདི་གཏོར་བཤིག་གཏོང་མཁན་སུ་ཡིན་ཡང་བོད་མི་ས་ཡ་དྲུག་གི་ལྡོག་ཕྱོགས་བུད་པ་རེད་མ་གཏོགས་རྒྱལ་བ་རིན་པོ་ཆེ་ཁོ་ནའི་ལྡོག་ཕྱོགས་ལ་བུད་པ་མ་རེད།
་་་་་་་་་་ བོད་མི་ནང་ཁུལ་ནས་རྒྱལ་བ་རིན་པོ་ཆེ་ལ་མཚན་སྨོད་ཞུ་རྒྱུ་དེ་གུང་ཁྲན་ཏང་གི་དམིགས་ཡུལ་དངོས་རེད།རྒྱུ་མཚན་འདིས་དབང་གིས་གུང་ཁྲན་ཏང་གིས་དོལ་རྒྱལ་ཚོགས་པ་བསྐྱེད་བསྲིངས་བྱེད་བཞིན་ཡོད་པ་རེད། ་་་་་་་་་་
་་་་་་་ ང་ལ་རང་རེའི་སྤྱི་ཚོགས་ཀྱི་ནང་དུ་ཀུ་ཤུ་རུལ་བའི་དྲི་མ་ལ་དོགས་ཟོན་བྱེད་རྒྱུའི་ཚོར་བ་ཡོང་གི་འདུག ་་་་་་་་ ཀུ་ཤུ་རུལ་པ་དེ་ཀླུ་མཁར་བྱམས་རེད་དོ།།
༅༅། རྒྱ་གུང་བྲན་སྐྱག་རྫུན་རིང་ལུགས་རེད། དུས་རྒྱན་དུ་སྐྱག་རྗུན་ཁོ་ན་བརྗོད།
རྒྱ་གུང་བྲན་ཁྲིམས་མེད་རིང་ལུགས་རེད། ཁྲིམས་རང་བཟོས་རང་གི་མི་སྲུང་ལ།
མི་ཤེས་ལྡན་བསམ་ཡོད་འཛིན་བཟུང་དང། བཙན་དབང་གིས་སྒོ་ནས་བཙོན་དུ་བཅུག།
རྒྱ་གུང་བྲན་ཆོས་མེད་ཀླ་ཀློ་རེད། ལས་རྒྱུ་འབྲས་མེད་པའི་དམར་གཞུང་རེད།
བྱམས་སྙིང་རྗེ་མེད་པའི་གུང་བྲན་རེད། བློ་རིག་པ་མེད་པའི་རིང་ལུགས་རེད།